JKCL-KABUM-09-TA-043

From Khyentse Lineage - A Tsadra Foundation Project
Revision as of 18:09, 17 November 2021 by WikiBot2015 (talk | contribs)

Wylie title JKCL-KABUM-09-TA-043.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "ta"., Text 43, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "TA" is not a number.

1 Texts in this Section (sde tshan or chos tshan)

"TA" is not a number.

[edit]
སེང་གདོང་མའི་སུན་བཟློག་བསྐང་བཤགས་མདོར་བསྡུས་བཞུགས་སོ། །གཏོར་མ་སྐུ་གླུད། གསེར་སྐྱེམས་ཚོགས་མཆོད་ཅི་འབྱོར་པ་བཤམས་ལ་ཆུ་ཆང་གིས་བྲན་ལ། ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱལ་ན་གསུམ་དང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་རེས་བྱིན་གྱིས་བརླབས། ཀྱེ་སྣང་སྲིད་གདོད་ནས་དག་པའི་ཀློང་། །མ་བཅོས་མ་བསླད་དེ་བཞིན་གཤེགས། །རིགས་ཀྱི་ཡུམ་ཆེན་ལྔ་རུ་སྣང་། །དེ་ལས་སྤྲུལ་དང་ཡང་སྤྲུལ་གྱི། །དཔའ་བོ་མཁའ་འགྲོ་བསམ་མི་ཁྱབ། །འདིར་གཤེགས་ཚོགས་ཀྱི་འདུ་བར་བྱོན། །ཚོགས་དང་གཏོར་མ་རྒྱ་རེ་ཆེ། །འདོད་ཡོན་རྣམ་ལྔའི་སྤྲིན་ཕུང་འཕྲོ། །སྲིད་ཞིའི་ལོངས་སྤྱོད་བསམ་མི་ཁྱབ། །མཁའ་དབྱིངས་ཁྱབ་པར་གང་བ་འདི། །དབང་པོ་དྲུག་གི་དགྱེས་དགུར་རོལ། །སྙིགས་དུས་སེམས་ཅན་བདེ་སྐྱིད་དང་། །བསྟན་པ་རིན་ཆེན་སྤེལ་བ་ཡི། །སྟོན་པ་རྡོ་རྗེ་རྒྱལ་པོ་མཆོག །དོན་དམ་གཤེགས་བཞུགས་བྲལ་ན་ཡང་། །མ་རིག་ཀུན་རྟོག་གིས་བསླད་པའི། །འཁྲུལ་པ་ཅན་གྱི་སྣང་ངོ་རུ། །རྒ་ན་འཆི་བའི་ཚུལ་སྟོན་པ། །དེ་དག་དབྱིངས་སུ་ཞི་བ་དང་། །སྡེ་བརྒྱད་ཀླ་ཀློ་གདུག་པ་ཡི། །བྱད་ཕུར་རྦོད་གཏོང་གནོད་པ་དང་། །ལོ་ཟླ་ཞག་དུས་སྲི་རྐྱེན་ཀུན། །དྲག་མོ་སེང་གེའི་གདོང་ཅན་གྱི། །བདེན་པའི་སྟོབས་ཀྱིས་བཟློག་ཏུ་གསོལ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །མཁའ་འགྲོའི་ཚོགས་རྣམས་གཏོར་གླུད་བཞེས། །དར་ཐགས་རང་རང་གནས་སུ་སྡུད། །ཕན་བདེའི་འབྱུང་གནས་རིག་འཛིན་རྗེའི། །སྐུ་ཚེའི་གེགས་འཕྲང་ཞི་བ་དང་། །འཇིག་རྟེན་ཁམས་འདིར་གསང་གསུམ་གྱི། །གཟི་བརྗིད་ཉི་འོད་ལྟར་གསལ་ཞིང་། །མི་གཡོ་མི་འགྱུར་འཕོ་མེད་ཀྱི། །རྡོ་རྗེའི་གཡུང་དྲུང་ཁྲི་མཆོག་ལ། །བརྟན་པར་བཞུགས་པའི་ཕྲིན་ལས་མཛོད། །ཅེས་བརྗོད་ལ་ཚོགས་གཏོར་རྣམས་མཆོད། ཅེས་པའང་འཁྲུལ་ཞིག་རིན་པོ་ཆེ་དཔའ་བོ་རྡོ་རྗེས་བཀྲ་ཤིས་པའི་ལྷ་རེག་བཅས་གསུང་གི་བསྐུལ་བ་དེ་འཕྲལ་ཉིད་དུ་པདྨ་ཡེ་ཤེས་རྡོ་རྗེས་སྨྲས་རིམ་བཞིན་ཚེ་རིང་བཀྲ་ཤིས་ཀྱིས་གུས་པས་བྲིས་པ་རྗེ་བཙུན་བླ་མ་རྣམས་ཞབས་པད་ཡུན་དུ་བརྟན་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
[edit]

seng gdong ma'i sun bzlog bskang bshags mdor bsdus bzhugs so/__/gtor ma sku glud/__gser skyems tshogs mchod ci 'byor pa bshams la chu chang gis bran la/__na maHsarba ta thA ga ta b+h+yo bi shwa sogs nam mkha' mdzod kyi sngags rgyal na gsum dang /__oM AHhU~M ha ho hrIHlan gsum res byin gyis brlabs/__kye snang srid gdod nas dag pa'i klong /__/ma bcos ma bslad de bzhin gshegs/__/rigs kyi yum chen lnga ru snang /__/de las sprul dang yang sprul gyi/__/dpa' bo mkha' 'gro bsam mi khyab/__/'dir gshegs tshogs kyi 'du bar byon/__/tshogs dang gtor ma rgya re che/__/'dod yon rnam lnga'i sprin phung 'phro/__/srid zhi'i longs spyod bsam mi khyab/__/mkha' dbyings khyab par gang ba 'di/__/dbang po drug gi dgyes dgur rol/__/snyigs dus sems can bde skyid dang /__/bstan pa rin chen spel ba yi/__/ston pa rdo rje rgyal po mchog__/don dam gshegs bzhugs bral na yang /__/ma rig kun rtog gis bslad pa'i/__/'khrul pa can gyi snang ngo ru/__/rga na 'chi ba'i tshul ston pa/__/de dag dbyings su zhi ba dang /__/sde brgyad kla klo gdug pa yi/__/byad phur rbod gtong gnod pa dang /__/lo zla zhag dus sri rkyen kun/__/drag mo seng ge'i gdong can gyi/__/bden pa'i stobs kyis bzlog tu gsol/__/ye shes las dang 'jig rten gyi/__/mkha' 'gro'i tshogs rnams gtor glud bzhes/__/dar thags rang rang gnas su sdud/__/phan bde'i 'byung gnas rig 'dzin rje'i/__/sku tshe'i gegs 'phrang zhi ba dang /__/'jig rten khams 'dir gsang gsum gyi/__/gzi brjid nyi 'od ltar gsal zhing /__/mi g.yo mi 'gyur 'pho med kyi/__/rdo rje'i g.yung drung khri mchog la/__/brtan par bzhugs pa'i phrin las mdzod/__/ces brjod la tshogs gtor rnams mchod/__ces pa'ang 'khrul zhig rin po che dpa' bo rdo rjes bkra shis pa'i lha reg bcas gsung gi bskul ba de 'phral nyid du pad+ma ye shes rdo rjes smras rim bzhin tshe ring bkra shis kyis gus pas bris pa rje btsun bla ma rnams zhabs pad yun du brtan pa'i rgyur gyur cig__/mang+ga laM//__//

Footnotes

Other Information