JKW-KABAB-02-KHA-064

From Khyentse Lineage - A Tsadra Foundation Project
Revision as of 14:30, 15 December 2022 by Mort (talk | contribs) (Text replacement - "cycle=Bla ma'i thugs sgrub bar chad kun sel" to "cycle=bla ma'i thugs sgrub bar chad kun sel")

JKW-KABAB-02-KHA-064

ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་ནོར་ལྷའི་ལས་ཚོགས་རྣམས་ཁོལ་ཕྱུངས་གསལ་བྱེད་ཀྱིས་བརྒྱན་པ་རིན་ཆེན་སྤུངས་པ།
Wylie title thugs sgrub bar chad kun sel las bla ma nor lha'i las tshogs rnams khol phyungs gsal byed kyis brgyan pa rin chen spungs pa JKW-KABAB-02-KHA-064.pdf
Location mkhyen brtse'i bka' babs
Volume 2, Text 64, Pages 557-572 (Folios 1a to 8b4)
Author འཇམ་མགོན་ཀོང་སྤྲུལ་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation 'jam mgon kong sprul. thugs sgrub bar chad kun sel las bla ma nor lha'i las tshogs rnams khol phyungs gsal byed kyis brgyan pa rin chen spungs pa. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 2: 557-572. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Activity Manual - las byang  ·  Revelations - gter ma  ·  Wealth Rituals - nor sgrub
Cycle ནོར་སྒྲུབ་རིན་ཆེན་བུམ་བཟང་ (nor sgrub rin chen bum bzang)
Parent Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel)
Deity bla ma nor lha
Karchag page JKW-KABAB-Volume-02-KHA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-WI-016
Colophon

།ཅེས་ཚུར་མཐོང་འཇིག་རྟེན་པའི་སྐྱེ་བོ་ནོར་ལ་སྲེད་པས་ཕྱྭ་གཡང་སྒྲུབ་པའི་རྔ་གྱེར་ཙམ་ཆེས་དར་ཡང་ཟབ་ཅིང་གནད་འདྲིལ་ཁྱེར་བདེའི་ཐབས་ཚུལ་འདི་ལྟ་བུ་དཀོན་པར་སྣང་བས་ཕྱག་ལེན་འདེབས་པ་པོ་བྱུང་ན་ཕན་པའི་སེམས་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་བཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བཞུང་ལས་ཁོལ་ཕྱུངས་གསལ་བྱེད་མདོར་བསྡུས་ཀྱིས་བརྒྱན་པ་དེ་ལེགས་འཕེལ།།

ces tshur mthong 'jig rten pa'i skye bo nor la sred pas phywa g.yang sgrub pa'i rnga gyer tsam ches dar yang zab cing gnad 'dril khyer bde'i thabs tshul 'di lta bu dkon par snang bas phyag len 'debs pa po byung na phan pa'i sems pas pad+ma gar dbang blo gros mtha' yas pa'i sdes rdzong shod bde bshegs 'dus pa'i sgrub gnas chen por bzhung las khol phyungs gsal byed mdor bsdus kyis brgyan pa de legs 'phel

[edit]
༄༅། ཐུགས་སྒྲུབ་བར་ཆད་ཀུན་སེལ་ལས། བླ་མ་ནོར་ལྷའི་ལས་ཚོགས་རྣམས་ཁོལ་ཕྱུངས་གསལ་བྱེད་ཀྱིས་བརྒྱན་པ་རིན་ཆེན་སྤུངས་པ་ཞེས་བྱ་བ་བཞུགས་སོ། ཡིད་བཞིན་དབང་གི་རྒྱལ་པོ་བཞིན། །གསོལ་བ་བཏབ་པས་དགོས་འདོད་ཀྱི། །གྲུ་ཆར་འབེབས་མཛད་དེར་བཏུད་ནས། །ཉེར་འཁོའི་ལས་ཚོགས་བལྟ་བདེར་དགོད། གུ་རུ་སྐྱེས་མཆོག་ཚུལ་བཟང་གི་སྒོ་ནས་ཕྱྭ་གཡང་སྒྲུབ་པའི་ཕྲིན་ལས་གཏེར་ཆེན་ཉིད་ཀྱིས་བསྒྲིགས་པ་ལྟར་ལག་ཏུ་བླང་བའི་ཚེ་གཏེར་བུམ་འཁོར་བཅས་མེད་དུ་མི་རུང་བ་ཡང་གཞུང་པོད་ལ་བལྟོས་དགོས་པ་དང༌། འབྱོར་ལྡན་ཆེན་པོའི་རིགས་སོགས་ལ་དོ་གལ་བྱེད་ན་འཁོར་གྱི་ལས་ཚོགས་རྣམས་ངེས་པར་གྲུབ་དགོས་པས་དེ་རྣམས་དཀྱུས་གཅིག་ལག་ཏུ་བླང་བའི་ཚུལ་བཤད་པ་ལ་གསུམ། རྩ་བའི་ལས་ཚོགས། འཁོར་སོ་སོ། འཕྲོས་དོན་བཤད་པའོ། །དང་པོ་ནི། ཕྱྭ་གཡང་སྒྲུབ་པའི་རྟེན་གྱི་རྩ་བ་གཏེར་བུམ་བཅའ་བ་ལ་ཐོག་མར་འཁོར་ལོ་དང་རྫས་རྣམས་ཚོགས་དགོས་པས་བསོད་ནམས་གླང་པོ་སྟོབས་སྐྱེད་ཡིད་བཞིན་ནོར་བུའི་ཙཀྲ་ནི། བྲི་གཞི་དར་དམར་ལ་གསེར་གྱིས་བྲི་བའམ། དར་སེར་ལ་མཚལ་གྱིས་བྲིས་ཀྱང་རུང་ལ། མ་འབྱོར་ན་རྒྱ་ཤོག་བཟང་པོར་མཚལ་གྱིས་གླང་པོ་ཆེ་ཉམས་སྟོབས་རབ་ཏུ་རྒྱས་པའི་གཟུགས་ཀྱི་ལྟོ་བར། ལྟེ་བ་དང་བཅས་པའི་མུ་ཁྱུད་རིམ་པ་དྲུག་བསྐོར་བའི་ལྟེ་བར་ཧྲཱིཿམཐར། པདྨ་སཾ་བྷའི་སྙིང་པོའི་མཐར། སརྦ་ཨ་ནྲྀ་ཏྲི་སོགས་ཁྱད་པར་གྱི་ཤམ་བུ་བཏགས་པ་བྲི། དེ་རྒྱབ་མུ་ཁྱུད་དང་པོ་པདྨ་འདབ་བརྒྱད་ཀྱི་ཤར་དུ། ཨོཾ་བུདྷ་ཛམྦྷ་ལ་ཨོཾ་སྭཱ་ཧཱ་བདེ་གཤེགས་རིགས་ཀྱི་ཕྱྭ་གཡང་གི་དངོས་གྲུབ་མ་ལུས་པ་སྡུས་སྡུས་པུཥྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བྲི། དེས་འགྲེས་ཏེ་ཕྱོགས་གཞན་གསུམ་ལ། རཏྣ། པདྨ། ཀརྨ་རྣམས་སོ་སོའི་རིགས་བསྒྱུར་བའི་ཤམ་བུ་བཅས་བྲི། མཚམས་བཞིར་ཤར་ལྷོ་ནས་བརྩམས་སྟེ་ལྷ་མི་ཀླུ་གནོད་སྦྱིན་གྱི་ནོར་བདག་བཞི་ཡི་སྔགས་དང༌། སྟེང་ཕྱོགས་ལྷ་ཡི་ཕྱྭ་གཡང་དངོས་གྲུབ་སོགས་སོ་སོའི་ཤམ་བུ་ཅན་བྲི། མུ་ཁྱུད་གཉིས་པར་རིན་ཆེན་ཟུར་བརྒྱད་ཀྱི་ཤར་ལྷོ་སོགས་མཚམས་བཞིར་གནོད་སྦྱིན་རྟ་བདག་བཞིའི་སྔགས་ཤམ་དུ། བང་མཛོད་དབྱྀག་གི །ཅང་ཤེས་རྟ་ཡི། ཟས་ནོར་བཅུད་ཀྱི། རྐང་བཞི་ཕྱུགས་ཀྱི་ཕྱྭ་གཡང་གི་དངོས་གྲུབ་སོགས་སོ་སོར་སྦྱར། ཕྱོགས་བཞིར་རྒྱལ་ཆེན་བཞིའི་སྔགས་བཞི་ལ་ཤམ་བུ་འོག་ནས་དར་འཕན་ལ་བཀོད་པ་ལྟར་བྲི། མུ་ཁྱུད་གསུམ་པར། ནོར་ལྷ་སྤྱི་དྲིལ་གྱི་སྔགས་དང་དབྱངས་གསལ་རྟེན་སྙིང་རྣམས་ཀྱི་མཐར། ཨོཾ། འདོད་རྒུའི་མཆོག་སྩོལ་དངོས་གྲུབ་གཏེར༔ སོགས་ཚང་བ་དང༌། ཞལ་ནས་གསུང་པའི་ཤིས་བརྗོད་བཅས་ཕྲེང་དུ་དགོས་སྦྲུལ་འཁྱིལ་དུ་བྲི། ཡིག་མགོ་རྣམས་ཕྱིར་བསྟན། དེ་རྒྱབ་རྡོ་རྭ། དེ་རྒྱབ་ནོར་འཛིན་པ་ཏྲས་བསྐོར། དེ་རྒྱབ་ཕྱོགས་མཚམས་བརྒྱད་དུ་ནོར་བུ་འབར་བ་རེ་རེ་བྲི། འོག་ནས་འབྱུང་བའི་རིལ་བུའི་རྫས་ཀྱིས་བྱུགས། སྦྱོང་ཁྲུས་བྱ། སྟེགས་བུར་མཆོད་པ་བཅས་བཀོད་ལ་ལས་གཞུང་ལྟར་བསྐྱེད་བསྟིམ་བཟླས་པ་ཅི་འགྲུབ་མཐར་འདོད་གསོལ་བརྟན་བཞུགས་ཤིས་བརྗོད་བཅས་ལེགས་པར་གྲུབ་ནས་ལྟེ་བ་མ་ཉམས་པར་བལྟབ། བདུད་རྩི་ཆོས་སྨན། སངས་རྒྱས་ཀྱི་འཕེལ་གདུང་ལྷའི་བླ་རྡོ་དུང༌། ཀླུའི་ཆུ་ཤེལ། མིའི་གཡུ། གནོད་སྦྱིན་གྱི་ཕ་ཝཾ་ཤོང་བུ། མགྲོན་བུ་བུ་མ་བཅས་ལྷན་ཅིག་དར་དམར་སེར་གྱིས་དྲིལ། རྫས་ནི། བཤད་མ་ཐག་པའི་འཁོར་ལོའི་རྫས་རྣམས་དང་རིན་པོ་ཆེ་སྣ་ཚོགས། དར་རས་ཟས་སྣའི་ཕུད། རྟ་ཕྱུགས་ཀྱི་སྤུ་སྣ། སྨན་སྣ་ཤིང་ཏོག་མེ་ཏོག་སྣ་ཚོགས། འབྲུ་སྣའི་ཕུད། དཀར་གསུམ་མངར་གསུམ། གནས་ཆེན་རྣམས་དང་གཙུག་ལག་ཁང་དང་ཕོ་བྲང་སོགས་བཀྲ་ཤིས་པའི་གནས་རྣམས་ཀྱིས་རྡོ་ཆུ་ཤིང་གང་ཚོགས། བུམ་རྫས་ཉེར་ལྔ། ཞིང་ས་བཟང་པོའི་ས་སྣ། ཆུ་ཆེན་མང་པོའི་ཆུ་སྣ། མཚོ་ཆེན་བྱེ་མ། དགེ་འདུན་སྡེ་ཆེན་དང་རྒྱལ་པོ་ཆེན་པོའི་ཐབས། ཚེ་རིང་འབྱོར་ལྡན་བསོད་ནམས་ཅན་གྱི་ལག་ནས་བྱུང་བའི་ནོར་སྣ་རྣམས་བསགས། ཕྱེད་ཁྲོལ་བུར་བཞག །ཕྱེད་ཞིབ་པར་བཏགས་ལ་བ་དམར་མོའི་འོ་མས་རིལ་བུར་དྲིལ། དེ་རེ་རེའང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་དངོས་སུ་གྱུར་པར་བསམས་ལ། ཨོཾ་སརྦ་རཏྣ་ཙིཏྟ་བ་སུ་སིདྡྷི་ཧཱུྃ་ཛཿཛ༔ ཞེས་མང་དུ་བཟླས་པས་བྱིན་བརླབ། རིན་པོ་ཆེའམ་རྫ་ལས་ཟ་མ་ཏོག་དང་སྙིང་དབྱིབས་ལྟ་བུའམ་ཀྱུས་སུ་བུམ་པ་ལྟོ་བ་ལྡིར་བ་རབ་ནས་ཁལ་གཅིག །འབྲིང་བྲེ་བདུན་ནམ་ལྔ། ཐ་མ་བྲེ་གང་ཤོང་བ། ཁ་དོག་དར་དམར་སེར་རམ་དཀར་པོ་གང་བདེའི་རྒྱབ་ཏུ་རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས་རྟགས་ལྟ་བུ་དགེ་མཚན་དང་ལྡན་པའི་རི་མོ་བྲི། བུམ་པ་ཆུང་ན་ནོར་བུ་འབར་བ་ཙམ་བྲིས་ལ་མདུན་རྟགས་མ་ནོར་བར་བྱ། བུམ་པའི་ནང་དུ་གོང་གི་འཁོར་ལོ་དབུ་ཞབས་དང་མདུན་རྒྱབ་མ་ལོགས་པ་དབུས་སུ་བཞག །རྫས་ཁྲོལ་བུ་རྣམས་དང་རིལ་བུ་བཅས་ཀྱིས་ལེགས་པར་བཀང་ལ་རས་སེར་པོའམ་དཀར་པོས་ཁ་བཅད། འཁོར་ལོ་མ་འགྲུབ་ན་སྔགས་རྣམས་བྲིས་པའི་ཤོག་དྲིལ་བཞག་ཀྱང་རུང་བར་གསུངས། དེ་ལྟར་བཅས་གྲུབ་ནས་ཐོག་མར་རབ་གནས་མངའ་དབུལ་བྱས་ལ་སླར་སྒྲུབ་པའི་རྟེན་དུ་འཇོག་པར་བཤད་པས་དེ་ལྟར་ཡང་གྲུབ་ན་ལེགས། མ་འགྲུབ་ན་སྦྱོང་ཁྲུས་བརྟན་བཞུགས་འཐོར་ནས་ཙམ་ངེས་པར་བྱས་ལ་རྟེན་ཏུ་འཇོག་གོ །བུམ་པ་དེ་ཉིད་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་ཡུལ། མདུན་རྟེན་གྱི་རྩ་བ་ཡིན་པས་སྒྲུབ་པའི་ཚེ་འཁོར་འདས་ཀྱི་ཕྱྭ་གཡང་བསྡུ་བསྟིམ་བྱ། སྒྲུབ་པ་གྲུབ་ནས་ལྷ་མི་གཤེགས་པར་བརྟན་བཞུགས་བྱས་ཏེ་གཡང་སྒྲོམ་དང་མཛོད་ཕུག་ཏུ་བཞུགས། བུམ་པ་མང་དུ་བཅང་སྒྲུབ་ཐོན་ན་གཞན་རྣམས་སོ་སོར་སྦས་པས་སྦ་ཡུལ་དང་མཐུན་པའི་ཡོན་ཏན་སོ་སོར་འབྱུང་སྟེ། རྩ་གཞུང་ལས། གཏེར་བུམ་ཡུལ་གྱི་དབུས་རི་འཕན་བཟང་ལ་སྦས་ན་ཡུལ་ཕྱོགས་ཐམས་ཅད་ལ་ཕན་པའི་རྟེན་འབྲེལ་བླ་ན་མེད་པར་འགྱུར་རོ༔ ཁང་པའི་དབུས་སུ་སྦས་ན་གནས་ཁང་བཀྲ་ཤིས་ལོངས་སྤྱོད་དགེ་བར་འགྱུར་རོ༔ ཐབ་ཀྱི་དཀྱིལ་དུ་སྦས་ན་ཟས་ནོར་ལོངས་སྤྱོད་འདུ་ཞིང་བསྲིས་སྨེ་བར་འགྱུར་རོ། ཞིང་ས་བཟང་པོ་ལ་སྦས་ན་ལོ་ཏོག་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ༔ ཆུ་མིག་བཟང་པོའམ་མདུན་རི་ལ་སྦས་ན་ཆར་ཆུ་འབེབས་ཤིང་གཞོན་ཆུ་རྒྱས་པར་འགྱུར་རོ༔ རྟ་ཕྱུགས་ཀྱི་བྲེས་ལ་སྦས་ན་གོད་ཁ་རྒྱུན་ཆོད་ཅིང་རྒབ་འཕེལ་བར་འགྱུར་རོ༔ ཞེས་གསུངས་པ་ལྟ་རོ། ཡང་གླང་པོའི་འཁོར་ལོ་རྫས་བཅས་ཟུར་དུ་བཅས་ནས་སྒྲུབ་པ་ལྷན་ཅིག་བྱས་ཏེ་གཡོགས་ཀྱིས་བཏུམ་ནས་མགུལ་དུ་གདགས་ན་ཡོན་ཏན་ཤིན་ཏུ་ཆེ་བ་གཏེར་རྙིང་རྣམས་ལས་མཐུན་པར་གསུངས་ཤིང༌། འདིར་ཡང༌། གཞན་ཡང་གླང་པོའི་འཁོར་ལོ་འཆང་བ་ཙམ་གྱིས་ཀྱང་ཅི་བསམ་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། ཞེས་སོ། །གཉིས་པ་འཁོར་གྱི་ནོར་ལྷ་སོ་སོའི་ལས་ཚོགས་རྣམས་གྲངས་བཅུ་དྲུག་ཏུ་ཡོད་པའི་དང་པོ་ཛཾ་ལྷ་རིགས་བཞི་ལས། ཛམྦྷ་ལ་དཀར་པོ་ཕྱི་ཆུ་སྦྱིན་ལ་བརྟེན་ནས་སྒྲུབ་པ་ནི། མདུན་དུ་ཟངས་བཞོང་ཆུ་བུམ་གཏོར་རིལ་རྣམས་བཞག །འདི་རྣམས་སྒེར་ཏུ་བྱེད་ན་ཐོག་མར་སྐྱབས་སེམས་རེ་རེ་བཏང༌། སྒྲུབ་པའི་དཀྱུས་སུ་འདོགས་ན་མི་དགོས། རང་ཉིད་སྐད་ཅིག་སྤྱན་རས་གཟིགས། །ཁ་སར་པཱ་ཎིའི་སྐུ་རུ་གྱུར། །མདུན་དུ་པདྨ་ཟླ་བའི་སྟེང༌། །རྡོ་རྗེ་ནོར་བདག་ཛམྦྷ་ལ། །དཀར་གསལ་གཡས་གཡོན་ཕྱག་གཉིས་ཀྱིས། །རྡོ་རྗེའི་བེ་ཅོན་ནེའུ་ལེ་འཛིན། །ཤ་རྒྱས་གསུས་ཁྱིམ་མཆོག་ཏུ་ཆེ། །འཛུམ་ཞིང་ཁྲོ་ལ་སྒེགས་པའི་ཉམས། །དར་དང་རིན་ཆེན་པད་ཕྲེང་བརྒྱན། །བཞེངས་སྟབས་ནོར་སྐྱུག་ཕོ་མོ་བརྫིས། །སྐུ་ལས་སྐྱེས་པའི་འོད་ཀློང་བཞུགས། །དམ་ཚིག་ཡེ་ཤེས་དབྱེར་མེད་གསལ། །རང་གི་ཕྱག་གཡས་མཆོག་སྦྱིན་ལས། །བདུད་རྩིའི་ཆུ་རྒྱུན་མུ་ཏིག་གི །རྡོག་མ་ལྟ་བུར་རབ་བབས་པས། །ཞལ་དུ་ཐིམ་ཞིང་མཉེས་པར་གྱུར། །ལག་གཡས་པས་ཟངས་གཞོང་དུ་ཆུ་ཐིགས་མ་ཆད་པར་སྦྲེངས་ལ། ཨོཾ་བུདྡྷ་ཛམྦྷ་ལ་ཨོཾ་སྭཱ་ཧཱ༔ ཞེས་མང་དུ་བཟླ། དེ་མཐུན་ཆུ་སྔགས་སྦྲེལ་ཏེ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ༔ ཞེས་བརྒྱ་སྟོང་ལ་སོགས་པ་ཅི་ནུས་འབུལ་མཐར། ཨཱརྻ་ཛཾ་བྷ་ལ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨོཾ། བདེ་གཤེགས་ནོར་བདག་ཛམྦྷ་ལ༔ འཁོར་དང་བཅས་ཀུན་གུས་པས་མཆོད༔ ཕྱག་འཚལ་བསྟོད་ཅིང་གསོལ་འདེབས་ན༔ འདོད་དགུས་འབྱོར་པའི་དངོས་གྲུབ་སྩོལ༔ སྔགས་མཐར་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པས་དངོས་གྲུབ་བླངས་ལ་ཆུ་ཐིགས་ལྕེར་བཞག །མ་རྙེད་ཡོངས་སུ་སོགས་ཡིག་བརྒྱས་བཟོད་གསོལ་བྱ། ཛམ་ལྷ་འོད་ཞུ་རང་ལ་ཐིམ། །ལོངས་སྤྱོད་སྤྲིན་ལྟར་འདུས་པར་གྱུར། །ཅེས་མོས་ལ་གཡོན་པའི་སྲིན་ལག་གིས་ཆུ་ཕྱོགས་བཅུར་འཐོར་བས་དབང་དུ་འདུ་བའི་རྟེན་འབྲེལ་དུ་འགྱུར། ཤིས་པ་བརྗོད་དོ། །འདིས་ནི་ལོངས་སྤྱོད་རྒྱུན་མི་འཆད་པར་འབྱུང་བར་གསུངས་སོ། །ཛམྦྷ་ལ་སེར་པོ་ནང་གཏོར་མ་ལ་བརྟེན་ནས་བསྒྲུབ་པ་ནི། གཏོར་མ་རིན་ཆེན་འབར་བའི་དབྱྀབས་ཅན་སྔགས་ཀྱི་གཟུངས་དང་ལྡན་པ་ཁ་ཟས་བཟང་པོ་སྣ་ཚོགས་པས་བསྐོར་བ་བཤམ། བླ་མ་ནོར་ལྷའི་བསྐྱེད་བཟླས་སྔོན་ཏུ་འགྲོ་བས། གཏོར་མ་རྃ་ཡྃ་ཁྃ་གིས་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི། །སྣོད་མཆོག་ཡངས་ཤིང་རྒྱ་ཆེའི་ནང༌། །འབྲུ་གསུམ་ལས་བྱུང་གཏོར་མ་ནི། །དམ་ཡེ་དབྱེར་མེད་བདུད་རྩིའི་མཚོ། །ཁ་དོག་དྲི་རོ་ནུས་བཅུད་ལྡན། །འདོད་རྒུའི་ལོངས་སྤྱོད་སྣ་ཚོགས་པ། །ཟད་མི་ཤེས་པ་འབྱུང་བར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། དེ་སྟེང་པདྨ་ཟླ་གདན་ལ། །རིན་ཆེན་ནོར་བདག་ཛམྦྷ་ལ། །གསེར་གྱི་མདོག་ཅན་ཕྱག་གཉིས་ཀྱིས། །ནོར་བུ་དབང་རྒྱལ་ནེའུ་ལེ་འཛིན། །ཤ་རྒྱས་སོགས་ནས་དབྱེར་མེད་གསལ། ཐུགས་སྲོག་ཏྲཱྃ་སེར་སྔགས་འོད་ཀྱིས། །སྲིད་ཞིའི་དཔལ་ཡོན་བསྡུས་ནས་ཐིམ། །གཟི་བརྗིད་ཉི་ལྟར་འབར་བར་གྱུར། ཅེས་མོས་ལ། ཨོཾ་རཏྣ་ཛམྦྷ་ལ་ཏྲཱྃ་སྭཱ་ཧཱ༔ ཞེས་བཟླ། མཐར། ལྗགས་ཀྱི་འོད་ཟེར་སྦུ་གུ་ཡིས། །གཏོར་མའི་བཅུད་དྲངས་གསོལ་བས་མཉེས། །དངོས་གྲུབ་ཆར་ལྟར་ཕབ་པར་གྱུར། སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁཱ་ཧི༔ སརྦ་རཏྣ་སིདྡྷི་ཧཱུྃ་ཛཿ ཞེས་བརྒྱ་རྩ་ལ་སོགས་པ་འབུལ། མཐར་མཆོད་བསྟོད་གོང་ལྟར་ལ། ཨོཾ། རིན་ཆེན་ནོར་བདག་ཛམྦྷ་ལ། ཞེས་བསྒྱུར་ལ་དངོས་གྲུབ་བླང་ཞིང་ནོངས་བཤགས་མཐར་གཏོར་མ་ལ་བརྟན་བཞུགས་བྱ། ཤིས་བརྗོད་དང་གཏོར་མ་མཛོད་ཕུག་ཏུ་སྦ་བའམ། གཏེར་བུམ་སོགས་དང་ལྷན་ཅིག་ཏུ་སྦའོ། །འདིས་ལོངས་སྤྱོད་རྒྱ་ཆེན་པོ་འཕེལ་བར་བྱེད་དོ། །ཛམྦྷ་ལ་དམར་པོ་གསང་བ་གྭའུ་ལ་བརྟེན་ནས་བསྒྲུབ་པ་ནི། རིན་པོ་ཆེའམ་རྫའི་གྭའུ་དམར་པོར་སྐུ་དང་སྔགས་བྱང་འདོད་གསོལ་དང་བུམ་པའི་རྫས་ཀྱིས་བཀང་བ་སྟེགས་བུར་བཀོད། བསང་སྦྱང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ། སྟོང་པའི་ངང་ལས་གྭའུ་ཉིད། །རིན་ཆེན་སྣ་ཚོགས་ལས་གྲུབ་པའི། །ཟླ་གམ་དབང་གི་ཕོ་བྲང་ཆེ། །སྲིད་ཞིའི་དཔལ་འབྱོར་སྤྲིན་ལྟར་འཁྲིགས། །དེ་དབུས་པདྨ་ཟླ་བའི་སྟེང༌། །པདྨའི་ནོར་བདག་ཛཾ་བྷ་ལ། །དམར་གསལ་མདངས་འཚེར་གཡས་གཡོན་ཕྱག །པདྨའི་ལྕགས་ཀྱུ་ནེའུ་ལེ་འཛིན། །ཤ་རྒྱས་སོགས་ནས། འོད་ཀློང་བཞུགས། །གནས་གསུམ་འབྲུ་གསུམ་འོད་འཕྲོས་པས། །རང་འདྲའི་ཡེ་ཤེས་སྤྱན་དྲངས་ཐིམ། །ཨོཾ་པདྨ་ཛམྦྷ་ལ་བཛྲ་ས་མ་ཛཿཛཿཧཱུྃ་བྃ་ཧོ༔ ས་མ་ཡ་ཏིཥྛ་ལྷན། ཨོཾ་ཨཱཿཧཱུྃ། ཕྱི་སྣོད་འདོད་ཡོན་སོགས་ཕྲིན་སྙིང་ལྟར་མཆོད། །བདེ་བཤེགས་ཀུན་གྱི་གསུང་ལས་ལེགས་སྤྲུལ་ཅིང༌། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛམྦྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ཕྱག་འཚལ་བསྟོད། །ཐུགས་སྲོག་ཧྲཱིཿདམར་སྔགས་ཕྲེང་བསྐོར། །འོད་ཟེར་ལྕགས་ཀྱུས་འཁོར་འདས་ཀྱི། །དཔལ་ཡོན་ཐམས་ཅད་བསྡུས་ནས་ཐིམ། ཞེས་བསྒོམ་ལ། ཨོཾ་པདྨ་ཛམྦྷ་ལ་ཧྲཱིཿསྭཱ་ཧཱ༔ ཞེས་བཟླས་པའི་དངོས་གཞི་བྱ། སྔགས་ཤམ། སརྦ་དྷ་ན་མེ་དྷི་རཏྣ་བཱ་སུ་སིདྡྷི་སྡུས་སྡུས༔ ཞེས་བཏགས་པའང་ཅི་འགྲུབ་བཟླས་མཐར། བསྟོད་པ་ལ། ཨོཾ་པདྨའི་ནོར་བདག་ཅེས་བསྒྱུར་བ་ཙམ་ལས་མཆོད་བསྟོད་ནས་ཤིས་བརྗོད་བར་རྗེས་ཀྱི་བྱ་བ་གོང་གི་ཛམ་སེར་ལྟར་བྱ། གའུ་གཡང་རྟེན་ཏུ་འཇོག །འདིས་འབྱོར་པའི་ལོངས་སྤྱོད་ཟད་མི་ཤེས་པར་འགྱུར་རོ། །ཛམྦྷ་ལ་ལྗང་གུ་ཡང་གསང་ཐོད་པ་ལ་བརྟེན་ནས་བསྒྲུབ་པ་ནི། ཐོད་པ་དུམ་བུ་གསུམ་པ་དཔྱད་ལེགས་པའི་ནང་དུ་སྐུ་དང་སྔགས་བྱང་ཁྱད་པར་ཤིང་ཏོག་བིལ་བཱ་ལ་ཕྱག་མཚན་བྲིས་པ་བཞུགས་ལ་སྟེགས་བུར་བཀོད། བསང་སྦྱང༌། ནམ་མཁའ་མཛོད་ཀྱིས་སྔགས་རྒྱས་བརླབ། སྟོང་པའི་ངང་ལས་མཚན་ལྡན་གྱི། །བྷནྡྷ་ནོར་བུའི་གཞལ་མེད་ཁང༌། །འཇིག་རྟེན་འཇིག་རྟེན་ལས་འདས་པའི། །ལོངས་སྤྱོད་དཔལ་གྱིས་གཏམས་པའི་དབུས། །པདྨ་ཟླ་བ་རྒྱས་པའི་སྟེང༌། །ལས་ཀྱི་ནོར་བདག་ཛམྦྷ་ལ། །སྐུ་མདོག་ལྗང་ནག་ཕྱག་གཉིས་ཀྱིས། །ཐོད་ཁྲག་དང་ནི་ནེའུ་ལེ་འཛིན། །ཤ་རྒྱས་སོགས་བཤད་མ་ཐག་པའི་ཛཾ་དམར་ལྟར་ལ། ཨོཾ་ཀརྨ་ཛམྦྷ་ལ་ཨཱཿསྭཱ་ཧཱ༔ ཞེས་བསྒྱུར་བ་དང༌། །བསྟོད་པ་ལ། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་བསྟོད། ཅེས་དང༌། ཐུགས་སྲོག་ཨཱཿཡིག་ལྗང་གུ་ལ། །སྔགས་ཕྲེང་གཡས་བསྐོར་འོད་ཟེར་གྱིས། །འཁོར་འདས་ཕྱྭ་གཡང་དྭངས་མའི་བཅུད། །བསྡུས་ཏེ་རྟེན་ལ་ཐིམ་པར་གྱུར། ཅེས་དམིགས་ལ། ཨོཾ་ཀརྨ་ཛམྦྷ་ལ་ཨཱཿསྭཱ་ཧཱ༔ ཞེས་བཟླས་པའི་དངོས་གཞི་དང༌། སྔགས་ཤམ། སརྦ་མ་ཧཱ་ཀ་པཱ་ལ་རཏྣ་སིདྡྷི་སིདྡྷི་ཧཱུྃ། ཞེས་བཏགས་པའང་ཅི་ནུས་བཟླས་པའི་མཐར། བསྟོད་པའི་སྐབས། ཨོཾ། ལས་ཀྱི་ནོར་བདག་ཅེས་བསྒྱུར་བ་ཙམ་ལས་མཆོད་བསྟོད་ནས་ཤིས་བརྗོད་ཡན་སྔ་མ་དང་འདྲ། ཐོད་པ་གཡང་རྟེན་ཏུ་འཇོག་པའམ་ལུས་ལ་འཆང་བ་གང་བདེ་བྱ། འདིས་དཔལ་འབྱོར་ནམ་ཡང་མི་ཉམས་ཤིང་བརྟན་པར་བྱེད་དོ། །དེ་ནས་ནོར་བདག་རིགས་བཞི་ལས། ཚོགས་ཀྱི་བདག་པོ་ལ་བརྟེན་ནས་ལྷ་ལས་དངོས་གྲུབ་བླང་བ་ནི། ལ་དུ་དང་ཤུ་དག་དཀར་པོའི་རིལ་བུ་ལ། ཨོཾ་ག་ག་ཎ་པ་ཏི་སྭཱ་ཧཱ། ཞེས་དང༌། དེ་བ་སིདྡྷི་ས་མ་ཡ་ཛཿཛཿ ཞེས་བཟླས་པ་བཏབ་ནས་སྐབས་སུ་བདུག་པས་ལྷའི་ལོངས་སྤྱོད་ཆར་བཞིན་འབེབས་པར་འགྱུར་རོ༔ ཁྱད་པར་ཚེས་བརྒྱད་དང་རྒྱལ་ཕུར་འཛོམས་པའི་དུས་གནས་ཁང་གི་ཕྱི་ནང་ཀུན་ཏུ་བདུག་གོ །ནོར་རྒྱུན་མ་ལ་བརྟེན་ནས་འབྲུ་སྤེལ་བ་ནི། དྲི་བཟང་དང་རིན་པོ་ཆེ་སྦྱར་ཆུ་ལ། ཨོཾ་བྃ་བ་སུ་དྷ་རི་ཎཱི་སྭཱ་ཧཱ། ཞེས་དང༌། སརྦ་སིདྡྷི་ཕ་ལ་པུཥྟིཾ་ཀུ་རུ་ཨོཾ༔ ཞེས་མང་དུ་བཟླ། ནོར་རྒྱུན་མའི་སྐུ་གཟུགས་ལ་བུམ་ཆུ་གཞན་གྱིས་ལྷ་ཁྲུས་སྐུ་ཕྱི་གོས་འབུལ་སྤྱི་ལྟར་བྱས་པའི་ཁྲུས་ཆུ་དང་ལྷན་ཅིག་བསྲེས་ནས་ས་བོན་ལ་བྲན་པས་ལོ་ཏོག་ལེགས་ཤིང་རྩྭ་སད་སེར་བའི་གནོད་པ་ཞི། འབྲུའི་ཁང་པར་གཏོར་བས་བསིས་སྨེ་བར་འགྱུར་རོ། ཀུ་རུ་ཀུལླེ་ལ་བརྟེན་ནས་ཀླུ་ལས་དངོས་གྲུབ་བླང་བ་ནི། ག་བུར། སྤོས་དཀར། སྤང་སྤོས་ཀྱི་རིལ་བུ་གཙང་མར་སྦྱར་བ་རིན་པོ་ཆེའི་སྣོད་དུ་བཞག །རྃ་ཡྃ་ཁྃ་གིས་མི་གཙང་སྦྱང༌། སྟོང་པའི་ངང་ལས་རིལ་བུ་རྣམས། །རེ་རེ་བཞིན་ཏུ་པད་ཉི་ལ། །ཀླུ་ཡི་ནོར་བདག་རིགས་བྱེད་མ། །དམར་གསལ་པདྨའི་ལྕགས་ཀྱུ་དང༌། །ཞགས་པ་འཛིན་ཅིང་ཆགས་པའི་ཉམས། །དར་དང་རིན་ཆེན་པད་ཕྲེང་བརྒྱན། །ཞབས་གཉིས་ཕྱེད་སྐྱིལ་སྟབས་ཀྱིས་བཞུགས། །གདོད་ནས་དམ་ཡེ་དབྱེར་མེད་གསལ། །བཟླས་པས་ཐུགས་དམ་རྒྱུད་བསྐུལ་ཏེ། །ཕྲིན་ལས་ཐོགས་མེད་སྒྲུབ་པར་གྱུར། །ཅེས་མོས་ལ། ཨོཾ་ཧྲཱིཿཀུ་རུ་ཀུལླེ་སྭཱ་ཧཱ། ཞེས་རྩ་སྔགས་ཅི་འགྲུབ་དང༌། ཤམ་བུར། སརྦ་ནཱ་ག་སིདྡྷི་ཧྲཱིང་ཧྲཱིང༌། ཞེས་བཏགས་པ་མང་དུ་བཟླས་མཐར། ལྷ་འོད་དུ་ཞུ་བ་རིལ་བུའི་རྣམ་པར་གྱུར། །ཅེས་བསྒོམ། རིལ་བུ་དེ་ཉིད་མཚོ་ཆེན་པོ་དང༌། ཆུ་མིག་བཟང་པོར་སྦས་པའམ། དེ་དག་གི་འགྲམ་དུ་བདུག་པའམ། ཀླུའི་ཆོ་ག་བྱེད་པའི་ཚེ་བདུག་ན་ཀླུའི་ལོངས་སྤྱོད་ས་རླངས་བཞིན་ཏུ་བརྡོལ་བར་འགྱུར་རོ། །རྣམ་ཐོས་སྲས་ལ་བརྟེན་ནས་གནོད་སྦྱིན་ལས་ནོར་བླང་བ་ནི། ཙནྡན་དཀར་པོ། ཨ་གར་ནག་པོ། སི་ཧཱ་རྣམས་འབྲས་དཀར་ཕྱེ་མས་རིལ་བུར་དྲིལ་ལ། ཨོཾ་བཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཞེས་ཅི་འགྲུབ་དང༌། སྔགས་ཤམ། སརྦ་ཡཀྵ་རཏྣ་ཙིཏྟ་ཧྲཱིཾ་ཛཿ སིདྡྷི་ཀུ་རུ་ཧཱུྃ། བཏགས་པ་བཟླས་པས་བཏབ་པའི་རིལ་བུ་རྣམ་སྲས་ཀྱི་རྟེན་དང༌། བྱང་ཕྱོགས་ཀྱི་རི་བོ་འཕན་བཟང་གི་མདུན་དུ་བདུག་པས་གནོད་སྦྱིན་གྱི་གཏེར་ཁ་བྱེ་བར་འགྱུར་རོ། །དེ་ནས་གནོད་སྦྱིན་རྟ་བདག་བཞིའི་ལས་ཀྱི་སྦྱོར་བ་ལས། ནོར་བུ་བཟང་པོས་རིན་པོ་ཆེ་སྤེལ་བ་ནི། ས་སྤྱིན་བཟང་པོ་ལ་རིན་པོ་ཆེ་སྣ་ཚོགས་བསྲེས་པས་འབྲང་རྒྱས་དཔར་པོ་ནོར་བུ་འབར་བའི་དབྱིབས་ཅན་ཏུ་བཅོས་པའི་ནང་དུ། ཨོཾ་མ་ཎི་བྷ་དྲ་ཡ་སྭཱ་ཧཱ། ཞེས་པ། སརྦ་རཏྣ་སིདྡྷི་སྡུས་སྡུས་པུཥྟིཾ་ཀུ་རུ་ཧཱུྃ། ཞེས་གསེར་གྱིས་བྲིས་པ་བཅུག །ནོར་བུ་བཟང་པོར་བསྐྱེད་བསྟིམ་བྱས་ལ་འབྲུ་མཛོད་དམ་གནས་ཁང་གི་ཤར་ལྷོའི་ཐད་སྦས་ན་རིན་པོ་ཆེའི་ཚོགས་འཕེལ་བར་འགྱུར་རོ། །རེ་མནྟས་ཅང་ཤེས་སྤེལ་བ་ནི། འབྲང་རྒྱས་སེར་པོ་ནོར་གཟུགས་ཀྱི་ནང་དུ། ཨོཾ་ཨརྻ་རེ་མནྟ་ཡ་སྭཱ་ཧཱ། དང༌། སརྦ་ཨ་ཤྭ་རཏྣ་སིདྡྷི་སིདྡྷི་སྡུས་སྡུས་པུཥྟིཾ་ཀུ་རུ་ཧོ། ཞེས་བྲིས་པ་རྟ་ཕྱུགས་ཀྱི་སྤུ་སྣས་དྲིལ་ཏེ་བཞུག །རེ་མནྟར་བསྐྱེད་བསྟིམ་བྱས་ལ་རྟའི་བྲེས་སམ་ཁང་པའི་ལྷོ་ནུབ་ཀྱི་གྲྭར་སྦས་ན་རྟ་ཕྱུགས་ཀྱི་གོད་གཅོད་ཅིང་སྒབ་འཕེལ་བར་འགྱུར་རོ། །རྩ་སྔགས་དང༌། སརྦ་ཡཀྵ་ཤུ་ལ་ཏྲི་རཀྵ་རཀྵ། བྷྲཱུྃ་བྷྲཱུྃ་སྭཱ་ཧཱ། ཞེས་བཏབ་པའི་སྲུང་སྐུད་དམར་པོ་བཏགས་པས་རྟ་དྲེལ་གང་ལའང་སྲུང་བའི་མཆོག་ཏུ་འགྱུར་རོ། །གནོད་སྦྱིན་དམར་པོས་ཟས་གོས་སྤེལ་བ་ནི། འབྲང་རྒྱས་དམར་པོ་ཟླ་གམ་གྱི་ནང་དུ། ཨོཾ་མ་ཧཱ་རཱ་ཛ་ཡཀྵ་བཻ་ཧྲཱིཿསྭཱ་ཧཱ། ཞེས་དང༌། ནཱ་ནཱ་ཁ་དྷེ་བཱ་སུ་སིདྡྷི་ཛཿཛཿ ཞེས་བྲིས་པ་དར་སྣ་མང་པོས་དྲིལ། ཟས་སྣ་ཚོགས་ཀྱི་ཕུད་དང་ལྷན་ཅིག་བཅུག །གནོད་སྦྱིན་དམར་པོས་བསྐྱེད་ལ་གོས་ཀྱི་སྣོད་དམ། ཐབ་ཀྱི་དབུས་སམ། ཁང་པའི་ནུབ་བྱང་དུ་སྦས་ན་ཟས་གོས་འབད་མེད་དུ་འབྱུང་བར་འགྱུར་རོ། །ཀུ་བེ་ར་ལ་བརྟེན་ནས་ཕྱུགས་སྤེལ་བ་ནི། འབྲང་རྒྱས་ལྗང་གུ་དགའ་བ་འཁྱིལ་བའི་དབྱིབས་ཅན་གྱི་ནང་དུ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཞེས་དང༌། མ་ཧཱ་བ་སུ་སིདྡྷི་སྡུས་སྡུས། རཏྣ་བཱ་སུ་ཏིཥྛ་ཀུ་རུ་ཧཱུྃ། ཞེས་བྲིས་པ་ནོར་ཕྱུགས་ཀྱི་སྤུ་སྣས་དྲིལ་ཏེ་ཀུ་བེ་རར་བསྐྱེད་བསྟིམས་བྱས་ལ་ཕྱུགས་ཀྱི་ལྷས་མགོའམ་ཁང་པའི་བྱང་ཤར་དུ་སྦས་ན་ནོར་ཕྱུགས་འཕེལ་བར་འགྱུར་རོ། །རྒྱལ་ཆེན་བཞི་ལ་བརྟེན་ནས་ལས་བཞི་བསྒྲུབ་པ་ནི། དར་དཀར་པོ་ལ་ཡུལ་འཁོར་སྲུང་གི་སྔགས་དང༌། དབུལ་བའི་སྡུག་བསྔལ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བྲིས་པ་རྒྱལ་ཆེན་ཏུ་བསྐྱེད་ཅིང་ཁང་པའི་ཤར་དུ་བཙུགས་ན་དབུལ་བའི་སྡུག་བསྔལ་ཞི་བར་འགྱུར་རོ། །ཡང་ན་རྒྱལ་མཚན་དཀར་པོའི་ནང་ནང་དུ་སྐུ་དང༌། སྔགས་བྱང་གི་མཐར་ཡུལ་ཕྱོགས་ཐམས་ཅད་ལ་ཕས་ཀྱི་རྒོལ་བ་དུས་ཀྱི་འཁྲུག་པ་སྣོད་བཅུད་ཀྱི་རྒུད་པ་ཐམས་ཅད་རཀྵ་རཀྵ། བྲིས་ཏེ་རྒྱལ་ཕུར་འཛོམས་པའི་ཚེ་གནས་ཁང་གི་དབུས་སུ་འཇུག །བསྐྱེད་བསྟིམ་རབ་ཏུ་གནས་པས་ཡུལ་སྲུང་བའི་མཆོག་ཏུ་འགྱུར་རོ། །དར་སྔོན་པོ་ལ་འཕགས་སྐྱེས་པོའི་སྔགས་དང༌། ལྟོག་འདྲེ་དབུལ་སྲི་ཐམས་ཅད་མཱ་ར་ཡ་ཕཊ། བྲིས་པ་ལྷོར་བཙུག་ན་ལོངས་སྤྱོད་ཀྱི་བར་ཆད་ཐམས་ཅད་ཚར་གཅོད་པར་འགྱུར་རོ། །དམར་པོ་ལ་མིག་མི་བཟང་གི་སྔགས་དང༌། ཁམས་གསུམ་སྣོད་བཅུད་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་བྲིས་པ་ནུབ་ཏུ་བཙུགས་ན་འདུད་རྒུ་ཐམས་ཅད་ངང་གིས་འདུ་བར་འགྱུར་རོ། །སེར་པོ་ལ་རྣམ་སྲས་ཀྱི་སྔགས་དང༌། ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ། བྲིས་པ་བྱང་དུ་བཙུགས་ན་ཚེ་བསོད་བཀྲ་ཤིས་འཕེལ་བར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་འཕྲོས་དོན་ནི། བཤད་མ་ཐག་པའི་ལས་སྦྱོར་དེ་རྣམས་བླ་མ་ནོར་ལྷའི་སྒྲུབ་པའི་དཀྱུས་གཅིག་ཏུ་གྲུབ་པར་བྱས་ན་ཤིན་ཏུ་ལེགས་ལ། དེའང་སྒྲུབ་རྟེན་ཛཾ་སེར་གཏོར་མ་དཀྱིལ་འཁོར་གྱི་ལྷོ། ཛཾ་དམར་གའུ་ནུབ། ཛཾ་ལྗང་ཐོད་པ་བྱང༌། ཚོགས་བདག་རིལ་བུ་དང་འབྲང་རྒྱས་དཀར་པོ་ཤར་ལྷོ། ནོར་རྒྱུན་མའི་སྐུ་དང་སེར་པོ་ལྷོ་ནུབ། ཀུ་རུ་ཀུལླེའི་རིལ་བུ་དམར་པོ་ནུབ་བྱང༌། རྣམ་སྲས་རིལ་བུ་དང་ལྗང་གུ་བྱང་ཤར། རྒྱལ་ཆེན་བཞི་ལ་དར་འཕན་ལྟ་བུ་ཆེ་ཆུང་བཀོད་ཡུལ་དང་མཐུན་པ་བཟོས་ལ་དཀྱིལ་འཁོར་གྱི་ཕྱོགས་བཞིར་གཟུག །སྒྲུབ་པ་པོ་མང་དུ་འོང་ན་སྔ་དྲོ་ཕྲིན་ལས་ཚར་གཅིག་བཟླས་པ་རྗེས་འབྲེལ་གཡང་འགུགས་བཅས་མཉམ་དུ་གྲུབ་ནས་ཕྱེད་ཙམ་གྱིས་སླར་བསྐྱེད་བཟླས་བསྐྱར། ཕྱེད་ཀ་ཆ་བསྒོས་ཏེ་ཛཾ་ལ་རིགས་བཞི་དང་ནོར་བདག་རིགས་བཞིའི་ལས་སྦྱོར་རྣམས་བཏང༌། ཐུན་རྗེས་མའི་མཐར་བཀའ་སྲུང་གཏོར་འབུལ་དང་ཚོགས་ཕྱིན་ཆད་མཉམ་དུ་བྱ། རྟ་བདག་བཞི་དང་རྒྱལ་ཆེན་བཞི་པོ་ཕྲིན་ལས་ཀྱི་ཞར་བྱུང་དུ་བསྐྱེད་བསྟིམ་དམིགས་པས་ཁྱབ་པར་བྱས་ལ་སོ་སོའི་སྙིང་པོ་སྔགས་ཤམ་བཅས་གཞུང་ཟུར་གང་འོས་ནས་བཟླས་པ་གཞན་གྲུབ་པའི་རྗེས་སུ་ཅི་འགྲུབ་རེ་བཟླ་ཞིང་ཚོགས་བདག་དང་རྣམ་སྲས་རིལ་བུར་ཕུས་གདབ་པ་དང་ནོར་རྒྱུན་མའི་ཁྲུས་གསོལ་རྣམས་ཀྱང་བྱའོ། །སྒྲུབ་མཁན་ཉུང་ན་ལས་བྱང་ཐུན་གསུམ་བྱེད་པའི་ཚེ་སྔ་ཐུན་གྱི་བཟླས་པ་གཡང་འགུགས་སོགས་གྲུབ་པའི་རྗེས་སུ་ཛཾ་དཀར་ཆུ་སྦྱིན་དང་ནོར་བདག་བཞི། གུང་ཐུན་མཐར་ཛཾ་སེར་གཏོར་སྒྲུབ་དང་རྟ་བདག་བཞི། ཕྱི་ཐུན་མཐར་གྭའུ་དང་ཐོད་སྒྲུབ་རྒྱལ་ཆེན་བཞིའི་བཟླས་པ་ཅི་འགྲུབ་རེ་བྱས་ན་སྟབས་བདེའོ། །སྒྲུབ་པ་གྲུབ་ནས་རྟེན་རྣམས་བཞུགས་ཡུལ་གཞུང་གསལ་ལྟར་ལ་རྒྱལ་ཆེན་དར་འཕན་གཡང་མཛོད་དམ་གཡང་སྒྲོམ་ཡོད་པའི་ཁང་པའི་ནང་གི་ཕྱོགས་བཞིར་འདོགས། རིལ་བུ་རྣམས་སྐབས་བསྡུ་ན་བདུག་པ་སོགས་བྱའོ། །སྤྱིར་གྲོང་སྔགས་པ་རྣམས་ཕྲིན་ལས་རྔ་གྱེར་གྲངས་གསོག་པ་གཙོ་བོར་བྱེད་ཀྱང་སྙིང་པོ་ཆེར་མེད་པས་ཏིང་འཛིན་འཕྲོ་འདུ་མ་ཆད་པས་བཟླས་པ་གྲངས་འགྲོ་བ་ཁོ་ན་གནད་ཆེ་བས་འདིར་ཡང་ལས་བྱང་གི་སྔོན་འགྲོ་རྣམས་ཐོག་མར་ཚར་གཅིག་དང༌། རྗེས་རིམ་རྣམས་དགོངས་མོར་ཚར་གཅིག་གི་ཆོག །མཆོད་པ་བྱིན་རླབས་ནས་གཡང་འགུགས་བར་སྔ་གུང་ཕྱི་དྲོའི་ཐུན་གསུམ་ཙམ་ལ་བསྐྱར་ཅིང་གཙོ་བོ་བཟླས་པ་ཅི་འགྲུབ་བྱ། བསོད་ནམ་གྱི་དངོས་གྲུབ་ཐོབ་པ་ལ་ཚོགས་རྫོགས་དགོས་པས་དེའི་ཐབས་མཆོག་ཁྱད་པར་ཅན་ཐུན་མོང་མཎྜལ་དང་ཐུན་མིན་ཚོགས་མཆོད་ཡིན་པས་དེ་དག་འབུལ་བའི་ཡོ་བྱད་ཅི་འབྱོར་རྒྱས་པར་བསགས་པ་དང༌། ཚར་གྲངས་ཀྱང་ཅི་ལྕོགས་འབུལ་བ་གལ་ཆེ། མར་མེ་དང་སྤོས་སོགས་མཆོད་པའི་ཡོ་བྱད་གཞན་རྣམས་ཀྱང་ཇི་ཙམ་འབྱོར་པ་དཔུང་བསྐྱེད། སྐབས་སུ་རྩ་གསུམ་གྱི་བྱིན་འབེབས་བྱ་བར་གསུངས་པས་ཉི་མ་སོགས་ཀྱིས་ལོང་བྱུང་ན་ལྷ་བཙུན་ཆེན་པོའི་དག་སྣང་གཡང་འགུགས་མེ་ཏོག་ཆར་སིལ་ལྟ་བུ་བཏང་གྲུབ་ན་ཆེས་ལེགས་སོ། །ནོར་སྒྲུབ་ལ་སྒབ་འདྲེ་མནན་པ་དང༌། ཡས་བྱིན་ཏེ་བསྐྲད་པ་གཉིས་ཀའམ་གང་རུང་ངེས་པར་གལ་ཆེ་བས་བསྐྲད་པའི་ཚུལ་ལས་བྱང་དབུར་འབྱུང་བ་ལྟར་ལ། ཐོག་མའི་ཚར་གཅིག་ཙམ་གྱིས་ཁྲལ་སོད་དུ་མི་བརྩི་བར་ནངས་རེ་བཞིན་ཡས་སྦྱིན་གྲུབ་ན་དགོས་པ་ཆེ། མནན་པ་ནི། དུག་ཤོག་ལིངྒ་མི་གཟུགས་ཤིན་ཏུ་རིད་པ་སྤྱི་ལྟར་བྲིས་པའི་སྙིང་གར་ནྲྀ་ཏྲིའི་མཐར། རྨུག་འཛིན་ལ་སོགས་ནོར་གྱི་བདག་པོ་རྣམས་བསྒྲུབ་པ་ལ་བར་ཆད་རྩོམ་པའི་ཡ་མ་དམ་སྲི་སྒབ་འདྲེ་གནོད་བྱེད་ཐམས་ཅད་ཁུག་ཛཿནན་རྦད། ཅེས་མགོ་ཕྱིར་བསྟན་དུ་བྲི། ལྷ་མིང་ལ་སྨན་དང༌། འདྲེའི་མིང་ལ་དུག་ཁྲག་བྱུགས། ལིང་ཁྲུས་མདོར་བསྡུས་བྱས་ལ་ཧོམ་དུ་བཅུག །བླ་མ་དྲག་པོ་གང་རུང་གི་བསྐྱེད་བཟླས་ཙམ་མམ་ཕྲིན་ལས་གཞུང་བསྲང་ལ་བདག་ཉིད་ནུས་ལྡན་ཏུ་བསྒྲུབ། བདེན་སྟོབས་བརྗོད་ལ་འགུགས་གཞུག་ལན་གྲངས་དང༌། ལྷ་སྔགས་ཤམ་བུ་ལིངྒའི་སྙིང་གར་བཀོད་པ་དེ་ཉིད་ཁུགསཿཡན་བཏགས་པ་སྟོང་ཕྲག་སོགས་བཟླ། མཐར་ཧཱུྃ་བཞིའི་སྔགས་བཟླ་ཞིང་ཡུངས་ཀར་དང་མཆོད་རྟེན་ཞིག་རོའི་ས་ཡིས་བྲབས། རྒྱས་པར་བྱེད་ན་རྟགས་ཐོན་ནས་ཞག་གསུམ་ཙམ་བསྒྲུབ། བསྡུ་ན་ཕྱི་དྲོ་ཙམ་ཅི་འགྲུབ་བྱས་ལ་ལིངྒ་འདྲེ་ལྟེབས་སུ་བཅག་སྟེ་ཚོན་སྐུད་ཀྱིས་གྲུ་གསུམ་དུ་བཅིང༌། གནས་ཁང་མི་མཐོང་བའི་ས་གྲུ་གསུམ་དུ་དོང་བྲུས་པར་བཅུག་ལ་སླར་ཡང་འགུགས་གཞུགས་སྔགས་བཅས་བརྗོད། སྔགས་དེ་མཐར་ནན་རྦད་བཏགས་པ་དང་ཧཱུྃ་བཞི་པའི་སྔགས་ཐུན་སྔར་ལྟར་བྱས་ལ་ས་རྡོས་བཀབ། ལས་བྱང་གི་བྲོ་བརྡུང་སཱ་ཙྪ་ནག་པོས་མནན་པས་ནོར་སྒྲུབ་ཀྱི་འགབ་འདྲེ་ཞི་ཞིང་བཀྲ་ཤིས་པར་འགྱུར་རོ། །འདི་ཉིད་ཚུལ་བཞིན་བསྒྲུབ་པའི་ཕན་ཡོན་ནི། གཞུང་ལས། དེ་ལྟར་བགྱིས་པས་ཚེ་རིང་ནད་མེད། ཆོས་རྒྱུད་དང་རིགས་རྒྱུད་འཕེལ། ལོངས་སྤྱོད་ཆོས་སྲིད་ཕྱྭ་གཡང་གི་འབྱོར་པ་ནམ་མཁའི་མཛོད་ལ་མངའ་བརྙེས་པར་འགྱུར་རོ། །ས་ཕྱོགས་ཐམས་ཅད་ཀྱང་བཀྲ་ཤིས་བྱིན་ཆགས་སྣུམ་འོད་དང་ལྡན་ཅིང་ལོ་ཏོག་རྩི་སྨན་ཆུ་ཀླུང་རྒྱས་པ་དང༌། སྐྱེ་བོ་རྣམས་བདེ་སྐྱིད་ཀྱི་འབྱོར་པ་སོགས་བསྐལ་པ་རྫོགས་ལྡན་གྱི་དུས་ལྟར་སྣོད་བཅུད་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ། །ཞེས་གསུངས་སོ། །སྣོད་བཅུད་དཔལ་འབྱོར་རྫོགས་ལྡན་བཞིན། །ལེགས་སྤྱོད་ཉིན་མོའི་སྣང་ཆེན་འབར། །ཕན་བདེ་པད་ཚལ་དར་དྲགས་པས། །སྐྱེ་དགུའི་དབུལ་བ་ཀུན་སེལ་ཤོག །ཅེས་ཚུར་མཐོང་འཇིག་རྟེན་པའི་སྐྱེ་བོ་ནོར་ལ་སྲེད་པས་ཕྱྭ་གཡང་སྒྲུབ་པའི་རྔ་གྱེར་ཙམ་ཆེས་དར་ཡང་ཟབ་ཅིང་གནད་འདྲིལ་ཁྱེར་བདེའི་ཐབས་ཚུལ་འདི་ལྟ་བུ་དཀོན་པར་སྣང་བས་ཕྱག་ལེན་འདེབས་པ་པོ་བྱུང་ན་ཕན་པའི་སེམས་པས་པདྨ་གར་དབང་བློ་གྲོས་མཐའ་ཡས་པའི་སྡེས་རྫོང་ཤོད་བདེ་བཤེགས་འདུས་པའི་སྒྲུབ་གནས་ཆེན་པོར་བཞུང་ལས་ཁོལ་ཕྱུངས་གསལ་བྱེད་མདོར་བསྡུས་ཀྱིས་བརྒྱན་པ་དེ་ལེགས་འཕེལ།། །།
[edit]

@#/__thugs sgrub bar chad kun sel las/__bla ma nor lha'i las tshogs rnams khol phyungs gsal byed kyis brgyan pa rin chen spungs pa zhes bya ba bzhugs so/__yid bzhin dbang gi rgyal po bzhin/__/gsol ba btab pas dgos 'dod kyi/__/gru char 'bebs mdzad der btud nas/__/nyer 'kho'i las tshogs blta bder dgod/__gu ru skyes mchog tshul bzang gi sgo nas phywa g.yang sgrub pa'i phrin las gter chen nyid kyis bsgrigs pa ltar lag tu blang ba'i tshe gter bum 'khor bcas med du mi rung ba yang gzhung pod la bltos dgos pa dang*/__'byor ldan chen po'i rigs sogs la do gal byed na 'khor gyi las tshogs rnams nges par grub dgos pas de rnams dkyus gcig lag tu blang ba'i tshul bshad pa la gsum/__rtsa ba'i las tshogs/__'khor so so/__'phros don bshad pa'o/__/dang po ni/__phywa g.yang sgrub pa'i rten gyi rtsa ba gter bum bca' ba la thog mar 'khor lo dang rdzas rnams tshogs dgos pas bsod nams glang po stobs skyed yid bzhin nor bu'i tsakra ni/__bri gzhi dar dmar la gser gyis bri ba'am/__dar ser la mtshal gyis bris kyang rung la/__ma 'byor na rgya shog bzang por mtshal gyis glang po che nyams stobs rab tu rgyas pa'i gzugs kyi lto bar/__lte ba dang bcas pa'i mu khyud rim pa drug bskor ba'i lte bar hrIHmthar/__pad+ma saM b+ha'i snying po'i mthar/__sarba a nr-i tri sogs khyad par gyi sham bu btags pa bri/__de rgyab mu khyud dang po pad+ma 'dab brgyad kyi shar du/__oM bud+ha dzam+b+ha la oM swA hA bde gshegs rigs kyi phywa g.yang gi dngos grub ma lus pa sdus sdus puSh+tiM ku ru swA hA:__zhes bri/__des 'gres te phyogs gzhan gsum la/__rat+na/__pad+ma/__karma rnams so so'i rigs bsgyur ba'i sham bu bcas bri/__mtshams bzhir shar lho nas brtsams ste lha mi klu gnod sbyin gyi nor bdag bzhi yi sngags dang*/__steng phyogs lha yi phywa g.yang dngos grub sogs so so'i sham bu can bri/__mu khyud gnyis par rin chen zur brgyad kyi shar lho sogs mtshams bzhir gnod sbyin rta bdag bzhi'i sngags sham du/__bang mdzod dby-ig gi__/cang shes rta yi/__zas nor bcud kyi/__rkang bzhi phyugs kyi phywa g.yang gi dngos grub sogs so sor sbyar/__phyogs bzhir rgyal chen bzhi'i sngags bzhi la sham bu 'og nas dar 'phan la bkod pa ltar bri/__mu khyud gsum par/__nor lha spyi dril gyi sngags dang dbyangs gsal rten snying rnams kyi mthar/__oM/__'dod rgu'i mchog stsol dngos grub gter:__sogs tshang ba dang*/__zhal nas gsung pa'i shis brjod bcas phreng du dgos sbrul 'khyil du bri/__yig mgo rnams phyir bstan/__de rgyab rdo rwa/__de rgyab nor 'dzin pa tras bskor/__de rgyab phyogs mtshams brgyad du nor bu 'bar ba re re bri/__'og nas 'byung ba'i ril bu'i rdzas kyis byugs/__sbyong khrus bya/__stegs bur mchod pa bcas bkod la las gzhung ltar bskyed bstim bzlas pa ci 'grub mthar 'dod gsol brtan bzhugs shis brjod bcas legs par grub nas lte ba ma nyams par bltab/__bdud rtsi chos sman/__sangs rgyas kyi 'phel gdung lha'i bla rdo dung*/__klu'i chu shel/__mi'i g.yu/__gnod sbyin gyi pha waM shong bu/__mgron bu bu ma bcas lhan cig dar dmar ser gyis dril/__rdzas ni/__bshad ma thag pa'i 'khor lo'i rdzas rnams dang rin po che sna tshogs/__dar ras zas sna'i phud/__rta phyugs kyi spu sna/__sman sna shing tog me tog sna tshogs/__'bru sna'i phud/__dkar gsum mngar gsum/__gnas chen rnams dang gtsug lag khang dang pho brang sogs bkra shis pa'i gnas rnams kyis rdo chu shing gang tshogs/__bum rdzas nyer lnga/__zhing sa bzang po'i sa sna/__chu chen mang po'i chu sna/__mtsho chen bye ma/__dge 'dun sde chen dang rgyal po chen po'i thabs/__tshe ring 'byor ldan bsod nams can gyi lag nas byung ba'i nor sna rnams bsags/__phyed khrol bur bzhag__/phyed zhib par btags la ba dmar mo'i 'o mas ril bur dril/__de re re'ang yid bzhin nor bu dgos 'dod kun 'byung dngos su gyur par bsams la/__oM sarba rat+na tsit+ta ba su sid+d+hi hU~M dzaHdza:__zhes mang du bzlas pas byin brlab/__rin po che'am rdza las za ma tog dang snying dbyibs lta bu'am kyus su bum pa lto ba ldir ba rab nas khal gcig__/'bring bre bdun nam lnga/__tha ma bre gang shong ba/__kha dog dar dmar ser ram dkar po gang bde'i rgyab tu rgyal srid bdun dang bkra shis rdzas rtags lta bu dge mtshan dang ldan pa'i ri mo bri/__bum pa chung na nor bu 'bar ba tsam bris la mdun rtags ma nor bar bya/__bum pa'i nang du gong gi 'khor lo dbu zhabs dang mdun rgyab ma logs pa dbus su bzhag__/rdzas khrol bu rnams dang ril bu bcas kyis legs par bkang la ras ser po'am dkar pos kha bcad/__'khor lo ma 'grub na sngags rnams bris pa'i shog dril bzhag kyang rung bar gsungs/__de ltar bcas grub nas thog mar rab gnas mnga' dbul byas la slar sgrub pa'i rten du 'jog par bshad pas de ltar yang grub na legs/__ma 'grub na sbyong khrus brtan bzhugs 'thor nas tsam nges par byas la rten tu 'jog go__/bum pa de nyid dkyil 'khor yongs rdzogs bsgom yul/__mdun rten gyi rtsa ba yin pas sgrub pa'i tshe 'khor 'das kyi phywa g.yang bsdu bstim bya/__sgrub pa grub nas lha mi gshegs par brtan bzhugs byas te g.yang sgrom dang mdzod phug tu bzhugs/__bum pa mang du bcang sgrub thon na gzhan rnams so sor sbas pas sba yul dang mthun pa'i yon tan so sor 'byung ste/__rtsa gzhung las/__gter bum yul gyi dbus ri 'phan bzang la sbas na yul phyogs thams cad la phan pa'i rten 'brel bla na med par 'gyur ro:__khang pa'i dbus su sbas na gnas khang bkra shis longs spyod dge bar 'gyur ro:__thab kyi dkyil du sbas na zas nor longs spyod 'du zhing bsris sme bar 'gyur ro/__zhing sa bzang po la sbas na lo tog thams cad phun sum tshogs par 'gyur ro:__chu mig bzang po'am mdun ri la sbas na char chu 'bebs shing gzhon chu rgyas par 'gyur ro:__rta phyugs kyi bres la sbas na god kha rgyun chod cing rgab 'phel bar 'gyur ro:__zhes gsungs pa lta ro/__yang glang po'i 'khor lo rdzas bcas zur du bcas nas sgrub pa lhan cig byas te g.yogs kyis btum nas mgul du gdags na yon tan shin tu che ba gter rnying rnams las mthun par gsungs shing*/__'dir yang*/__gzhan yang glang po'i 'khor lo 'chang ba tsam gyis kyang ci bsam pa'i don thams cad 'grub par 'gyur ro/__zhes so/__/gnyis pa 'khor gyi nor lha so so'i las tshogs rnams grangs bcu drug tu yod pa'i dang po dzaM lha rigs bzhi las/__dzam+b+ha la dkar po phyi chu sbyin la brten nas sgrub pa ni/__mdun du zangs bzhong chu bum gtor ril rnams bzhag__/'di rnams sger tu byed na thog mar skyabs sems re re btang*/__sgrub pa'i dkyus su 'dogs na mi dgos/__rang nyid skad cig spyan ras gzigs/__/kha sar pA Ni'i sku ru gyur/__/mdun du pad+ma zla ba'i steng*/__/rdo rje nor bdag dzam+b+ha la/__/dkar gsal g.yas g.yon phyag gnyis kyis/__/rdo rje'i be con ne'u le 'dzin/__/sha rgyas gsus khyim mchog tu che/__/'dzum zhing khro la sgegs pa'i nyams/__/dar dang rin chen pad phreng brgyan/__/bzhengs stabs nor skyug pho mo brdzis/__/sku las skyes pa'i 'od klong bzhugs/__/dam tshig ye shes dbyer med gsal/__/rang gi phyag g.yas mchog sbyin las/__/bdud rtsi'i chu rgyun mu tig gi__/rdog ma lta bur rab babs pas/__/zhal du thim zhing mnyes par gyur/__/lag g.yas pas zangs gzhong du chu thigs ma chad par sbrengs la/__oM bud+d+ha dzam+b+ha la oM swA hA:__zhes mang du bzla/__de mthun chu sngags sbrel te/__oM badz+ra a mr-i ta u da ka hU~M:__zhes brgya stong la sogs pa ci nus 'bul mthar/__Ar+Ya dzaM b+ha la ar+g+haM nas shab+da pra tIts+tsha swA hA:__oM/__bde gshegs nor bdag dzam+b+ha la:__'khor dang bcas kun gus pas mchod:__phyag 'tshal bstod cing gsol 'debs na:__'dod dgus 'byor pa'i dngos grub stsol:__sngags mthar sid+d+hi pha la hU~M:__zhes pas dngos grub blangs la chu thigs lcer bzhag__/ma rnyed yongs su sogs yig brgyas bzod gsol bya/__dzam lha 'od zhu rang la thim/__/longs spyod sprin ltar 'dus par gyur/__/ces mos la g.yon pa'i srin lag gis chu phyogs bcur 'thor bas dbang du 'du ba'i rten 'brel du 'gyur/__shis pa brjod do/__/'dis ni longs spyod rgyun mi 'chad par 'byung bar gsungs so/__/dzam+b+ha la ser po nang gtor ma la brten nas bsgrub pa ni/__gtor ma rin chen 'bar ba'i dby-ibs can sngags kyi gzungs dang ldan pa kha zas bzang po sna tshogs pas bskor ba bsham/__bla ma nor lha'i bskyed bzlas sngon tu 'gro bas/__gtor ma ra~M ya~M kha~M gis bsang sbyang*/__stong pa'i ngang las rin po che'i/__/snod mchog yangs shing rgya che'i nang*/__/'bru gsum las byung gtor ma ni/__/dam ye dbyer med bdud rtsi'i mtsho/__/kha dog dri ro nus bcud ldan/__/'dod rgu'i longs spyod sna tshogs pa/__/zad mi shes pa 'byung bar gyur/__oM AHhU~M lan gsum/__de steng pad+ma zla gdan la/__/rin chen nor bdag dzam+b+ha la/__/gser gyi mdog can phyag gnyis kyis/__/nor bu dbang rgyal ne'u le 'dzin/__/sha rgyas sogs nas dbyer med gsal/__thugs srog trA~M ser sngags 'od kyis/__/srid zhi'i dpal yon bsdus nas thim/__/gzi brjid nyi ltar 'bar bar gyur/__ces mos la/__oM rat+na dzam+b+ha la trA~M swA hA:__zhes bzla/__mthar/__ljags kyi 'od zer sbu gu yis/__/gtor ma'i bcud drangs gsol bas mnyes/__/dngos grub char ltar phab par gyur/__sngags mthar/__i daM ba liM ta khA hi:__sarba rat+na sid+d+hi hU~M dzaH__zhes brgya rtsa la sogs pa 'bul/__mthar mchod bstod gong ltar la/__oM/__rin chen nor bdag dzam+b+ha la/__zhes bsgyur la dngos grub blang zhing nongs bshags mthar gtor ma la brtan bzhugs bya/__shis brjod dang gtor ma mdzod phug tu sba ba'am/__gter bum sogs dang lhan cig tu sba'o/__/'dis longs spyod rgya chen po 'phel bar byed do/__/dzam+b+ha la dmar po gsang ba gwa'u la brten nas bsgrub pa ni/__rin po che'am rdza'i gwa'u dmar por sku dang sngags byang 'dod gsol dang bum pa'i rdzas kyis bkang ba stegs bur bkod/__bsang sbyang*/__nam mkha' mdzod kyi sngags rgya lan gsum gyis byin brlab/__stong pa'i ngang las gwa'u nyid/__/rin chen sna tshogs las grub pa'i/__/zla gam dbang gi pho brang che/__/srid zhi'i dpal 'byor sprin ltar 'khrigs/__/de dbus pad+ma zla ba'i steng*/__/pad+ma'i nor bdag dzaM b+ha la/__/dmar gsal mdangs 'tsher g.yas g.yon phyag__/pad+ma'i lcags kyu ne'u le 'dzin/__/sha rgyas sogs nas/__'od klong bzhugs/__/gnas gsum 'bru gsum 'od 'phros pas/__/rang 'dra'i ye shes spyan drangs thim/__/oM pad+ma dzam+b+ha la badz+ra sa ma dzaHdzaHhU~M ba~M ho:__sa ma ya tiSh+Tha lhan/__oM AHhU~M/__phyi snod 'dod yon sogs phrin snying ltar mchod/__/bde bshegs kun gyi gsung las legs sprul cing*/__/thugs rje chags pas sku mdog dmar por bzhugs/__/dbang gi phrin las rdzogs mdzad dzam+b+ha la/__/ma lus 'gro ba'i re skong phyag 'tshal bstod/__/thugs srog hrIHdmar sngags phreng bskor/__/'od zer lcags kyus 'khor 'das kyi/__/dpal yon thams cad bsdus nas thim/__zhes bsgom la/__oM pad+ma dzam+b+ha la hrIHswA hA:__zhes bzlas pa'i dngos gzhi bya/__sngags sham/__sarba d+ha na me d+hi rat+na bA su sid+d+hi sdus sdus:__zhes btags pa'ang ci 'grub bzlas mthar/__bstod pa la/__oM pad+ma'i nor bdag ces bsgyur ba tsam las mchod bstod nas shis brjod bar rjes kyi bya ba gong gi dzam ser ltar bya/__ga'u g.yang rten tu 'jog__/'dis 'byor pa'i longs spyod zad mi shes par 'gyur ro/__/dzam+b+ha la ljang gu yang gsang thod pa la brten nas bsgrub pa ni/__thod pa dum bu gsum pa dpyad legs pa'i nang du sku dang sngags byang khyad par shing tog bil bA la phyag mtshan bris pa bzhugs la stegs bur bkod/__bsang sbyang*/__nam mkha' mdzod kyis sngags rgyas brlab/__stong pa'i ngang las mtshan ldan gyi/__/b+han+d+ha nor bu'i gzhal med khang*/__/'jig rten 'jig rten las 'das pa'i/__/longs spyod dpal gyis gtams pa'i dbus/__/pad+ma zla ba rgyas pa'i steng*/__/las kyi nor bdag dzam+b+ha la/__/sku mdog ljang nag phyag gnyis kyis/__/thod khrag dang ni ne'u le 'dzin/__/sha rgyas sogs bshad ma thag pa'i dzaM dmar ltar la/__oM karma dzam+b+ha la AHswA hA:__zhes bsgyur ba dang*/__/bstod pa la/__nor gyi dbang phyug rin chen gter mnga' zhing*/__/gnod sbyin nor 'chang mang po kun gyi rje/__/byang phyogs skyong ba'i mgon po dzam+b+ha la/__/dngos grub mchog stsol mdzad la phyag 'tshal bstod/__ces dang*/__thugs srog AHyig ljang gu la/__/sngags phreng g.yas bskor 'od zer gyis/__/'khor 'das phywa g.yang dwangs ma'i bcud/__/bsdus te rten la thim par gyur/__ces dmigs la/__oM karma dzam+b+ha la AHswA hA:__zhes bzlas pa'i dngos gzhi dang*/__sngags sham/__sarba ma hA ka pA la rat+na sid+d+hi sid+d+hi hU~M/__zhes btags pa'ang ci nus bzlas pa'i mthar/__bstod pa'i skabs/__oM/__las kyi nor bdag ces bsgyur ba tsam las mchod bstod nas shis brjod yan snga ma dang 'dra/__thod pa g.yang rten tu 'jog pa'am lus la 'chang ba gang bde bya/__'dis dpal 'byor nam yang mi nyams shing brtan par byed do/__/de nas nor bdag rigs bzhi las/__tshogs kyi bdag po la brten nas lha las dngos grub blang ba ni/___la du dang shu dag dkar po'i ril bu la/__oM ga ga Na pa ti swA hA/__zhes dang*/__de ba sid+d+hi sa ma ya dzaHdzaH__zhes bzlas pa btab nas skabs su bdug pas lha'i longs spyod char bzhin 'bebs par 'gyur ro:__khyad par tshes brgyad dang rgyal phur 'dzoms pa'i dus gnas khang gi phyi nang kun tu bdug go__/nor rgyun ma la brten nas 'bru spel ba ni/__dri bzang dang rin po che sbyar chu la/__oM ba~M ba su d+ha ri NI swA hA/__zhes dang*/__sarba sid+d+hi pha la puSh+tiM ku ru oM:__zhes mang du bzla/__nor rgyun ma'i sku gzugs la bum chu gzhan gyis lha khrus sku phyi gos 'bul spyi ltar byas pa'i khrus chu dang lhan cig bsres nas sa bon la bran pas lo tog legs shing rtswa sad ser ba'i gnod pa zhi/__'bru'i khang par gtor bas bsis sme bar 'gyur ro/__ku ru kul+le la brten nas klu las dngos grub blang ba ni/__ga bur/__spos dkar/__spang spos kyi ril bu gtsang mar sbyar ba rin po che'i snod du bzhag__/ra~M ya~M kha~M gis mi gtsang sbyang*/__stong pa'i ngang las ril bu rnams/__/re re bzhin tu pad nyi la/__/klu yi nor bdag rigs byed ma/__/dmar gsal pad+ma'i lcags kyu dang*/__/zhags pa 'dzin cing chags pa'i nyams/__/dar dang rin chen pad phreng brgyan/__/zhabs gnyis phyed skyil stabs kyis bzhugs/__/gdod nas dam ye dbyer med gsal/__/bzlas pas thugs dam rgyud bskul te/__/phrin las thogs med sgrub par gyur/__/ces mos la/__oM hrIHku ru kul+le swA hA/__zhes rtsa sngags ci 'grub dang*/__sham bur/__sarba nA ga sid+d+hi hrIng hrIng*/__zhes btags pa mang du bzlas mthar/__lha 'od du zhu ba ril bu'i rnam par gyur/__/ces bsgom/__ril bu de nyid mtsho chen po dang*/__chu mig bzang por sbas pa'am/__de dag gi 'gram du bdug pa'am/__klu'i cho ga byed pa'i tshe bdug na klu'i longs spyod sa rlangs bzhin tu brdol bar 'gyur ro/__/rnam thos sras la brten nas gnod sbyin las nor blang ba ni/__tsan+dan dkar po/__a gar nag po/__si hA rnams 'bras dkar phye mas ril bur dril la/__oM baM bai shra ma NA ya swA hA/__zhes ci 'grub dang*/__sngags sham/__sarba yak+Sha rat+na tsit+ta hrIM dzaH__sid+d+hi ku ru hU~M/__btags pa bzlas pas btab pa'i ril bu rnam sras kyi rten dang*/__byang phyogs kyi ri bo 'phan bzang gi mdun du bdug pas gnod sbyin gyi gter kha bye bar 'gyur ro/__/de nas gnod sbyin rta bdag bzhi'i las kyi sbyor ba las/__nor bu bzang pos rin po che spel ba ni/__sa spyin bzang po la rin po che sna tshogs bsres pas 'brang rgyas dpar po nor bu 'bar ba'i dbyibs can tu bcos pa'i nang du/__oM ma Ni b+ha dra ya swA hA/__zhes pa/__sarba rat+na sid+d+hi sdus sdus puSh+tiM ku ru hU~M/__zhes gser gyis bris pa bcug__/nor bu bzang por bskyed bstim byas la 'bru mdzod dam gnas khang gi shar lho'i thad sbas na rin po che'i tshogs 'phel bar 'gyur ro/__/re man+tas cang shes spel ba ni/__'brang rgyas ser po nor gzugs kyi nang du/__oM ar+Ya re man+ta ya swA hA/__dang*/__sarba a shwa rat+na sid+d+hi sid+d+hi sdus sdus puSh+tiM ku ru ho/__zhes bris pa rta phyugs kyi spu snas dril te bzhug__/re man+tar bskyed bstim byas la rta'i bres sam khang pa'i lho nub kyi grwar sbas na rta phyugs kyi god gcod cing sgab 'phel bar 'gyur ro/__/rtsa sngags dang*/__sarba yak+Sha shu la tri rak+Sha rak+Sha/__b+h+rU~M b+h+rU~M swA hA/__zhes btab pa'i srung skud dmar po btags pas rta drel gang la'ang srung ba'i mchog tu 'gyur ro/__/gnod sbyin dmar pos zas gos spel ba ni/__'brang rgyas dmar po zla gam gyi nang du/__oM ma hA rA dza yak+Sha bai hrIHswA hA/__zhes dang*/__nA nA kha d+he bA su sid+d+hi dzaHdzaH__zhes bris pa dar sna mang pos dril/__zas sna tshogs kyi phud dang lhan cig bcug__/gnod sbyin dmar pos bskyed la gos kyi snod dam/__thab kyi dbus sam/__khang pa'i nub byang du sbas na zas gos 'bad med du 'byung bar 'gyur ro/__/ku be ra la brten nas phyugs spel ba ni/__'brang rgyas ljang gu dga' ba 'khyil ba'i dbyibs can gyi nang du/__oM ku be rA ya swA hA/__zhes dang*/__ma hA ba su sid+d+hi sdus sdus/__rat+na bA su tiSh+Tha ku ru hU~M/__zhes bris pa nor phyugs kyi spu snas dril te ku be rar bskyed bstims byas la phyugs kyi lhas mgo'am khang pa'i byang shar du sbas na nor phyugs 'phel bar 'gyur ro/__/rgyal chen bzhi la brten nas las bzhi bsgrub pa ni/__dar dkar po la yul 'khor srung gi sngags dang*/__dbul ba'i sdug bsngal thams cad shAn+tiM ku ru swA hA/__zhes bris pa rgyal chen tu bskyed cing khang pa'i shar du btsugs na dbul ba'i sdug bsngal zhi bar 'gyur ro/__/yang na rgyal mtshan dkar po'i nang nang du sku dang*/__sngags byang gi mthar yul phyogs thams cad la phas kyi rgol ba dus kyi 'khrug pa snod bcud kyi rgud pa thams cad rak+Sha rak+Sha/__bris te rgyal phur 'dzoms pa'i tshe gnas khang gi dbus su 'jug__/bskyed bstim rab tu gnas pas yul srung ba'i mchog tu 'gyur ro/__/dar sngon po la 'phags skyes po'i sngags dang*/__ltog 'dre dbul sri thams cad mA ra ya phaT/__bris pa lhor btsug na longs spyod kyi bar chad thams cad tshar gcod par 'gyur ro/__/dmar po la mig mi bzang gi sngags dang*/__khams gsum snod bcud thams cad wA shaM ku ru hoH__zhes bris pa nub tu btsugs na 'dud rgu thams cad ngang gis 'du bar 'gyur ro/__/ser po la rnam sras kyi sngags dang*/__tshe bsod dpal 'byor thams cad puSh+tiM ku ru oM/__bris pa byang du btsugs na tshe bsod bkra shis 'phel bar 'gyur ro/__/zhes gsungs so/__/gsum pa 'phros don ni/__bshad ma thag pa'i las sbyor de rnams bla ma nor lha'i sgrub pa'i dkyus gcig tu grub par byas na shin tu legs la/__de'ang sgrub rten dzaM ser gtor ma dkyil 'khor gyi lho/__dzaM dmar ga'u nub/__dzaM ljang thod pa byang*/__tshogs bdag ril bu dang 'brang rgyas dkar po shar lho/__nor rgyun ma'i sku dang ser po lho nub/__ku ru kul+le'i ril bu dmar po nub byang*/__rnam sras ril bu dang ljang gu byang shar/__rgyal chen bzhi la dar 'phan lta bu che chung bkod yul dang mthun pa bzos la dkyil 'khor gyi phyogs bzhir gzug__/sgrub pa po mang du 'ong na snga dro phrin las tshar gcig bzlas pa rjes 'brel g.yang 'gugs bcas mnyam du grub nas phyed tsam gyis slar bskyed bzlas bskyar/__phyed ka cha bsgos te dzaM la rigs bzhi dang nor bdag rigs bzhi'i las sbyor rnams btang*/__thun rjes ma'i mthar bka' srung gtor 'bul dang tshogs phyin chad mnyam du bya/__rta bdag bzhi dang rgyal chen bzhi po phrin las kyi zhar byung du bskyed bstim dmigs pas khyab par byas la so so'i snying po sngags sham bcas gzhung zur gang 'os nas bzlas pa gzhan grub pa'i rjes su ci 'grub re bzla zhing tshogs bdag dang rnam sras ril bur phus gdab pa dang nor rgyun ma'i khrus gsol rnams kyang bya'o/__/sgrub mkhan nyung na las byang thun gsum byed pa'i tshe snga thun gyi bzlas pa g.yang 'gugs sogs grub pa'i rjes su dzaM dkar chu sbyin dang nor bdag bzhi/__gung thun mthar dzaM ser gtor sgrub dang rta bdag bzhi/__phyi thun mthar gwa'u dang thod sgrub rgyal chen bzhi'i bzlas pa ci 'grub re byas na stabs bde'o/__/sgrub pa grub nas rten rnams bzhugs yul gzhung gsal ltar la rgyal chen dar 'phan g.yang mdzod dam g.yang sgrom yod pa'i khang pa'i nang gi phyogs bzhir 'dogs/__ril bu rnams skabs bsdu na bdug pa sogs bya'o/__/spyir grong sngags pa rnams phrin las rnga gyer grangs gsog pa gtso bor byed kyang snying po cher med pas ting 'dzin 'phro 'du ma chad pas bzlas pa grangs 'gro ba kho na gnad che bas 'dir yang las byang gi sngon 'gro rnams thog mar tshar gcig dang*/__rjes rim rnams dgongs mor tshar gcig gi chog__/mchod pa byin rlabs nas g.yang 'gugs bar snga gung phyi dro'i thun gsum tsam la bskyar cing gtso bo bzlas pa ci 'grub bya/__bsod nam gyi dngos grub thob pa la tshogs rdzogs dgos pas de'i thabs mchog khyad par can thun mong maN+Dal dang thun min tshogs mchod yin pas de dag 'bul ba'i yo byad ci 'byor rgyas par bsags pa dang*/__tshar grangs kyang ci lcogs 'bul ba gal che/__mar me dang spos sogs mchod pa'i yo byad gzhan rnams kyang ji tsam 'byor pa dpung bskyed/__skabs su rtsa gsum gyi byin 'bebs bya bar gsungs pas nyi ma sogs kyis long byung na lha btsun chen po'i dag snang g.yang 'gugs me tog char sil lta bu btang grub na ches legs so/__/nor sgrub la sgab 'dre mnan pa dang*/__yas byin te bskrad pa gnyis ka'am gang rung nges par gal che bas bskrad pa'i tshul las byang dbur 'byung ba ltar la/__thog ma'i tshar gcig tsam gyis khral sod du mi brtsi bar nangs re bzhin yas sbyin grub na dgos pa che/__mnan pa ni/__dug shog ling+ga mi gzugs shin tu rid pa spyi ltar bris pa'i snying gar nr-i tri'i mthar/__rmug 'dzin la sogs nor gyi bdag po rnams bsgrub pa la bar chad rtsom pa'i ya ma dam sri sgab 'dre gnod byed thams cad khug dzaHnan rbad/__ces mgo phyir bstan du bri/__lha ming la sman dang*/__'dre'i ming la dug khrag byugs/__ling khrus mdor bsdus byas la hom du bcug__/bla ma drag po gang rung gi bskyed bzlas tsam mam phrin las gzhung bsrang la bdag nyid nus ldan tu bsgrub/__bden stobs brjod la 'gugs gzhug lan grangs dang*/__lha sngags sham bu ling+ga'i snying gar bkod pa de nyid khugasaHyan btags pa stong phrag sogs bzla/__mthar hU~M bzhi'i sngags bzla zhing yungs kar dang mchod rten zhig ro'i sa yis brabs/__rgyas par byed na rtags thon nas zhag gsum tsam bsgrub/__bsdu na phyi dro tsam ci 'grub byas la ling+ga 'dre ltebs su bcag ste tshon skud kyis gru gsum du bcing*/__gnas khang mi mthong ba'i sa gru gsum du dong brus par bcug la slar yang 'gugs gzhugs sngags bcas brjod/__sngags de mthar nan rbad btags pa dang hU~M bzhi pa'i sngags thun sngar ltar byas la sa rdos bkab/__las byang gi bro brdung sA ts+tsha nag pos mnan pas nor sgrub kyi 'gab 'dre zhi zhing bkra shis par 'gyur ro/__/'di nyid tshul bzhin bsgrub pa'i phan yon ni/__gzhung las/__de ltar bgyis pas tshe ring nad med/__chos rgyud dang rigs rgyud 'phel/__longs spyod chos srid phywa g.yang gi 'byor pa nam mkha'i mdzod la mnga' brnyes par 'gyur ro/__/sa phyogs thams cad kyang bkra shis byin chags snum 'od dang ldan cing lo tog rtsi sman chu klung rgyas pa dang*/__skye bo rnams bde skyid kyi 'byor pa sogs bskal pa rdzogs ldan gyi dus ltar snod bcud thams cad phun sum tshogs par 'gyur ro/__/zhes gsungs so/__/snod bcud dpal 'byor rdzogs ldan bzhin/__/legs spyod nyin mo'i snang chen 'bar/__/phan bde pad tshal dar drags pas/__/skye dgu'i dbul ba kun sel shog__/ces tshur mthong 'jig rten pa'i skye bo nor la sred pas phywa g.yang sgrub pa'i rnga gyer tsam ches dar yang zab cing gnad 'dril khyer bde'i thabs tshul 'di lta bu dkon par snang bas phyag len 'debs pa po byung na phan pa'i sems pas pad+ma gar dbang blo gros mtha' yas pa'i sdes rdzong shod bde bshegs 'dus pa'i sgrub gnas chen por bzhung las khol phyungs gsal byed mdor bsdus kyis brgyan pa de legs 'phel//__//____

Footnotes

Other Information