DKR-KABUM-10-THA-004: Difference between revisions
No edit summary |
No edit summary |
||
Line 39: | Line 39: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །བླ་སྒྲུབ་དྭངས་མའི་ཐིག་ལེ་ལས། སྙན་བརྒྱུད་ཡང་གསང་དྲག་པོའི་བཟློག་བསྐུལ་མདོར་བསྡུས་གཏུམ་ཆེན་རྡོ་རྗེའི་ཐོག་གཟེར་བཞུགས།། | {{TibP|༄༅། །བླ་སྒྲུབ་དྭངས་མའི་ཐིག་ལེ་ལས། སྙན་བརྒྱུད་ཡང་གསང་དྲག་པོའི་བཟློག་བསྐུལ་མདོར་བསྡུས་གཏུམ་ཆེན་རྡོ་རྗེའི་ཐོག་གཟེར་བཞུགས།།<br><br> | ||
༄༅། །ན་མོ་གུ་རུ་ཀྲོ་དྷ་པདྨ་ཙཎྜ་ལི་ཡེ། ལོ་ཟླའི་ཟད་མཚམས་ཟླ་ཉི་ནག་ཅིང་མར་ངོའི་དགུ་གསུམ་དང་གཟའ་སྐར་དྲག་པོའི་ཆར་གཞུང་མཐུན་སྨན་རཀ་གཏོར་མ། ཉེར་སྤྱོད་མཆོད་པའི་རྒྱུན་ལྟ་བུར་དམར་གཏོར་ཐོག་མདེལ་དབྱིབས་ཅན་འཁོར་རང་འདྲ་བཅུས་བསྐོར་བའི་བར་དུ་ཐེབ་ཀྱུས་གཏམས་པ་མཚེ་ཡུངས་ཤ་ཁྲག་གིས་བརྒྱན་པ་བཤམས་ལ། བརྒྱུད་འདེབས་ནས་བརྩམས་ལས་གཞུང་བསྲངས་ལ་ཚོགས་སྐོང་བསྒྲལ་བསྟབས་བཅས་ཟིན་པ་དང༌། བསྐུལ་བ་ནི། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ རྩ་གསུམ་ཆོས་སྐྱོང་དྲེགས་པའི་དམག་ཚོགས་བཞེངས༔ དེང་དུས་སྙིགས་མའི་དུག་ལྔའི་འགྲོ་བ་རྣམས༔ འདྲེ་རྒོད་རྒྱལ་འགོང་འབྱུང་པོ་དར་བའི་དུས༔ ཐུགས་དམ་རྒྱུད་བསྐུལ་མངོན་སྤྱོད་ཕྲིན་ལས་མཛོད༔ བསྐུལ་ཡང་མི་གསན་བཅོལ་ཡང་མི་མཛད་ན༔ ལྷ་ཁྱོད་བསྙེན་ཅིང་སྒྲུབ་པའི་དགོས་པ་དོར༔ དེ་ཕྱིར་ཐུགས་དམ་ཐུགས་རྗེའི་དཔུང་བསྐྱེད་ལ༔ གནོད་བྱེད་རྒྱལ་འགོང་བྱད་མ་རྡུལ་དུ་རློགས༔ གང་བཅོལ་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ལེ་ལོ་བཏང་སྙོམས་གཡེལ་བ་མ་མཛད་ཅིག༔ ཧཱུྃ་བྷྱཱོཕཊ྄༔ ཐུན་གཏོར་ལ་རཀྟས་བྲན་ཏེ། མདུན་དུ་དུར་ཁྲོད་འཇིགས་སུ་རུང་བ་ཡི༔ ཨེ་ལས་གཞལ་ཡས་ཁང་པ་སྒོ་མེད་པའི༔ ནང་དུ་གྲུ་གསུམ་ནག་པོ་གཏིང་ཟབ་པ༔ དེ་དབུས་ནྲྀ་ཏྲི་ལས་བྱུང་དགྲ་བགེགས་རྣམས། །མགོན་མེད་ཡན་ལག་ཕྱག་རྒྱ་ཅན་དུ་གྱུར། །གཡབ་དྲིལ་འགུགས་རྒྱ་དང་བཅས་ཏེ། ན་མོ༔ རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དང༔ སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན༔ དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུས༔ བླ་མའི་སྐུ་དགྲ་བསྟན་དང་དེ་འཛིན་སྨོད༔ ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་བསམ༔ ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས༔ ཁ་འཇམ་གཏིང་རྩུབ་ཞེ་ནས་དམོད་པ་དང༔ དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད༔ མཐུ་དང་ནུས་པ་བུ་ལོན་བཞིན་དུ་སྙོག༔ དམག་སྣ་ཟག་སྣ་རྐུན་སྣ་སྟོན་པ་དང༔ བར་ཆད་བྱེད་པའི་རྒྱལ་བསེན་དམ་སྲིའི་རིགས༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི་རྣམས་ཀྱི༔ རྣམ་ཤེས་བླ་ཚེ་སྲོག་དབུགས་བཅས་པ་ཀུན༔ གནམ་ས་གླིང་བཞི་གླིང་ཕྲན་རི་ཡི་གསེང༔ ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས༔ གང་ན་ཡོད་ཀྱང་ལིངྒ་འདི་ཉིད་ལ༔ ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ སྐེ་ནས་ཆིངས་ཤིག་བཛྲ་པ་ཤ་ཧཱུྃ༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བྃ༔ མྱོས་པར་གྱིས་ཤིག་བཛྲ་གཎྜེ་ཧོཿ ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊ྄༔ དབྱེར་མེད་སྟིམས་ཤིག་བཛྲ་ཨ་ཝེ་ཤ་ཡ་ཨ༔ ཞེས་བས་འགུགས་པ་ལན་གསུམ་སོགས་བྱས་ལ། གལ་ཆེ་བའི་སྐབས་འགུགས་པ་གྲངས་མང་དགོས་པ་བྱུང་ན་གཏེར་གཞུང་ལྟར༔ ན་མོ༔ མཆོག་གསུམ་རྩ་གསུམ་བཀའ་ཡི་བདེན་པའི་མཐུས༔ ལོག་སྨོན་དུག་ལྔར་ཨ་འཐས་འཁྱམས་པ་ཡིས༔ བར་ཆད་བྱེད་པའི་རྒྱལ་འགོང་དམ་སྲིའི་ཚོགས༔ བ་ལིང་དམ་རྫས་འདི་ལ་དབྱེར་མེད་བསྟིམ༔ ཧཱུྃ་བཛྲ་ཛཿཧཱུྃ་བྃ་ཧོཿ ཞེས་སྦྱར། འགུགས་པ་རྒྱས་པ་མ་ལྕོགས་ན་གཏེར་གཞུང་ཁོ་ནས་ཀྱང་རུང༌། འགུགས་པའི་གྲངས་རྫོགས་པ་དང༌། བདག་མདུན་དཔལ་གྱི་ཐུགས་ཀ་ནས༔ ཛཿཡིག་དམར་ནག་འཕྲོས་པ་ཡིས༔ ལྕགས་ཟངས་འཁོར་ལོ་གཡས་གཡོན་འཁོར༔ ཤ་ཁྲག་བླ་ཚེ་དུམ་བུར་གཏུབས༔ ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཱུ་ཏྲ་མཱ་ར་ཡ་རྦད་སོད༔ ཅེས་བརྗོད། དྲག་པོ་ཐུན་གྱི་གཏོར་མ་འདི་ཉིད་དམ་ཉམས་པའི་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ་རོ་ནུས་ཕུན་སུམ་ཚོགས་པ་ཟད་མི་ཤེས་པར་གྱུར་བ། མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ནས་གསོལ་བར་བསམ་ལ། ཨོཾ་པདྨཱནྟ་ཀྲྀཏ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་སྦྱར་བ་ལན་གསུམ་གྱིས་ཕུལ་ལ། བཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ སྣང་སྲིད་གཞོམ་མེད་ཨེ་ཡི་དབྱིངས༔ དུག་ལྔའི་མཚོན་འཁྲུགས་དམ་སྲིའི་གདན༔ གདུལ་དཀའ་འདུལ་ཕྱིར་དྲག་པོའི་སྐུ༔ དཔལ་ཆེན་བདུད་འདུལ་ཐོད་ཕྲེང་རྩལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མ་གཡེལ་མ་གཡེལ་ཡི་དམ་ལྷ༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ནད་གདོན་ཞི་དང་ཚེ་བསོད་རྒྱས༔ ལྷ་མིའི་འགྲོ་བ་དབང་དུ་འདུས༔ སྲུང་ཞིང་སྐྱོབ་པའི་ཕྲིན་ལས་མཛོད༔ བརྣག་པའི་དགྲ་བགེགས་མྱུར་དུ་སོད༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་ཁཱ་ཧི༔ ཧཱུྃ༔ དྲག་ཤུལ་ཆེན་པོའི་ཕོ་བྲང་ནས༔ དྲེགས་པ་རྒྱལ་འགོང་གཞོམ་པའི་ཀློང༔ བསྐལ་པའི་མེ་འབར་རླུང་འཚུབ་དབུས༔ མ་ཧཱ་གུ་རུ་དྲག་པོ་རྩལ༔ བཅོམ་ལྡན་པདྨ་ཀཱི་ལ་ཡ༔ གཡུལ་ལས་རྣམ་རྒྱལ་དབང་དུ་སྡུད༔ ཁམས་གསུམ་ཟ་བྱེད་ཆེན་པོ་ནི༔ ཆོས་ཉིད་ཞི་ལ་མ་གཡོས་ཀྱང༔ འདྲེ་རྒོད་རྒྱ་འདྲེའི་སྙིང་ཁྲག་རྔུབས༔ དཔལ་འབར་གར་དགུའི་ཕྲིན་ལས་རྫོགས༔ སྲིད་གསུམ་དུས་གཅིག་སྒྲོ་ལ་མཛད་ལ༔ རིགས་བདག་སྣང་མཐའ་རྟ་ཞལ་རྔམས༔ དཔྲལ་བར་འཇམ་དཔལ་གཤིན་རྗེའི་གཤེད༔ མགྲིན་པར་རྟ་མགྲིན་པདྨ་དབང༔ ཐུགས་ཀར་གསང་བདག་ཕྱག་རྡོར་དང༔ ལྟེ་བར་ཁྲོས་མ་ནག་མོ་སོགས༔ གསང་བར་ཡཀྴ་མེ་དབལ་ཚོགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ སྐུ་སྨད་རྣོ་དབལ་ཟུར་གསུམ་འབར༔ སྲིད་པ་སྤྱི་ནས་དུག་གསུམ་གཅོད༔ ཁྲོས་པའི་སྐུ་ནི་མཁའ་དང་མཉམ༔ རྔམས་པའི་གསུང་ནི་དྲག་སྔགས་ལྡིར༔ བྱམས་པའི་ཐུགས་ཀྱིས་གཞན་དོན་མཛད༔ གནོད་བྱེད་ལོག་འདྲེན་ཐལ་བར་རློག༔ མི་མཐུན་བར་ཆད་སྣ་འདྲེན་པ༔ མི་ཁ་སྨྲ་མཆུ་འགལ་རྐྱེན་ཀུན༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ཕྱོགས་བཅུར་ཡེ་ཤེས་ཁྲོ་བཅུ་ལས༔ སྤྲུལ་པ་ཡང་སྤྲུལ་སྣང་སྲིད་ཁྱབ༔ གདོན་ཚོགས་ཐམས་ཅད་དབང་དུ་སྡུད༔ སྟོབས་བཅུའི་རྩལ་རྫོགས་དངོས་གྲུབ་བརྙེས༔ ལྕགས་སྡིག་ཁྲོས་པ་གྲངས་མེད་སྤྲོས༔ གནམ་ས་གང་བའི་རྒྱལ་བསེན་ཚོགས༔ སྡེ་དང་དཔུང་བཅས་ལྷག་མེད་བཅོམ༔ མིང་ཙམ་བརྡ་ཙམ་མེད་པར་མཛོད༔ རང་བྱུང་དཀྱིལ་འཁོར་ཁྲོས་པ་ལས༔ སྣ་ཚོགས་གར་གྱི་རྣམ་འཕྲུལ་པ༔ སྡེ་བརྒྱད་དྲེགས་པའི་དམ་ཚོགས་རྣམས༔ བསྟན་པ་བཤིག་པའི་དགྲ་ལ་བྷྱོ༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ གདོན་རིགས་སུམ་བརྒྱ་དྲུ་གཅུ་ཟློག༔ གློ་བུར་ཚེ་ཡི་བར་ཆད་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་དགུ་བདུན་སོགས་གང་འོས་གྲངས་བསགས། འཚུབས་ཆེ་ན། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨོཾ་པདྨཱནྟ་ཀྲྀཏ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་དུ་ཚལ་དུ་རྦད་ནན༔ ག་རུ་ཌཱ་བྷྱོ་ཟློག༔ ཅེས་གྲངས་བསགས་པ་ཤིན་ཏུ་ཟབ། ཚོགས་ལ་རོལ་ནས་ལྷག་མ་བཏང་རྗེས། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སོགས་གོང་བཞིན་ཐུགས་དམ་བསྐུལ་བའི་མཐར། ཧཱུྃ་ཧྲཱིཿ དབང་དང་དྲག་ཤུལ་རོལ་པའི་དུར་ཁྲོད་ནས༔ བདུད་འདུལ་པདྨ་དྲག་པོ་ཀཱི་ལ་ཡ། །ཐུགས་རྗེ་ཁྲོས་པ་རྡོ་རྗེའི་ཟོར་གྱི་མདའ། །ཉམས་པའི་དགྲ་བགེགས་བརླག་ཕྱིར་འཕེན་བགྱིད་ན། །སྟེང་འོག་ཕྱོགས་མཚམས་གནས་པའི་ལྷ་དང་ཀླུ། །ཕྱོགས་སྐྱོང་སྡེ་བརྒྱད་ཐམས་ཅད་སྐུ་བཟུར་ཅིག །ཟོར་ལམ་ཕྱེས་ལ་བསྟན་དགྲའི་སྟེང་དུ་ཆོས། །བདུད་བགེགས་རྩད་ནས་གཅོད་པའི་ལས་མཛོད་ཅིག །གཏོར་བསྐུལ་རྒྱས་པ་ལན་གཅིག་མཐར། བདག་མདུན་ཐུགས་ནས་ཛཿཡིག་དམར་ནག་འཕྲོས། །བསྒྲུབ་བྱའི་སྣ་བུག་བཤང་ལམ་གཉིས་ནས་ཞུགས། །སྙིང་གར་ཕྱིན་པས་ཟངས་ལྕགས་འཁོར་ལོ་གཉིས། །གཡས་གཡོན་འཁོར་བས་ཤ་ཁྲག་བླ་ཚེ་གཏུབས། །རྣམ་ཤེས་ཨ་ཡིག་རྒྱལ་བའི་ཐུགས་ཀར་འཕོས། །ཤ་ཁྲག་བདུད་རྩིར་བསྒྱུར་བ་ཞལ་དུ་བསྟབ། །གཏོར་ཆུང༌། ཤ་དུམ། དུག་ཁྲག་སོགས་ཟློག་གཏོར་དུ་བཏབ་སྟེ། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ མ་ཧཱ་མཱཾ་ས་ཀེཾ་ནི་རི་ཏི་ཁཱ་ཧི༔ སྦྱར་བ་ལན་གསུམ་གྱིས་ཕུལ། གཏོར་མའི་ལྷག་མ་ནད་མཚོན་དུག་གི་ཟོར། །གནོད་བྱེད་དགྲ་དང་བགེགས་ཀྱི་སྟེང་དུ་ཕབ། །ཁང་རུལ་སྒྱོགས་ཀྱིས་བཤིག་ལྟར་རྨེག་མེད་བཅོམ། །རྣམ་ཤེས་དབྱིངས་ཀྱི་ཕྱོགས་ལས་རྣམ་རྒྱལ་གྱུར། །ཧཱུྃ༔ སྣང་སྲིད་གཞོམ་མེད་ཨེ་ཡི་དབྱིངས༔ སོགས་ཟློག་བྱང་ལན་གཅིག་སྦྱར་བས་དགྲ་ཕྱོགས་ཐེབས་ཕྱོགས་སུ་བསྟན་ལ། སྲུང་མའི་གཏོར་འབུལ་དང་ཆད་ཐོ་བསྒྲག །ལས་ཀྱི་རྡོ་རྗེས་བྱ་ཁྱུང་གི་རྒྱ་གཏོར་མ་འཕེན་ཕྱོགས་སུ་བསྟན་ལ། ཧཱུྃ་ཁྲོཾ་ག་རུ་ཌཱ་བྷྱོ་ཟློག །ཅེས་པས་ཟོར་ལམ་བཅད། ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ གཉིས་མེད་ཡེ་ཤེས་ཆོས་སྐུའི་ངང༔ མཚོན་ཆའི་གུར་ཁང་ལྷུན་གྱིས་གྲུབ༔ རང་བཞིན་འགྱུར་མེད་རྡོ་རྗེའི་ངང༔ རཀྵ་རཀྵ་ཧཱུྃ་ཕཊ྄༔ ཅེས་སྲུང་འཁོར་དང༌། བརྟན་མ་སོགས་ཕྲིན་ལས་རྗེས་རིམ་མཐར་དབྱུང་བས་གྲུབ་བོ། །འདི་ལ་གཏོར་ཟློག་རྒྱས་པར་བྱེད་འདོད་ན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྲི་ཟློག་རཀྴ་ཐོད་ཕྲེང་གི་ཟོར་ལས་བཞིན་གསེར་སྐྱེམས། གཟུ་དཔང༌། ཧོམ་བསྐྱེད། འགུགས་བསྒྲལ་སོག་སྦྱར་བས་ལེགས་པར་འགྱུར་བའང་ཞར་ལས་འཕྲོས་པའོ། །ཞེས་པའང་ཟབ་འདྲིལ་འཇུག་བདེའི་ཚུལ་དུ་འདུག་པས་ཆོག་ཁྲིགས་ཞབས་ཏོག་ཏུ་སྤེལ་དགོས་པ་གཏེར་ཆེན་མཆོག་གི་དངོས་སློབ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་གསུང་བསྐུལ་ལྟར་སྔགས་རིག་འཛིན་པའི་གཟུགས་བརྙན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བྲིས་པས་སྙིགས་དུས་བསྟན་འགྲོའི་འགལ་རྐྱེན་ཞི་ཞིང་ལེགས་ཚོགས་ཡར་ཟླ་ལྟར་འཕེལ་བའི་རྒྱུར་གྱུར་ཅིག། །།}} | ༄༅། །ན་མོ་གུ་རུ་ཀྲོ་དྷ་པདྨ་ཙཎྜ་ལི་ཡེ། ལོ་ཟླའི་ཟད་མཚམས་ཟླ་ཉི་ནག་ཅིང་མར་ངོའི་དགུ་གསུམ་དང་གཟའ་སྐར་དྲག་པོའི་ཆར་གཞུང་མཐུན་སྨན་རཀ་གཏོར་མ། ཉེར་སྤྱོད་མཆོད་པའི་རྒྱུན་ལྟ་བུར་དམར་གཏོར་ཐོག་མདེལ་དབྱིབས་ཅན་འཁོར་རང་འདྲ་བཅུས་བསྐོར་བའི་བར་དུ་ཐེབ་ཀྱུས་གཏམས་པ་མཚེ་ཡུངས་ཤ་ཁྲག་གིས་བརྒྱན་པ་བཤམས་ལ། བརྒྱུད་འདེབས་ནས་བརྩམས་ལས་གཞུང་བསྲངས་ལ་ཚོགས་སྐོང་བསྒྲལ་བསྟབས་བཅས་ཟིན་པ་དང༌། བསྐུལ་བ་ནི། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ རྩ་གསུམ་ཆོས་སྐྱོང་དྲེགས་པའི་དམག་ཚོགས་བཞེངས༔ དེང་དུས་སྙིགས་མའི་དུག་ལྔའི་འགྲོ་བ་རྣམས༔ འདྲེ་རྒོད་རྒྱལ་འགོང་འབྱུང་པོ་དར་བའི་དུས༔ ཐུགས་དམ་རྒྱུད་བསྐུལ་མངོན་སྤྱོད་ཕྲིན་ལས་མཛོད༔ བསྐུལ་ཡང་མི་གསན་བཅོལ་ཡང་མི་མཛད་ན༔ ལྷ་ཁྱོད་བསྙེན་ཅིང་སྒྲུབ་པའི་དགོས་པ་དོར༔ དེ་ཕྱིར་ཐུགས་དམ་ཐུགས་རྗེའི་དཔུང་བསྐྱེད་ལ༔ གནོད་བྱེད་རྒྱལ་འགོང་བྱད་མ་རྡུལ་དུ་རློགས༔ གང་བཅོལ་ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ལེ་ལོ་བཏང་སྙོམས་གཡེལ་བ་མ་མཛད་ཅིག༔ ཧཱུྃ་བྷྱཱོཕཊ྄༔ ཐུན་གཏོར་ལ་རཀྟས་བྲན་ཏེ། མདུན་དུ་དུར་ཁྲོད་འཇིགས་སུ་རུང་བ་ཡི༔ ཨེ་ལས་གཞལ་ཡས་ཁང་པ་སྒོ་མེད་པའི༔ ནང་དུ་གྲུ་གསུམ་ནག་པོ་གཏིང་ཟབ་པ༔ དེ་དབུས་ནྲྀ་ཏྲི་ལས་བྱུང་དགྲ་བགེགས་རྣམས། །མགོན་མེད་ཡན་ལག་ཕྱག་རྒྱ་ཅན་དུ་གྱུར། །གཡབ་དྲིལ་འགུགས་རྒྱ་དང་བཅས་ཏེ། ན་མོ༔ རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་དང༔ སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན༔ དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུས༔ བླ་མའི་སྐུ་དགྲ་བསྟན་དང་དེ་འཛིན་སྨོད༔ ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་བསམ༔ ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས༔ ཁ་འཇམ་གཏིང་རྩུབ་ཞེ་ནས་དམོད་པ་དང༔ དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད༔ མཐུ་དང་ནུས་པ་བུ་ལོན་བཞིན་དུ་སྙོག༔ དམག་སྣ་ཟག་སྣ་རྐུན་སྣ་སྟོན་པ་དང༔ བར་ཆད་བྱེད་པའི་རྒྱལ་བསེན་དམ་སྲིའི་རིགས༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི་རྣམས་ཀྱི༔ རྣམ་ཤེས་བླ་ཚེ་སྲོག་དབུགས་བཅས་པ་ཀུན༔ གནམ་ས་གླིང་བཞི་གླིང་ཕྲན་རི་ཡི་གསེང༔ ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས༔ གང་ན་ཡོད་ཀྱང་ལིངྒ་འདི་ཉིད་ལ༔ ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ སྐེ་ནས་ཆིངས་ཤིག་བཛྲ་པ་ཤ་ཧཱུྃ༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བྃ༔ མྱོས་པར་གྱིས་ཤིག་བཛྲ་གཎྜེ་ཧོཿ ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊ྄༔ དབྱེར་མེད་སྟིམས་ཤིག་བཛྲ་ཨ་ཝེ་ཤ་ཡ་ཨ༔ ཞེས་བས་འགུགས་པ་ལན་གསུམ་སོགས་བྱས་ལ། གལ་ཆེ་བའི་སྐབས་འགུགས་པ་གྲངས་མང་དགོས་པ་བྱུང་ན་གཏེར་གཞུང་ལྟར༔ ན་མོ༔ མཆོག་གསུམ་རྩ་གསུམ་བཀའ་ཡི་བདེན་པའི་མཐུས༔ ལོག་སྨོན་དུག་ལྔར་ཨ་འཐས་འཁྱམས་པ་ཡིས༔ བར་ཆད་བྱེད་པའི་རྒྱལ་འགོང་དམ་སྲིའི་ཚོགས༔ བ་ལིང་དམ་རྫས་འདི་ལ་དབྱེར་མེད་བསྟིམ༔ ཧཱུྃ་བཛྲ་ཛཿཧཱུྃ་བྃ་ཧོཿ ཞེས་སྦྱར། འགུགས་པ་རྒྱས་པ་མ་ལྕོགས་ན་གཏེར་གཞུང་ཁོ་ནས་ཀྱང་རུང༌། འགུགས་པའི་གྲངས་རྫོགས་པ་དང༌། བདག་མདུན་དཔལ་གྱི་ཐུགས་ཀ་ནས༔ ཛཿཡིག་དམར་ནག་འཕྲོས་པ་ཡིས༔ ལྕགས་ཟངས་འཁོར་ལོ་གཡས་གཡོན་འཁོར༔ ཤ་ཁྲག་བླ་ཚེ་དུམ་བུར་གཏུབས༔ ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཱུ་ཏྲ་མཱ་ར་ཡ་རྦད་སོད༔ ཅེས་བརྗོད། དྲག་པོ་ཐུན་གྱི་གཏོར་མ་འདི་ཉིད་དམ་ཉམས་པའི་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ་རོ་ནུས་ཕུན་སུམ་ཚོགས་པ་ཟད་མི་ཤེས་པར་གྱུར་བ། མདུན་བསྐྱེད་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ནས་གསོལ་བར་བསམ་ལ། ཨོཾ་པདྨཱནྟ་ཀྲྀཏ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ མ་ཧཱ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་སྦྱར་བ་ལན་གསུམ་གྱིས་ཕུལ་ལ། བཟློག་པའི་ཕྲིན་ལས་བཅོལ་བ་ནི། ཧཱུྃ༔ སྣང་སྲིད་གཞོམ་མེད་ཨེ་ཡི་དབྱིངས༔ དུག་ལྔའི་མཚོན་འཁྲུགས་དམ་སྲིའི་གདན༔ གདུལ་དཀའ་འདུལ་ཕྱིར་དྲག་པོའི་སྐུ༔ དཔལ་ཆེན་བདུད་འདུལ་ཐོད་ཕྲེང་རྩལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ མ་གཡེལ་མ་གཡེལ་ཡི་དམ་ལྷ༔ དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ ནད་གདོན་ཞི་དང་ཚེ་བསོད་རྒྱས༔ ལྷ་མིའི་འགྲོ་བ་དབང་དུ་འདུས༔ སྲུང་ཞིང་སྐྱོབ་པའི་ཕྲིན་ལས་མཛོད༔ བརྣག་པའི་དགྲ་བགེགས་མྱུར་དུ་སོད༔ མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་ཁཱ་ཧི༔ ཧཱུྃ༔ དྲག་ཤུལ་ཆེན་པོའི་ཕོ་བྲང་ནས༔ དྲེགས་པ་རྒྱལ་འགོང་གཞོམ་པའི་ཀློང༔ བསྐལ་པའི་མེ་འབར་རླུང་འཚུབ་དབུས༔ མ་ཧཱ་གུ་རུ་དྲག་པོ་རྩལ༔ བཅོམ་ལྡན་པདྨ་ཀཱི་ལ་ཡ༔ གཡུལ་ལས་རྣམ་རྒྱལ་དབང་དུ་སྡུད༔ ཁམས་གསུམ་ཟ་བྱེད་ཆེན་པོ་ནི༔ ཆོས་ཉིད་ཞི་ལ་མ་གཡོས་ཀྱང༔ འདྲེ་རྒོད་རྒྱ་འདྲེའི་སྙིང་ཁྲག་རྔུབས༔ དཔལ་འབར་གར་དགུའི་ཕྲིན་ལས་རྫོགས༔ སྲིད་གསུམ་དུས་གཅིག་སྒྲོ་ལ་མཛད་ལ༔ རིགས་བདག་སྣང་མཐའ་རྟ་ཞལ་རྔམས༔ དཔྲལ་བར་འཇམ་དཔལ་གཤིན་རྗེའི་གཤེད༔ མགྲིན་པར་རྟ་མགྲིན་པདྨ་དབང༔ ཐུགས་ཀར་གསང་བདག་ཕྱག་རྡོར་དང༔ ལྟེ་བར་ཁྲོས་མ་ནག་མོ་སོགས༔ གསང་བར་ཡཀྴ་མེ་དབལ་ཚོགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྫོགས༔ སྐུ་སྨད་རྣོ་དབལ་ཟུར་གསུམ་འབར༔ སྲིད་པ་སྤྱི་ནས་དུག་གསུམ་གཅོད༔ ཁྲོས་པའི་སྐུ་ནི་མཁའ་དང་མཉམ༔ རྔམས་པའི་གསུང་ནི་དྲག་སྔགས་ལྡིར༔ བྱམས་པའི་ཐུགས་ཀྱིས་གཞན་དོན་མཛད༔ གནོད་བྱེད་ལོག་འདྲེན་ཐལ་བར་རློག༔ མི་མཐུན་བར་ཆད་སྣ་འདྲེན་པ༔ མི་ཁ་སྨྲ་མཆུ་འགལ་རྐྱེན་ཀུན༔ བཟློག་བསྒྱུར་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ཕྱོགས་བཅུར་ཡེ་ཤེས་ཁྲོ་བཅུ་ལས༔ སྤྲུལ་པ་ཡང་སྤྲུལ་སྣང་སྲིད་ཁྱབ༔ གདོན་ཚོགས་ཐམས་ཅད་དབང་དུ་སྡུད༔ སྟོབས་བཅུའི་རྩལ་རྫོགས་དངོས་གྲུབ་བརྙེས༔ ལྕགས་སྡིག་ཁྲོས་པ་གྲངས་མེད་སྤྲོས༔ གནམ་ས་གང་བའི་རྒྱལ་བསེན་ཚོགས༔ སྡེ་དང་དཔུང་བཅས་ལྷག་མེད་བཅོམ༔ མིང་ཙམ་བརྡ་ཙམ་མེད་པར་མཛོད༔ རང་བྱུང་དཀྱིལ་འཁོར་ཁྲོས་པ་ལས༔ སྣ་ཚོགས་གར་གྱི་རྣམ་འཕྲུལ་པ༔ སྡེ་བརྒྱད་དྲེགས་པའི་དམ་ཚོགས་རྣམས༔ བསྟན་པ་བཤིག་པའི་དགྲ་ལ་བྷྱོ༔ བཟློག་གོ་དམར་ཆེན་གཏོར་མས་ཟློག༔ བསྒྱུར་རོ་ལྟས་ངན་དགྲ་ལ་སྒྱུར༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ གདོན་རིགས་སུམ་བརྒྱ་དྲུ་གཅུ་ཟློག༔ གློ་བུར་ཚེ་ཡི་བར་ཆད་ཟློག༔ མི་མཐུན་ཐམས་ཅད་དབྱིངས་སུ་ཟློག༔ ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་དགུ་བདུན་སོགས་གང་འོས་གྲངས་བསགས། འཚུབས་ཆེ་ན། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ ཨོཾ་པདྨཱནྟ་ཀྲྀཏ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ རཱ་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་དུ་ཚལ་དུ་རྦད་ནན༔ ག་རུ་ཌཱ་བྷྱོ་ཟློག༔ ཅེས་གྲངས་བསགས་པ་ཤིན་ཏུ་ཟབ། ཚོགས་ལ་རོལ་ནས་ལྷག་མ་བཏང་རྗེས། ཧཱུྃ༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སོགས་གོང་བཞིན་ཐུགས་དམ་བསྐུལ་བའི་མཐར། ཧཱུྃ་ཧྲཱིཿ དབང་དང་དྲག་ཤུལ་རོལ་པའི་དུར་ཁྲོད་ནས༔ བདུད་འདུལ་པདྨ་དྲག་པོ་ཀཱི་ལ་ཡ། །ཐུགས་རྗེ་ཁྲོས་པ་རྡོ་རྗེའི་ཟོར་གྱི་མདའ། །ཉམས་པའི་དགྲ་བགེགས་བརླག་ཕྱིར་འཕེན་བགྱིད་ན། །སྟེང་འོག་ཕྱོགས་མཚམས་གནས་པའི་ལྷ་དང་ཀླུ། །ཕྱོགས་སྐྱོང་སྡེ་བརྒྱད་ཐམས་ཅད་སྐུ་བཟུར་ཅིག །ཟོར་ལམ་ཕྱེས་ལ་བསྟན་དགྲའི་སྟེང་དུ་ཆོས། །བདུད་བགེགས་རྩད་ནས་གཅོད་པའི་ལས་མཛོད་ཅིག །གཏོར་བསྐུལ་རྒྱས་པ་ལན་གཅིག་མཐར། བདག་མདུན་ཐུགས་ནས་ཛཿཡིག་དམར་ནག་འཕྲོས། །བསྒྲུབ་བྱའི་སྣ་བུག་བཤང་ལམ་གཉིས་ནས་ཞུགས། །སྙིང་གར་ཕྱིན་པས་ཟངས་ལྕགས་འཁོར་ལོ་གཉིས། །གཡས་གཡོན་འཁོར་བས་ཤ་ཁྲག་བླ་ཚེ་གཏུབས། །རྣམ་ཤེས་ཨ་ཡིག་རྒྱལ་བའི་ཐུགས་ཀར་འཕོས། །ཤ་ཁྲག་བདུད་རྩིར་བསྒྱུར་བ་ཞལ་དུ་བསྟབ། །གཏོར་ཆུང༌། ཤ་དུམ། དུག་ཁྲག་སོགས་ཟློག་གཏོར་དུ་བཏབ་སྟེ། ཨོཾ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ མ་ཧཱ་མཱཾ་ས་ཀེཾ་ནི་རི་ཏི་ཁཱ་ཧི༔ སྦྱར་བ་ལན་གསུམ་གྱིས་ཕུལ། གཏོར་མའི་ལྷག་མ་ནད་མཚོན་དུག་གི་ཟོར། །གནོད་བྱེད་དགྲ་དང་བགེགས་ཀྱི་སྟེང་དུ་ཕབ། །ཁང་རུལ་སྒྱོགས་ཀྱིས་བཤིག་ལྟར་རྨེག་མེད་བཅོམ། །རྣམ་ཤེས་དབྱིངས་ཀྱི་ཕྱོགས་ལས་རྣམ་རྒྱལ་གྱུར། །ཧཱུྃ༔ སྣང་སྲིད་གཞོམ་མེད་ཨེ་ཡི་དབྱིངས༔ སོགས་ཟློག་བྱང་ལན་གཅིག་སྦྱར་བས་དགྲ་ཕྱོགས་ཐེབས་ཕྱོགས་སུ་བསྟན་ལ། སྲུང་མའི་གཏོར་འབུལ་དང་ཆད་ཐོ་བསྒྲག །ལས་ཀྱི་རྡོ་རྗེས་བྱ་ཁྱུང་གི་རྒྱ་གཏོར་མ་འཕེན་ཕྱོགས་སུ་བསྟན་ལ། ཧཱུྃ་ཁྲོཾ་ག་རུ་ཌཱ་བྷྱོ་ཟློག །ཅེས་པས་ཟོར་ལམ་བཅད། ཧཱུྃ༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ གཉིས་མེད་ཡེ་ཤེས་ཆོས་སྐུའི་ངང༔ མཚོན་ཆའི་གུར་ཁང་ལྷུན་གྱིས་གྲུབ༔ རང་བཞིན་འགྱུར་མེད་རྡོ་རྗེའི་ངང༔ རཀྵ་རཀྵ་ཧཱུྃ་ཕཊ྄༔ ཅེས་སྲུང་འཁོར་དང༌། བརྟན་མ་སོགས་ཕྲིན་ལས་རྗེས་རིམ་མཐར་དབྱུང་བས་གྲུབ་བོ། །འདི་ལ་གཏོར་ཟློག་རྒྱས་པར་བྱེད་འདོད་ན་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་སྲི་ཟློག་རཀྴ་ཐོད་ཕྲེང་གི་ཟོར་ལས་བཞིན་གསེར་སྐྱེམས། གཟུ་དཔང༌། ཧོམ་བསྐྱེད། འགུགས་བསྒྲལ་སོག་སྦྱར་བས་ལེགས་པར་འགྱུར་བའང་ཞར་ལས་འཕྲོས་པའོ། །ཞེས་པའང་ཟབ་འདྲིལ་འཇུག་བདེའི་ཚུལ་དུ་འདུག་པས་ཆོག་ཁྲིགས་ཞབས་ཏོག་ཏུ་སྤེལ་དགོས་པ་གཏེར་ཆེན་མཆོག་གི་དངོས་སློབ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་གསུང་བསྐུལ་ལྟར་སྔགས་རིག་འཛིན་པའི་གཟུགས་བརྙན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བྲིས་པས་སྙིགས་དུས་བསྟན་འགྲོའི་འགལ་རྐྱེན་ཞི་ཞིང་ལེགས་ཚོགས་ཡར་ཟླ་ལྟར་འཕེལ་བའི་རྒྱུར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> |
Revision as of 11:07, 28 November 2022
Wylie title | bla sgrub dwangs ma'i thig le las/ snyan brgyud yang gsang drag po'i bzlog bskul mdor bsdus gtum chen rdo rje'i thog gzer | |
---|---|---|
Location | dil mgo mkhyen brtse bka' 'bum Volume 10, Text 4, Pages 16-20 (Folios 1a to 5b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | ཁྱུང་སྤྲུལ་པདྨ་དབང་ཆེན་བསྟན་འཛིན་ཕྲིན་ལས་ (khyung sprul pad+ma dbang chen bstan 'dzin phrin las) | |
Citation | Khyentse, Dilgo. Bla sgrub dwangs ma'i thig le las snyan brgyud yang gsang drag po'i bzlog bskul mdor bsdus gtum chen rdo rje'i thog gzer. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 16-20. Delhi: Shechen Publications, 1994. | |
Genre | Averting or Dispelling Rites- zlog pa · Invocations - bskul ba · Sadhanas - Evocation Ritual - sgrub thabs | |
Cycle | བླ་སྒྲུབ་དྭངས་མའི་ཐིག་ལེ་ (bla sgrub dwangs ma'i thig le) | |
Deity | pad+ma kI la ya | |
Colophon |
།ཞེས་པའང་ཟབ་འདྲིལ་འཇུག་བདེའི་ཚུལ་དུ་འདུག་པས་ཆོག་ཁྲིགས་ཞབས་ཏོག་ཏུ་སྤེལ་དགོས་པ་གཏེར་ཆེན་མཆོག་གི་དངོས་སློབ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་གསུང་བསྐུལ་ལྟར་སྔགས་རིག་འཛིན་པའི་གཟུགས་བརྙན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བྲིས་པས་སྙིགས་དུས་བསྟན་འགྲོའི་འགལ་རྐྱེན་ཞི་ཞིང་ལེགས་ཚོགས་ཡར་ཟླ་ལྟར་འཕེལ་བའི་རྒྱུར་གྱུར་ཅིག། | |
/zhes pa'ang zab 'dril 'jug bde'i tshul du 'dug pas chog khrigs zhabs tog tu spel dgos pa gter chen mchog gi dngos slob klong chen ye shes rdo rjes gsung bskul ltar sngags rig 'dzin pa'i gzugs brnyan pad+ma gar dbang 'od gsal mdo sngags gling pas bris pas snyigs dus bstan 'gro'i 'gal rkyen zhi zhing legs tshogs yar zla ltar 'phel ba'i rgyur gyur cig/ |
Footnotes
Other Information
- DKR-KABUM-10-THA-004
- Tibetan Publications
- Tibetan Texts
- dil mgo mkhyen brtse bka' 'bum
- bla sgrub dwangs ma'i thig le
- pad+ma kI la ya
- Averting or Dispelling Rites- zlog pa
- Invocations - bskul ba
- Sadhanas - Evocation Ritual - sgrub thabs
- Khyentse, Dilgo
- khyung sprul pad+ma dbang chen bstan 'dzin phrin las
- DKR-KABUM-Volume-10-THA
- Khyentse Lineage Project