DKR-KABUM-17-TSA-007: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=རང་བྱུང་པདྨའི་སྙིང་ཐིག་ལས༔ རྩ་གསུམ་ཀུན་འདུས་གུ་རུའི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོ༔ | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: . Delhi: Shechen Publications, 1994. | |fulltitle=rang byung pad+ma'i snying thig las: rtsa gsum kun 'dus gu ru'i thugs sgrub dngos grub snying po | ||
|citation=[[Khyentse, Dilgo]]. ''Rang byung pad+ma'i snying thig las rtsa gsum kun 'dus gu ru'i thugs sgrub dngos grub snying po''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 17: 18-35. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
| | |tibgenre=Activity Manual - las byang, Sadhanas - Evocation Ritual - sgrub thabs | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|deity=rta mgrin | |||
|deity= | |||
|cycle=rang byung pad+ma snying thig | |cycle=rang byung pad+ma snying thig | ||
|cycletib=རང་བྱུང་པདྨ་སྙིང་ཐིག་ | |cycletib=རང་བྱུང་པདྨ་སྙིང་ཐིག་ | ||
| | |language=Tibetan | ||
|volumenumber=017 | |volumenumber=017 | ||
|volnumtib=༡༧ | |volnumtib=༡༧ | ||
|volyigtib=ཙ་ | |volyigtib=ཙ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=007 | |||
|pagenumbers=18-35 | |||
|totalpages=36 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=18b2 | ||
|totalfolios=18 | |||
|multivolumework=No | |||
|rectonotes=las byang | |||
|versonotes=rang byung pad+ma snying thig | |versonotes=rang byung pad+ma snying thig | ||
| | |colophontib=རྩ་གསུམ་ཀུན་འདུས་གུ་རུའི་ཐུགས་སྒྲུབ་རང་བྱུང་པདྨའི་སྙིང་ཐིག་དངོས་གྲུབ་སྙིང་པོ་འདི་ཉིད་རང་ལོ་སུམ་ཅུ་རྩ་དྲུག་པར་རིགས་ཀུན་ཁྱབ་བདག་འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་དྲིན་ལས་རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་ཡོངས་སུ་རྫོགས་པའི་སྐལ་བཟང་མངོན་དུ་གྱུར་པའི་ཚེ་དད་ལྡན་འགའ་ཞིག་ལ་གུ་རུའི་གསོལ་འདེབས་ལེའུ་བདུན་མའི་ལུང་བཀླགས་པས་ལོ་རྒྱུས་ཡིག་ཆུང་མཇལ་བའི་རྐྱེན་ལས་ཐོལ་བྱུང་དུ་རིག་གདངས་སུ་སད་པ་ཡི་གེར་བཏབ་སྟེ་རྗེ་བླ་མར་སྤྱན་བསྟར་ཞུས་པས་ཚིག་རིས་ཕལ་ཆེར་གཏེར་རྙིང་ཞིག་དང་མཚུངས་པར་འདུག་ཅེས་དགྱེས་པའི་ཚུལ་གྱིས་དེ་འཕྲལ་སྨིན་གྲོལ་ཆིག་བརྒྱུད་དུ་གསན་ནས་ཐམས་ཅད་མཁྱེན་གཟིགས་མཉྫུའི་ཞབས་ཀྱིས་རྩ་གསུམ་གཅིག་དྲིལ་རྡོ་རྗེའི་ཐོལ་གླུ་བཞུགས་པའི་དགོངས་པ་ལྟར་ཡིན་འདུག་ཅེས་གསུངས་ཤིང་རང་གཞན་འགའ་ཞིག་གིས་བསྙེན་སྒྲུབ་ཉམས་ལེན་ཅུང་ཟད་བྱས་ཀྱང་དུས་ཀྱི་འགྱུར་བས་དཔེ་རྒྱུན་དབྱིངས་སུ་སྡུད་པ་རེ་ཞིག་བཏང་སྙོམས་སུ་གྱུར་མོད། སླད་ནས་ལས་སྨོན་རྟེན་འབྱུང་གི་རེ་ཁཱ་བསུབ་ཏུ་མེད་པས་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་མཛེས་རྒྱན་ལོ་ཆེན་བཻ་རོའི་རྣམ་འཕྲུལ་དུ་གྲགས་པ་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ངག་དབང་ཆོས་ཀྱི་བློ་གྲོས་ནས་བལ་ཡུལ་རྡོ་རྗེའི་གནས་མཆོག་ཡང་ལེ་ཤོད་དུ་གནས་འབྲེལ་ལ་ཕྱིན་སྐབས་དགོངས་ཀློང་དུ་གང་ཤར་གྱི་ཟབ་ཆོས་ཞིག་གཏན་ལ་འབེབས་དགོས་པར་གསུང་བསྐུལ་དང་རྩ་གསུམ་གྱི་ཚོགས་མཆོད་སྟོང་རྩ། རིན་པོ་ཆེ་སྣ་ཚོགས་པའི་མཎྜལ་དང་བཅས་བཀའ་ནན་ཏན་གནང་བ་བཞིན་བླ་སྒྲུབ་སྔོན་མ་དང་ཚིག་དོན་ཕལ་ཆེར་གཅིག་གྱུར་འདིའང་ཡིད་ངོར་གསལ་བ་དང༌། སྔོན་ཆད་ཀུན་མཁྱེན་བླ་མ་མཉྫུ་གྷོ་ཥ་དྷརྨ་མ་ཏིས་ཁྱེད་རང་གིས་ཟབ་གཏེར་གནད་དོན་ཅན་དག་ཡལ་བར་མ་དོར་བར་བྲིས་སྤེལ་གྱིས་དང་བསྟན་འགྲོར་ཕན་ཅིང་དོན་དང་ལྡན་པ་ཡིན་ཞེས་རྟེན་དང་བཅས་པའི་རྡོ་རྗེའི་བཀའ་ལུང་ཆེད་དུ་ཡང་ཡང་བསྩལ་བ་རྗེས་སུ་སྒྲུབ་པའི་སླད་ས་བྱ་ནག་པ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་བཅུའི་མཆོད་པ་ཉིན་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་རྡོ་རྗེའི་གནས་ཆེན་དེ་ཉིད་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་དད་བློ་རྣམ་པར་གསལ་ཞིང་ཟབ་མོའི་ཆོས་ལ་ཡིད་ཆེས་དང་ལྡན་པ་ཨོ་རྒྱན་གཞན་ཕན་ནས་བགྱིས་པ་འདིས་ཀྱང༌། བོད་ཡུལ་ཕྱི་མའི་གདུལ་བྱའི་གཙོས་རིས་མེད་པའི་བསྟན་འགྲོའི་སྨན་ཡོན་དུ་འགྱུར་བར་རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་ཐུགས་བསྐྱེད་དང་སྨོན་ལམ་རྨད་དུ་བྱུང་བའི་བདེན་པས་འགྲུབ་པར་གྱུར་ཅིག། | ||
|colophonwylie=rtsa gsum kun 'dus gu ru'i thugs sgrub rang byung pad+ma'i snying thig dngos grub snying po 'di nyid rang lo sum cu rtsa drug par rigs kun khyab bdag 'jam mgon bla ma pad+ma ye shes rdo rje'i bka' drin las rin chen gter mdzod chen po'i smin grol yongs su rdzogs pa'i skal bzang mngon du gyur pa'i tshe dad ldan 'ga' zhig la gu ru'i gsol 'debs le'u bdun ma'i lung bklags pas lo rgyus yig chung mjal ba'i rkyen las thol byung du rig gdangs su sad pa yi ger btab ste rje bla mar spyan bstar zhus pas tshig ris phal cher gter rnying zhig dang mtshungs par 'dug ces dgyes pa'i tshul gyis de 'phral smin grol chig brgyud du gsan nas thams cad mkhyen gzigs many+dzu'i zhabs kyis rtsa gsum gcig dril rdo rje'i thol glu bzhugs pa'i dgongs pa ltar yin 'dug ces gsungs shing rang gzhan 'ga' zhig gis bsnyen sgrub nyams len cung zad byas kyang dus kyi 'gyur bas dpe rgyun dbyings su sdud pa re zhig btang snyoms su gyur mod/_slad nas las smon rten 'byung gi re khA bsub tu med pas snga 'gyur 'od gsal rdo rje snying po'i bstan pa'i mdzes rgyan lo chen bai ro'i rnam 'phrul du grags pa zhwa de'u 'khrul zhig mchog sprul rin po che 'gyur med ngag dbang chos kyi blo gros nas bal yul rdo rje'i gnas mchog yang le shod du gnas 'brel la phyin skabs dgongs klong du gang shar gyi zab chos zhig gtan la 'bebs dgos par gsung bskul dang rtsa gsum gyi tshogs mchod stong rtsa/_rin po che sna tshogs pa'i maN+Dal dang bcas bka' nan tan gnang ba bzhin bla sgrub sngon ma dang tshig don phal cher gcig gyur 'di'ang yid ngor gsal ba dang*/_sngon chad kun mkhyen bla ma many+dzu g+ho Sha d+harma ma tis khyed rang gis zab gter gnad don can dag yal bar ma dor bar bris spel gyis dang bstan 'gror phan cing don dang ldan pa yin zhes rten dang bcas pa'i rdo rje'i bka' lung ched du yang yang bstsal ba rjes su sgrub pa'i slad sa bya nag pa zla ba'i dmar phyogs mkha' 'gro 'du ba'i tshes bcu'i mchod pa nyin pad+ma gar dbang bde chen 'od gsal mdo sngags gling pas rdo rje'i gnas chen de nyid du gtan la phab pa'i yi ge pa ni dad blo rnam par gsal zhing zab mo'i chos la yid ches dang ldan pa o rgyan gzhan phan nas bgyis pa 'dis kyang*/_bod yul phyi ma'i gdul bya'i gtsos ris med pa'i bstan 'gro'i sman yon du 'gyur bar rtsa gsum kun 'dus o rgyan rdo rje thod phreng rtsal gyis thugs bskyed dang smon lam rmad du byung ba'i bden pas 'grub par gyur cig/ | |||
|pdflink=File:DKR-KABUM-17-TSA-007.pdf | |pdflink=File:DKR-KABUM-17-TSA-007.pdf | ||
}} | }} | ||
Line 37: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|རང་བྱུང་པདྨའི་སྙིང་ཐིག་ལས༔ རྩ་གསུམ་ཀུན་འདུས་གུ་རུའི་ཐུགས་སྒྲུབ་དངོས་གྲུབ་སྙིང་པོ་བཞུགས༔ | ||
<br> | |||
རང་བྱུང་རྩ་གསུམ་ལྷ་ལ་འདུད༔ བདག་ཉིད་པདྨ་ཐོད་ཕྲེང་ནི༔ སངས་རྒྱས་ཀུན་གྱི་ཕྲིན་ལས་རྫོགས༔ མཁྱེན་བརྩེ་ནུས་པ་དཔག་ཏུ་མེད༔ མཁའ་ཁྱབ་གདུལ་བྱ་རྗེས་སུ་སྐྱོང༔ ཁྱད་པར་སྙིགས་མར་བོད་ཀྱི་འགྲོ༔ སྡུག་བསྔལ་ཚོར་བས་ཉེན་པའི་ཚེ༔ བདག་ལ་སྐྱབས་གསོལ་བསླུ་མི་སྲིད༔ ཇི་ལྟར་གསོལ་བཏབ་འབྲས་བུ་སྩོལ༔ ཐུགས་བསྐྱེད་སྨོན་ལམ་མཐུ་བཙན་པོས༔ གནས་སྐབས་ནད་མུག་མཚོན་འཁྲུགས་ཞི༔ ཚེ་དཔལ་བསོད་ནམས་ཉམས་རྟོགས་འཕེལ༔ རླུང་སེམས་སྐྱེ་འགྲོ་དབང་དུ་འདུ༔ བར་ཆད་བདུད་བགེགས་ལས་རྒྱལ་ཏེ༔ མཐར་ཐུག་ནང་གི་ས་ལམ་རྫོགས༔ བདག་དང་གཉིས་མེད་མངོན་འཚང་རྒྱ༔ དེ་ཕྱིར་བླ་མ་སྒྲུབ་པའི་ཐབས༔ རྩ་གསུམ་ཀུན་འདུས་གསེང་ལམ་ཆེ༔ ཟབ་མོ་ཐུགས་ཀྱི་ཏི་ལ་ཀ༔ སྙིང་གི་བུ་ལ་གཏད་དོ་རྒྱ༔ ས་མ་ཡ༔ འདི་ལ་སྔོན་དངོས་རྗེས་གསུམ་སྟེ༔ དང་པོ་ཐོག་མར་སྐྱབས་འགྲོ་ནི༔ ན་མོ༔ བླ་མ་སངས་རྒྱས་རིན་པོ་ཆེ༔ སྐྱབས་གནས་རྒྱ་མཚོའི་ཡེ་ཤེས་སྐུ༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ལ༔ མི་ཕྱེད་དད་པས་སྐྱབས་སུ་མཆི༔ གཉིས་པ་བྱང་ཆུབ་སེམས་བསྐྱེད་ནི༔ ཧོཿ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ མེད་སྣང་འཁོར་བའི་ཆོས་ལ་ཞེན༔ སྡུག་བསྔལ་མཚོ་ལས་བསྒྲལ་བའི་ཕྱིར༔ བྱང་ཆུབ་བསྒྲུབ་པར་སེམས་བསྐྱེད་དོ༔ གསུམ་པ་བསགས་སྦྱང་སྙིང་པོ་ནི༔ བླ་མ་རྩ་གསུམ་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཀུན་བཟང་སྒྱུ་འཕྲུལ་དྲྭ་བས་མཆོད༔ སྡིག་ལྟུང་ཉེས་པར་བྱས་ཀུན་བཤགས༔ རྣམ་གྲོལ་དགེ་ལ་རྗེས་ཡི་རང༔ ཟབ་རྒྱས་ཆོས་འཁོར་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ ཀུན་ཀྱང་བླ་མའི་གནས་ཐོབ་ཤོག༔ བཞི་པ་བགེགས་ལ་བཀའ་བསྒོ་ནི༔ ཧྲཱིཿ ང་ནི་དབང་ཆེན་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཡིན༔ བཀའ་ལས་འདའ་ནུས་སུ་ཡང་མེད༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཁྱེད་རྣམས་རྟོག་འཁྲུལ་ངན་ཞེན་གྱིས༔ གསང་སྤྱོད་བལྟ་བའི་སྐལ་མེད་པས༔ གནས་འདིར་མ་འདུག་གཞན་དུ་དེངས༔ འདོད་ཡོན་གཏོར་མས་ཚིམ་གྱིས་ལ༔ ཆོས་ཉིད་སྐྱེ་མེད་དབྱིངས་སུ་སོང༔ གལ་ཏེ་བཀའ་ལས་འདའ་བྱེད་ན༔ དབང་ཆེན་ཁྲོས་པའི་ཏིང་འཛིན་གྱིས༔ འབར་བའི་ཆོ་འཕྲུལ་མི་བཟད་པས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་བྲབ༔ ལྔ་པ་སྲུང་བའི་མཚམས་གཅོད་ནི༔ ཧྲཱིཿ དཔལ་གྱི་ཐུགས་ལས་ཡེ་ཤེས་འོད༔ མཚོན་ཆ་རྣམ་ལྔའི་སྤྲིན་དུ་སྤྲོས༔ ཕྱོགས་མཚམས་སྟེང་འོག་སྲུང་བའི་གུར༔ གཞོམ་གཞིག་བྲལ་བར་ལྷུན་གྱིས་གྲུབ༔ ཛྙཱ་ན་བཛྲ་རཀྵ་བྷྲཱུྃ༔ དྲུག་པ་བརྡ་སྒོ་ཕྱག་གིས་བཏུད༔ ཧོཿ སྣང་སྲིད་ལྷ་དང་བླ་མའི་དལ༔ ཡེ་ཤེས་ཕྱག་རྒྱའི་སྒོ་དབྱེ་བས༔ རང་རིག་བླ་མའི་རང་ཞལ་མཇལ༔ གཉིས་མེད་ངང་དུ་ཕྱག་འཚལ་ལོ༔ ན་མོ་ན་མ་མི༔ བདུན་པ་བྱིན་ཆེན་དབབ་པ་ནི༔ རྣལ་འབྱོར་ཕོ་མོ་རྒྱན་གྱིས་སྤྲས༔ ཞྭ་ཕོད་གཟི་བྱིན་མཆོག་ཏུ་བསྐྱེད༔ ལྷ་དང་བླ་མར་གདུང་ཤུགས་བསྐྱེད༔ གསོལ་བཏབ་སྤོས་རོལ་དབྱངས་ཀྱིས་བསྐུལ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་རང་བྱུང་ཀུན་ཁྱབ་བརྡལ་བ་ཆེ༔ སྐུ་དང་ཡེ་ཤེས་མི་ཟད་རྒྱན་གྱི་སྤྲིན༔ གདོད་ནས་འདུ་འབྲལ་མེད་པའི་ཀློང་ནས་བཞེངས༔ འགག་མེད་ཐུགས་རྗེའི་རྩལ་གྱིས་བྱིན་ཕོབ་ཅིག༔ ཆོས་སྐུ་འོད་མི་འགྱུར་བ་རྡོ་རྗེའི་དབྱིངས༔ ལྷུན་གྲུབ་ཟང་ཐལ་ཆེན་པོའི་ཡེ་ཤེས་གཟུགས༔ བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་རྣམས་ཀྱིས༔ དགོངས་བརྒྱུད་འཕོ་བ་ཆེན་པོའི་བྱིན་ཕོབ་ཅིག༔ བདེ་ཆེན་འགྱུར་བ་མེད་པ་ཁ་སྦྱོར་བདུན༔ དགྱེས་རོལ་ཞི་ཁྲོ་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་ཀྱིས༔ མཆོག་དང་ཐུན་མོང་དངོས་གྲུབ་བྱིན་ཕོབ་ཅིག༔ རྡོ་རྗེའི་གནས་ཡུལ་དུར་ཁྲོད་རབ་འབྱམས་ནས༔ བདེ་སྟོང་རོལ་པ་ཆེན་པོའི་བརྟུལ་ཞུགས་ཀྱིས༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་དབང་བསྒྱུར་བ༔ དཔའ་བོ་ཌཱ་ཀིའི་ཚོགས་ཀྱིས་བྱིན་ཕོབ་ཅིག༔ བྱིན་ཆེན་ངོ་མཚར་གསང་བ་མཆོག་གི་ཞིང༔ ལྟ་དགོངས་གདེང་སྐྱེད་རྣལ་འབྱོར་གདུང་ཤུགས་ཀྱིས༔ བསྙེན་སྒྲུབ་གཞུང་བསྲང་བརྡ་དང་རོལ་མོས་བསྐུལ༔ རྩ་གསུམ་ལྷ་ཚོགས་གནས་འདིར་གཤེགས་སུ་གསོལ༔ འཁོར་ཚོགས་རྡོ་རྗེའི་བྲོ་གར་ལམས་སེ་ལམ༔ སྙན་པའི་རོལ་མོ་བརྡ་གླུ་བཤུགས་པས་འབོད༔ དྲི་ཞིམ་སྤོས་སྤྲིན་འཇའ་འོད་མེ་ཏོག་ཆར༔ ཟད་མི་ཤེས་པས་སྒོ་གསུམ་བྱིན་གྱིས་རློབས༔ དབང་དང་བྱིན་རླབས་དངོས་གྲུབ་མྱུར་དུ་སྩོལ༔ བགེགས་དང་ལོག་འདྲེན་བར་ཆད་དབྱིངས་སུ་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་བསྩལ་ནས༔ གཉིས་མེད་ཀློང་ཡངས་ཆེན་པོར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་མཎྜལ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བརྒྱད་པ་སྣོད་བཅུད་བྱིན་གྱིས་བརླབ༔ ཧཱུྃ་ཧྲཱིཿ སྣང་སྲིད་ཀུན་བཟང་རོལ་པའི་ཞིང༔ རྡོ་རྗེའི་བདེ་བ་ཆེན་པོའི་དལ༔ ཟག་མེད་མཆོད་པའི་སྤྲིན་ཆེན་པོ༔ རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ༔ ཨོཾ་ཛྙཱ་ན་སརྦ་པཱུ་ཛ་ཨརྒྷཾ་ནས། ཤབྡ་ཨཱཿཧཱུྃ༔ ཧཱུྃ་ཧྲཱིཿ དམ་རྫས་ཡེ་ཤེས་བདུད་རྩིའི་བཅུད༔ འདོད་ཡོན་རང་ཤར་བ་ལིཾ་ཏ༔ བདེ་སྟོང་ཆགས་ཆེན་རཀྟའི་རྒྱུན༔ དངོས་གྲུབ་མཆོག་གི་རྫས་སུ་ཤར༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ས་མ་ཡ་ཨཱཿཧཱུྃ༔ གཉིས་པ་དངོས་གཞིའི་ལས་རིམ་ལ༔ དང་པོ་ཏིང་འཛིན་གསུམ་གྱིས་བསྐྱེད༔ ཨོཾ༔ ཆོས་སྐུ་མི་འགྱུར་རྡོ་རྗེ་སེམས༔ འཁོར་འདས་ཀུན་གྱི་སྙིང་པོའི་སྲོག༔ ཐོག་མཐའ་མེད་པའི་དེ་བཞིན་ཉིད༔ རང་བྱུང་ཀུན་ཁྱབ་ཀློང་དུ་བརྡལ༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཨཱཿ རྟོག་བྲལ་དེ་ཡི་ངང་ཉིད་ལས༔ དངོས་འཛིན་རང་རྒྱུད་འཁྲུལ་པའི་འགྲོ༔ ཀུན་ཁྱབ་སྙིང་རྗེ་ཆེན་པོའི་གདངས༔ རང་བྱུང་ཉིད་དུ་ཤར་ཞིང་བརྡལ༔ ཨཱཿམ་ཧཱ་ཀ་རུ་ཎི་ཀ་ས་མ་དྷིཿ སྥ་ར་ཎ་ཨཱཿཧཱུྃ༔ ཧཱུྃ༔ ཟུང་འཇུག་རིག་པའི་ཡེ་ཤེས་ནི༔ སངས་རྒྱས་རིན་ཆེན་ཟ་མ་ཏོག༔ དཀྱིལ་འཁོར་རྒྱ་མཚོ་འབྱུང་བའི་གནས༔ ཐུགས་སྲོག་དྭངས་མའི་ཧྲཱིཿདམར་ཤར༔ སྤྲོ་བསྡུས་འོད་ཀྱིས་སྣོད་བཅུད་སྦྱངས༔ སྐུ་དང་ཡེ་ཤེས་དག་པ་ཆེ༔ བདེ་ཆེན་པདྨ་དབང་གི་ཞིང༔ རང་སྣང་བཀོད་པ་ཚད་ལས་འདས༔ ཕོ་བྲང་རྒྱན་བཀོད་ཡོངས་རྫོགས་པ༔ འབྱུང་ལྔ་ཡུམ་གྱི་མཁའ་ཀློང་སྟེང༔ རི་རབ་པད་ཉི་རྒྱ་གྲམ་དབུས༔ གཞལ་ཡས་བརྩིག་པར་རིན་ཆེན་རྫོགས༔ ཡེ་ཤེས་རྒྱན་བཀོད་བསམ་མི་ཁྱབ༔ དལ་དབུས་པདྨ་འདབ་བཞིའི་ལྟེར༔ པདྨ་ཉི་ཟླ་བདུད་བཞིའི་སྟེང༔ ཧྲཱིཿཡིག་ཡོངས་གྱུར་བཅོམ་ལྡན་འདས༔ དབང་ཆེན་པདྨ་ཧེ་རུ་ཀ༔ དམར་སྨུག་བདེ་ཆེན་ཆགས་པའི་ཉམས༔ ཁྲོ་འཛུམ་སྒེག་བཞད་གར་དགུས་རོལ༔ སྤྱན་གསུམ་མཆེ་གཙིགས་ཕེཾ་སྒྲ་སྒྲོག༔ ལྗགས་འདྲིལ་སྨ་ར་སྨིན་མ་སེར༔ རིན་ཆེན་ཐོད་སྐམ་ལྔའི་དབུ་བརྒྱན༔ ཕྱག་གཡས་དབང་སྡུད་གྲི་གུག་ཕྱར༔ གཡོན་པས་བྷན་དམར་ཐུགས་ཀར་གཏོད༔ ཞབས་གཉིས་བརྐྱང་བསྐུམ་གར་གྱིས་བསྒྱིངས༔ ཞིང་རློན་སྟག་ཤམ་གོས་ཀྱིས་བཀླུབས༔ རིན་ཆེན་རུས་པའི་ཕྱག་རྒྱས་སྤྲས༔ མི་མགོའི་ཕྲེང་བ་བརྗིད་དང་ལྡན༔ སྦྱོར་བའི་ཡུམ་མཆོག་ཕག་མོ་ནག༔ གཅེར་བུ་བྷ་ག་ནུ་མ་རྒྱས༔ ཁྲོ་འཛུམ་ཆགས་པའི་ཉམས་དང་ལྡན༔ ཕྱག་གཡས་གྲི་གུག་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་པ་ཁྲག་བཀང་སྟོབ༔ ཞབས་གཉིས་བརྐྱང་བསྐུམ་གར་གྱིས་རོལ༔ རུས་པའི་ཕྱག་རྒྱ་ལྔ་དང་ལྡན༔ ཡབ་ཡུམ་དབུ་གཙུག་རྟ་ཞལ་དང༔ ཕག་གདོང་ངུར་སྒྲ་སྒྲོགས་པས་མཚན༔ ཡེ་ཤེས་མེ་འོད་ཀློང་ན་བཞུགས༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཀཱ་ལི་ས་མ་ཡ་ཨཱཿཧཱུྃ༔ སྣང་སྟོང་གཉིས་མེད་སྐུ་ཡི་དབྱིངས༔ ཐུགས་ཀར་རིན་ཆེན་འཁོར་ལོའི་དབུས༔ གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ༔ རྩིབས་བཞི་བུདྡྷ་རཏྣ་དང༔ པདྨ་ཀརྨ་ཐོད་ཕྲེང་རྣམས༔ ཡབ་ཡུམ་གཉིས་མེད་ལོངས་སྐུའི་ཆས༔ མཐིང་དཀར་སེར་དམར་ལྗང་གུའི་མདོག༔ ཕྱག་གཡས་རྡོ་རྗེ་འཁོར་ལོ་དང༔ རིན་ཆེན་པདྨ་རྒྱ་གྲམ་འཛིན༔ གཡོན་པས་བདེ་སྐྱོང་ཀ་པཱ་ལ༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཞི་རྒྱས་དབང་དྲག་ཉམས་དང་ལྡན༔ སྣང་སྟོང་འོད་ལྔའི་སྤྲིན་ཕུང་འཁྲིགས༔ རྟ་མགྲིན་སྤྱི་བོར་སྐུ་རྡོ་རྗེ༔ འཇམ་དཔལ་གཤིན་རྗེ་སེར་ནག་མདོག༔ བེ་ཅོན་སྡིགས་མཛུབ་ཡུམ་དང་སྦྱོར༔ མགྲིན་པར་པདྨ་དབང་གི་ལྷ༔ རྟ་མགྲིན་དམར་ནག་ཐོད་དབྱུག་དང༔ པདྨའི་ཞགས་གདེང་གསུང་རྡོ་རྗེ༔ ཐུགས་ཀར་ཡང་དག་ཧེ་རུ་ཀ༔ རྡོ་རྗེ་དུང་ཁྲག་བདེ་སྟོང་སྦྱོར༔ ལྟེ་བར་ཆེ་མཆོག་ཡོན་ཏན་ལྷ༔ ལྗང་སེར་བདུད་རྩིའི་བུམ་པ་འཛིན༔ གསང་གནས་ཕྲིན་ལས་ཀཱི་ལ་ཡ༔ ལྗང་ནག་ཕྱག་གཉིས་ཕུར་པ་འདྲིལ༔ ལྟེ་འོག་ཨེ་ཡི་ཀློང་ཆེན་པོར༔ ཨེ་ཀ་ཛཱ་ཊི་མ་མོའི་གཙོ༔ མཐིང་ནག་ཞིང་དབྱུག་ཙིཏྟ་འཛིན༔ ནོར་བུར་དྲེགས་པ་ཀུན་འདུལ་ནག༔ ཐོ་བ་ཞགས་འཛིན་ཡུམ་དང་བཅས༔ སྣམས་སུ་སྟོབས་ལྡན་དྲག་སྔགས་རྒྱལ༔ ལྕགས་ཀྱུ་ཞགས་གདེངས་ཁྲོ་རྔམས་བརྗིད༔ འབར་བ་ཁྲག་འཐུང་རྒྱུད་སྡེ་དྲུག༔ སྒྲུབ་པ་བཀའ་བརྒྱད་ལྷ་རུ་ཤར༔ རྟ་མགྲིན་སྤྱི་གཙུག་བླ་མ་ནི༔ ཆོས་སྐུ་རང་བྱུང་གསང་བ་འདུས༔ མཐིང་གསལ་སྤྱན་གསུམ་ཞི་ཁྲོའི་ཉམས༔ རྡོ་རྗེ་དྲིལ་འཛིན་ཡུམ་དང་སྦྱོར༔ མཚོ་རྒྱལ་དཀར་མོ་གྲི་ཐོད་ཅན༔ གཉིས་ཀ་རིན་ཆེན་རུས་པས་བརྒྱན༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ འོད་ལྔའི་དྲྭ་བའི་ཀློང་དུ་རོལ༔ འཁོར་དུ་བརྒྱུད་གསུམ་བླ་མའི་ཚོགས༔ པཎ་གྲུབ་རིག་འཛིན་རྣལ་འབྱོར་ཚོགས༔ ཆར་སྤྲིན་གཏིབས་པ་བཞིན་དུ་གསལ༔ ཨོཾ་གུ་རུ་དྷཱེ་ཝ་དྷཱ་ཀི་ནི་མཎྜ་ལ་ས་མ་ཡ་ཨཱཿཧཱུྃ༔ ཕྱོགས་བཞིའི་པད་འདབ་སྟེང་ཉིད་དུ༔ ཧ་རི་ནི་སའི་ཡི་གེ་དང༔ ར་ཙ་ཧྲི་ཡ་ཡོངས་གྱུར་ལས༔ རིགས་བཞིའི་དཔའ་བོ་མཁའ་འགྲོ་གིང༔ ལས་བཞི་སྒྲུབ་པའི་ཕོ་ཉའི་གཟུགས༔ རིགས་བཞིའི་གྲི་གུག་ཐོད་ཁྲག་འཛིན༔ གཡས་བསྐུམ་གཡོན་བརྐྱང་གར་གྱི་རོལ༔ ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ༔ སྣང་སྟོང་སྐུ་ནི་ཞིང་ཀུན་ཁྱབ༔ ཞིང་ཁམས་རབ་འབྱམས་སྐུ་ལ་རྫོགས༔ རང་གི་རེ་ལྟོས་བླ་མ་དང༔ རྩ་གསུམ་ལྷ་ཚོགས་མ་འདྲེས་གསལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་ཨོཾ༔ ཝཱཀ་བཛྲ་ཨཱཿ ཙིཏྟ་བཛྲ་ཧཱུྃ༔ ཕུང་ཁམས་ཉོན་མོངས་ཡེ་ཤེས་ལྔ༔ རིགས་ལྔ་ཕྱག་རྒྱའི་དཀྱིལ་འཁོར་དུ༔ གདོད་ནས་ལྷུན་གྱིས་གྲུབ་པར་བཞུགས༔ དབང་གི་མཆོག་ནི་རང་བྱུང་རྫོགས༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་པྲ་ཏྱ་བེཀྵ་ན་ཛྙཱ་ན་བཛྲ༴ ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན༴ གཉིས་པ་ཡེ་ཤེས་སྤྱན་འདྲེན་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧྲཱིཿ བདེ་ཆེན་འབར་བ་དབང་གི་ཞིང༔ འོག་མིན་པདྨ་དྲྭ་བ་ནས༔ ཡི་དམ་ཡོངས་འདུས་རྟ་མཆོག་དཔལ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས༔ བདེ་གཤེགས་ཞི་ཁྲོ་སྤྲོ་ཞིང་བསྡུ༔ དཔའ་བོ་རྒྱ་མཚོའི་འཁོར་གྱིས་བསྐོར༔ བསྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ ཧྲཱིཿ གནས་ཡུལ་དུར་ཁྲོད་རབ་འབྱམས་ནས༔ བདེ་སྟོང་གཉིས་མེད་མཁའ་འགྲོའི་གཙོ༔ ཡུམ་ཆེན་རྡོ་རྗེ་ཕག་མོ་ལ༔ འབུམ་ཕྲག་ཌཱ་ཀིའི་ཚོགས་དང་བཅས༔ ཞིང་ཀུན་ཉུལ་ཞིང་སྒྲུབ་མཆོག་སྐྱོང༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ གསུང་གི་བརྡ་གླུ་ཀྱུ་རུ་རུ༔ ཡེ་ཤེས་དགོངས་ཉམས་ལམས་སེ་ལམ༔ བསྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜལ་ས་པ་རི་ཝཱ་ར་བཛྲ་ས་མ་ཛ་ཛཿཛཿཧཱུྃ་བཾ་ཧོཿ སྤོས་རོལ་གདུང་བའི་དབྱངས་ཀྱིས་བསྐུལ༔ མདུན་གྱི་ནམ་མཁར་བྱོན་པར་བསམ༔ ཀྱཻ༔ བླ་མ་ཨོ་རྒྱན་རིན་པོ་ཆེ༔ ཁྱེད་ནི་སངས་རྒྱས་ཀུན་དང་མཉམ༔ མཁྱེན་བརྩེ་ཡེ་ཤེས་བསམ་མི་ཁྱབ༔ ནུས་པས་མཁའ་མཉམ་འགྲོ་བ་འདུལ༔ བརྒྱུད་གསུམ་རིག་འཛིན་བླ་མ་དང༔ ཡི་དམ་ཞི་ཁྲོའི་ཁྱབ་བདག་ཆེ༔ གནས་གསུམ་མཁའ་འགྲོའི་གཙོ་བོ་སྟེ༔ ཆོས་སྐྱོང་སྡེ་བརྒྱད་བྲན་དུ་བཀོལ༔ ཕྱོགས་དུས་སྐྱབས་གནས་མ་ལུས་པ༔ ཀུན་འདུས་རྡོ་རྗེ་ཐོད་ཕྲེང་རྩལ༔ བདག་ཅག་སྙིགས་མའི་འགྲོ་བ་ལ༔ དམིགས་མེད་ཐུགས་རྗེས་བརྩེར་དགོངས་ནས༔ ཇི་ལྟར་སྔོན་གྱི་ཞལ་བཞེས་བཞིན༔ བྱིན་རླབས་རྟགས་མཚན་དངོས་སུ་སྟོན༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ཉམས་དང་རྟོགས་པའི་ཡེ་ཤེས་སྐྱེད༔ རྗེ་བཙུན་ཁྱེད་དང་མཉམ་པར་མཛོད༔ ཅེས་བསྐུལ་རྡོ་རྗེའི་ཚིག་བདུན་པས༔ ཡང་ཡང་གསོལ་བ་བཏབ་པ་ཡིས༔ རྩ་གསུམ་ལྷ་ཚོགས་ཐམས་ཅད་ཀྱི༔ གནས་གསུམ་འོད་ཟེར་དཀར་དམར་མཐིང༔ སྐུ་སྔགས་ཕྱག་མཚན་དང་བཅས་པ༔ སྤྲོས་ནས་རང་གི་གནས་གསུམ་ཐིམ༔ དབང་དང་བྱིན་རླབས་དངོས་གྲུབ་ཐོབ༔ ཡེ་ཤེས་ཡོན་ཏན་རྒྱས་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐབས་སུ་ཐོད་ཕྲེང་རྩལ་གྱི་ཛཔ྄༔ དབྱངས་དང་གར་སྟབས་བཅས་ཏེ་གྱེར༔ དེ་ནི་བླ་མ་ལ་བསྟེན་ནས༔ བྱིན་རླབས་ལམ་དུ་བྱེད་པའོ༔ ས་མ་ཡ༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ དངོས་གྲུབ་གཙོ་བོར་སྒྲུབ་འདོད་ན༔ ཡི་དམ་ཐུགས་ཀར་ཐོད་ཕྲེང་ལྔ༔ སོ་སོའི་དབང་དང་བྱིན་རླབས་བསྡུ༔ དམིགས་པའི་རིམ་པ་འཕྲུལ་ཤེས་བྱ༔ མཆོག་དངོས་འདོད་ན་པདྨ་འབྱུང༔ སྣང་སྲིད་དབང་སྡུད་པདྨ་རྒྱལ༔ བློ་གྲོས་མཆོག་ཐོབ་མཆོག་སྲེད་རྩལ༔ བསྟན་པ་རྒྱས་འདོད་ཤཱཀྱ་སེང༔ ཡོན་ཏན་རྨད་བྱུང་སཾ་བྷ་ཝ༔ ཉམས་རྟོགས་རྩལ་རྫོགས་ཉི་མ་འོད༔ བདུད་བགེགས་འདུལ་ལ་སེང་སྒྲོགས་དང༔ དྲེགས་པ་ཟིལ་གནོན་གྲོ་བོ་ལོད༔ མཚན་བརྒྱད་སོ་སོའི་རྣམ་པ་ཅན༔ དབང་ཆེན་རིགས་ཀྱི་བདག་པོར་བསྒོམ༔ དེ་ཡི་སྐུ་སྔགས་ཕྱག་མཚན་རྣམས༔ སྤྲོ་བསྡུས་དངོས་གྲུབ་ཐོབ་པར་འགྱུར༔ ས་མ་ཡ༔ གསུམ་པ་དམ་ཡེ་དབྱེར་མེད་བསྟིམ༔ ཧྲཱིཿ ཡེ་ཤེས་རང་སྣང་ལྷ་ཚོགས་རྣམས༔ བདག་དང་གཉིས་མེད་བརྟན་པར་བཞུགས༔ སྐུ་གསུང་ཐུགས་ཀྱི་བྱིན་རློབས་ལཿ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་བརྡ་ཡི་ཕྱག་གིས་བཏུད༔ ཧྲཱིཿ རྩ་གསུམ་དཀྱིལ་འཁོར་ལྷ་ཚོགས་རྣམས༔ གདོད་ནས་རང་དང་གཉིས་མེད་ཀྱང༔ ཀུན་རྫོབ་དད་དང་གདུང་བའི་བློས༔ གུས་པའི་ཚུལ་གྱིས་ཕྱག་བགྱིའོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ལྔ་པ་མཆོད་པའི་རིམ་པ་ལ༔ དང་པོ་ལྷ་རྫས་ཕྱི་མཆོད་འབུལ༔ ཧྲཱིཿ ཀུན་བཟང་སྒྱུ་འཕྲུལ་དྲྭ་བ་ཡི༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་སྤྲིན་ཆེན་པོ༔ ཡན་ལག་བརྒྱད་ལྡན་མཆོད་ཡོན་སྦྲེངས༔ དྲི་ཞིམ་ངད་ལྡང་ཞབས་བསིལ་བསྐྱིལ༔ མཛེས་སྡུག་མེ་ཏོག་ཚར་དུ་དངར༔ ཀུན་ཁྱབ་དྲི་ཞིམ་སྤོས་སྤྲིན་གཏིབས༔ འོད་འབར་སྣང་གསལ་འཁོར་ཡུག་བརྡལ༔ སིམ་བྱེད་དྲི་ཆབ་བྱུག་པས་བསྙེན༔ རོ་བརྒྱའི་ཞལ་ཟས་རྨད་དུ་བྱུང༔ སྙན་བརྗིད་རོལ་མོའི་སྒྲ་དང་བཅས༔ བླ་མ་རྩ་གསུམ་ལྷ་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་དང༔ བྱིན་རླབས་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ གཉིས་པ་དུར་ཁྲོད་ནང་མཆོད་འབུལ༔ ཧྲཱིཿ དབང་དྲག་རོལ་པ་དཔལ་གྱི་གིང༔ ཉམས་པ་བསྒྲལ་བའི་ཚོགས་ཁང་འདིར༔ དབང་པོ་རྣམ་ལྔའི་མེ་ཏོག་བཀྲ༔ ཞུན་ཆེན་སྲེག་པའི་དུད་སྤྲིན་འཁྲིགས༔ དུར་ཁྲོད་རྫས་ཀྱི་སྣང་གསལ་གཏམ༔ ཚིལ་ཆེན་མཁྲིས་པའི་བྱུག་པ་འགྱེད༔ ཤ་རུས་ཞལ་ཟས་ཕུང་པོར་སྤུངས༔ རྐང་གི་གླིང་བུ་ཐོད་རྔ་སོགས༔ ཤ་ཟ་ཌཱ་ཀིའི་གར་དང་བཅས༔ རིག་འཛིན་རྡོ་རྗེ་ཐོད་ཕྲེང་རྩལ༔ དབང་ཆེན་པདྨ་ཧེ་རུ་ཀ༔ དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ རྩ་གསུམ་ལྷ་ལ་གུས་འབུལ་ན༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ དབང་དྲག་བརྟུལ་ཞུགས་མཐར་ཕྱིན་ཏེ༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་ཨཱཿཧཱུྃ༔ གསུམ་པ་བདུད་རྩི་སྨན་གྱིས་མཆོད༔ ཧྲཱིཿ རང་བྱུང་གདོད་ནས་རྣམ་པར་དག༔ རྣམ་པ་རིགས་ལྔ་ཡེ་ཤེས་བཅུད༔ དམ་རྫས་རྩ་བརྒྱད་ཡན་ལག་སྟོང༔ རྨད་དུ་བྱུང་བའི་མཆོད་པ་འབུལ༔ སྣང་སྲིད་བདེ་ཆེན་རོལ་པ་ཡི༔ དངོས་གྲུབ་ཆེན་པོ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ བཞི་པ་དམར་ཆེན་རཀྟས་མཆོད༔ ཧྲཱིཿ པདྨ་བྷཉྫ་ལྕང་ལོ་ཅན༔ རྒྱུད་དྲུག་བསྒྲལ་བའི་རཀྟས་བཀང༔ དམར་གྱི་རྦ་རླབས་མཁའ་ལ་འཕྱོ༔ རྡོ་རྗེ་ཆགས་པའི་དམ་ཚིག་རྫས༔ རྩ་གསུམ་དཀྱིལ་འཁོར་ལྷ་ལ་འབུལ༔ དུག་ལྔ་ཡེ་ཤེས་ཀློང་དག་ནས༔ གཟུང་འཛིན་རུ་ཏྲ་སྒྲོལ་ནུས་པའི༔ དངོས་གྲུབ་ཆེན་པོ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཁཱ་ཧིཿ ལྔ་པ་འདོད་ཡོན་གཏོར་མས་མཆོད༔ ཧྲཱིཿ སྣོད་བཅུད་ཡོངས་རྫོགས་བ་ལིཾ་ཏ༔ བཟའ་བཅའ་བདའ་དགུའི་རི་གླིང་བཀོད༔ བདུད་རྩི་སྨན་རཀ་ཟེགས་མས་བྲན༔ དབང་པོ་དྲུག་ལ་དགྱེས་སྐྱེད་པས༔ རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང༔ མཆོག་དང་ཐུན་མོང་མ་ལུས་པའི༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ དྲུག་པ་གསང་བ་སྦྱོར་སྒྲོལ་མཆོད༔ ཧྲཱིཿ རྡོ་རྗེ་པདྨ་མཉམ་སྦྱོར་བའི༔ བདེ་སྟོང་རོལ་པའི་ཆོ་འཕྲུལ་ལས༔ སྡུག་བསྔལ་ཉོན་མོངས་དབྱིངས་སུ་སྒྲོལ༔ མཆོག་ཏུ་མི་འགྱུར་ཡེ་ཤེས་ཀྱི༔ གསང་བ་མཆོག་གི་དགྱེས་པ་ལ༔ དཀྱིལ་འཁོར་ལྷ་ཚོགས་རྟག་ཞུགས་ནས༔ དུག་ལྔ་གནས་སུ་དག་པ་ཡི༔ བླ་ན་མེད་པའི་མཆོད་པས་མཆོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་ཏ་ན་ག་ཎ་པཱུ་ཛ་ཧོཿ བདུན་པ་ཆོས་ཉིད་མཉམ་པས་མཆོད༔ ཧྲཱིཿ གདོད་ནས་རྣམ་དག་བརྡལ་བ་ཆེ༔ འཁོར་གསུམ་རྟོག་ཚོགས་དབྱིངས་སུ་ཞི༔ མཆོད་བྱ་མཆོད་བྱེད་ལས་འདས་པ༔ བླ་ན་མེད་པའི་གསང་བས་མཆོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་མཎྜ་ལ་ས་པ་རི་ཝཱ་ར་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཨཱཿཧཱུྃ༔ དྲུག་པ་རྡོ་རྗེ་གླུ་ཡིས་བསྟོད༔ ཧྲཱིཿ ཆོས་དབྱིངས་ཟག་མེད་དགོངས་པ་མཁའ་ལྟར་ཁྱབ༔ ཡེ་ཤེས་སྒྱུ་འཕྲུལ་བཀོད་པ་བསམ་མི་ཁྱབ༔ སྲིད་ཞིའི་རྒུད་སེལ་བདེ་ཆེན་མཆོག་སྩོལ་མཛད༔ རང་བྱུང་སངས་རྒྱས་རྡོ་རྗེའི་བླ་མར་བསྟོད༔ བདེ་བ་ཆེན་པོའི་ངོ་མཚར་རོལ་པ་ལས༔ ཞི་ཁྲོ་རབ་འབྱམས་བཀོད་པ་ཅིར་ཡང་སྣང༔ གསང་བ་མི་ཟད་རྒྱན་གྱི་ཆོ་འཕྲུལ་ཆེ༔ རབ་འབྱམས་ཡི་དམ་ལྷ་ཚོགས་ཀུན་ལ་བསྟོད༔ ཆོས་ཉིད་དབྱིངས་ཀྱི་མཁའ་ལས་མ་འདས་པར༔ འགག་མེད་སྒྱུ་འཕྲུལ་ཕྲིན་ལས་རྣམ་བཞིའི་བདག༔ གསང་མཆོག་རྡོ་རྗེ་བཀོད་པའི་རྣམ་འགྱུར་ཅན༔ འབུམ་ཕྲག་མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་བསྟོད༔ ཡེ་ཤེས་ཆེན་པོའི་དབྱིངས་སུ་རོ་གཅིག་ཀྱང༔ གང་འདུལ་དེར་སྣང་རྣམ་རོལ་ཅིར་ཡང་སྟོན༔ རྩ་གསུམ་འདུས་པ་བླ་མའི་དཀྱིལ་འཁོར་ལ༔ མི་ཕྱེད་དད་པའི་བློ་ཡིས་ཕྱག་འཚལ་བསྟོད༔ བདུན་པ་བཟླས་པའི་རིམ་པ་ལ༔ ཡི་དམ་ལྟར་དུ་སྒྲུབ་པ་ནི༔ བདག་ཉིད་དབང་ཆེན་ཐུགས་ཀ་རུ༔ ཡེ་ཤེས་སེམས་དཔའ་ཐོད་ཕྲེང་གི༔ ཐུགས་དབུས་པདྨ་ཉི་ཟླའི་སྟེང༔ ཧྲཱིཿལ་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ སྣོད་བཅུད་གདོད་ནས་རྣམ་དག་པ༔ པདྨ་དབང་གི་ཞིང་དུ་ཤར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ འབུམ་ཕྲག་བཞི་བཟླས་ཏིང་འཛིན་གྱིས༔ དངོས་གྲུབ་ཐོབ་པར་གདོན་མི་ཟ༔ འདི་ནི་ཡི་དམ་གཙོ་བོ་ལ༔ བརྟེན་ནས་བཟླས་པའི་རིམ་པའོ༔ ལྷ་སྔགས་སོ་སོར་སྒྲུབ་འདོད་ན༔ རྟ་མཆོག་རོལ་པའི་དཔྲལ་བ་རུ༔ མགྲིན་པ་རུ། ཐུགས་ཀ་རུ། ལྟེ་བ་རུ། གསང་གནས་སུ། ལྟེ་འོག་ཏུ། ནོར་བུ་རུ། སྣམས་ལོག་སུ། འཁོར་ལོའི་ལྟེ་བར་ཧཱུྃ་གི་མཐར༔ སྔགས་ཕྲེང་ལས་བྱུང་འོད་ཟེར་གྱིས༔ སྣོད་བཅུད་ལྷ་ཡི་ཞིང་དུ་བསྒྱུར༔ ཕྱོགས་དུས་རྒྱལ་བའི་སྐུ་ གསུང༌། ཐུགས། ཡོན་ཏན་གྱི། ཕྲིན་ལས་ཀྱི། བདེ་སྟོང་གི །མཐུ་སྟོབས་ཀྱི། དྲག་རྩལ་གྱི། རྡོ་རྗེའི༔ བྱིན་རླབས་དངོས་གྲུབ་རང་ལ་ཐིམ༔ སྣང་སྟོང་སྒྱུ་མ་ལྟ་བུ་ཡི༔ ལྷ་ཚོགས་ཀུན་ལ་རིག་པ་གཏད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཡ་མཱནྟ་ཀ་སརྦ་སིདྡྷི་ཧཱུྃ་ཕཊ༔ དེས་མཚོན་མགྲིན་པར་རྟ་མགྲིན་དང༔ ཐུགས་ཀར་ཡང་དག་ལ་སོགས་པ༔ སྒྲུབ་སྡེ་བརྒྱད་ཀྱི་ལྷ་ཚོགས་ལ༔ སེམས་འཛིན་སྤྲོ་བསྡུས་གསུང་ཐུགས་དང༔ ཡོན་ཏན་ཕྲིན་ལས་དངོས་གྲུབ་ཀྱི༔ སྤྲོ་བསྡུའི་དམིགས་པ་དང་ལྡན་པས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཧ་ཡ་གྲཱྀ་ཝ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་ཧཱ་ཀྲོ་དྷ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀརྨ་ཀཱི་ལི་ཀཱི་ལ་ཡ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་མ་མ་ཡོ་གི་ནི་ཀྲོ་དྷཱི་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཙཎྜ་སརྦ་སིདྡྷི་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཀྲོ་དྷ་མ་ཧཱ་བཱ་ལ་སརྦ་སིདྡྷི་ཧཱུྃ་ཕཊ༔ འབུམ་ཕྲག་བཞི་སོགས་རྟགས་དང་བསྟུན༔ ཡི་དམ་བཀའ་བརྒྱད་ལ་བརྟེན་ནས༔ དངོས་གྲུབ་སྒྲུབ་པའི་རིམ་པའོ༔ ས་མ་ཡ༔ ཕྲིན་ལས་མཁའ་འགྲོའི་བཟླས་པ་ནི༔ ཡུམ་མཆོག་ཕག་མོའི་ཐུགས་ཀ་རུ༔ དགའ་འཁྱིལ་གཡོན་བསྐོར་བཾ་གྱིས་མཚན༔ ཁུག་པར་ཧ་རི་ནི་ས་གསལ༔ དབང་ཆེན་ཡབ་ཀྱི་ཐུགས་ཀ་རུ༔ ས་བོན་ཧྲཱིཿལས་བྱུང་བའི་འོད༔ སྐུ་ཡི་དབྱིབས་བརྒྱུད་སྦྱོར་མཚམས་ནས༔ ཡུམ་གྱི་ཐུགས་སྲོག་ས་བོན་ལ༔ ཕོག་པས་བཟོད་མེད་བདེ་བ་གཡོས༔ བཾ་ལས་བྱུང་བའི་འོད་ཟེར་ཕྲེང༔ ཡབ་ཡུམ་ཞལ་བརྒྱུད་ཐུགས་ཀར་ཐིམ༔ འགལ་མེ་ལྟ་བུར་འཁོར་བ་ལས༔ འོད་ལྔའི་སྣང་བས་ཀུན་ཏུ་ཁྱབ༔ རིགས་ལྔ་མཁའ་འགྲོ་གྲངས་མེད་པས༔ ཞི་རྒྱས་དབང་དྲག་མཆོག་དངོས་ཀྱི༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་བཾ་ཧ་རི་ནི་ས་སརྦ་ཀརྨ་སིདྡྷི་ཧཱུྃ་ཨཱཿ འབུམ་ཕྲག་བཞི་བཟླས་རབ་འབྱམས་ལས༔ ཅི་འདོད་འགྲུབ་པར་གདོན་མི་ཟ༔ དེ་ནི་མཁའ་འགྲོ་ལ་བརྟེན་ནས༔ ལས་བཞི་སྒྲུབ་པའི་རིམ་པའོ༔ ས་མ་ཡ༔ བཀའ་སྡོད་ཆོས་སྲུང་སྒྲུབ་པ་ནི༔ དབང་ཆེན་ཐུགས་ལས་དཔལ་གྱི་ཞིང༔ མ་ནིང་ནག་པོ་ཕོ་ཉར་སྤྲོས༔ ལྟེ་འོག་ཙཎྜ་ལིར་གནས་པའི༔ ཨེ་ཀ་ཛཱ་ཊིར་གཉིས་མེད་སྦྱོར༔ རྡོ་རྗེ་དྲག་ཤུལ་འབར་བའི་རྩལ༔ ཡབ་ཡུམ་སྐུ་ལས་བར་མེད་སྤྲོས༔ རྒྱུད་གསུམ་དྲེགས་པ་ལས་ལ་བཀོལ༔ ཇི་ལྟར་འདོད་པའི་ཕྲིན་ལས་ཀྱིས༔ ཚར་གཅོད་རྗེས་འཛིན་ལས་སྒྲུབ་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་མ་མ་ཨེ་ཀ་ཛཱ་ཊི་སརྦ་ཀརྨ་སིདྡྷི་ཧཱུྃ་བྷྱོ་ཛཿ ཁྲི་ཕྲག་བཟླས་པས་ལས་ཀུན་བསྒྲུབ༔ དེ་ནི་སྲུང་མ་ལ་བརྟེན་ནས༔ ལས་ཀྱི་རིམ་པའི་མན་ངག་གོ༔ ས་མ་ཡ༔ བསྙེན་སྒྲུབ་ལས་སྦྱོར་གང་ལྟར་ཡང༔ ངོ་བོ་བླ་མའི་ཡེ་ཤེས་ལ༔ རྣམ་པ་རྩ་གསུམ་གང་སྒྲུབ་པའི༔ ལྷ་སྔགས་ཡེ་ཤེས་རོལ་པ་ཡིས༔ དངོས་གྲུབ་སྩོལ་བའི་འདུ་ཤེས་ཀྱིས༔ གདུང་ཤུགས་མོས་གུས་དྲག་ཏུ་བསྐུལ༔ ཡིད་ཆེས་དད་པས་གསོལ་འདེབས་ཤིང༔ ཇི་ལྟར་བསྟན་པའི་ཏིང་འཛིན་གྱིས༔ སྔགས་དང་དམིགས་པ་རྩེ་གཅིག་གཟིར༔ ཀུན་ཀྱང་ཆོས་ཉིད་དགོངས་པའི་གདེང༔ གཡོ་བ་མེད་པས་ཉམས་སུ་བླངས༔ སྒྲུབ་ཐག་ཉེ་ཞིང་བྱིན་རླབས་མྱུར༔ བར་ཆད་མེད་པར་དངོས་གྲུབ་ཐོབ༔ རིག་འཛིན་རྣམ་བཞིའི་ལམ་བགྲོད་ནས༔ པདྨ་བདག་དང་གཉིས་མེད་པའི༔ དངོས་གྲུབ་ཐོབ་པར་གདོན་མི་ཟ༔ ས་མ་ཡ༔ གསུམ་པ་རྗེས་ཀྱི་རིམ་པ་ལ༔ དང་པོ་ཚོགས་ཀྱི་མཆོད་པ་ནི༔ ཡར་མར་ཚེས་བཅུའི་དུས་ཀྱི་ཚེ༔ དུར་ཁྲོད་ལ་སོགས་དབེན་པ་རུ༔ དམ་ལྡན་རྣལ་འབྱོར་ཕོ་མོ་རྣམས༔ ཧེ་རུ་ཀ་ཡི་ཆས་སུ་ཞུགས༔ ཐལ་ཞག་རཀྟ་རུས་པས་བརྒྱན༔ ཞིང་ངམ་གཅན་གཟན་ལྤགས་པའི་སྟེང༔ ཤ་ཆང་བཟའ་བཅའ་བཅུད་ལྡན་བཤམ༔ བདུད་རྩི་བྲན་ཞིང་ཌཱ་དྲིལ་བཅས༔ དང་པོ་བྱིན་གྱིས་བརླབ་པ་ནི༔ ཧྲཱིཿ བདག་ཉིད་དཔལ་གྱི་ཐུགས་ཀ་ནས༔ རཾ་ལས་གཏུམ་མོའི་མེ་སྤྲོས་པས༔ གཉིས་སྣང་མཚན་མའི་དངོས་ཀུན་བསྲེག༔ ཡཾ་ལས་ཡེ་ཤེས་རླུང་བྱུང་བས༔ སྣོད་བཅུད་མཚན་མའི་བག་ཆགས་གཏོར༔ ཁཾ་ལས་ཧཾ་ཡིག་བདུད་རྩིའི་རྒྱུན༔ དཀར་དམར་མདངས་ལྡན་ཡེ་ཤེས་བཅུད༔ ཚོགས་གཞོང་པདྨ་བྷཉྫར་བསྐྱིལ༔ ཨོཾ་དཀར་འོད་ཀྱིས་མ་དག་སྦྱང༔ རིགས་ལྔའི་དམ་ཚིག་བླ་ན་མེད༔ ཨཱཿདམར་འོད་ཀྱིས་མི་ཟད་སྤེལ༔ འདོད་ཡོན་རོལ་པ་བསམ་མི་ཁྱབ༔ ཧཱུྃ་མཐིང་སངས་རྒྱས་ཐམས་ཅད་ཀྱི༔ རྟོག་འདུལ་དམ་ཚིག་རྫས་སུ་བསྒྱུར༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་ཚོགས་ཞིང་སྤྱན་འདྲེན་ནི༔ རྡོ་རྗེའི་གླུ་བྲོ་གར་དང་བཅས༔ སྤོས་དང་རོལ་མོས་ཐུགས་དམ་བསྐུལ༔ ཧཱུྃ་ཧྲཱིཿ རྗེ་བཙུན་བླ་མ་ཐོད་ཕྲེང་རྩལ༔ གདུང་བ་དྲག་པོས་སྤྱན་འདྲེན་ན༔ རྔ་ཡབ་དཔལ་གྱི་རི་བོ་ནས༔ རིག་འཛིན་ཚོམ་བུ་བཅས་ཏེ་སྤྱོན༔ ཡི་དམ་དབང་ཆེན་ཧེ་རུ་ཀ༔ འོག་མིན་པདྨ་དྲྭ་བ་ནས༔ རྒྱུད་སྡེ་རྒྱ་མཚོའི་འཁོར་དང་བཅས༔ དངོས་གྲུབ་ཆར་དུ་དབབ་ཕྱིར་སྤྱོན༔ གནས་ཡུལ་དུར་ཁྲོད་རབ་འབྱམས་ནས༔ མཁའ་འགྲོ་རྡོ་རྗེ་ཕག་མོ་ལ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོ་བཅས༔ ལས་བཞིའི་ཕྲིན་ལས་སྒྲུབ་ཕྱིར་སྤྱོན༔ གསང་ཆེན་རོལ་པའི་དུར་ཁྲོད་ནས༔ སྔགས་སྲུང་ཨེ་ཀ་ཛཱ་ཊི་ལ༔ ཆོས་སྲུང་རྒྱ་མཚོའི་འཁོར་དང་བཅས༔ སངས་རྒྱས་བསྟན་པ་སྐྱོང་ཕྱིར་སྤྱོན༔ ཧཱུྃ་ཧྲཱིཿ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ རྒྱན་དང་ཅོད་པན་པུ་རུ་རུ༔ རྡོ་རྗེའི་གླུ་བྲོ་ལམས་སེ་ལམ༔ ཡེ་ཤེས་དགོངས་ཉམས་ཏ་ལ་ལ༔ ངོ་མཚར་རྟགས་དང་མཚན་མ་བཅས༔ དམ་ཚིག་ཚོགས་ཀྱི་གནས་འདིར་གཤེགས༔ རྣལ་འབྱོར་ཉམས་རྟོགས་རིག་རྩལ་སྤོར༔ བར་ཆད་བདུད་བགེགས་དབྱིངས་སུ་སྒྲོལ༔ མཆོག་ཐུན་དངོས་གྲུབ་ཀུན་སྩོལ་བས༔ དགྱེས་པའི་ཚུལ་དུ་བཞུགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་སརྦ་ས་མ་ཡ་ཛཿཛཿཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཨེ་ཨ་རལླི་ཧོཿ གསུམ་པ་དང་པོ་ཕུད་ཀྱིས་མཆོད༔ ཧཱུྃ་ཧྲཱིཿ ཕྱི་སྣོད་འབྱུང་ལྔའི་བྷཉྫ་རུ༔ ནང་བཅུད་ཕུང་ཁམས་བདུད་རྩིས་གཏམས༔ རིག་འཛིན་བླ་མའི་ཚོགས་ལ་འབུལ༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ རྡོ་རྗེའི་ལུས་ཀྱི་བྷཉྫ་རུ༔ རྩ་རླུང་ཐིག་ལེའི་བདུད་རྩིས་གཏམས༔ ཡི་དམ་ཞི་ཁྲོའི་ཚོགས་ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སྐྱེ་མེད་དབྱིངས་ཀྱི་བྷཉྫ་རུ༔ འགགས་མེད་ཡེ་ཤེས་བདུད་རྩིས་གཏམས༔ མཁའ་འགྲོ་རྒྱ་མཚོའི་ཚོགས་ལ་འབུལ༔ ཕྲིན་ལས་རབ་འབྱམས་ཐོགས་མེད་སྒྲུབས༔ སྟོང་ཆེན་གཉུག་མའི་བྷཉྫ་རུ༔ འོད་གསལ་ཁྱབ་བརྡལ་བདུད་རྩིས་གཏམས༔ རྡོ་རྗེའི་ཆོས་སྲུང་རྒྱ་མཚོར་འབུལ༔ ཚར་གཅོད་རྗེས་འཛིན་ལས་ཀུན་མཛོད༔ མཚན་ལྡན་རྡོ་རྗེའི་བྷཉྫ་རུ༔ བཟའ་བཅའ་བཏུང་བའི་བདུད་རྩིས་གཏམས༔ རྩ་གསུམ་རྒྱ་མཚོའི་ཚོགས་ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་ག་ཎ་ཙཀྲ་པཱུ་ཛ་ས་མ་ཡ་ཧོཿ བཞི་པ་ཉམས་ཆག་བཤགས་པ་ནི༔ ཧོཿ རྩ་བ་གསུམ་གྱི་ལྷ་ཚོགས་རྣམས༔ ཡེ་ཤེས་བརྩེ་བས་བདག་ལ་དགོངས༔ འགལ་འཁྲུལ་ཉེས་པར་སྤྱོད་པས་ནོངས༔ དམ་རྫས་ཚོགས་ཀྱི་མཆོད་པས་བཤགས༔ སྣང་བ་ལྷ་རུ་མ་ཤེས་པར༔ སྣོད་བཅུད་ཐ་མལ་ཞེན་པ་ཡིས༔ སྐུ་ཡི་དམ་ཚིག་ཉམས་པ་བཤགས༔ དག་པ་ཆེན་པོའི་དངོས་གྲུབ་སྩོལ༔ གྲགས་སྟོང་སྔགས་སུ་མ་ཤེས་པར༔ སྒྲ་ཚིག་ཐ་མལ་ལོང་གཏམ་གྱིས༔ གསུང་གི་དམ་ཚིག་ཉམས་པ་བཤགས༔ གཞོམ་མེད་ཚངས་པའི་དངོས་གྲུབ་སྩོལ༔ དྲན་རྟོག་ཐུགས་སུ་མ་ཤེས་པར༔ གཟུང་འཛིན་ཐ་མལ་ཞེན་པ་ཡིས༔ ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཡེ་ཤེས་མཆོག་གི་དངོས་གྲུབ་སྩོལ༔ སྣང་སྤྱོད་ཐ་མལ་ཞེན་པ་ཡིས༔ རྟོག་འཁྲུལ་ཉམས་ཆག་ཇི་སྙེད་པ༔ ཡེ་ཤེས་ཚོགས་ཀྱི་མཆོད་པས་བཤགས༔ གཉིས་མེད་མཉམ་པར་སྐོང་གྱུར་ཅིག༔ ས་མ་ཡ་ཤུདྡྷེ་ཨཱཿ ཡིག་བརྒྱ་བརྗོད༔ ལྔ་པ་བསྒྲལ་ཞིང་བསྟབ་པ་ནི༔ ཧཱུྃ༔ དབང་ཆེན་པདྨ་ཧེ་རུ་ཀ༔ རྔམས་དྲག་གཏུམ་པའི་རང་བཞིན་ལས༔ ཡཀྴ་མེ་དབལ་སྐར་ལྟར་འཁྲུགས༔ ལས་ཀྱི་ཁྲོ་བོས་སྟོང་གསུམ་གང༔ གཡས་པས་རྡོ་རྗེ་ཕུར་པ་འདྲིལ༔ གཡོན་པས་ལྕགས་ཀྱུ་ཞགས་པ་ཐོགས༔ ཁུག་ཅིག་ཕོབ་ཅིག་ལྷ་དང་ཕྱེས༔ སྨྱོར་ཆུག་མཚོན་ཆའི་ཆར་ཆེན་ཕོབ༔ སྒྲོལ་བྱེད་ལས་ཀྱི་ཀཱི་ལ་ཡ༔ སྐུ་སྟོད་ཁྲོ་བོ་འཇིགས་པ་ལ༔ སྐུ་སྨད་ཕུར་པའི་དབལ་དང་ལྡན༔ བསྒྲིལ་ཞིང་བཏབ་པས་ལྷ་ཡང་འགུག༔ ཉམས་པའི་སྙིང་གི་དཀྱིལ་དུ་ཡ༔ ཚེ་བསོད་དྭངས་མ་བདག་ལ་བསྟིམ༔ རྣམ་ཤེས་རྒྱལ་བའི་སྲས་སུ་འཕོ༔ ཤ་ཁྲག་རུས་པའི་ཕུང་པོ་ཀུན༔ རྩ་གསུམ་ལྷ་ལ་བསྟབ་བོ་བཞེས༔ ལོག་འདྲེན་དགྲ་བགེགས་སྒྲོལ་བར་མཛོད༔ སརྦ་ཤ་ཏྲཱུན་མཱ་ར་ཕཊ༔ མ་ཧཱ་མཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་རཾ་ཁཱ་ཧི༔ ཧཱུྃ་ཧྲཱིཿ ཐུགས་དམ་ཆེན་པོའི་དུས་ལ་བབས༔ རྗེ་བཙུན་པདྨ་ཐོད་ཕྲེང་རྩལ༔ ཡེ་ཤེས་དབྱིངས་ལས་གནས་འདིར་གཤེགས༔ རིག་རྩལ་དགོངས་པའི་དབང་ཆེན་བསྐུར༔ དཔལ་ཆེན་རྟ་མཆོག་རོལ་པ་རྩལ༔ ཡི་དམ་རྒྱ་མཚོའི་ཚོགས་དང་བཅས༔ བྱིན་འོད་ཐིབས་སེ་གནས་འདིར་གཤེགས༔ བརྟུལ་ཞུགས་བདེ་སྟོང་རོལ་པར་མཛོད༔ རྡོ་རྗེ་ཕག་མོ་ཁྲོས་མ་ནག༔ འབུམ་ཕྲག་མཁའ་འགྲོའི་འཁོར་དང་བཅས༔ དུར་ཁྲོད་རོལ་པའི་གནས་འདིར་གཤེགས༔ གསང་མཆོག་རྡོ་རྗེའི་ཕྲིན་ལས་མཛོད༔ ཡུམ་ཆེན་ཨེ་ཀ་ཛཱ་ཊི་མ༔ རྒྱུད་གསུམ་ཆོས་སྲུང་རྒྱ་མཚོ་བཅས༔ དཔལ་གྱི་ཚོགས་ཁང་འདི་རུ་གཤེགས༔ ཐོགས་པ་མེད་པའི་ཕྲིན་ལས་མཛོད༔ དབང་དྲག་རོལ་པའི་གཞལ་མེད་ཁང༔ རཀྟའི་རྒྱ་མཚོ་ཆི་ལི་ལི༔ ཞིང་ཆེན་ལྷུ་དུམ་ཉི་ལི་ལི༔ གིང་རྣམས་རུ་མཚོན་ལྷབས་སེ་ལྷབ༔ བརྡ་དང་བཤུག་པས་འབོད་ལགས་ན༔ ཀུན་ཀྱང་རྡོ་རྗེའི་ལས་ལ་བཞེངས༔ བདེ་ཆེན་གཟི་བྱིན་ཡ་ལ་ལ༔ དགའ་བཞིའི་ཉམས་མྱོང་བུན་ནེ་བུན༔ རྟོག་བྲལ་ཁྲག་འཐུང་ཧེ་རུ་ཀའི༔ དམ་ཚིག་ཆེན་པོའི་ལས་མཛོད་ཅིག༔ གཉིས་སྣང་འཁྲུལ་རྟོག་བག་ཆགས་སྒྲོལ༔ རང་བྱུང་ཡེ་ཤེས་འཁོར་ལོ་རུ༔ གཉིས་སུ་མེད་པར་བྱང་ཆུབ་མཛོད༔ ཅེས་བསྐུལ་དམ་ཚིག་རྫས་རྣམས་ལ༔ གཙང་དམེ་མེད་པས་ཚིམ་པར་རོལ༔ ལུས་ནང་འཁོར་ལོ་བཞི་ཡི་དབྱིངས༔ ཙཎྜ་ལིས་བཞུས་ཧཾ་ཡིག་རྒྱུན༔ ལྷ་ཚོགས་དགྱེས་སྐོང་གཟི་བྱིན་འབར༔ ནང་དང་གསང་བའི་ཚོགས་ཀྱིས་མཆོད༔ དྲུག་པ་ལྷག་མའི་མཆོད་པ་ནི། ཧྲཱིཿ པདྨ་དབང་གི་བཀའ་ཉན་པ༔ དཔའ་བོ་གིང་དང་ལངྐའི་ཚོགས༔ མཁའ་འགྲོ་ཤུགས་འགྲོ་མ་དང་སྲིང༔ དཀྱིལ་འཁོར་མུ་རན་སྐྱོང་བ་ཀུན༔ ཡེ་ཤེས་བདུད་རྩིའི་ལྷག་མ་འདི༔ བཞེས་ལ་སྔོན་གྱི་ཐ་ཚིག་བཞིན༔ ཉམས་པ་སྒྲོལ་ཞིང་རྣལ་འབྱོར་གྱི༔ ལས་ཀུན་སྒྲུབ་པའི་སྡོང་གྲོགས་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ རྩ་གསུམ་ལྷ་ཡི་དཀྱིལ་འཁོར་དུ༔ ཕྱི་ནང་གསང་བའི་ཚོགས་ཀྱིས་མཆོད༔ ཉམས་ཆག་འགལ་འཁྲུལ་མ་ལུས་དག༔ བདེ་ཆེན་སྣང་བ་རྒྱས་པར་གྱུར༔ བདུན་པ་ཐུགས་དམ་བསྐུལ་བ་ནི༔ ཧྲཱིཿ ཆོས་དབྱིངས་བདེ་བ་ཆེན་པོ་ནས༔ འགག་མེད་ཐུགས་རྗེའི་རོལ་པ་ནི༔ གང་འདུལ་སྒྱུ་འཕྲུལ་དྲྭ་བའི་སྐུ༔ རྩ་གསུམ་ལྷ་ཚོགས་དབྱིངས་ནས་བཞེངས༔ བདག་རྟོག་གཉིས་འཛིན་འཁྲུལ་པ་ཡི༔ སྡུག་བསྔལ་རྒྱུ་འབྲས་སྤྱོད་པའི་ཚེ༔ སྣང་གྲགས་ཡེ་ཤེས་སྣང་བ་ཡི༔ གོ་འཕང་མཆོག་ལ་དབུགས་འབྱིན་མཛོད༔ ནད་གདོན་བར་གཅོད་དབྱིངས་སུ་ཞི༔ ཚེ་དཔལ་ཡེ་ཤེས་སྣང་བ་རྒྱས༔ ཁམས་གསུམ་རླུང་སེམས་དབང་དུ་སྡུས༔ གདོན་བགེགས་གཟུང་འཛིན་ཐབས་ཀྱིས་སྒྲོལ༔ སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན༔ ནང་གི་ས་ལམ་ཡོངས་རྫོགས་ནས༔ རྣམ་བཞིའི་རིག་འཛིན་གོ་འཕང་ཆེར༔ དཀའ་བ་མེད་པར་ཕྱིན་པར་མཛོད༔ བརྒྱད་པ་ཆད་ཐོ་བསྒྲག་པ་ནི༔ ཧཱུྃ་ཧྲཱིཿ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ རང་བྱུང་སངས་རྒྱས་འོད་སྣང་མཐའ་ཡས་ཀྱིས༔ ཡེ་ཤེས་རོལ་པ་དག་པའི་འཁོར་ཚོགས་ལ༔ སྟོན་འཁོར་དགོངས་པ་གཅིག་པའི་རྒྱུད་བསྟན་ཚེ༔ རིག་པའི་རང་རྩལ་བཀའ་སྲུང་ཕོ་ཉ་ཡིས༔ ཡེ་ཤེས་རྒྱན་གྱི་ཐ་ཚིག་ཞལ་བཞེས་བཞིན༔ འཁྲུལ་པ་གཞི་ལ་དག་པའི་ཕྲིན་ལས་མཛོད༔ བར་དུ་རང་སྣང་པདྨ་དྲྭ་བའི་ཞིང༔ གསང་འཛིན་རྡོ་རྗེ་དབང་ཆེན་ཧེ་རུ་ཀས༔ བདེ་ཆེན་གཟི་འོད་འབར་བའི་ཆོས་བསྟན་ཚེ༔ ཉིད་ལས་མི་གཞན་རང་སྣང་བཀའ་སྲུང་གིས༔ གཞོམ་མེད་རྡོ་རྗེའི་རྒྱུད་ཀྱི་གཉེར་འཛིན་པོའི༔ རྡོ་རྗེའི་གཡར་དམ་བཞིན་དུ་ཕྲིན་ལས་མཛོད༔ ཐ་མ་འཛམ་གླིང་ལས་ཅན་དག་པའི་ངོར༔ རྡོ་རྗེའི་སྐུ་བརྙེས་པདྨ་སཾ་བྷ་ཝས༔ ཕྱོགས་དུས་གདུལ་བྱ་འདུལ་བའི་དུས་བབ་ཚེ༔ རྡོ་རྗེ་ཐེག་པའི་སྨིན་གྲོལ་ཆོས་བསྟན་སྐབས༔ བཀའ་ཡི་ཕོ་ཉ་ཆོས་སྲུང་མ་ལུས་པས༔ ཕྲིན་ལས་ཚུལ་བཞིན་སྒྲུབ་པར་དམ་བཅས་བཞིན༔ ཐ་ཚིག་མ་བསྙེལ་བཅོལ་བའི་ལས་མཛོད་ཅིག༔ དེང་དུས་སྨོན་ལམ་དུས་བབ་རིག་འཛིན་ལ༔ དགོངས་པའི་དབང་བསྐུར་བརྡ་ཡིས་རྒྱུད་བཀྲོལ་ནས༔ ཟབ་ལམ་དངོས་གྲུབ་ཐོབ་པའི་སྐལ་ལྡན་ཚེ༔ བཀའ་ཉན་གཏེར་སྲུང་དམ་ཅན་རྒྱ་མཚོ་ཡིས༔ འདོད་ཡོན་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ ཟབ་གསང་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད༔ ཤྲཱི་དྷརྨ་པཱ་ལ་བ་ལིཾ་ཏ་པཱུ་ཛ་ཁཱ་ཧི༔ དགུ་པ་བརྟན་མ་བཤལ་ཆུས་མཆོད༔ ཧྲཱིཿ ཕྱི་ལྟར་གསང་སྔགས་བཀའ་ཡི་སྲུང་མ་ཆེ༔ ཞིང་སྐྱོང་ཌཱ་ཀི་བརྟན་མ་བཅུ་གཉིས་རྣམས༔ དཔལ་གྱི་ཕམ་ཕབ་གཏོར་མ་འདི་བཞེས་ལ༔ མཐའ་ཡི་སོ་ཁ་སྲུངས་ལ་ཀླ་ཀློ་ཟློག༔ ནང་དུ་རྡོ་རྗེའི་ལུས་ཀྱི་རྩ་ཐིག་རླུང༔ དུས་སྦྱོར་འཕོ་བ་དག་པའི་རྟེན་འབྲེལ་ལས༔ བདེན་དོན་ཡན་ལག་བརྟན་མའི་ཚོགས་རྣམས་ཀུན༔ ཞུ་བདེའི་བཤལ་ཆུ་བཞེས་ལ་གཟུང་འཛིན་སྒྲོལ༔ གཞན་དུ་རིག་རྩལ་དབྱིངས་སུ་སྡུད་པའི་ཚེ༔ འཁྲུལ་རྟོག་གཞི་ལ་དག་པའི་བརྟན་མ་རྣམས༔ རང་སྣང་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ གཞི་གྲོལ་གཏན་སྲིད་ཟིན་པའི་ལས་མཛོད་ཅིག༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ བཅུ་པ་རྟ་བྲོས་མནན་པ་ནི༔ ཧྲཱིཿ དབང་ཆེན་པདྨ་ཧེ་རུ་ཀ༔ མ་མོ་མཁའ་འགྲོའི་འཁོར་དང་བཅས༔ དཔལ་གྱི་རྟ་བྲོ་ཆེམས་སེ་ཆེམ༔ ཁྲོ་བོའི་འབྲུག་སྒྲ་དི་རི་རི༔ དབང་གི་རྟ་སྐད་ཙེ་རེ་རེ༔ ཡེ་ཤེས་རོལ་པས་བྲོ་བརྡུངས་པས༔ བདུད་དང་ལོག་འདྲེན་བར་ཆད་བསྒྲལ༔ དམ་སྲི་འབྱུང་པོ་ཐལ་བར་བརླག༔ བར་དུ་གཅོད་པའི་སྡེ་ཐམས་ཅད༔ ལྡང་མེད་མནན་པའི་ལས་མཛོད་ཅིག༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན༔ བཅུ་གཅིག་དངོས་གྲུབ་བླང་བ་ནི༔ ཧྲཱིཿ བདེ་བ་ཆེན་པོ་འོད་མི་འགྱུར་བའི་ཞིང༔ བཀོད་པ་ཚད་མེད་རྩ་གསུམ་ལྷ་ཚོགས་བཅས༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་རྩལ་བསྐྱེད་ལ༔ དབང་དང་བྱིན་རླབས་དངོས་གྲུབ་བསྩལ་དུ་གསོལ༔ སྣང་སྟོང་སྒྱུ་མ་སྐུ་ཡི་དཀྱིལ་འཁོར་ནས༔ འགྱུར་མེད་བདེ་གཤེགས་བུམ་པའི་དབང་བསྐུར་སྩོལ༔ གྲགས་སྟོང་འགག་མེད་གསུང་གི་དཀྱིལ་འཁོར་ནས༔ མ་ཆགས་པདྨ་གསུང་གི་དབང་བསྐུར་སྩོལ༔ བདེ་སྟོང་གཉིས་མེད་ཐུགས་ཀྱི་དཀྱིལ་འཁོར་ནས༔ འཕོ་མེད་རྡོ་རྗེ་ཤེར་ཡེའི་དངོས་གྲུབ་སྩོལ༔ ཀུན་ཁྱབ་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནས༔ དོན་དམ་བཞི་པའི་དབང་བསྐུར་བསྩལ་དུ་གསོལ༔ ལས་བཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ ཐུན་མོང་དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ རྩ་གསུམ་ཀུན་འདུས་དོན་གྱི་དཀྱིལ་འཁོར་ནས༔ ཁྱད་པར་མཆོག་གི་དངོས་གྲུབ་བསྩལ་དུ་གསོལ༔ དོན་གཉིས་ལྷུན་གྲུབ་མི་སློབ་རྡོ་རྗེའི་སར༔ སྨིན་གྲོལ་ཡོངས་རྫོགས་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་དྷེ་ཝ་དྷཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཧྲཱིཿ ཞེས་བརྗོད་སྒྲུབ་རྟེན་གནས་གསུམ་བཞག༔ བདུད་རྩི་གཏོར་མའི་ལྷག་མ་མྱོང༔ བཅུ་གཉིས་ནོངས་པ་བཤགས་པ་ནི༔ ཧོཿ བདག་ཅག་མི་ཤེས་རྨོངས་པ་ཡིས༔ གཟུང་འཛིན་འཁྲུལ་པའི་ལས་བསགས་ཏེ༔ འགལ་འཁྲུལ་ནོངས་པ་ཅི་མཆིས་པ༔ རྩ་གསུམ་ལྷ་ཚོགས་སྤྱན་སྔར་བཤགས༔ ཡི་གེ་བརྒྱ་པ་ལན་གསུམ་བཟླ༔ བཅུ་གསུམ་ལྷར་སྣང་དབྱིངས་སུ་བསྡུ༔ རྗེས་ཐོབ་སྒྱུ་མའི་ལྷ་སྐུར་ལྡང༔ ཨཿ སྣོད་བཅུད་སྣང་བ་ལྷའི་འཁོར་ལོ༔ འོད་གསལ་གཉུག་མའི་དབྱིངས་སུ་ཐིམ༔ གདོད་ནས་སྐྱེ་འགག་གནས་བྲལ་བའི༔ ཡེ་ཤེས་གཅིག་ཏུ་རྣམ་པར་དག༔ ཨ་ཨ་ཨཿ སྣང་བ་མ་འགག་ཡེ་ཤེས་ལྷ༔ ཇི་སྙེད་སྒྲ་ཀུན་རྡོ་རྗེའི་སྔགས༔ གཉུག་མའི་སེམས་ནི་འོད་གསལ་ཐུགས༔ ཡེ་ཤེས་ཆེན་པོར་འདུ་འབྲལ་མེད༔ ཨོཾ་ཨཱཿཧཱུྃ༔ བཅུ་བཞི་བསྔོ་སྨོན་རྒྱ་ཡིས་གདབ༔ བདག་གིས་ལྷ་མཆོག་བསྒྲུབས་ལ་སོགས༔ དུས་གསུམ་ཚོགས་གཉིས་ཅི་བསགས་པ༔ མཁའ་ཁྱབ་འགྲོ་བ་མ་ལུས་ཀུན༔ རྩ་གསུམ་གོ་འཕང་ཐོབ་ཕྱིར་བསྔོ༔ དེང་ནས་བྱང་ཆུབ་སྙིང་པོའི་བར༔ བླ་མ་མཆོག་དང་མི་འབྲལ་ཞིང༔ ཡི་དམ་ལྷ་ཡིས་རྗེས་སུ་བཟུང༔ མཁའ་འགྲོས་ས་ལམ་གྲོགས་མཛད་ནས༔ དངོས་གྲུབ་དཀའ་བ་མེད་པར་ཐོབ༔ དོན་གཉིས་ལྷུན་གྱིས་གྲུབ་པ་ཡིས༔ རྒྱལ་བའི་བསྟན་པ་རྒྱས་བྱེད་ཅིང༔ རྟག་ཏུ་འགྲོ་བའི་དོན་ནུས་ཤོག༔ བཅོ་ལྔ་ཤིས་པ་བརྗོད་པ་ནི༔ ཨོཾ༔ ཡེ་ཤེས་དགོངས་པ་མཁའ་ལྟར་དག༔ འགྲོ་འདུལ་ཐུགས་རྗེ་རྨད་དུ་བྱུང༔ རྒྱལ་བ་ཀུན་གྱི་ཕྲིན་ལས་འཛིན༔ རིག་འཛིན་བླ་མའི་བཀྲ་ཤིས་ཤོག༔ བདེ་ཆེན་གཅིག་གི་རོལ་པ་ལས༔ སྒྱུ་འཕྲུལ་བཀོད་པ་དབྱིངས་སུ་མཉམ༔ མཐའ་དག་དངོས་གྲུབ་ཀུན་སྩོལ་མཛད༔ ཡི་དམ་ལྷ་ཡི་བཀྲ་ཤིས་ཤོག༔ དོན་གྱི་ས་ལམ་ཡོངས་རྫོགས་ཀྱང༔ ལས་ཀྱི་ཕྲིན་ལས་རོལ་པ་ཡིས༔ ཚར་གཅོད་རྗེས་འཛིན་བསྟན་པ་སྲུང༔ མཁའ་འགྲོ་ཆོས་སྐྱོང་བཀྲ་ཤིས་ཤོག༔ གནས་སྐབས་འདོད་རྒུའི་དཔལ་གྱིས་འབྱོར༔ མཐར་ཐུག་སྐུ་ལྔ་ཡོངས་རྫོགས་པ༔ རྩ་གསུམ་ལྷ་དང་དབྱེར་མེད་པའི༔ གོ་འཕང་མཆོག་བརྙེས་བཀྲ་ཤིས་ཤོག༔ ས་མ་ཡ༔ ཨེ་མ་བདག་ཉིད་ཐོད་ཕྲེང་རྩལ༔ ཆོས་ཉིད་དགོངས་པ་ཀློང་དུ་གྱུར༔ འགྲོ་འདུལ་ཕྲིན་ལས་མཁའ་དང་མཉམ༔ སངས་རྒྱས་ཀུན་གྱི་གསང་བ་འཛིན༔ ཁྱད་པར་བོད་ཁམས་འགྲོ་ལ་བརྩེ༔ སྒོས་སུ་སྙིགས་མའི་སེམས་ཅན་གཏུལ༔ རྟག་ཏུ་ཡལ་བར་མི་འདོར་བའི༔ བརྩེ་གདུང་རྒྱུན་མི་ཆད་པ་ལས༔ དུས་ངན་སྙིགས་མའི་སེམས་ཅན་རྣམས༔ རང་གི་ལས་ཀྱིས་རང་ཉིད་ཕུང༔ ནད་མུག་མཚོན་གྱི་བསྐལ་པ་ལྡང༔ སྡུག་བསྔལ་ཚོར་བ་ཉམ་ཐག་པའི༔ བདེ་བའི་གོ་སྐབས་བྲལ་བའི་ཚེ༔ ལས་ཅན་སྐལ་བ་ལྡན་པ་རྣམས༔ པདྨ་བདག་ལ་གསོལ་བ་ཐོབ༔ སྙིང་པོའི་བཟླས་པ་དབུགས་ལྟར་བགྲང༔ ཡིད་ཆེས་མོས་གུས་བློ་གཏད་བཅོལ༔ ཅི་མཛད་ཨོ་རྒྱན་མཁྱེན་སྙམ་པའི༔ བློ་གཏད་ལིང་གིས་སྐྱུར་གྱིས་དང༔ ངེས་པར་བདག་གིས་བྱིན་གྱིས་བརླབ༔ སྤྲིན་བར་ཉི་བཞིན་བདེ་ཡང་སྲིད༔ དེ་ཕྱིར་ཐུགས་སྒྲུབ་གསང་བའི་ལམ༔ རྩ་གསུམ་ཡོངས་འདུས་ཏི་ལ་ཀ༔ ཤིན་ཏུ་སྙིགས་མའི་དུས་ཀྱི་ཚེ༔ བི་མ་མི་ཏྲས་བྱིན་བརླབས་ཤིང༔ མངའ་བདག་ཁུ་དབོན་སྨོན་ལམ་གཟུགས༔ ལས་ཅན་སྐྱེས་བུ་རིག་པ་འཛིན༔ མཚན་ཉིད་ལྔ་དང་ལྡན་པ་ཡི༔ དགོངས་པའི་གཏེར་དུ་འཕོས་ནས་ཀྱང༔ གཏན་ལ་ཕབ་པས་དོན་ཡོད་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ རྩ་གསུམ་ཀུན་འདུས་གུ་རུའི་ཐུགས་སྒྲུབ་རང་བྱུང་པདྨའི་སྙིང་ཐིག་དངོས་གྲུབ་སྙིང་པོ་འདི་ཉིད་རང་ལོ་སུམ་ཅུ་རྩ་དྲུག་པར་རིགས་ཀུན་ཁྱབ་བདག་འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་དྲིན་ལས་རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་ཡོངས་སུ་རྫོགས་པའི་སྐལ་བཟང་མངོན་དུ་གྱུར་པའི་ཚེ་དད་ལྡན་འགའ་ཞིག་ལ་གུ་རུའི་གསོལ་འདེབས་ལེའུ་བདུན་མའི་ལུང་བཀླགས་པས་ལོ་རྒྱུས་ཡིག་ཆུང་མཇལ་བའི་རྐྱེན་ལས་ཐོལ་བྱུང་དུ་རིག་གདངས་སུ་སད་པ་ཡི་གེར་བཏབ་སྟེ་རྗེ་བླ་མར་སྤྱན་བསྟར་ཞུས་པས་ཚིག་རིས་ཕལ་ཆེར་གཏེར་རྙིང་ཞིག་དང་མཚུངས་པར་འདུག་ཅེས་དགྱེས་པའི་ཚུལ་གྱིས་དེ་འཕྲལ་སྨིན་གྲོལ་ཆིག་བརྒྱུད་དུ་གསན་ནས་ཐམས་ཅད་མཁྱེན་གཟིགས་མཉྫུའི་ཞབས་ཀྱིས་རྩ་གསུམ་གཅིག་དྲིལ་རྡོ་རྗེའི་ཐོལ་གླུ་བཞུགས་པའི་དགོངས་པ་ལྟར་ཡིན་འདུག་ཅེས་གསུངས་ཤིང་རང་གཞན་འགའ་ཞིག་གིས་བསྙེན་སྒྲུབ་ཉམས་ལེན་ཅུང་ཟད་བྱས་ཀྱང་དུས་ཀྱི་འགྱུར་བས་དཔེ་རྒྱུན་དབྱིངས་སུ་སྡུད་པ་རེ་ཞིག་བཏང་སྙོམས་སུ་གྱུར་མོད། སླད་ནས་ལས་སྨོན་རྟེན་འབྱུང་གི་རེ་ཁཱ་བསུབ་ཏུ་མེད་པས་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་མཛེས་རྒྱན་ལོ་ཆེན་བཻ་རོའི་རྣམ་འཕྲུལ་དུ་གྲགས་པ་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ངག་དབང་ཆོས་ཀྱི་བློ་གྲོས་ནས་བལ་ཡུལ་རྡོ་རྗེའི་གནས་མཆོག་ཡང་ལེ་ཤོད་དུ་གནས་འབྲེལ་ལ་ཕྱིན་སྐབས་དགོངས་ཀློང་དུ་གང་ཤར་གྱི་ཟབ་ཆོས་ཞིག་གཏན་ལ་འབེབས་དགོས་པར་གསུང་བསྐུལ་དང་རྩ་གསུམ་གྱི་ཚོགས་མཆོད་སྟོང་རྩ། རིན་པོ་ཆེ་སྣ་ཚོགས་པའི་མཎྜལ་དང་བཅས་བཀའ་ནན་ཏན་གནང་བ་བཞིན་བླ་སྒྲུབ་སྔོན་མ་དང་ཚིག་དོན་ཕལ་ཆེར་གཅིག་གྱུར་འདིའང་ཡིད་ངོར་གསལ་བ་དང༌། སྔོན་ཆད་ཀུན་མཁྱེན་བླ་མ་མཉྫུ་གྷོ་ཥ་དྷརྨ་མ་ཏིས་ཁྱེད་རང་གིས་ཟབ་གཏེར་གནད་དོན་ཅན་དག་ཡལ་བར་མ་དོར་བར་བྲིས་སྤེལ་གྱིས་དང་བསྟན་འགྲོར་ཕན་ཅིང་དོན་དང་ལྡན་པ་ཡིན་ཞེས་རྟེན་དང་བཅས་པའི་རྡོ་རྗེའི་བཀའ་ལུང་ཆེད་དུ་ཡང་ཡང་བསྩལ་བ་རྗེས་སུ་སྒྲུབ་པའི་སླད་ས་བྱ་ནག་པ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་བཅུའི་མཆོད་པ་ཉིན་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་རྡོ་རྗེའི་གནས་ཆེན་དེ་ཉིད་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་དད་བློ་རྣམ་པར་གསལ་ཞིང་ཟབ་མོའི་ཆོས་ལ་ཡིད་ཆེས་དང་ལྡན་པ་ཨོ་རྒྱན་གཞན་ཕན་ནས་བགྱིས་པ་འདིས་ཀྱང༌། བོད་ཡུལ་ཕྱི་མའི་གདུལ་བྱའི་གཙོས་རིས་མེད་པའི་བསྟན་འགྲོའི་སྨན་ཡོན་དུ་འགྱུར་བར་རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་ཐུགས་བསྐྱེད་དང་སྨོན་ལམ་རྨད་དུ་བྱུང་བའི་བདེན་པས་འགྲུབ་པར་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 13:09, 7 December 2022
Wylie title | rang byung pad+ma'i snying thig las: rtsa gsum kun 'dus gu ru'i thugs sgrub dngos grub snying po | |
---|---|---|
Location | dil mgo mkhyen brtse bka' 'bum Volume 17, Text 7, Pages 18-35 (Folios 1a to 18b2) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. Rang byung pad+ma'i snying thig las rtsa gsum kun 'dus gu ru'i thugs sgrub dngos grub snying po. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 18-35. Delhi: Shechen Publications, 1994. | |
Genre | Activity Manual - las byang · Sadhanas - Evocation Ritual - sgrub thabs | |
Cycle | རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig) | |
Deity | rta mgrin | |
Colophon |
རྩ་གསུམ་ཀུན་འདུས་གུ་རུའི་ཐུགས་སྒྲུབ་རང་བྱུང་པདྨའི་སྙིང་ཐིག་དངོས་གྲུབ་སྙིང་པོ་འདི་ཉིད་རང་ལོ་སུམ་ཅུ་རྩ་དྲུག་པར་རིགས་ཀུན་ཁྱབ་བདག་འཇམ་མགོན་བླ་མ་པདྨ་ཡེ་ཤེས་རྡོ་རྗེའི་བཀའ་དྲིན་ལས་རིན་ཆེན་གཏེར་མཛོད་ཆེན་པོའི་སྨིན་གྲོལ་ཡོངས་སུ་རྫོགས་པའི་སྐལ་བཟང་མངོན་དུ་གྱུར་པའི་ཚེ་དད་ལྡན་འགའ་ཞིག་ལ་གུ་རུའི་གསོལ་འདེབས་ལེའུ་བདུན་མའི་ལུང་བཀླགས་པས་ལོ་རྒྱུས་ཡིག་ཆུང་མཇལ་བའི་རྐྱེན་ལས་ཐོལ་བྱུང་དུ་རིག་གདངས་སུ་སད་པ་ཡི་གེར་བཏབ་སྟེ་རྗེ་བླ་མར་སྤྱན་བསྟར་ཞུས་པས་ཚིག་རིས་ཕལ་ཆེར་གཏེར་རྙིང་ཞིག་དང་མཚུངས་པར་འདུག་ཅེས་དགྱེས་པའི་ཚུལ་གྱིས་དེ་འཕྲལ་སྨིན་གྲོལ་ཆིག་བརྒྱུད་དུ་གསན་ནས་ཐམས་ཅད་མཁྱེན་གཟིགས་མཉྫུའི་ཞབས་ཀྱིས་རྩ་གསུམ་གཅིག་དྲིལ་རྡོ་རྗེའི་ཐོལ་གླུ་བཞུགས་པའི་དགོངས་པ་ལྟར་ཡིན་འདུག་ཅེས་གསུངས་ཤིང་རང་གཞན་འགའ་ཞིག་གིས་བསྙེན་སྒྲུབ་ཉམས་ལེན་ཅུང་ཟད་བྱས་ཀྱང་དུས་ཀྱི་འགྱུར་བས་དཔེ་རྒྱུན་དབྱིངས་སུ་སྡུད་པ་རེ་ཞིག་བཏང་སྙོམས་སུ་གྱུར་མོད། སླད་ནས་ལས་སྨོན་རྟེན་འབྱུང་གི་རེ་ཁཱ་བསུབ་ཏུ་མེད་པས་སྔ་འགྱུར་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པའི་མཛེས་རྒྱན་ལོ་ཆེན་བཻ་རོའི་རྣམ་འཕྲུལ་དུ་གྲགས་པ་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ངག་དབང་ཆོས་ཀྱི་བློ་གྲོས་ནས་བལ་ཡུལ་རྡོ་རྗེའི་གནས་མཆོག་ཡང་ལེ་ཤོད་དུ་གནས་འབྲེལ་ལ་ཕྱིན་སྐབས་དགོངས་ཀློང་དུ་གང་ཤར་གྱི་ཟབ་ཆོས་ཞིག་གཏན་ལ་འབེབས་དགོས་པར་གསུང་བསྐུལ་དང་རྩ་གསུམ་གྱི་ཚོགས་མཆོད་སྟོང་རྩ། རིན་པོ་ཆེ་སྣ་ཚོགས་པའི་མཎྜལ་དང་བཅས་བཀའ་ནན་ཏན་གནང་བ་བཞིན་བླ་སྒྲུབ་སྔོན་མ་དང་ཚིག་དོན་ཕལ་ཆེར་གཅིག་གྱུར་འདིའང་ཡིད་ངོར་གསལ་བ་དང༌། སྔོན་ཆད་ཀུན་མཁྱེན་བླ་མ་མཉྫུ་གྷོ་ཥ་དྷརྨ་མ་ཏིས་ཁྱེད་རང་གིས་ཟབ་གཏེར་གནད་དོན་ཅན་དག་ཡལ་བར་མ་དོར་བར་བྲིས་སྤེལ་གྱིས་དང་བསྟན་འགྲོར་ཕན་ཅིང་དོན་དང་ལྡན་པ་ཡིན་ཞེས་རྟེན་དང་བཅས་པའི་རྡོ་རྗེའི་བཀའ་ལུང་ཆེད་དུ་ཡང་ཡང་བསྩལ་བ་རྗེས་སུ་སྒྲུབ་པའི་སླད་ས་བྱ་ནག་པ་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་བཅུའི་མཆོད་པ་ཉིན་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་རྡོ་རྗེའི་གནས་ཆེན་དེ་ཉིད་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་དད་བློ་རྣམ་པར་གསལ་ཞིང་ཟབ་མོའི་ཆོས་ལ་ཡིད་ཆེས་དང་ལྡན་པ་ཨོ་རྒྱན་གཞན་ཕན་ནས་བགྱིས་པ་འདིས་ཀྱང༌། བོད་ཡུལ་ཕྱི་མའི་གདུལ་བྱའི་གཙོས་རིས་མེད་པའི་བསྟན་འགྲོའི་སྨན་ཡོན་དུ་འགྱུར་བར་རྩ་གསུམ་ཀུན་འདུས་ཨོ་རྒྱན་རྡོ་རྗེ་ཐོད་ཕྲེང་རྩལ་གྱིས་ཐུགས་བསྐྱེད་དང་སྨོན་ལམ་རྨད་དུ་བྱུང་བའི་བདེན་པས་འགྲུབ་པར་གྱུར་ཅིག། | |
rtsa gsum kun 'dus gu ru'i thugs sgrub rang byung pad+ma'i snying thig dngos grub snying po 'di nyid rang lo sum cu rtsa drug par rigs kun khyab bdag 'jam mgon bla ma pad+ma ye shes rdo rje'i bka' drin las rin chen gter mdzod chen po'i smin grol yongs su rdzogs pa'i skal bzang mngon du gyur pa'i tshe dad ldan 'ga' zhig la gu ru'i gsol 'debs le'u bdun ma'i lung bklags pas lo rgyus yig chung mjal ba'i rkyen las thol byung du rig gdangs su sad pa yi ger btab ste rje bla mar spyan bstar zhus pas tshig ris phal cher gter rnying zhig dang mtshungs par 'dug ces dgyes pa'i tshul gyis de 'phral smin grol chig brgyud du gsan nas thams cad mkhyen gzigs many+dzu'i zhabs kyis rtsa gsum gcig dril rdo rje'i thol glu bzhugs pa'i dgongs pa ltar yin 'dug ces gsungs shing rang gzhan 'ga' zhig gis bsnyen sgrub nyams len cung zad byas kyang dus kyi 'gyur bas dpe rgyun dbyings su sdud pa re zhig btang snyoms su gyur mod/_slad nas las smon rten 'byung gi re khA bsub tu med pas snga 'gyur 'od gsal rdo rje snying po'i bstan pa'i mdzes rgyan lo chen bai ro'i rnam 'phrul du grags pa zhwa de'u 'khrul zhig mchog sprul rin po che 'gyur med ngag dbang chos kyi blo gros nas bal yul rdo rje'i gnas mchog yang le shod du gnas 'brel la phyin skabs dgongs klong du gang shar gyi zab chos zhig gtan la 'bebs dgos par gsung bskul dang rtsa gsum gyi tshogs mchod stong rtsa/_rin po che sna tshogs pa'i maN+Dal dang bcas bka' nan tan gnang ba bzhin bla sgrub sngon ma dang tshig don phal cher gcig gyur 'di'ang yid ngor gsal ba dang*/_sngon chad kun mkhyen bla ma many+dzu g+ho Sha d+harma ma tis khyed rang gis zab gter gnad don can dag yal bar ma dor bar bris spel gyis dang bstan 'gror phan cing don dang ldan pa yin zhes rten dang bcas pa'i rdo rje'i bka' lung ched du yang yang bstsal ba rjes su sgrub pa'i slad sa bya nag pa zla ba'i dmar phyogs mkha' 'gro 'du ba'i tshes bcu'i mchod pa nyin pad+ma gar dbang bde chen 'od gsal mdo sngags gling pas rdo rje'i gnas chen de nyid du gtan la phab pa'i yi ge pa ni dad blo rnam par gsal zhing zab mo'i chos la yid ches dang ldan pa o rgyan gzhan phan nas bgyis pa 'dis kyang*/_bod yul phyi ma'i gdul bya'i gtsos ris med pa'i bstan 'gro'i sman yon du 'gyur bar rtsa gsum kun 'dus o rgyan rdo rje thod phreng rtsal gyis thugs bskyed dang smon lam rmad du byung ba'i bden pas 'grub par gyur cig/ |