སྒོས་བཀའ་སོ་སོའི་མངོན་རྟོགས་ཀྱི་བསྒྱུར་སོ་ལས། གཤིན་རྗེའི་མངོན་རྟོགས།

From Khyentse Lineage - A Tsadra Foundation Project
Revision as of 09:01, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-05-CA-005
Wylie title sgos bka' so so'i mngon rtogs kyi bsgyur so las/ gshin rje'i mngon rtogs DKR-KABUM-05-CA-005.pdf
Location dil mgo mkhyen brtse bka' 'bum
Volume 5, Text 5, Pages 43 (Folios 1a1 to 1b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Sgos bka' so so'i mngon rtogs kyi bsgyur so las gshin rje'i mngon rtogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 43. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle སྒོས་བཀའ་སོ་སོའི་མངོན་རྟོགས་བསྒྱུར་སོ་ (sgos bka' so so'i mngon rtogs bsgyur so)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity 'jam dpal gshin rje
[edit]
༄༅། སྒོས་བཀའ་སོ་སོའི་མངོན་རྟོགས་ཀྱི་བསྒྱུར་སོ་ལས། གཤིན་རྗེའི་མངོན་རྟོགས་ནི། ས་བོན་སེར་ནག་གདན་སྟེང་ཡོངས་གྱུར་ལས། །འཇམ་དཔལ་གཤིན་རྗེ་ཞལ་གསུམ་ཕྱག་དྲུག་སེར། །གཡས་དཀར་གཡོན་དམར་དབུས་སེར་ཁྲོ་ཞིང་གཏུམ། །སྤྱན་བགྲད་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྨིན་མ་སྨ་ར་དབུ་སྐྲ་དམར་སེར་འབར། །གཡས་གསུམ་བེ་ཅོན་རལ་གྲི་དགྲ་སྟྭ་བསྣམས། གཡོན་གསུམ་སྡིགས་མཛུབ་མདུང་ཐུང་བྷན་དམར་འཛིན། །དཔལ་དང་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་བགྲད། །རོ་ལངས་ནག་མོ་དགྲ་སྟྭ་ཐོད་འཛིན་འཁྱུད། །གཡས་སུ་སྒྲོལ་ཡུམ་རལ་གཅིག་སྔོ་ནག་མདོག །ཏྲི་ཤུལ་གཡང་གཞི་འཕྱར་ཞིང་ཐོད་སྙིང་སྟོབ། །ཤར་དུ་ཡ་མ་རཱ་ཛ་མཐིང་དཀར་དམར། །ཞལ་ལྡན་འཁོར་ལོ་རལ་གྲི་ལྕགས་ཀྱུ་གཡས། །ཁ་ཊྭཱཾ་དགྲ་སྟྭ་རྒྱུ་ཞགས་གཡོན་ན་འཛིན། །གཡུ་ཡི་རལ་གཅིག་ནག་མོ་ཐོད་འཛིན་འཁྱུད། །དཔལ་འབར་རལ་གྲི་ནེའུ་ལེའི་རྐྱལ་པ་འཛིན། །ལྷོ་རུ་མྱོས་བྱེད་འབར་བ་སེར་སྔོ་དམར། །ཞལ་ལྡན་བེ་ཅོན་རལ་གྲི་དགྲ་སྟྭ་གཡས། །ཐོད་པ་ལྕགས་ཀྱུ་འཁོར་ལོ་གཡོན་ན་འཛིན། །གཏུམ་མོ་དུག་ཧྲུལ་དུང་ཁྲག་འཛིན་མའི་འཁྱུད། །ཁྲག་གི་བདག་མོ་སྤུ་གྲི་ཙིཏྟ་འཛིན། །ནུབ་ཏུ་ཨཱརྻ་མེ་རུ་དམར་དཀར་སྔོ། །ཞལ་ལྡན་བེ་ཅོན་དབྱུགས་ཏོ་ཁ་ཊྭཱཾ་གཡས། །བྷན་དམར་འཁོར་ལོ་རྒྱུ་ཞགས་གཡོན་ན་འཛིན། །ལྷ་མོ་འོད་ཟེར་བྷན་དམར་འཛིན་པས་འཁྱུད། །གླིང་བཞི་རྩུབ་འཇོམས་མི་སྙིང་བྷནྡྷ་ཐོག །བྱང་དུ་རལ་པ་ཚར་དགུ་ལྗང་དཀར་དམར། །ཞལ་ལྡན་བེ་ཅོན་གཏུན་ཤིང་རྒྱ་གྲམ་གཡས། །བྷན་དམར་རྒྱུ་ཞགས་འཁོར་ལོ་གཡོན་ན་བསྣམས། །རེ་ཏཱི་ཁྲམ་ཤིང་བྷན་དམར་འཛིན་པས་འཁྱུད། །སྲིན་མོ་མགོ་འཕྱང་དགྲ་སྟྭ་དུང་ཁྲག་འཕྱང༌། །བཞི་ཀའང་དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་འགྱིང༌། །ཕྱོགས་སྐྱོང་བཅུ་དང་སྒོ་སྲུང་ཕོ་ཉའི་ཚོགས། །ལྔ་བཅུ་རྩ་ལྔ་སྣ་ཚོགས་རྒྱན་གྱིས་སྤྲས། །རྔམ་བརྗིད་ཁྲོ་གཏུམ་དྲག་པོའི་ངང་རོ་ཅན། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་བཞུགས།། །།

Footnotes

Other Information