DKR-KABUM-08-NYA-038

From Khyentse Lineage - A Tsadra Foundation Project
Revision as of 16:53, 18 November 2022 by Mort (talk | contribs)

DKR-KABUM-08-NYA-038

ཡང་ཟབ་ཐབས་མཆོག་དཔའ་བོའི་ཞལ་ལུང་ལས༔ བཛྲ་ཀཱི་ལ་ཡའི་སྒྲུབ་པ་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་བ་གྲུབ་གཉིས་འདོད་འཇོ༔
Wylie title yang zab thabs mchog dpa' bo'i zhal lung las: badz+ra kI la ya'i sgrub pa spros med rgyun gyi rnal 'byor snying por dril ba grub gnyis 'dod 'jo: DKR-KABUM-08-NYA-038.pdf
Location dil mgo mkhyen brtse bka' 'bum
Volume 8, Text 38, Pages 291-293 (Folios 1a to 3b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཆོས་ཀྱི་གོ་ཆ་ (chos kyi go cha)
Citation Khyentse, Dilgo. Yang zab thabs mchog dpa' bo'i zhal lung las badz+ra kI la ya'i sgrub pa spros med rgyun gyi rnal 'byor snying por dril ba grub gnyis 'dod 'jo. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 291-293. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle ཡང་ཟབ་ཐབས་མཆོག་དཔའ་བོའི་ཞལ་ལུང་ (yang zab thabs mchog dpa' bo'i zhal lung)
Deity rdo rje phur pa
Notes These texts were compiled and arranged by Dilgo Khyentse Rinpoche. Elsewhere this cycle is attributed to rdzong sngon pad+ma thugs mchog rdo rje.
[edit]
༁ྃ༔ ཡང་ཟབ་ཐབས་མཆོག་དཔའ་བོའི་ཞལ་ལུང་ལས༔ བཛྲ་ཀཱི་ལ་ཡའི་སྒྲུབ་པ་སྤྲོས་མེད་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་བ་གྲུབ་གཉིས་འདོད་འཇོ་བཞུགས་སོ༔ ༁ྃ༔ གཞི་འབྲས་དབྱེར་མེད་རིག་པའི་ཕུར་བུ་ལ༔ ཤེས་སྒྲིབ་བློ་དང་བྲལ་བར་ཕྱག་བགྱིའོ༔ དང་པོ་བརྒྱུད་འདེབས་ནི༔ སྐུ་གསུམ་བརྒྱུད་པ་དྲུག་ལྡན་བླ་མ་ལ༔ གསོལ་བ་འདེབས་སོ་སྣང་བཞིའི་ཡེ་ཤེས་ཆོས༔ གཞིར་རྫོགས་ཆོས་ཟད་གཟོད་མར་སངས་རྒྱས་ཏེ༔ འཕོ་ཆེན་རྡོ་རྗེ་སྐུ་མཆོག་བརྙེས་བྱིན་རློབས༔ གཉིས་པ་སྐྱབས་སེམས་ནི༔ གཞི་ལམ་འབྲས་བུའི་ཕུར་བུ་ལ༔ དབྱེར་མེད་ཆེན་པོར་སྐྱབས་སུ་མཆི༔ སྲིད་ཞི་ཀུན་ཁྱབ་གཉུག་མའི་གཤིས༔ མ་བཅོས་ལྷུག་པར་སེམས་བསྐྱེད་དོ༔ གསུམ་པ་སྔ་འགྱུར་བཀའ་མའི་ཡན་ལག་བརྒྱད་པས་ཚོགས་བསགས༔ བཞི་པ་དཀར་བགེགས་བསྲུང་འཁོར་བྱིན་འབེབས་སོགས་ནི༔ ཧཱུྃ༔ ཚོགས་བརྒྱད་དག་པའི་སྡེ་བརྒྱད་ལ༔ སྣང་སྲིད་གཞིར་བཞེངས་མཆོད་འབུལ་བཞེས༔ ཉོན་ཤེས་ཀུན་འབྱུང་གདོན་བགེགས་ཚོགས༔ སྤང་བླང་བྲལ་བར་མཚམས་བཅད་དོ༔ འོད་གསལ་ཐིག་ལེ་ཉག་གཅིག་ཀློང༔ མི་ཤིགས་རིག་སྟོང་འཁོར་ལོས་བསྲུངས༔ སྣང་ཆ་གཞིར་རྫོགས་ཆོས་ཟད་དབྱིངས༔ ཡེ་སངས་རྒྱས་པར་བྱིན་རློབས་ཤིག༔ ལྔ་བ་དངོས་གཞི་ནི༔ ཨཿ སྣ་ཚོགས་ཁས་ལེན་བྲལ་བའི་གཞི༔ ངོ་མཚར་རྨད་བྱུང་ཀ་ནས་དག༔ གཞི་སྣང་ལྷུན་གྲུབ་གཞལ་ཡས་དབུས༔ ཁྱད་ཆོས་དྲུག་ལྡན་བུམ་པའི་སྐུ༔ དཔལ་ཆེན་བཛྲ་ཀཱི་ལ་ཡ༔ འཕོ་འགྱུར་མེད་པར་མཐིང་ནག་རྔམས༔ མཐའ་བྲལ་ཀུན་ཁྱབ་དབྱེར་མེད་དོན༔ སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས༔ མ་བསྐྱེད་མ་འདྲེས་རང་བྱུང་གསལ༔ ཐུགས་རྗེའི་རྩལ་སྣང་མ་འགག་པ༔ གཉིས་མེད་བློ་བྲལ་འཁོར་རྒྱས་འདེབས༔ ཕུང་ལྔ་རིགས་ལྔའི་ཀཱི་ལ་ཡ༔ རྟོག་ཚོགས་དགེ་དང་མི་དགེ་སེམས༔ རོལ་རྩལ་ཁྲོ་བཅུ་ཁྲོ་མོ་བཅུ༔ ཡང་སྤྲུལ་ཉིང་སྤྲུལ་ཟ་གསོད་ཚོགས༔ མུ་བཞི་གིང་བཞི་རྟེན་འབྲེལ་ནི༔ ཡན་ལག་བཅུ་གཉིས་ལུགས་འབྱུང་ཚུལ༔ མ་སྤངས་དམ་ཅན་བཅུ་གཉིས་བཅས༔ ཡེ་ནས་དག་མཉམ་ཆེན་པོར་རྫོགས༔ སྒྲིབ་བྲལ་ཡེ་ཤེས་སྤྱན་འདྲེན་གཤེགས༔ བསྣན་བྲི་མེད་པར་ཏིཥྛ་ལྷན༔ མཆོད་བསྟོད་ནི༔ སྣང་སྲིད་རང་གྲོལ་མཆོད་པ་དང༔ དུག་གསུམ་མ་སྤངས་མ་བསྒྱུར་བའི༔ སྨན་གཏོར་རཀྟ་དྭངས་རེ་སྤྲོ༔ དགག་སྒྲུབ་མེད་པར་འབུལ་གྱིས་བཞེས༔ ཨོཾ་བཛྲ་ཀུ་མཱ་ར་སྭ་མུཀྟ་སརྦ་པཱུ་ཛ་པཉྩ་རཀྟ་བྷ་ལིངྟ་དྷརྨ་དྷཱ་ཏུ་ཧོ༔ སྐྱེ་མེད་ལྷན་སྐྱེས་གཉུག་མའི་སྐུ༔ སྨྲ་བརྗོད་བྲལ་བ་དགོངས་པའི་གསུང༔ འཁྲུལ་མེད་སྔར་སངས་རྒྱས་པའི་ཐུགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ ཛཔ་དགོངས་ནི༔ སྣང་གྲགས་རིག་གསུམ་ལྷའི་དཀྱིལ་འཁོར༔ གཟུང་དང་འཛིན་པ་ཡབ་ཡུམ་ལ༔ རོལ་པ་གཉིས་མེད་དཀྱིལ་འཁོར་དུ༔ ཡེ་ནས་ལྷུན་གྲུབ་ཆེན་པོའི་ངང༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ྄༔ རྩ་སྔགས་ཅི་རིགས་བཟླ༔ དྲུག་པ་མཐར་ཚོགས་བསྡུས་ནི༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཆོས་ཉིད་དབྱིངས་ཀྱི་ཀ་པཱ་ལར༔ མཚན་འཛིན་ཡེ་ཤེས་ཚོགས་ཀྱི་རྫས༔ གཉིས་སུ་མེད་པའི་ལྷ་ལ་འབུལ༔ རྟོགས་ཚོགས་ཕན་གནོད་མེད་པར་བཤགས༔ བཟང་ངན་བག་ཆགས་ཀློང་དུ་སྒྲོལ༔ ཤེས་སྒྲིབ་ཕྲ་བ་ལྷག་མར་རོལ༔ ག་ཎ་ཙཀྲ་པཱུ་ཛ་ཨུཙྪིཥྚ་བ་ལིངྟ་ཁཱ་ཧིཿ བདུན་པ་ཐུགས་དམ་བསྐུལ་བ་ནི༔ ཆད་བརྟན་སོགས་ནི༔ སྐད་ཅིག་གཅིག་གིས་སྣང་སྲིད་ཀུན༔ རྣམ་ཀུན་མཆོག་ལྡན་ཉིད་དུ་བསྐུལ༔ དུས་གསུམ་མཉམ་པ་ཆེན་པོ་རུ༔ རྟོགས་པའི་ཆད་དོན་བཙན་པར་མཛོད༔ རྟེན་འབྲེལ་ལུགས་ལྡོག་བསྟན་སྐྱོང་གིས༔ རྩ་ཁམས་དག་པའི་ཉེར་ཐོབ་སྩོལ༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པའི༔ དངོས་འཛིན་དམ་སྲི་སྟཾ་བྷ་ཡ༔ དག་དང་མ་དག་ཀུན་བྱེད་ཁམས༔ ཁམས་གཅིག་གིས་བསྡུས་དངོས་གྲུབ་སྩོལ༔ རྒྱུད་གསུམ་རྐྱེན་བཞིའི་འཁྲུལ་པ་བཤགས༔ རོལ་བ་འགག་མེད་རྒྱན་གྱིས་མཆོད༔ བློ་ལ་མ་གྲོལ་མེད་པར་བསྟོད༔ ངོ་བོ་བཟང་ངན་མེད་པར་རྫོགས༔ ཨཿ དགེ་བས་འཁོར་བ་དོང་སྤྲུགས་ནས༔ དོན་གཉིས་ལྷུན་འགྲུབ་བཀྲ་ཤིས་ཤོག༔ སྨྲས་པ། སྣ་ཚོགས་གྲུབ་མཐའི་འདོད་པས་མི་རྟོགས་ཤིང༌། །གབ་པའི་གསང་བ་རང་རིག་ཕུར་བུའི་ཞལ། །བླ་མའི་བྱིན་མཐུས་མངོན་སུམ་ཚད་མར་མཐོང༌། །གཟུང་དང་འཛིན་པའི་རྩ་རླུང་དབུ་མ་རུ། །ཚུད་འབྲས་རྩ་མདུད་གྲོལ་བའི་ལག་རྗེས་སུ། །འདི་འདྲ་རིག་པའི་སྒྲོམ་ནས་ལྷུག་པར་གྲོལ། །དགེ་བས་རྣམ་བཞིའི་ཕྲིན་ལས་མངོན་འགྲུབ་ཤོག །མངྒ་ལཾདགེའོ།། །།
[edit]

\u0f01\u0f83:_yang zab thabs mchog dpa' bo'i zhal lung las:_badz+ra kI la ya'i sgrub pa spros med rgyun gyi rnal 'byor snying por dril ba grub gnyis 'dod 'jo bzhugs so:_ \u0f01\u0f83:_gzhi 'bras dbyer med rig pa'i phur bu la:_shes sgrib blo dang bral bar phyag bgyi'o:_dang po brgyud 'debs ni:_sku gsum brgyud pa drug ldan bla ma la:_gsol ba 'debs so snang bzhi'i ye shes chos:_gzhir rdzogs chos zad gzod mar sangs rgyas te:_'pho chen rdo rje sku mchog brnyes byin rlobs:_gnyis pa skyabs sems ni:_gzhi lam 'bras bu'i phur bu la:_dbyer med chen por skyabs su mchi:_srid zhi kun khyab gnyug ma'i gshis:_ma bcos lhug par sems bskyed do:_gsum pa snga 'gyur bka' ma'i yan lag brgyad pas tshogs bsags:_bzhi pa dkar bgegs bsrung 'khor byin 'bebs sogs ni:_hU~M:_tshogs brgyad dag pa'i sde brgyad la:_snang srid gzhir bzhengs mchod 'bul bzhes:_nyon shes kun 'byung gdon bgegs tshogs:_spang blang bral bar mtshams bcad do:_'od gsal thig le nyag gcig klong:_mi shigs rig stong 'khor los bsrungs:_snang cha gzhir rdzogs chos zad dbyings:_ye sangs rgyas par byin rlobs shig:_lnga ba dngos gzhi ni:_aH_sna tshogs khas len bral ba'i gzhi:_ngo mtshar rmad byung ka nas dag:_gzhi snang lhun grub gzhal yas dbus:_khyad chos drug ldan bum pa'i sku:_dpal chen badz+ra kI la ya:_'pho 'gyur med par mthing nag rngams:_mtha' bral kun khyab dbyer med don:_sku mdog phyag mtshan rgyan cha lugs:_ma bskyed ma 'dres rang byung gsal:_thugs rje'i rtsal snang ma 'gag pa:_gnyis med blo bral 'khor rgyas 'debs:_phung lnga rigs lnga'i kI la ya:_rtog tshogs dge dang mi dge sems:_rol rtsal khro bcu khro mo bcu:_yang sprul nying sprul za gsod tshogs:_mu bzhi ging bzhi rten 'brel ni:_yan lag bcu gnyis lugs 'byung tshul:_ma spangs dam can bcu gnyis bcas:_ye nas dag mnyam chen por rdzogs:_sgrib bral ye shes spyan 'dren gshegs:_bsnan bri med par tiSh+Tha lhan:_mchod bstod ni:_snang srid rang grol mchod pa dang:_dug gsum ma spangs ma bsgyur ba'i:_sman gtor rak+ta dwangs re spro:_dgag sgrub med par 'bul gyis bzhes:_oM badz+ra ku mA ra swa muk+ta sarba pU dza pany+tsa rak+ta b+ha ling+ta d+harma d+hA tu ho:_skye med lhan skyes gnyug ma'i sku:_smra brjod bral ba dgongs pa'i gsung:_'khrul med sngar sangs rgyas pa'i thugs:_sku gsung thugs yon phrin las bstod:_dzapa dgongs ni:_snang grags rig gsum lha'i dkyil 'khor:_gzung dang 'dzin pa yab yum la:_rol pa gnyis med dkyil 'khor du:_ye nas lhun grub chen po'i ngang:_oM badz+ra kI li kI la ya hU~M phaTa?:_rtsa sngags ci rigs bzla:_drug pa mthar tshogs bsdus ni:_ra~M ya~M kha~M:_oM AHhU~M:_chos nyid dbyings kyi ka pA lar:_mtshan 'dzin ye shes tshogs kyi rdzas:_gnyis su med pa'i lha la 'bul:_rtogs tshogs phan gnod med par bshags:_bzang ngan bag chags klong du sgrol:_shes sgrib phra ba lhag mar rol:_ga Na tsakra pU dza uts+tshiSh+Ta ba ling+ta khA hiH_bdun pa thugs dam bskul ba ni:_chad brtan sogs ni:_skad cig gcig gis snang srid kun:_rnam kun mchog ldan nyid du bskul:_dus gsum mnyam pa chen po ru:_rtogs pa'i chad don btsan par mdzod:_rten 'brel lugs ldog bstan skyong gis:_rtsa khams dag pa'i nyer thob stsol:_byang chub sgrub la bar gcod pa'i:_dngos 'dzin dam sri staM b+ha ya:_dag dang ma dag kun byed khams:_khams gcig gis bsdus dngos grub stsol:_rgyud gsum rkyen bzhi'i 'khrul pa bshags:_rol ba 'gag med rgyan gyis mchod:_blo la ma grol med par bstod:_ngo bo bzang ngan med par rdzogs:_aH_dge bas 'khor ba dong sprugs nas:_don gnyis lhun 'grub bkra shis shog:_smras pa/_sna tshogs grub mtha'i 'dod pas mi rtogs shing*/_/gab pa'i gsang ba rang rig phur bu'i zhal/_/bla ma'i byin mthus mngon sum tshad mar mthong*/_/gzung dang 'dzin pa'i rtsa rlung dbu ma ru/_/tshud 'bras rtsa mdud grol ba'i lag rjes su/_/'di 'dra rig pa'i sgrom nas lhug par grol/_/dge bas rnam bzhi'i phrin las mngon 'grub shog__/mang+ga laMdage'o//_//

Footnotes

Other Information