DKR-KABUM-09-TA-030

From Khyentse Lineage - A Tsadra Foundation Project
Revision as of 14:44, 22 November 2022 by Mort (talk | contribs)

ཟབ་བདུན་པདྨ་མཁའ་འགྲོའི་རྒྱུན་ཁྱེར།
Wylie title zab bdun pad+ma mkha' 'gro'i rgyun khyer DKR-KABUM-09-TA-030.pdf
Location dil mgo mkhyen brtse bka' 'bum
Volume 9, Text 30, Pages 262 (Folios 1a1 to 1b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Zab bdun pad+ma mkha' 'gro'i rgyun khyer. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 262. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle དབང་གི་ལས་སྦྱོར་པདྨ་མཁའ་འགྲོ་ (dbang gi las sbyor pad+ma mkha' 'gro)
Parent Cycle ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ (zab bdun rtsa gsum tshe'i zab pa)
Deity pad+ma mkha' 'gro
Colophon

ཅེས་པ་འདིའང་གཏེར་ཆེན་མཆོག་གྱུར་གསུམ་པའི་སྲས་ཨོ་རྒྱན་སྟོབས་རྒྱལ་ནས་ཉམས་བཞེས་སུ་འདི་ལྟར་བྲི་དགོས་གསུང་བསྐུལ་རྐྱེན་གྱིས་མདོ་སྨད་ཀྱི་མུ་ཏོ་པ་མངྒ་ལ་དབང་ཆེན་དགྱེས་པས་འཇུག་བདེར་བྲིས་པ་བསྟན་འགྲོར་ཕན་པའི་ཕྲིན་ལས་ཀྱི་རྒྱན་དུ་གྱུར་ཅིག །།

ces pa 'di'ang gter chen mchog gyur gsum pa'i sras o rgyan stobs rgyal nas nyams bzhes su 'di ltar bri dgos gsung bskul rkyen gyis mdo smad kyi mu to pa mang+ga la dbang chen dgyes pas 'jug bder bris pa bstan 'gror phan pa'i phrin las kyi rgyan du gyur cig_//

[edit]
༄༅། །ཟབ་བདུན་པདྨ་མཁའ་འགྲོའི་རྒྱུན་ཁྱེར་བཞུགས། སྐྱབས་སེམས་ནི། ན་མོ། རྒྱལ་ཀུན་འདུས་གཟུགས་བླ་མ་མཁའ་འགྲོ་མར། །གུས་པས་སྐྱབས་མཆི་སེམས་ཅན་ཀུན་དོན་དུ། །བླ་མ་མཁའ་འགྲོ་བསྒྲུབ་པར་དམ་བཅའ་བས། །དཀའ་བ་མེད་པར་དུས་འདིར་འགྲུབ་པར་ཤོག །ལན་གསུམ། བདག་བསྐྱེད་ནི། ཧྲཱིཿ དམིགས་མཐའ་བྲལ་ཞིང་ལྷུན་གྲུབ་སྙིང་རྗེའི་གདངས། །ཧྲཱིཾ་ཡིག་ལས་འབྱུང་ཌཱ་ཀིའི་གཞལ་ཡས་ཁང༌། །མ་བཅོས་གསལ་རྫོགས་པདྨའི་འདབ་མ་ལ། །ས་བོན་ཕྱག་མཚན་ཡོངས་གྱུར་རྣལ་འབྱོར་མ། །དམར་མོ་ཞལ་གཅིག་ཕྱག་བཞི་ལྡན་པ་དགུ། །ཆགས་པའི་ཉམས་ཅན་ཞབས་གཉིས་གར་སྟབས་ཅན། །པདྨ་ལྕགས་ཀྱུ་ཞགས་པ་མདའ་གཞུ་འཛིན། །དར་དང་རིན་ཆེན་རུས་པའི་རྒྱན་དྲུག་ཅན། །ཡབ་ཡུམ་ཨཱཿཧྃ་ཧྲཱིང་གི་སྒྲ་སྒྲོགས་ཤིང༌། །འོད་ཟེར་དམར་པོ་འབར་བའི་ཀློང་དུ་བཞུགས། །སྒོ་བཞིར་དཔའ་བོ་མཁའ་འགྲོ་ཡབ་ཡུམ་བརྒྱད། །དམར་མོ་ལྕགས་ཀྱུ་ཞགས་པ་འཛིན་པས་སྲུང༌། །དུག་ལྔ་རྣམ་དག་ཡེ་ཤེས་ལྔ་དབང་ཐོབ། །རང་རྩལ་རིག་པའི་དབྱིངས་སུ་ཕྲིན་ལས་རྫོགས། །བཟླས་པ་ནི། ཡབ་ཡུམ་རྣམས་ཀྱི་སྦྱོར་མཚམས་ནས་འཕྲོས་པས༔ བྱང་སེམས་རང་བཞིན་འོད་དམར་ལྕགས་ཀྱུའི་དབྱིབས༔ རབ་འཕྲོས་དམིགས་པའི་ཡུལ་ལ་ཕོག་མ་ཐག༔ དེ་ཉིད་མཁའ་འགྲོ་ཡབ་ཡུམ་ཉིད་དུ་གྱུར༔ ཆགས་པས་རབ་མྱོས་བདེ་སྦྱོར་བཟོད་མེད་དུ༔ ཞུ་ནས་བྱང་སེམས་འོད་ཀྱི་གོང་བུར་གྱུར༔ རང་གི་སྦྱོར་མཚམས་ནས་དྲངས་ཐུགས་ཀར་ཐིམ༔ དམིགས་མེད་ངང་བཞག་དེ་བཞིན་ཡང་ཡང་བསྒོམ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱཿ ཐུན་མཐར། སྣོད་བཅུད་འོད་ཞུ་རང་ལ་ཐིམ། །དེ་ཡང་མི་དམིགས་ངང་དུ་བཞག །བདེ་སྟོང་ཟུང་འཇུག་རྟགས་ཀྱི་སྐུ། །ཕྱག་རྒྱ་ཆེན་པོའི་རོལ་པར་ཤར། །བཛྲ་རཀྵ། བསྔོ་སྨོན་ནི། དགེ་བ་འདི་ཡིས་སོགས་མཐར་དབྱུང་ངོ༌། ཅེས་པ་འདིའང་གཏེར་ཆེན་མཆོག་གྱུར་གསུམ་པའི་སྲས་ཨོ་རྒྱན་སྟོབས་རྒྱལ་ནས་ཉམས་བཞེས་སུ་འདི་ལྟར་བྲི་དགོས་གསུང་བསྐུལ་རྐྱེན་གྱིས་མདོ་སྨད་ཀྱི་མུ་ཏོ་པ་མངྒ་ལ་དབང་ཆེན་དགྱེས་པས་འཇུག་བདེར་བྲིས་པ་བསྟན་འགྲོར་ཕན་པའི་ཕྲིན་ལས་ཀྱི་རྒྱན་དུ་གྱུར་ཅིག །།
[edit]

zab bdun pad+ma mkha' 'gro'i rgyun khyer bzhugs/_skyabs sems ni/_na mo/_rgyal kun 'dus gzugs bla ma mkha' 'gro mar/_/gus pas skyabs mchi sems can kun don du/_/bla ma mkha' 'gro bsgrub par dam bca' bas/_/dka' ba med par dus 'dir 'grub par shog_/lan gsum/_bdag bskyed ni/_hrIH_dmigs mtha' bral zhing lhun grub snying rje'i gdangs/_/hrIM yig las 'byung DA ki'i gzhal yas khang*/_/ma bcos gsal rdzogs pad+ma'i 'dab ma la/_/sa bon phyag mtshan yongs gyur rnal 'byor ma/_/dmar mo zhal gcig phyag bzhi ldan pa dgu/_/chags pa'i nyams can zhabs gnyis gar stabs can/_/pad+ma lcags kyu zhags pa mda' gzhu 'dzin/_/dar dang rin chen rus pa'i rgyan drug can/_/yab yum AHha~M hrIng gi sgra sgrogs shing*/_/'od zer dmar po 'bar ba'i klong du bzhugs/_/sgo bzhir dpa' bo mkha' 'gro yab yum brgyad/_/dmar mo lcags kyu zhags pa 'dzin pas srung*/_/dug lnga rnam dag ye shes lnga dbang thob/_/rang rtsal rig pa'i dbyings su phrin las rdzogs/_/bzlas pa ni/_yab yum rnams kyi sbyor mtshams nas 'phros pas:_byang sems rang bzhin 'od dmar lcags kyu'i dbyibs:_rab 'phros dmigs pa'i yul la phog ma thag:_de nyid mkha' 'gro yab yum nyid du gyur:_chags pas rab myos bde sbyor bzod med du:_zhu nas byang sems 'od kyi gong bur gyur:_rang gi sbyor mtshams nas drangs thugs kar thim:_dmigs med ngang bzhag de bzhin yang yang bsgom:_oM ku ru kul+le hrIHswA hAH_thun mthar/_snod bcud 'od zhu rang la thim/_/de yang mi dmigs ngang du bzhag_/bde stong zung 'jug rtags kyi sku/_/phyag rgya chen po'i rol par shar/_/badz+ra rak+Sha/_bsngo smon ni/_dge ba 'di yis sogs mthar dbyung ngo*/_ces pa 'di'ang gter chen mchog gyur gsum pa'i sras o rgyan stobs rgyal nas nyams bzhes su 'di ltar bri dgos gsung bskul rkyen gyis mdo smad kyi mu to pa mang+ga la dbang chen dgyes pas 'jug bder bris pa bstan 'gror phan pa'i phrin las kyi rgyan du gyur cig_//

Footnotes

Other Information