བསང་ཆུ་དཀར་གཏོར་དང་ལས་ལྷ།

From Khyentse Lineage - A Tsadra Foundation Project
DKR-KABUM-17-TSA-006
Wylie title bsang chu dkar gtor dang las lha DKR-KABUM-17-TSA-006.pdf
Location dil mgo mkhyen brtse bka' 'bum
Volume 17, Text 6, Pages 17 (Folios 1a1 to 1b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Bsang chu dkar gtor dang las lha. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 17. Delhi: Shechen Publications, 1994.
Genre Ritual and Liturgical Texts - cho ga phyag len
Cycle རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig)
[edit]
༄༅། །བསང་ཆུ་བྱིན་རླབས་ནི། ཨོཾ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ྄། རང་ཉིད་སྐད་ཅིག་གིས་པདྨ་ཧེ་རུ་ཀ་པདྨ་དང་ཐོད་ཁྲག་འཛིན་པའི་སྐུར་གྱུར། དེའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེག་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་མ་སཱུརྻ་མཎྜ་ལ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ཎ་ཕཊ྄། སཾ་ཧ་ར་ཎ་ཧཱུྃ། འཕྲོ་འདུ་ཡོངས་སུ་གྱུར་པ་ལས། ཨོཾ་པདྨ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄། ཁྲོ་མོ་དབང་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤྭ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཿ ཞེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་ལ། ཁྲོ་མོ་དབང་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤྭ་དྷ་ཡ་ཧཱུྃ་ཕཊ྄། ཅེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ་ཞིང་ཐོག་མཐའ་ཀུན་ཏུ་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། ༈ གཏོར་མ་གཏོང་བ་ནི། གཏོར་མ་རྃ་ཡྃ་ཁྃ་གིས་བསྲེག་གཏོར་བཀྲུས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཱ་དྱ་ནུཏྤནྣཏྟོ་ཨོཾ་ཨཱཿཧཱུྃ་ཕཊ྄་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། ལན་གསུམ་གསོལ་ནས་གནང་བ་བྱིན་པར་བསམ། ༈ ལས་ལྷ་ནི། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བ་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། བགེགས་གཏོར། ཨོཾ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ྄་ཀྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ལག་གཉིས་མཁའ་ལྡིང་གི་རྒྱ་སྟོན་བཞིན་པར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱི་མཐར། ཧ་ཧོ་ཧྲཱིཿ ཞེས་པས་བྱིན་གྱིས་བརླབས། ལྕགས་ཀྱུའི་ཕྱག་རྒྱས། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿ ཞེས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲཱྀ་ཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་རྡོར་ཐལ་ཕྱེ་བས་ལན་གསུམ་དུ་བསྔོས་ཏེ། ཧྲཱིཿ ང་ནི་དབང་ཆེན་སོགས་བཀའ་བསྒོ་བ་གཞུང་ལྟར་བྱའོ།། །།

Footnotes

Other Information