DKR-KABUM-10-THA-002: Difference between revisions
WikiBot2015 (talk | contribs) No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=བླ་སྒྲུབ་དྭངས་མའི་ཐིག་ལེའི་ཡང་ཟབ་བླ་ཕུར་སྦྲགས་མའི་ལས་བྱང་ཁྲིགས་སུ་བཀོད་པ་དངོས་གྲུབ་འདོད་རྒུའི་འབྱུང་གནས། | |||
|fulltitle=bla sgrub dwangs ma'i thig le'i yang zab bla phur sbrags ma'i las byang khrigs su bkod pa dngos grub 'dod rgu'i 'byung gnas | |||
|citation=[[Khyentse, Dilgo]]. ''Bla sgrub dwangs ma'i thig le'i yang zab bla phur sbrags ma'i las byang khrigs su bkod pa dngos grub 'dod rgu'i 'byung gnas''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 2-11. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=khyung sprul pad+ma dbang chen bstan 'dzin phrin las | |||
|sourcerevealertib=ཁྱུང་སྤྲུལ་པདྨ་དབང་ཆེན་བསྟན་འཛིན་ཕྲིན་ལས་ | |||
|tibgenre=Activity Manual - las byang, Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|dkroutline=Three | |||
|deity=pad+ma kI la ya | |||
|cycle=bla sgrub dwangs ma'i thig le | |||
|cycletib=བླ་སྒྲུབ་དྭངས་མའི་ཐིག་ལེ་ | |||
|language=Tibetan | |language=Tibetan | ||
| | |volumenumber=010 | ||
| | |volnumtib=༡༠ | ||
|volyigtib=ཐ་ | |||
|totalvolumes=25 | |||
|textnuminvol=002 | |textnuminvol=002 | ||
|pagenumbers=2-11 | |||
|totalpages=20 | |||
|beginfolioline=1a | |||
|endfolioline=10b5 | |||
|totalfolios=10 | |||
|multivolumework=No | |||
|rectonotes=las byang | |||
|versonotes=pad+ma kI la ya | |||
|colophontib=།ཅེས་པའང་ལུང་ཟིན་ཆོས་ཀྱི་བདག་པོ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དག་སྣང་གི་སྤྱན་རས་ཡངས་བས་ཆེད་དུ་བཀའ་བསྩལ་བཞིན་འཇམ་མགོན་རྡོ་རྗེ་འཆང་རྣམ་གསུམ་གྱི་ཐུགས་རྗེའི་གཟིགས་པའི་གདུལ་བྱ་ཙམ་དུ་གཏོགས་པའི་རིག་སྔགས་འཆང་བ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་པདྨ་གར་དབང་མདོ་སྔགས་གླིང་པས་འཕགས་ཡུལ་རྡོ་རྗེ་གླིང་གི་རི་བོའི་སྦོ་ནས་བྲིས་པར་འབྲེལ་ཚད་བླ་མ་པདྨ་ཧེ་རུ་ཀ་ཆེན་པོའི་ཡེ་ཤེས་ཀྱི་ཐིག་ལེར་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །དགེའོ།། །དགེའོ།། །དགེའོ།། | |||
|colophonwylie=/ces pa'ang lung zin chos kyi bdag po klong chen ye shes rdo rje'i dag snang gi spyan ras yangs bas ched du bka' bstsal bzhin 'jam mgon rdo rje 'chang rnam gsum gyi thugs rje'i gzigs pa'i gdul bya tsam du gtogs pa'i rig sngags 'chang ba 'jigs med mkhyen brtse 'od zer pad+ma gar dbang mdo sngags gling pas 'phags yul rdo rje gling gi ri bo'i sbo nas bris par 'brel tshad bla ma pad+ma he ru ka chen po'i ye shes kyi thig ler 'dod rgur rtsen pa'i rgyur gyur cig__/dge'o//__/dge'o//__/dge'o// | |||
|pdflink=File:DKR-KABUM-10-THA-002.pdf | |pdflink=File:DKR-KABUM-10-THA-002.pdf | ||
}} | }} | ||
Line 17: | Line 40: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །བླ་སྒྲུབ་དྭངས་མའི་ཐིག་ལེའི་ཡང་ཟབ་བླ་ཕུར་སྦྲགས་མའི་ལས་བྱང་ཁྲིགས་སུ་བཀོད་པ་དངོས་གྲུབ་འདོད་རྒུའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །བླ་སྒྲུབ་དྭངས་མའི་ཐིག་ལེའི་ཡང་ཟབ་བླ་ཕུར་སྦྲགས་མའི་ལས་བྱང་ཁྲིགས་སུ་བཀོད་པ་དངོས་གྲུབ་འདོད་རྒུའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ།། | ||
<br> | |||
༄༅། །ན་མོ་གུ་རུ་པདྨ་ཀྲོ་དྷ་ཀཱི་ལ་ཡ། བདེ་ཆེན་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ནི། །རྒྱལ་ཀུན་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཚུལ། །མ་ཧཱ་གུ་རུ་པདྨ་ཀཱི་ལ་ཡར། །རབ་གུས་དད་པའི་ཡིད་ཀྱིས་སྤྱི་བོར་མཆོད། །གང་གི་ཐུགས་བཅུད་ཟབ་རྒྱའི་ཆོས། །ཡང་ཟབ་བླ་མ་སྒྲུབ་པའི་ཚུལ། །དྲག་པོ་པདྨ་ཀཱི་ལ་ཡའི། །ཕྲིན་ལས་འདུས་གསལ་སྙིང་པོ་སྤེལ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ། སྦྱོར་བའི་ཆོས་ནི། ཡིད་དང་མཐུན་པའི་གནས་ཁང་རྒྱན་དང་བྱི་དོར་གྱིས་མཛེས་པའི་གུང་དུ་གཞུང་མཐུན་གྱི་སྐུ་རྟེན་མདུན། སྨན་རཀ་གཏོར་མ། ཞི་དྲག་གི་ཉེར་སྤྱོད། ཚོགས་དང་འབྲེལ་ན་ཆད་བརྟན། དཀར་བགེགས། ཐབས་ཤེས་ཀྱི་དམ་རྫས་སོགས་འོག་ཏུ་དགོས་པའི་ཡོ་བྱད་རིགས་འདུ་བྱའོ། །གཉིས་པ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་བླ་མ་དཔལ་ཆེན་ཧེ་རུ་ཀ་བདུད་འདུལ་པདྨ་ཀཱི་ལ་ཡར་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་བཛྲ་ས་མ་ཛཿ ཧཱུྃ་ཧཱུྃ་ཧཱུྃ༔ བླ་མ་རྩ་གསུམ་འདུས་པའི་སྐུ༔ ཁྲོ་རྒྱལ་པདྨ་ཀཱི་ལ་ཡ༔ སྐྱབས་ཡུལ་རྒྱ་མཚོའི་ཚོགས་བཅས་ལ༔ སྙིང་ནས་དད་པས་སྐྱབས་སུ་མཆི༔ ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། སེམས་ཅན་ཀུན་གྱི་དོན་ཕྱིར་དུ༔ རྫོགས་པའི་སངས་རྒྱས་ཐོབ་འདོད་ལ༔ བར་དུ་གཅོད་པའི་བདུད་བཏུལ་ནས༔ བླ་མ་དྲག་པོ་བསྒྲུབ་པར་བྱ༔ ལན་གསུམ། བཞི་པ་ཚོགས་བསགས་པ་ནི། རང་སེམས་སྐྱེ་བ་མེད་པའི་ཞིང༔ རིག་རྩལ་ལྷུན་གྲུབ་རྩ་གསུམ་ཚོགས༔ མ་འགག་རང་ཤར་ངང་ལ་བཞུགས༔ དབྱིངས་རིག་དབྱེར་མེད་མཇལ་ཕྱག་འཚལ༔ རང་གྲོལ་བདེ་ཆེན་མཆོད་པ་འབུལ༔ གཉིས་སྣང་འཛིན་སྤྲོས་བྲལ་ཀློང་དུ་བཤགས༔ རིག་སྟོང་རྗེན་པར་རྗེས་ཡི་རང༔ གདོད་ནས་དག་པའི་ཆོས་འཁོར་བསྐོར༔ འཆི་མེད་ལྷུན་གྲུབ་བཞུགས་གསོལ་འདེབས༔ དགེ་ཚོགས་ཀུན་བཟང་ས་ཐོབ་ཤོག༔ བཛྲ་མུཿ ཚོགས་ཞིང་འོད་གསལ་ངང་ལ་ཐིམ༔ ལྔ་པ་བླ་མའི་རྣལ་འབྱོར་ནི། དམིགས་མེད་མཁའ་དབྱིངས་དག་པའི་ཞིང༔ འཛིན་མེད་རང་རྩལ་པདྨ་འབྱུང༔ རྡོ་རྗེ་འཆང་དབང་སྐུ་མདོག་སྔོ༔ མཚན་དཔེའི་གཟི་བརྗིད་དཔལ་འབར་བ༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་སྤྲས༔ ཕྱག་གཉིས་རྡོར་དྲིལ་ཡུམ་ལ་འཁྱུད༔ བདེ་སྟོང་དབྱེར་མེད་ངང་དུ་གསལ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་འདུས་པའི་དཔལ༔ རིགས་གསུམ་ཁྱབ་བདག་བླ་མ་ལ༔ སྙིང་ནས་གུས་པས་གསོལ་བ་འདེབས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ རང་སེམས་ཆོས་སྐུ་མངོན་གྱུར་ནས༔ སྤང་རྟོགས་ཡོན་ཏན་རྫོགས་གྱུར་ཅིག༔ ཨ་ཨ་ཨ༔ རྩེ་གཅིག་གདུང་བས་གསོལ་བཏབ་མཐུས༔ བླ་མ་རྡོ་རྗེ་འཆང་དབང་པོ༔ དགྱེས་པའི་འཛུམ་ཞལ་དང་བཅས་ཏེ༔ གསང་བ་གསུམ་གྱི་འོད་ཟེར་གྱིས༔ བདག་གི་ཉམས་གྲིབ་ཀུན་སྦྱངས་ནས༔ ལམ་བཞི་སྒོམ་པའི་སྣོད་དུ་གྱུར༔ བླ་མ་འོད་ཞུ་བདུད་རྩིའི་རྒྱུན༔ གནས་བཞིར་རིམ་གྱིས་བབས་པ་ཡི༔ དབང་བཞིས་སྨིན་ཅིང་སྐུ་བཞི་ཐོབ༔ ཕྱི་རོལ་གཟུང་བས་མ་གོས་ཤིང༔ ནང་དུ་འཛིན་པས་མ་བཅིངས་པ༔ བར་དུ་འོད་གསལ་རང་ངོ་ཤེས༔ རྗེ་བཙུན་བླ་མའི་ཐུགས་དགོངས་དང༔ དབྱེར་མེད་ཁྱབ་བརྡལ་ཀློང་ཡངས་སུ༔ ཟུང་འཇུག་ཡེ་ཤེས་སྐུ་འགྲུབ་ཤོག༔ ཅེས་བརྗོད། དྲུག་པ་བགེགས་ལ་བཀའ་བསྒོ་བ་ནི། རྃ་ཡྃ་ཁྃ༔ བདག་ཉིད་པདྨ་ཧེ་རུ་ཀའི༔ ཐུགས་ལས་རྃ་ཡྃ་ཁྃ་གསུམ་འཕྲོས༔ གཏོར་མའི་མ་དག་བསྲེགས་གཏོར་བཀྲུས༔ འདོད་ཡོན་ཟད་མི་ཤེས་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། ཧཱུྃ༔ གཉིས་འཁྲུལ་པའི་བདུད་བགེགས་ཀུན༔ མཆོད་སྦྱིན་བཟང་པོ་འདི་ཁྱེར་ལ༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ སྤྲུལ་པ་ཁྲོ་བོས་རྡུལ་དུ་བརླག༔ ཧཱུྃ་བཞིའི་དྲག་སྔགས་ཐུན་གྱིས་བྲབ༔ བདུན་པ་མཚམས་བཅད་པ་ནི། ཧཱུྃ༔ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ནས༔ བགེགས་ཞེས་བྱ་བའི་ཡུལ་མེད་ཀྱང༔ མ་རྟོགས་འཁྲུལ་འཁོར་ཐམས་ཅད་ཀུན༔ དག་མཉམ་རྡོ་རྗེའི་སྲུང་འཁོར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ བརྒྱད་པ་བྱིན་འབེབས་པ་ནི། ཧཱུྃ་ཧྲཱིཿ སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས༔ རབ་འབྱམས་རྩ་བ་གསུམ་གྱི་ལྷ༔ གཙོ་འཁོར་སྤྲུལ་པ་རབ་འབྱམས་ཀུན༔ ནམ་མཁའ་བར་སྣང་ས་གཞི་ཁྱབ༔ སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ གསང་སྔགས་འཛབ་ཀྱི་གླུ་དང་བཅས༔ བདེ་སྟོང་རྡོ་རྗེའི་གར་བསྒྱུར་བཞིན༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་མཆོག་བདག་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཕེཾ་ཕེཾ་ཧྲཱིཾ་ཧྲཱིཾ་ཛཿཛཿ དགུ་པ་བཤགས་པ་ནི། ཧོཿ གདོད་ནས་རྣམ་དག་ཡེ་ཤེས་ལྷ༔ རང་དང་གཉིས་སུ་མེད་བཞུགས་ཀྱང༔ མ་རྟོགས་གཟུང་འཛིན་འཁྲུལ་པའི་ཚོགས༔ ཡེ་ཤེས་ཆོས་སྐུའི་ཀློང་དུ་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ བཅུ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ༔ ཕྱི་ནང་སྣོད་བཅུད་མཆོད་པའི་སྤྲིན༔ གདོད་ནས་དག་པ་ཆེན་པོར་རྫོགས༔ ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ བདེ་ཆེན་ཕྱག་རྒྱ་ཆེན་པོར་ཤར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྟ་སརྦ་པཱུ་ཛ་ཨཱ་ཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཨཱ་ཧཱུྃ༔ གཉིས་པ་དངོས་གཞིའི་དང་པོ་དཀྱིལ་འཁོར་དང་ལྷ་བསྐྱེད་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ རང་སེམས་གདོད་ནས་སྟོང་པ་ཆེ༔ རིག་གདངས་རྡོ་རྗེ་ཆེན་པོར་ཤར༔ ཟུང་འཇུག་སྨོན་པ་མེད་པའི་རྩལ༔ རྒྱུ་ཡི་ཏིང་འཛིན་ཧཱུྃ་དམར་པོ༔ འོད་ཀྱིས་ཆོས་རྣམས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣོད་བཅུད་དག་པ་ཡུལ་ལྔའི་ཀློང༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཕུང་པོ་དག་པ་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ དུར་ཁྲོད་འཇིགས་པའི་འཁོར་ལོ་བསྐོར༔ ཡེ་ཤེས་ཟང་ཐལ་ཆེན་པོའི་དཀྱིལ༔ གནམ་ལྕགས་འཁོར་ལོ་རྩིབས་བཅུའི་དབུས༔ པད་ཉི་དམ་སྲི་བསྣོལ་བའི་སྟེང༔ རང་སེམས་དག་པ་རྒྱུ་ཡི་ཧཱུྃ༔ མཁའ་ལ་ཉི་བཞིན་གསལ་བ་ཡི༔ འོད་ཟེར་ཡར་མར་འཕྲོ་འདུ་ལས༔ རྡོ་རྗེ་རྩེ་དགུ་ཧཱུྃ་གིས་མཚན༔ ཡོངས་གྱུར་གཉུག་མའི་ཡེ་ཤེས་ནི༔ དཔལ་ཆེན་པདྨ་ཀཱི་ལ་ཡ༔ སྐུ་མདོག་དམར་ནག་དུས་མེ་ལྟར༔ ཁྲོ་བོ་ཆེན་པོ་ཞལ་གསུམ་པ༔ དབུས་ཞལ་དམར་ནག་དྲག་ཏུ་ཁྲོས༔ གཡས་དཀར་གཡོན་མཐིང་བཞད་གཤེ་རྔམས༔ ཁྲོ་གཏུམ་གར་དགུའི་གཟི་བརྗིད་འབར༔ སྤྱི་གཙུག་རྟ་གདོང་ལྗང་ཞུར་འཚེར༔ ཕྱག་དྲུག་དང་པོས་རྡོ་རྗེ་དང༔ ཕྱག་གཡོན་བྷནྡྷ་དམར་ཆེན་སྟོབ༔ བར་པ་གཉིས་ཀྱིས་ལྕགས་འཁོར་དང༔ སྡིགས་མཛུབ་ལྕགས་སྡིག་སྤྲུལ་པ་འགྱེད༔ འོག་གཉིས་རི་རབ་ཕུར་བུ་འདྲིལ༔ སྦྱོར་ཡུམ་པདྨཻ་ཤྭ་རི་མ༔ གྲི་ཐོད་བསྣམས་པ་གཡོན་ན་རོལ༔ ཁྲོ་མོའི་རྒྱན་དང་ཆ་ལུགས་རྫོགས༔ གནས་ལྔར་གཤིན་རྗེ་རྟ་མཆོག་དཔལ༔ ཕྱག་རྡོར་ཁྲོས་ནག་མེ་དབལ་གཏམས༔ གཙོ་འཁོར་དུར་ཁྲོད་ཆས་བརྒྱད་དང༔ མཚོན་ཆའི་གཤོག་བརྐྱངས་ནམ་མཁར་ལྡིང༔ ཁྱུང་ཆེན་རྣམ་ལྔ་སྤྲུལ་པ་འགྱེད༔ དཔལ་ཆས་ཡོངས་རྫོགས་ཉམས་དང་ལྡན༔ སྐུ་སྨད་གནམ་ལྕགས་ཕུར་པ་ནི༔ ཟུར་གསུམ་ཐོག་མེའི་ཚྭ་ཚྭ་འཕྲོ༔ གནོད་བྱེད་བདུད་བཞིའི་སྙིང་ལ་གཟིར༔ དྲག་ཤུལ་རྡོ་རྗེ་སྲིན་པོ་ནི༔ ཤིན་ཏུ་མི་བཟད་ཁྲོས་པའི་སྐུ༔ ཁམས་གསུམ་ཟ་བྱེད་ཆེན་པོར་གསལ༔ དྲག་མེ་འཁྲུགས་པའི་ཀློང་ན་འགྱིང༔ སྟེང་ཕྱོགས་བརྒྱུད་གསུམ་བླ་མ་དང༔ བར་དུ་སྒྲུབ་པ་བཀའ་བརྒྱད་ལྷ༔ ཕྱི་རོལ་འཁོར་ལོ་རྩིབས་བཅུའི་སྟེང༔ མདུན་ནས་གཡས་བསྐོར་རིམ་པ་བཞིན༔ འཇིགས་བྱེད་ཁྲོ་བོ་ཆེན་པོ་བཅུ༔ ཀུན་ཀྱང་མཐིང་ནག་ཕུར་པ་འདྲིལ༔ འཇིགས་རུང་སྲིན་པོའི་ཆོ་འཕྲུལ་ཅན༔ ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་དྲག་པོའི་སྒྲ༔ སྟོང་གསུམ་ཁྲོ་བོས་སྔགས་སྒྲ་སྒྲོགས༔ སྟོང་ཉིད་ཞི་ལས་མ་གཡོས་བཞིན༔ གདུག་པ་ཅན་རྣམས་ཚར་གཅོད་ཕྱིར༔ ཁོར་ཡུག་བར་མཚམས་ཐམས་ཅད་དུ༔ མེ་རླུང་མཚོན་ཆ་འཁྲུགས་པའི་ཀློང༔ གནས་ཡུལ་མཁའ་འགྲོ་བཀའ་སྡོད་བཅས༔ ཕོ་ཉ་དམ་ཅན་རྒྱ་མཚོའི་ཚོགས༔ སྙིང་རྗེ་ཁྲོས་པའི་སྐུར་བཞེངས་ལ༔ དྲེགས་པ་སྡེ་བརྒྱད་སྤྲིན་ལྟར་གཏིབས༔ གཏུམ་དྲག་ང་རོའི་སྟངས་སྟབས་ཀྱིས༔ འཇིག་རྟེན་ཤིག་ཤིག་ཡོམ་ཡོམ་འགུལ༔ ཐོག་ལྟར་འབེབས་ཤིང་སེར་ལྟར་འདྲིལ༔ གཞན་ཡང་དཔལ་གྱི་རྣམ་འཕྲུལ་ནི༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཁྲིགས༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་གྱུར༔ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། ཐུགས་སྲོག་འོད་ཀྱིས་ཕྱོགས་བཅུར་ཁྱབ༔ རོལ་པ་ཆེན་པོའི་ཞིང་ཁམས་ནས༔ རབ་འབྱམས་རྒྱལ་བ་སྲས་བཅས་དང༔ ཁྱད་པར་རྔ་ཡབ་དཔལ་གྱི་རི༔ ལངྐ་སྲིན་པོའི་གྲོང་ཁྱེར་ནས༔ དཔལ་ཆེན་པདྨ་ཀཱི་ལ་ཡ༔ དབྱིངས་ནས་སྤྱན་དྲངས་དབྱེར་མེད་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་འགྲོ་བའི་དོན་དུ་བསྐུལ༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ མི་མངོན་དབྱིངས་ནས་གཤེགས་སུ་གསོལ༔ དཔལ་རི་པདྨ་འོད་གླིང་ནས༔ བླ་མ་དྲག་པོ་ཀཱི་ལ་ཡ༔ དབང་དྲག་རོལ་པའི་ལྷ་ཚོགས་རྣམས༔ དྲག་ཤུལ་སྟོབས་ཀྱིས་གནས་འདིར་གཤེགས༔ གཟུང་འཛིན་དགྲ་བགེགས་འདུལ་བ་དང༔ མཐུ་སྟོབས་དྲག་རྩལ་དངོས་གྲུབ་སྩོལ༔ སྒོ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི༔ རྡོ་རྗེ་ཡེ་ཤེས་བསྐྱེད་དུ་གསོལ༔ ཨོཾ་ཤྲཱི་ཧེ་རུ་ཀ་པདྨཱནྟ་ཀྲྀཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ས་མ་ཡ་ཛཿཛཿ ཛཿཧཱུྃ་བྃ་ཧོ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿ གདོད་ནས་སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ དག་པ་རབ་འབྱམས་དམ་ཚིག་འཁོར་ལོ་ལ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་སྐུ་གསུམ་ལྷ༔ རྟག་ཏུ་འདུ་འབྲལ་མེད་པ་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱིཿ རྩ་གསུམ་རྒྱལ་བ་རབ་འབྱམས་མ་ལུས་པའི༔ ཡེ་ཤེས་ཐུགས་རྗེའི་བཀོད་པ་ཀུན་འདུས་པ༔ དབང་དྲག་བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་ལྷར༔ མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་བགྱིའོ༔ ན་མོ་ན་མ་མི༔ ལྔ་པ་མཆོད་པ་འབུལ་བ་ནི། ཧཱུྃ་ཧྲཱིཿ ཆོས་ཉིད་ཀ་ནས་དག་པའི་ངོ་བོ་ལས༔ ཆོས་ཅན་སྒྱུ་འཕྲུལ་ཀུན་བཟང་རྡོ་རྗེའི་གར༔ རབ་འབྱམས་མཆོད་པ་ཆེན་པོ་བླ་ན་མེད༔ ཕྱི་ལྟར་ཉེར་སྤྱོད་དུར་ཁྲོད་དྲག་པོའི་རྫས༔ ནང་དུ་སྨན་རཀ་གཏོར་མའི་འདོད་ཡོན་གཏེར༔ གསང་བ་བདེ་སྟོང་གཉིས་མེད་སྦྱོར་སྒྲོལ་གར༔ གཟུང་འཛིན་རང་གྲོལ་ཆེན་པོར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱི་ལ་ཡ་དྷེ་ཝ་དྷཱ་ཀི་ནཱི་མཎྜ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ ཤབྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་མ་ཧཱ་སུ་ཁ་པཱུ་ཛ་དྷརྨ་དྷཱ་ཏུ་ཨ༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿ ཆོས་སྐུ་བདེ་ཆེན་འོད་མི་འགྱུར༔ ལོངས་སྐུ་པདྨ་དབང་དྲག་འབར༔ བདུད་དཔུང་འཇོམས་མཛད་ཀཱི་ལ་ཡ༔ སྤྲུལ་སྐུ་དབང་ཆེན་ཕྱག་རྒྱར་བསྟོད༔ སྒེག་པ་འཇིགས་རུང་གཟི་བརྗིད་འབར༔ རྒོད་གཤེ་དྲག་ཤུལ་ས་གསུམ་གཡོ༔ སྙིང་རྗེ་རྔམས་ཞི་ཡེ་ཤེས་ལྷ༔ ཁྲག་འཐུང་རོལ་པའི་ཚོགས་ལ་བསྟོད༔ ཆོས་ཉིད་ཞི་ལས་མ་གཡོས་ཀྱང༔ གདུག་པ་ཅན་རྣམས་འདུལ་བའི་ཕྱིར༔ འཇིགས་བྱེད་རོལ་པའི་སྐུར་སྟོན་པ༔ གཙོ་འཁོར་སྤྲུལ་པར་བཅས་ལ་བསྟོད༔ བདུན་པ་རྩ་བསྙེན་འཛབ་བཟླས་རིམ་པ་ནི། བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ མེ་ལོང་གཟུགས་བརྙན་ཇི་བཞིན་དུ༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ མདུན་མཁར་དགྱེས་པས་བཞུགས་བར་གྱུར༔ བདག་མདུན་ཐུགས་ཀར་ཙིཏྟ་ནི༔ རིན་ཆེན་རཱ་གའི་གུར་ཕུབ་ལྟར༔ ལྟེ་བར་ཉི་མ་ལ་གནས་པའི༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ རྩ་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་རབ་འབར་འཕྲོས་འདུ་ཡིས༔ རྩ་གསུམ་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ རྒྱལ་བའི་མཁྱེན་ནུས་བྱིན་རླབས་རྣམས༔ ལྷ་སྔགས་ཕྱག་མཚན་འབྲུ་གསུམ་པོ༔ རང་ལ་སིབ་སིབ་ཐིམ་པ་ཡིས༔ ཡེ་ཤེས་གཟི་བརྗིད་ཆེ་འབར་གྱུར༔ ཨོཾ་པདྨ་ཀཱི་ལ་ཡ་ཧཱུྃ༔ ཞེས་བཟླས་འཁྲུལ་རྟོག་འོག་འགྱུ་དང༔ རྒྱ་འབྱམས་མི་ཚིག་བར་མཆོད༔ རིག་སྟོང་མཐའ་བྲལ་ཡེ་ཤེས་ངང༔ འབུམ་ཕྲག་དགུ་བཟླས་ནུས་ཐོན་འགྱུར༔ ལྷ་དང་སྐལ་མཉམ་རྩ་བསྙེན་ནོ༔ སླར་ཡང་ཐུགས་སྲོག་ས་བོན་མཐར༔ སྒྲུབ་པའི་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པའི་རྐྱེན་གྱིས་བདེ་ཆེན་གྱི༔ འོད་ཟེར་རབ་འཕྲོས་མཁའ་ཁྱབ་བརྡལ༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཀྱི༔ བདེ་གཤེགས་སྲས་མཆོག་ཐམས་ཅད་དང༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ༔ ཁྲག་འཐུང་ཁྲོ་བོའི་ཐུགས་དམ་བསྐུལ༔ དམ་ཅན་སྡེ་བརྒྱད་ལས་ལ་གཟིར༔ མ་རུངས་གདུག་ཅན་ཚར་ཐག་བཅད༔ ཁམས་གསུམ་འགྲོ་བའི་སྒྲིབ་པ་སྦྱངས༔ སྣང་སྲིད་པདྨ་དྲག་པོ་ཡི༔ ལྷ་སྔགས་ཡེ་ཤེས་རོལ་པར་གྱུར༔ ཨོཾ་པདྨཱནྟ་ཀྲྀཏ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཅེས་འབུམ་ཕྲག་གསུམ་བཟླ་བར་གསུངས་སོ། །བརྒྱད་པ་བཟླས་པའི་རྣལ་འབྱོར་ལས་ལྡང་བ་ནི། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཅས་ཀྱིས་ལྷག་ཆད་ཁ་བསྐང་ཞིང༌། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། སོག་ཀྱིས་སྟོང་ཚིགས་འབུལ། སྐབས་འདིར་བཀའ་གཏེར་སྲུང་མའི་གཏོར་ཆོག་རྒྱས་བསྡུས་ཅི་འགྲུབ་བྱ། གསུམ་པ་རྗེས་ཀྱི་རིམ་པ་ལ། དང་པོ་ཐབས་ཤེས་ཀྱི་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ བདག་ཉིད་དཔལ་ཆེན་ཐུགས་ཀ་ནས༔ ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས༔ ཚོགས་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས༔ རྃ་ཡྃ་ཁྃ་སྥ་ར་ཎ་ཁཾ༔ སླར་ཡང་སྙིང་པོ་འབྲུ་གསུམ་གྱིས༔ ཟག་མེད་འདོད་ཡོན་བདུད་རྩིར་བསྐྱིལ༔ ཁ་དོག་དྲི་རོ་བཅུད་ལྡན་པའི༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ ཚོགས་ཀྱི་མཆོད་པ་རྒྱ་ཆེར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་ཞིང་སྤྱན་དྲང་བ་ནི། ཧཱུྃ༔ ཆོས་དབྱིངས་རབ་འབྱམས་ཕོ་བྲང་ཆེ༔ སྐུ་གསུམ་དག་པའི་གཞལ་ཡས་དང༔ ལྷོ་ནུབ་དཔལ་རི་པདྨ་འོད༔ རྔ་ཡབ་ལངྐའི་གྲོང་ཁྱེར་ནས༔ བཅོམ་ལྡན་རྒྱལ་བ་སྲས་བཅས་ཚོགས༔ བརྒྱུད་གསུམ་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས༔ དཔལ་ཆེན་པདྨ་ཀཱི་ལ་ཡའི༔ ལྷ་ཚོགས་སྤྲུལ་འཁོར་བཅས་པ་རྣམས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་ན༔ བར་ཆད་བཟློག་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ཚོགས་མཆོད་འབུལ་བ་ནི། ཧཱུྃ༔ བླ་མེད་ཚོགས་ཀྱི་ལོངས་སྤྱོད་དང༔ སྲིད་ཞིའི་འདོད་ཡོན་མཆོད་རྫས་ཀྱིས༔ ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང༔ དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ གནོང་ཞིང་བཤགས་པ་ནི། བདག་ཅག་ཐོག་མར་འཁྲུལ་པའི་བློས༔ ཉོན་མོངས་མི་དགེའི་དབང་གྱུར་ནས༔ བག་མེད་འགལ་འཁྲུལ་ཉམས་པ་ཡིས༔ ཁྱོད་ཐུགས་དམ་ལས་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་ཚངས་པར་སྩོལ༔ བཛྲ་ས་མ་ཡ་བི་ཤུདྡྷེ་ཨ་ཨ་ཨཿ བར་པ་ཚོགས་ཀྱི་མཆོད་པས་བསྐང་བ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ དུར་ཁྲོད་རོལ་པའི་གནས་མཆོག་དམ་པ་འདིར༔ མཆོད་པའི་སྐོང་རྫས་ནམ་མཁའ་མཛོད་ཀྱི་སྒོ༔ དངོས་བཤམས་ཡིད་སྤྲུལ་མི་ཟད་རབ་ཕྱེ་ནས༔ བསྐང་ངོ་བསྐལ་བའི་ཐུགས་དམ་གཉན་པོ་བསྐང༔ བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐང༔ ཡི་དམ་སྒྲུབ་སྡེ་ཞི་ཁྲོའི་ཐུགས་དམ་བསྐང༔ དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང༔ ཕྱི་མཆོད་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ལྷ་མིའི་ལོངས་སྤྱོད་སོགས༔ གཟུགས་སྒྲ་དྲི་རོ་རེག་བྱས་ཆོས་དབྱིངས་གང༔ སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱར་འབུལ༔ ནང་མཆོད་གཟུང་འཛིན་དབྱིངས་སུ་བསྒྲལ་བའི་རྫས༔ ཁྲག་གི་མཆོད་ཡོན་དབང་པོའི་མེ་ཏོག་དང༔ ཚིལ་གསུར་བདུག་སྤྲིན་ཞུན་ཆེན་སྒྲོན་མེ་གསལ༔ མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་ཚོགས༔ རྐང་གླིང་ཐོད་རྔ་དྲག་པོའི་འབུད་སྒྲ་དང༔ བདུད་རྩི་རཀྟ་བམ་རོའི་གཏོར་མ་ཆེ༔ རྨད་བྱུང་དམ་རྫས་རྒྱ་ཆེ་མི་ཟད་པས༔ བླ་མ་དྲག་པོ་འཁོར་བཅས་ཐུགས་དམ་བསྐང༔ གསང་བ་གཉིས་མེད་བདེ་སྦྱོར་ལྷན་སྐྱེས་ཀྱི༔ དགའ་བཞིའི་ཕྱག་རྒྱ་ཡེ་ཤེས་རོལ་པས་བསྐང༔ གདོད་མའི་བདེ་གཤེགས་སྙིང་པོའི་རང་བཞིན་ལས༔ སྲིད་ཞིའི་ཆོས་རྣམས་དག་པ་རབ་འབྱམས་ཀྱིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་དགྱེས་བསྐངས་ནས༔ རྣལ་འབྱོར་བདག་ལ་ཐུགས་རྗེ་ཆེན་པོ་མཛོད༔ ཧཱུྃ༔ དེ་ལྟར་བསྐངས་བའི་བྱིན་མཐུ་ཡིས༔ ཉམས་ཆག་ཐམས་ཅད་སོར་ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་ནི༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཡི་གེ་བརྒྱ་པ་རྩེ་གཅིག་བཟླ། ཐ་མ་བསྒྲལ་མཆོད་ནི། ཚོགས་ཟན་ལ་རྟེན་བྱས་ཏེ། ཧཱུྃ་ཞེས་སྐད་ཅིག་དྲན་རྫོགས་སུ༔ སྣང་སྲིད་ཐམས་ཅད་ཁྲོ་བོར་བཞེངས༔ ཕོ་ཉ་སྤྲོས་པས་དགྲ་བགེགས་ཀུན༔ དམིགས་རྟེན་ལ་བསྟིམས་དབྱེར་མེད་གྱུར༔ ཨེ་ནྲྀ་ཏྲི་སརྦ་ཤ་ཏྲཱུཾ་བིགྷྣཱན་ཛཿཧཱུྃ་བྃ་ཧོ༔ ཞེས་འགུགས་བསྟིམ་བྱས་ལ། ཧཱུྃ༔ བདག་ཉིད་བླ་མ་དྲག་པོ་རྩལ༔ ཕྱག་ན་སྲས་མཆོག་ཕུར་པ་འདྲིལ༔ དགྲ་བགེགས་སྙིང་ལ་བཏབ་པ་ཡིས༔ ལུས་ངག་རྡུལ་ཕྲན་བཞིན་དུ་བརླག༔ ཚེ་བསོད་དྭངས་མ་རང་ལ་བསྟིམས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ྄༔ ལྔ་ཕུང་དུག་ལྔའི་ཕུང་པོ་འདི༔ ཡེ་ཤེས་བདུད་རྩིའི་མཆོད་པ་བཞེས༔ མ་ཧཱ་མྃ་ས་རཀྟ་ཀིཾ་རི་ཏི་ཁཱ་ཧི༔ དེ་ནས་བརྡའི་འབུལ་ལེན་དང་ལྡན་པས་རྣལ་འབྱོར་ཕོ་མོ་ཚོགས་ལ་རོལ་པ་སྤྱི་ལྟར་རོ། །གཉིས་པ་ལྷག་མ་བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིངྟ་ཁཱ་ཧི༔ དཔལ་ཆེན་པདྨ་ཧེ་རུ་ཀའི༔ བཀའ་ཉན་ལྷག་སྡུད་ཕོ་ཉའི་ཚོགས༔ འདིར་གཤེགས་གཡར་དམ་བཅས་པ་བཞིན༔ གཏོར་མ་ལོངས་ལ་ཕྲིན་ལས་མཛོད༔ ས་མ་ཡ་བྷྱོ་ཛ་ཕཊ྄༔ གསུམ་པ་ཆད་དམ་བསྒྲག་པ་ནི། ཧཱུྃ༔ སྔོན་ཚེ་བར་དང་ཐ་མའི་སྙིགས་དུས་འདིར༔ བརྒྱུད་གསུམ་རིག་འཛིན་བླ་མའི་སྤྱན་སྔ་རུ༔ རང་རང་སྲོག་གི་སྙིང་པོ་སྔོན་དུ་ཕུལ༔ ཁས་བླངས་དམ་ལས་མ་འདའ་གཏོར་མ་བཞེས༔ སརྦ་དྷརྨ་པཱ་ལ་ས་མ་ཡ་ཀརྨ་ཀུ་རུ་ཧོཿ བཤལ་ཆུས་བརྟན་མ་མཆོད་པ་ནི། བྷྱོ༔ བོད་ཁམས་སྐྱོང་མཛད་བརྟན་མའི་ཚོགས༔ བདུད་མོ་སྨན་མོ་གནོད་སྦྱིན་མོ༔ ཁྱེད་ཅག་སྔོན་གྱི་གཡར་དམ་ཅན༔ གཏོར་མ་འདི་བཞེས་ཕྲིན་ལས་མཛོད༔ བཞི་པ་རྟ་བྲོ་བརྡུང་བ་ནི། ཧཱུྃ༔ སྲིད་གསུམ་འབར་པའི་ཧོམ་ཁུང་དུ༔ བདུད་དང་རྒྱལ་འགོང་མ་ལུས་པ༔ རྡོ་རྗེ་སྲིན་པོའི་བྲོ་ཡིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ སྟྭཾ་བྷ་ཡ་ནན༔ གཏོར་གཞོང་བཟེད་ལ་འབྲུ་འཐོར་ལ། རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ རྟེན་འབྲེལ་ཇི་བཞིན་སྨོན་ལམ་ཤུགས༔ ཕྲིན་ལས་རྣམ་བཞིའི་དཔལ་སྦྱོར་རྒྱས༔ ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་ཤོག༔ ལྔ་པ་གཏང་རག་མཆོད་བསྟོད་དངོས་གྲུབ་བཅས་ནི། ཧོཿ དབྱིངས་ནས་སྤྱན་དྲངས་ལྷ་ཚོགས་ལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ་མཆོག་ཏུ་དད་པས་ཕྱག་འཚལ་ལོ༔ སྐུ་གསུང་ཐུགས་ཡོན་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཕ་ལ་ཧོ༔ དེ་ནས་ནོངས་བཤགས་ནི། ཧོཿ གསང་སྔགས་གཉན་གྱི་ཆོ་ག་ལ༔ དམ་ཚིག་སྤྱི་དང་བྱེ་བྲག་གི༔ མ་འབྱོར་ཉམས་ཆག་ཅི་མཆིས་པ༔ ཐམས་ཅད་མ་ལུས་དག་པར་མཛོད༔ ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་བརྗོད༔ ཡེ་ཤེས་པ་རྣམས་རྟེན་ལ་བསྟིམ༔ དྲུག་པ་བསྐྱེད་རིམ་བསྡུ་བ་ནི། ཧཱུྃ༔ རང་བཞིན་སྣང་སྲིད་ལྷ་ཚོགས་རྣམས༔ མཐའ་ནས་དབུས་ཞུ་གཙོ་ལ་ཐིམ༔ ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་ཀྱང༔ སྐྱེ་མེད་དབྱིངས་ཀྱི་ནཱ་དར་བསྡུ༔ བདུན་པ་ཐུན་མཚམས་ལྷར་ལྡང་བ་ནི། ཨ༔ སླར་ཡང་སྐད་ཅིག་སྟོང་གསལ་ལས༔ མ་འགག་སྒྱུ་མའི་རོལ་རྩལ་གྱིས༔ དཔལ་ཆེན་རྡོ་རྗེ་ཁྲོ་བོའི་སྐུ༔ སྣང་གྲགས་རིག་གསུམ་རོལ་པར་ཤར༔ ཧཱུྃ་ཧཱུྃ་ཧཱུྃ༔ བརྒྱད་པ་བསྔོ་སྨོན་ནི། ཧོཿ ཚོགས་གཉིས་བསགས་པའི་དགེ་ཚོགས་རྣམས༔ ཁམས་གསུམ་སེམས་ཅན་དོན་དུ་བསྔོ༔ བསྡོ་མཁན་ཀ་དག་ཆོས་སྐུའི་ཀློང༔ ཐམས་ཅད་རྫོགས་བྱང་ཐོབ་པར་ཤོག༔ དགུ་པ་ཤིས་བརྗོད་ནི། ཧྲཱིཿ ཆོས་དབྱིངས་སྤྲོས་བྲལ་བྱང་ཆུབ་སྙིང་པོའི་སྐུ༔ ཀ་དག་ལྷུན་གྲུབ་ཀུན་ཁྱབ་དཀྱིལ་འཁོར་ནས༔ རྔམས་བརྗིད་དབང་དྲག་རོལ་པ་ཧེ་རུ་ཀ༔ གང་སྐུ་གཞོམ་ཞིག་བྲལ་བའི་བཀྲ་ཤིས་ཤོག༔ སྐྱེ་མེད་ཆོས་དབྱིངས་འོད་གསལ་རྡོ་རྗེའི་སྒྲ༔ འགག་མེད་ཧཱུྃ་གིས་སྡེ་བརྒྱད་བྲན་དུ་བཀོལ༔ མ་བཅོས་རང་བྱུང་ཡེ་ཤེས་ལྔ་ལྡན་རྫོགས༔ ཐུགས་རྗེ་གང་འདུལ་བསམ་ཡས་བཀྲ་ཤིས་ཤོག༔ ཟབ་གསང་སྙིང་པོ་རྡོ་རྗེ་ཐེག་པ་ཡི༔ བསྟན་པ་པ་རིན་ཆེན་གར་ཁྱབ་རྒྱལ་ཁམས་སུ༔ དཔལ་འབྱོར་རབ་རྒྱས་འགྲོ་ཀུན་ཆོས་བཞིན་སྤྱོད༔ རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་ཆར་དུ་བསྙིལ། རོལ་མོའི་སྒྲ་འཇམ་ལ་དལ་བ་སྦྱར། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོ་དང་མ་བྲལ་བའི་ངང་ནས་སྤྱོད་ལམ་ལ་འཇུག་པར་བྱའོ། །དབང་ཆེན་གཟི་བརྗིད་བསྐལ་པའི་མེས། །ཡིད་སྲུབས་རྩ་སྦུར་དབྱིངས་བསྲེགས་ནས། །སྙིགས་མའི་གདུང་སྐྱོབ་རྨད་བྱུང་བ། །སྐལ་བཟང་བསྟན་འགྲོའི་དཔལ་གྱུར་ཅིག །ཅེས་པའང་ལུང་ཟིན་ཆོས་ཀྱི་བདག་པོ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དག་སྣང་གི་སྤྱན་རས་ཡངས་བས་ཆེད་དུ་བཀའ་བསྩལ་བཞིན་འཇམ་མགོན་རྡོ་རྗེ་འཆང་རྣམ་གསུམ་གྱི་ཐུགས་རྗེའི་གཟིགས་པའི་གདུལ་བྱ་ཙམ་དུ་གཏོགས་པའི་རིག་སྔགས་འཆང་བ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་པདྨ་གར་དབང་མདོ་སྔགས་གླིང་པས་འཕགས་ཡུལ་རྡོ་རྗེ་གླིང་གི་རི་བོའི་སྦོ་ནས་བྲིས་པར་འབྲེལ་ཚད་བླ་མ་པདྨ་ཧེ་རུ་ཀ་ཆེན་པོའི་ཡེ་ཤེས་ཀྱི་ཐིག་ལེར་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །དགེའོ།། །དགེའོ།། །དགེའོ།། }} | ༄༅། །ན་མོ་གུ་རུ་པདྨ་ཀྲོ་དྷ་ཀཱི་ལ་ཡ། བདེ་ཆེན་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ནི། །རྒྱལ་ཀུན་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཚུལ། །མ་ཧཱ་གུ་རུ་པདྨ་ཀཱི་ལ་ཡར། །རབ་གུས་དད་པའི་ཡིད་ཀྱིས་སྤྱི་བོར་མཆོད། །གང་གི་ཐུགས་བཅུད་ཟབ་རྒྱའི་ཆོས། །ཡང་ཟབ་བླ་མ་སྒྲུབ་པའི་ཚུལ། །དྲག་པོ་པདྨ་ཀཱི་ལ་ཡའི། །ཕྲིན་ལས་འདུས་གསལ་སྙིང་པོ་སྤེལ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ། སྦྱོར་བའི་ཆོས་ནི། ཡིད་དང་མཐུན་པའི་གནས་ཁང་རྒྱན་དང་བྱི་དོར་གྱིས་མཛེས་པའི་གུང་དུ་གཞུང་མཐུན་གྱི་སྐུ་རྟེན་མདུན། སྨན་རཀ་གཏོར་མ། ཞི་དྲག་གི་ཉེར་སྤྱོད། ཚོགས་དང་འབྲེལ་ན་ཆད་བརྟན། དཀར་བགེགས། ཐབས་ཤེས་ཀྱི་དམ་རྫས་སོགས་འོག་ཏུ་དགོས་པའི་ཡོ་བྱད་རིགས་འདུ་བྱའོ། །གཉིས་པ་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་བླ་མ་དཔལ་ཆེན་ཧེ་རུ་ཀ་བདུད་འདུལ་པདྨ་ཀཱི་ལ་ཡར་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་བཛྲ་ས་མ་ཛཿ ཧཱུྃ་ཧཱུྃ་ཧཱུྃ༔ བླ་མ་རྩ་གསུམ་འདུས་པའི་སྐུ༔ ཁྲོ་རྒྱལ་པདྨ་ཀཱི་ལ་ཡ༔ སྐྱབས་ཡུལ་རྒྱ་མཚོའི་ཚོགས་བཅས་ལ༔ སྙིང་ནས་དད་པས་སྐྱབས་སུ་མཆི༔ ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། སེམས་ཅན་ཀུན་གྱི་དོན་ཕྱིར་དུ༔ རྫོགས་པའི་སངས་རྒྱས་ཐོབ་འདོད་ལ༔ བར་དུ་གཅོད་པའི་བདུད་བཏུལ་ནས༔ བླ་མ་དྲག་པོ་བསྒྲུབ་པར་བྱ༔ ལན་གསུམ། བཞི་པ་ཚོགས་བསགས་པ་ནི། རང་སེམས་སྐྱེ་བ་མེད་པའི་ཞིང༔ རིག་རྩལ་ལྷུན་གྲུབ་རྩ་གསུམ་ཚོགས༔ མ་འགག་རང་ཤར་ངང་ལ་བཞུགས༔ དབྱིངས་རིག་དབྱེར་མེད་མཇལ་ཕྱག་འཚལ༔ རང་གྲོལ་བདེ་ཆེན་མཆོད་པ་འབུལ༔ གཉིས་སྣང་འཛིན་སྤྲོས་བྲལ་ཀློང་དུ་བཤགས༔ རིག་སྟོང་རྗེན་པར་རྗེས་ཡི་རང༔ གདོད་ནས་དག་པའི་ཆོས་འཁོར་བསྐོར༔ འཆི་མེད་ལྷུན་གྲུབ་བཞུགས་གསོལ་འདེབས༔ དགེ་ཚོགས་ཀུན་བཟང་ས་ཐོབ་ཤོག༔ བཛྲ་མུཿ ཚོགས་ཞིང་འོད་གསལ་ངང་ལ་ཐིམ༔ ལྔ་པ་བླ་མའི་རྣལ་འབྱོར་ནི། དམིགས་མེད་མཁའ་དབྱིངས་དག་པའི་ཞིང༔ འཛིན་མེད་རང་རྩལ་པདྨ་འབྱུང༔ རྡོ་རྗེ་འཆང་དབང་སྐུ་མདོག་སྔོ༔ མཚན་དཔེའི་གཟི་བརྗིད་དཔལ་འབར་བ༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་སྤྲས༔ ཕྱག་གཉིས་རྡོར་དྲིལ་ཡུམ་ལ་འཁྱུད༔ བདེ་སྟོང་དབྱེར་མེད་ངང་དུ་གསལ༔ དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་མཆོག་འདུས་པའི་དཔལ༔ རིགས་གསུམ་ཁྱབ་བདག་བླ་མ་ལ༔ སྙིང་ནས་གུས་པས་གསོལ་བ་འདེབས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ རང་སེམས་ཆོས་སྐུ་མངོན་གྱུར་ནས༔ སྤང་རྟོགས་ཡོན་ཏན་རྫོགས་གྱུར་ཅིག༔ ཨ་ཨ་ཨ༔ རྩེ་གཅིག་གདུང་བས་གསོལ་བཏབ་མཐུས༔ བླ་མ་རྡོ་རྗེ་འཆང་དབང་པོ༔ དགྱེས་པའི་འཛུམ་ཞལ་དང་བཅས་ཏེ༔ གསང་བ་གསུམ་གྱི་འོད་ཟེར་གྱིས༔ བདག་གི་ཉམས་གྲིབ་ཀུན་སྦྱངས་ནས༔ ལམ་བཞི་སྒོམ་པའི་སྣོད་དུ་གྱུར༔ བླ་མ་འོད་ཞུ་བདུད་རྩིའི་རྒྱུན༔ གནས་བཞིར་རིམ་གྱིས་བབས་པ་ཡི༔ དབང་བཞིས་སྨིན་ཅིང་སྐུ་བཞི་ཐོབ༔ ཕྱི་རོལ་གཟུང་བས་མ་གོས་ཤིང༔ ནང་དུ་འཛིན་པས་མ་བཅིངས་པ༔ བར་དུ་འོད་གསལ་རང་ངོ་ཤེས༔ རྗེ་བཙུན་བླ་མའི་ཐུགས་དགོངས་དང༔ དབྱེར་མེད་ཁྱབ་བརྡལ་ཀློང་ཡངས་སུ༔ ཟུང་འཇུག་ཡེ་ཤེས་སྐུ་འགྲུབ་ཤོག༔ ཅེས་བརྗོད། དྲུག་པ་བགེགས་ལ་བཀའ་བསྒོ་བ་ནི། རྃ་ཡྃ་ཁྃ༔ བདག་ཉིད་པདྨ་ཧེ་རུ་ཀའི༔ ཐུགས་ལས་རྃ་ཡྃ་ཁྃ་གསུམ་འཕྲོས༔ གཏོར་མའི་མ་དག་བསྲེགས་གཏོར་བཀྲུས༔ འདོད་ཡོན་ཟད་མི་ཤེས་པར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། ཧཱུྃ༔ གཉིས་འཁྲུལ་པའི་བདུད་བགེགས་ཀུན༔ མཆོད་སྦྱིན་བཟང་པོ་འདི་ཁྱེར་ལ༔ གནས་འདིར་མ་འདུག་གཞན་དུ་དེངས༔ གལ་ཏེ་མི་འགྲོ་འཚེ་བྱེད་ན༔ སྤྲུལ་པ་ཁྲོ་བོས་རྡུལ་དུ་བརླག༔ ཧཱུྃ་བཞིའི་དྲག་སྔགས་ཐུན་གྱིས་བྲབ༔ བདུན་པ་མཚམས་བཅད་པ་ནི། ཧཱུྃ༔ རང་བཞིན་ལྷུན་གྲུབ་དཀྱིལ་འཁོར་ནས༔ བགེགས་ཞེས་བྱ་བའི་ཡུལ་མེད་ཀྱང༔ མ་རྟོགས་འཁྲུལ་འཁོར་ཐམས་ཅད་ཀུན༔ དག་མཉམ་རྡོ་རྗེའི་སྲུང་འཁོར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ བརྒྱད་པ་བྱིན་འབེབས་པ་ནི། ཧཱུྃ་ཧྲཱིཿ སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས༔ རབ་འབྱམས་རྩ་བ་གསུམ་གྱི་ལྷ༔ གཙོ་འཁོར་སྤྲུལ་པ་རབ་འབྱམས་ཀུན༔ ནམ་མཁའ་བར་སྣང་ས་གཞི་ཁྱབ༔ སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ གསང་སྔགས་འཛབ་ཀྱི་གླུ་དང་བཅས༔ བདེ་སྟོང་རྡོ་རྗེའི་གར་བསྒྱུར་བཞིན༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་མཆོག་བདག་ལ་བྱིན་གྱིས་རློབས༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་ཐུན་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནི་སརྦ་ས་མ་ཡ་ཨ་བེ་ཤ་ཡ་ཕེཾ་ཕེཾ་ཧྲཱིཾ་ཧྲཱིཾ་ཛཿཛཿ དགུ་པ་བཤགས་པ་ནི། ཧོཿ གདོད་ནས་རྣམ་དག་ཡེ་ཤེས་ལྷ༔ རང་དང་གཉིས་སུ་མེད་བཞུགས་ཀྱང༔ མ་རྟོགས་གཟུང་འཛིན་འཁྲུལ་པའི་ཚོགས༔ ཡེ་ཤེས་ཆོས་སྐུའི་ཀློང་དུ་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ བཅུ་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ༔ ཕྱི་ནང་སྣོད་བཅུད་མཆོད་པའི་སྤྲིན༔ གདོད་ནས་དག་པ་ཆེན་པོར་རྫོགས༔ ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་སྤྲིན༔ བདེ་ཆེན་ཕྱག་རྒྱ་ཆེན་པོར་ཤར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྟ་སརྦ་པཱུ་ཛ་ཨཱ་ཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཨཱ་ཧཱུྃ༔ གཉིས་པ་དངོས་གཞིའི་དང་པོ་དཀྱིལ་འཁོར་དང་ལྷ་བསྐྱེད་པ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ རང་སེམས་གདོད་ནས་སྟོང་པ་ཆེ༔ རིག་གདངས་རྡོ་རྗེ་ཆེན་པོར་ཤར༔ ཟུང་འཇུག་སྨོན་པ་མེད་པའི་རྩལ༔ རྒྱུ་ཡི་ཏིང་འཛིན་ཧཱུྃ་དམར་པོ༔ འོད་ཀྱིས་ཆོས་རྣམས་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་སྐད་ཅིག་གིས༔ སྣོད་བཅུད་དག་པ་ཡུལ་ལྔའི་ཀློང༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང༔ ཕུང་པོ་དག་པ་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞི་མཚན་ཉིད་རྫོགས༔ དུར་ཁྲོད་འཇིགས་པའི་འཁོར་ལོ་བསྐོར༔ ཡེ་ཤེས་ཟང་ཐལ་ཆེན་པོའི་དཀྱིལ༔ གནམ་ལྕགས་འཁོར་ལོ་རྩིབས་བཅུའི་དབུས༔ པད་ཉི་དམ་སྲི་བསྣོལ་བའི་སྟེང༔ རང་སེམས་དག་པ་རྒྱུ་ཡི་ཧཱུྃ༔ མཁའ་ལ་ཉི་བཞིན་གསལ་བ་ཡི༔ འོད་ཟེར་ཡར་མར་འཕྲོ་འདུ་ལས༔ རྡོ་རྗེ་རྩེ་དགུ་ཧཱུྃ་གིས་མཚན༔ ཡོངས་གྱུར་གཉུག་མའི་ཡེ་ཤེས་ནི༔ དཔལ་ཆེན་པདྨ་ཀཱི་ལ་ཡ༔ སྐུ་མདོག་དམར་ནག་དུས་མེ་ལྟར༔ ཁྲོ་བོ་ཆེན་པོ་ཞལ་གསུམ་པ༔ དབུས་ཞལ་དམར་ནག་དྲག་ཏུ་ཁྲོས༔ གཡས་དཀར་གཡོན་མཐིང་བཞད་གཤེ་རྔམས༔ ཁྲོ་གཏུམ་གར་དགུའི་གཟི་བརྗིད་འབར༔ སྤྱི་གཙུག་རྟ་གདོང་ལྗང་ཞུར་འཚེར༔ ཕྱག་དྲུག་དང་པོས་རྡོ་རྗེ་དང༔ ཕྱག་གཡོན་བྷནྡྷ་དམར་ཆེན་སྟོབ༔ བར་པ་གཉིས་ཀྱིས་ལྕགས་འཁོར་དང༔ སྡིགས་མཛུབ་ལྕགས་སྡིག་སྤྲུལ་པ་འགྱེད༔ འོག་གཉིས་རི་རབ་ཕུར་བུ་འདྲིལ༔ སྦྱོར་ཡུམ་པདྨཻ་ཤྭ་རི་མ༔ གྲི་ཐོད་བསྣམས་པ་གཡོན་ན་རོལ༔ ཁྲོ་མོའི་རྒྱན་དང་ཆ་ལུགས་རྫོགས༔ གནས་ལྔར་གཤིན་རྗེ་རྟ་མཆོག་དཔལ༔ ཕྱག་རྡོར་ཁྲོས་ནག་མེ་དབལ་གཏམས༔ གཙོ་འཁོར་དུར་ཁྲོད་ཆས་བརྒྱད་དང༔ མཚོན་ཆའི་གཤོག་བརྐྱངས་ནམ་མཁར་ལྡིང༔ ཁྱུང་ཆེན་རྣམ་ལྔ་སྤྲུལ་པ་འགྱེད༔ དཔལ་ཆས་ཡོངས་རྫོགས་ཉམས་དང་ལྡན༔ སྐུ་སྨད་གནམ་ལྕགས་ཕུར་པ་ནི༔ ཟུར་གསུམ་ཐོག་མེའི་ཚྭ་ཚྭ་འཕྲོ༔ གནོད་བྱེད་བདུད་བཞིའི་སྙིང་ལ་གཟིར༔ དྲག་ཤུལ་རྡོ་རྗེ་སྲིན་པོ་ནི༔ ཤིན་ཏུ་མི་བཟད་ཁྲོས་པའི་སྐུ༔ ཁམས་གསུམ་ཟ་བྱེད་ཆེན་པོར་གསལ༔ དྲག་མེ་འཁྲུགས་པའི་ཀློང་ན་འགྱིང༔ སྟེང་ཕྱོགས་བརྒྱུད་གསུམ་བླ་མ་དང༔ བར་དུ་སྒྲུབ་པ་བཀའ་བརྒྱད་ལྷ༔ ཕྱི་རོལ་འཁོར་ལོ་རྩིབས་བཅུའི་སྟེང༔ མདུན་ནས་གཡས་བསྐོར་རིམ་པ་བཞིན༔ འཇིགས་བྱེད་ཁྲོ་བོ་ཆེན་པོ་བཅུ༔ ཀུན་ཀྱང་མཐིང་ནག་ཕུར་པ་འདྲིལ༔ འཇིགས་རུང་སྲིན་པོའི་ཆོ་འཕྲུལ་ཅན༔ ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་དྲག་པོའི་སྒྲ༔ སྟོང་གསུམ་ཁྲོ་བོས་སྔགས་སྒྲ་སྒྲོགས༔ སྟོང་ཉིད་ཞི་ལས་མ་གཡོས་བཞིན༔ གདུག་པ་ཅན་རྣམས་ཚར་གཅོད་ཕྱིར༔ ཁོར་ཡུག་བར་མཚམས་ཐམས་ཅད་དུ༔ མེ་རླུང་མཚོན་ཆ་འཁྲུགས་པའི་ཀློང༔ གནས་ཡུལ་མཁའ་འགྲོ་བཀའ་སྡོད་བཅས༔ ཕོ་ཉ་དམ་ཅན་རྒྱ་མཚོའི་ཚོགས༔ སྙིང་རྗེ་ཁྲོས་པའི་སྐུར་བཞེངས་ལ༔ དྲེགས་པ་སྡེ་བརྒྱད་སྤྲིན་ལྟར་གཏིབས༔ གཏུམ་དྲག་ང་རོའི་སྟངས་སྟབས་ཀྱིས༔ འཇིག་རྟེན་ཤིག་ཤིག་ཡོམ་ཡོམ་འགུལ༔ ཐོག་ལྟར་འབེབས་ཤིང་སེར་ལྟར་འདྲིལ༔ གཞན་ཡང་དཔལ་གྱི་རྣམ་འཕྲུལ་ནི༔ སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཁྲིགས༔ སྣང་སྟོང་ཟུང་འཇུག་ཆེན་པོར་གསལ༔ གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ རྡོ་རྗེ་གསུམ་གྱི་ཡི་གེས་མཚན༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཀྱི་བདག་ཉིད་གྱུར༔ གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་འདྲེན་པ་ནི། ཐུགས་སྲོག་འོད་ཀྱིས་ཕྱོགས་བཅུར་ཁྱབ༔ རོལ་པ་ཆེན་པོའི་ཞིང་ཁམས་ནས༔ རབ་འབྱམས་རྒྱལ་བ་སྲས་བཅས་དང༔ ཁྱད་པར་རྔ་ཡབ་དཔལ་གྱི་རི༔ ལངྐ་སྲིན་པོའི་གྲོང་ཁྱེར་ནས༔ དཔལ་ཆེན་པདྨ་ཀཱི་ལ་ཡ༔ དབྱིངས་ནས་སྤྱན་དྲངས་དབྱེར་མེད་གྱུར༔ ཧཱུྃ་ཧཱུྃ་ཧཱུྃ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ བསྐུལ་ལོ་འགྲོ་བའི་དོན་དུ་བསྐུལ༔ སྔོན་གྱི་ཐུགས་དམ་མ་གཡེལ་བར༔ མི་མངོན་དབྱིངས་ནས་གཤེགས་སུ་གསོལ༔ དཔལ་རི་པདྨ་འོད་གླིང་ནས༔ བླ་མ་དྲག་པོ་ཀཱི་ལ་ཡ༔ དབང་དྲག་རོལ་པའི་ལྷ་ཚོགས་རྣམས༔ དྲག་ཤུལ་སྟོབས་ཀྱིས་གནས་འདིར་གཤེགས༔ གཟུང་འཛིན་དགྲ་བགེགས་འདུལ་བ་དང༔ མཐུ་སྟོབས་དྲག་རྩལ་དངོས་གྲུབ་སྩོལ༔ སྒོ་གསུམ་ལྷ་སྔགས་ཡེ་ཤེས་ཀྱི༔ རྡོ་རྗེ་ཡེ་ཤེས་བསྐྱེད་དུ་གསོལ༔ ཨོཾ་ཤྲཱི་ཧེ་རུ་ཀ་པདྨཱནྟ་ཀྲྀཏ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ས་མ་ཡ་ཛཿཛཿ ཛཿཧཱུྃ་བྃ་ཧོ༔ གསུམ་པ་བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱིཿ གདོད་ནས་སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ དག་པ་རབ་འབྱམས་དམ་ཚིག་འཁོར་ལོ་ལ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་སྐུ་གསུམ་ལྷ༔ རྟག་ཏུ་འདུ་འབྲལ་མེད་པ་བརྟན་པར་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་འཚལ་བ་ནི། ཧཱུྃ་ཧྲཱིཿ རྩ་གསུམ་རྒྱལ་བ་རབ་འབྱམས་མ་ལུས་པའི༔ ཡེ་ཤེས་ཐུགས་རྗེའི་བཀོད་པ་ཀུན་འདུས་པ༔ དབང་དྲག་བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་ལྷར༔ མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་བགྱིའོ༔ ན་མོ་ན་མ་མི༔ ལྔ་པ་མཆོད་པ་འབུལ་བ་ནི། ཧཱུྃ་ཧྲཱིཿ ཆོས་ཉིད་ཀ་ནས་དག་པའི་ངོ་བོ་ལས༔ ཆོས་ཅན་སྒྱུ་འཕྲུལ་ཀུན་བཟང་རྡོ་རྗེའི་གར༔ རབ་འབྱམས་མཆོད་པ་ཆེན་པོ་བླ་ན་མེད༔ ཕྱི་ལྟར་ཉེར་སྤྱོད་དུར་ཁྲོད་དྲག་པོའི་རྫས༔ ནང་དུ་སྨན་རཀ་གཏོར་མའི་འདོད་ཡོན་གཏེར༔ གསང་བ་བདེ་སྟོང་གཉིས་མེད་སྦྱོར་སྒྲོལ་གར༔ གཟུང་འཛིན་རང་གྲོལ་ཆེན་པོར་བཞེས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཀཱི་ལ་ཡ་དྷེ་ཝ་དྷཱ་ཀི་ནཱི་མཎྜ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་ནས་ ཤབྟ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་ག་ན་མ་ཧཱ་སུ་ཁ་པཱུ་ཛ་དྷརྨ་དྷཱ་ཏུ་ཨ༔ དྲུག་པ་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿ ཆོས་སྐུ་བདེ་ཆེན་འོད་མི་འགྱུར༔ ལོངས་སྐུ་པདྨ་དབང་དྲག་འབར༔ བདུད་དཔུང་འཇོམས་མཛད་ཀཱི་ལ་ཡ༔ སྤྲུལ་སྐུ་དབང་ཆེན་ཕྱག་རྒྱར་བསྟོད༔ སྒེག་པ་འཇིགས་རུང་གཟི་བརྗིད་འབར༔ རྒོད་གཤེ་དྲག་ཤུལ་ས་གསུམ་གཡོ༔ སྙིང་རྗེ་རྔམས་ཞི་ཡེ་ཤེས་ལྷ༔ ཁྲག་འཐུང་རོལ་པའི་ཚོགས་ལ་བསྟོད༔ ཆོས་ཉིད་ཞི་ལས་མ་གཡོས་ཀྱང༔ གདུག་པ་ཅན་རྣམས་འདུལ་བའི་ཕྱིར༔ འཇིགས་བྱེད་རོལ་པའི་སྐུར་སྟོན་པ༔ གཙོ་འཁོར་སྤྲུལ་པར་བཅས་ལ་བསྟོད༔ བདུན་པ་རྩ་བསྙེན་འཛབ་བཟླས་རིམ་པ་ནི། བདག་ཉིད་རྩ་བའི་དཀྱིལ་འཁོར་ལས༔ མེ་ལོང་གཟུགས་བརྙན་ཇི་བཞིན་དུ༔ ཡེ་ཤེས་དཀྱིལ་འཁོར་གཉིས་པ་དབྱེ༔ མདུན་མཁར་དགྱེས་པས་བཞུགས་བར་གྱུར༔ བདག་མདུན་ཐུགས་ཀར་ཙིཏྟ་ནི༔ རིན་ཆེན་རཱ་གའི་གུར་ཕུབ་ལྟར༔ ལྟེ་བར་ཉི་མ་ལ་གནས་པའི༔ རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ༔ རྩ་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་རབ་འབར་འཕྲོས་འདུ་ཡིས༔ རྩ་གསུམ་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ རྒྱལ་བའི་མཁྱེན་ནུས་བྱིན་རླབས་རྣམས༔ ལྷ་སྔགས་ཕྱག་མཚན་འབྲུ་གསུམ་པོ༔ རང་ལ་སིབ་སིབ་ཐིམ་པ་ཡིས༔ ཡེ་ཤེས་གཟི་བརྗིད་ཆེ་འབར་གྱུར༔ ཨོཾ་པདྨ་ཀཱི་ལ་ཡ་ཧཱུྃ༔ ཞེས་བཟླས་འཁྲུལ་རྟོག་འོག་འགྱུ་དང༔ རྒྱ་འབྱམས་མི་ཚིག་བར་མཆོད༔ རིག་སྟོང་མཐའ་བྲལ་ཡེ་ཤེས་ངང༔ འབུམ་ཕྲག་དགུ་བཟླས་ནུས་ཐོན་འགྱུར༔ ལྷ་དང་སྐལ་མཉམ་རྩ་བསྙེན་ནོ༔ སླར་ཡང་ཐུགས་སྲོག་ས་བོན་མཐར༔ སྒྲུབ་པའི་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པའི་རྐྱེན་གྱིས་བདེ་ཆེན་གྱི༔ འོད་ཟེར་རབ་འཕྲོས་མཁའ་ཁྱབ་བརྡལ༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཀྱི༔ བདེ་གཤེགས་སྲས་མཆོག་ཐམས་ཅད་དང༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ༔ ཁྲག་འཐུང་ཁྲོ་བོའི་ཐུགས་དམ་བསྐུལ༔ དམ་ཅན་སྡེ་བརྒྱད་ལས་ལ་གཟིར༔ མ་རུངས་གདུག་ཅན་ཚར་ཐག་བཅད༔ ཁམས་གསུམ་འགྲོ་བའི་སྒྲིབ་པ་སྦྱངས༔ སྣང་སྲིད་པདྨ་དྲག་པོ་ཡི༔ ལྷ་སྔགས་ཡེ་ཤེས་རོལ་པར་གྱུར༔ ཨོཾ་པདྨཱནྟ་ཀྲྀཏ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཅེས་འབུམ་ཕྲག་གསུམ་བཟླ་བར་གསུངས་སོ། །བརྒྱད་པ་བཟླས་པའི་རྣལ་འབྱོར་ལས་ལྡང་བ་ནི། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཅས་ཀྱིས་ལྷག་ཆད་ཁ་བསྐང་ཞིང༌། ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས། སོག་ཀྱིས་སྟོང་ཚིགས་འབུལ། སྐབས་འདིར་བཀའ་གཏེར་སྲུང་མའི་གཏོར་ཆོག་རྒྱས་བསྡུས་ཅི་འགྲུབ་བྱ། གསུམ་པ་རྗེས་ཀྱི་རིམ་པ་ལ། དང་པོ་ཐབས་ཤེས་ཀྱི་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ བདག་ཉིད་དཔལ་ཆེན་ཐུགས་ཀ་ནས༔ ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས༔ ཚོགས་ཀྱི་དངོས་འཛིན་བསྲེགས་གཏོར་བཀྲུས༔ རྃ་ཡྃ་ཁྃ་སྥ་ར་ཎ་ཁཾ༔ སླར་ཡང་སྙིང་པོ་འབྲུ་གསུམ་གྱིས༔ ཟག་མེད་འདོད་ཡོན་བདུད་རྩིར་བསྐྱིལ༔ ཁ་དོག་དྲི་རོ་བཅུད་ལྡན་པའི༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ ཚོགས་ཀྱི་མཆོད་པ་རྒྱ་ཆེར་གྱུར༔ ཨོཾ་ཨཱཿཧཱུྃ་ཧོཿ ཚོགས་ཞིང་སྤྱན་དྲང་བ་ནི། ཧཱུྃ༔ ཆོས་དབྱིངས་རབ་འབྱམས་ཕོ་བྲང་ཆེ༔ སྐུ་གསུམ་དག་པའི་གཞལ་ཡས་དང༔ ལྷོ་ནུབ་དཔལ་རི་པདྨ་འོད༔ རྔ་ཡབ་ལངྐའི་གྲོང་ཁྱེར་ནས༔ བཅོམ་ལྡན་རྒྱལ་བ་སྲས་བཅས་ཚོགས༔ བརྒྱུད་གསུམ་བླ་མ་ཡི་དམ་ལྷ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མར་བཅས༔ དཔལ་ཆེན་པདྨ་ཀཱི་ལ་ཡའི༔ ལྷ་ཚོགས་སྤྲུལ་འཁོར་བཅས་པ་རྣམས༔ ཡེ་ཤེས་ཚོགས་ལ་སྤྱན་འདྲེན་ན༔ བར་ཆད་བཟློག་ཕྱིར་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ཚོགས་མཆོད་འབུལ་བ་ནི། ཧཱུྃ༔ བླ་མེད་ཚོགས་ཀྱི་ལོངས་སྤྱོད་དང༔ སྲིད་ཞིའི་འདོད་ཡོན་མཆོད་རྫས་ཀྱིས༔ ཁྲོ་རྒྱལ་འཁོར་བཅས་ཐུགས་དམ་བསྐང༔ དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀྲོ་དྷ་རཱ་ཛ་པདྨ་ཀཱི་ལི་ཀཱི་ལ་ཡ་སརྦ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ གནོང་ཞིང་བཤགས་པ་ནི། བདག་ཅག་ཐོག་མར་འཁྲུལ་པའི་བློས༔ ཉོན་མོངས་མི་དགེའི་དབང་གྱུར་ནས༔ བག་མེད་འགལ་འཁྲུལ་ཉམས་པ་ཡིས༔ ཁྱོད་ཐུགས་དམ་ལས་ཅི་འགལ་བ༔ མཐོལ་ལོ་བཤགས་སོ་ཚངས་པར་སྩོལ༔ བཛྲ་ས་མ་ཡ་བི་ཤུདྡྷེ་ཨ་ཨ་ཨཿ བར་པ་ཚོགས་ཀྱི་མཆོད་པས་བསྐང་བ་ནི། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ དུར་ཁྲོད་རོལ་པའི་གནས་མཆོག་དམ་པ་འདིར༔ མཆོད་པའི་སྐོང་རྫས་ནམ་མཁའ་མཛོད་ཀྱི་སྒོ༔ དངོས་བཤམས་ཡིད་སྤྲུལ་མི་ཟད་རབ་ཕྱེ་ནས༔ བསྐང་ངོ་བསྐལ་བའི་ཐུགས་དམ་གཉན་པོ་བསྐང༔ བརྒྱུད་གསུམ་རིག་འཛིན་བླ་མའི་ཐུགས་དམ་བསྐང༔ ཡི་དམ་སྒྲུབ་སྡེ་ཞི་ཁྲོའི་ཐུགས་དམ་བསྐང༔ དཔའ་བོ་མཁའ་འགྲོ་རྒྱ་མཚོའི་ཐུགས་དམ་བསྐང༔ དམ་ཅན་ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང༔ ཕྱི་མཆོད་མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ལྷ་མིའི་ལོངས་སྤྱོད་སོགས༔ གཟུགས་སྒྲ་དྲི་རོ་རེག་བྱས་ཆོས་དབྱིངས་གང༔ སྣང་སྲིད་ཐམས་ཅད་མཆོད་པའི་ཕྱག་རྒྱར་འབུལ༔ ནང་མཆོད་གཟུང་འཛིན་དབྱིངས་སུ་བསྒྲལ་བའི་རྫས༔ ཁྲག་གི་མཆོད་ཡོན་དབང་པོའི་མེ་ཏོག་དང༔ ཚིལ་གསུར་བདུག་སྤྲིན་ཞུན་ཆེན་སྒྲོན་མེ་གསལ༔ མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་ཚོགས༔ རྐང་གླིང་ཐོད་རྔ་དྲག་པོའི་འབུད་སྒྲ་དང༔ བདུད་རྩི་རཀྟ་བམ་རོའི་གཏོར་མ་ཆེ༔ རྨད་བྱུང་དམ་རྫས་རྒྱ་ཆེ་མི་ཟད་པས༔ བླ་མ་དྲག་པོ་འཁོར་བཅས་ཐུགས་དམ་བསྐང༔ གསང་བ་གཉིས་མེད་བདེ་སྦྱོར་ལྷན་སྐྱེས་ཀྱི༔ དགའ་བཞིའི་ཕྱག་རྒྱ་ཡེ་ཤེས་རོལ་པས་བསྐང༔ གདོད་མའི་བདེ་གཤེགས་སྙིང་པོའི་རང་བཞིན་ལས༔ སྲིད་ཞིའི་ཆོས་རྣམས་དག་པ་རབ་འབྱམས་ཀྱིས༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་དགྱེས་བསྐངས་ནས༔ རྣལ་འབྱོར་བདག་ལ་ཐུགས་རྗེ་ཆེན་པོ་མཛོད༔ ཧཱུྃ༔ དེ་ལྟར་བསྐངས་བའི་བྱིན་མཐུ་ཡིས༔ ཉམས་ཆག་ཐམས་ཅད་སོར་ཆུད་ནས༔ ཚངས་པ་མཆོག་གི་དངོས་གྲུབ་ནི༔ ད་ལྟ་ཉིད་དུ་བདག་ལ་སྩོལ༔ ཡི་གེ་བརྒྱ་པ་རྩེ་གཅིག་བཟླ། ཐ་མ་བསྒྲལ་མཆོད་ནི། ཚོགས་ཟན་ལ་རྟེན་བྱས་ཏེ། ཧཱུྃ་ཞེས་སྐད་ཅིག་དྲན་རྫོགས་སུ༔ སྣང་སྲིད་ཐམས་ཅད་ཁྲོ་བོར་བཞེངས༔ ཕོ་ཉ་སྤྲོས་པས་དགྲ་བགེགས་ཀུན༔ དམིགས་རྟེན་ལ་བསྟིམས་དབྱེར་མེད་གྱུར༔ ཨེ་ནྲྀ་ཏྲི་སརྦ་ཤ་ཏྲཱུཾ་བིགྷྣཱན་ཛཿཧཱུྃ་བྃ་ཧོ༔ ཞེས་འགུགས་བསྟིམ་བྱས་ལ། ཧཱུྃ༔ བདག་ཉིད་བླ་མ་དྲག་པོ་རྩལ༔ ཕྱག་ན་སྲས་མཆོག་ཕུར་པ་འདྲིལ༔ དགྲ་བགེགས་སྙིང་ལ་བཏབ་པ་ཡིས༔ ལུས་ངག་རྡུལ་ཕྲན་བཞིན་དུ་བརླག༔ ཚེ་བསོད་དྭངས་མ་རང་ལ་བསྟིམས༔ རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ྄༔ ལྔ་ཕུང་དུག་ལྔའི་ཕུང་པོ་འདི༔ ཡེ་ཤེས་བདུད་རྩིའི་མཆོད་པ་བཞེས༔ མ་ཧཱ་མྃ་ས་རཀྟ་ཀིཾ་རི་ཏི་ཁཱ་ཧི༔ དེ་ནས་བརྡའི་འབུལ་ལེན་དང་ལྡན་པས་རྣལ་འབྱོར་ཕོ་མོ་ཚོགས་ལ་རོལ་པ་སྤྱི་ལྟར་རོ། །གཉིས་པ་ལྷག་མ་བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིངྟ་ཁཱ་ཧི༔ དཔལ་ཆེན་པདྨ་ཧེ་རུ་ཀའི༔ བཀའ་ཉན་ལྷག་སྡུད་ཕོ་ཉའི་ཚོགས༔ འདིར་གཤེགས་གཡར་དམ་བཅས་པ་བཞིན༔ གཏོར་མ་ལོངས་ལ་ཕྲིན་ལས་མཛོད༔ ས་མ་ཡ་བྷྱོ་ཛ་ཕཊ྄༔ གསུམ་པ་ཆད་དམ་བསྒྲག་པ་ནི། ཧཱུྃ༔ སྔོན་ཚེ་བར་དང་ཐ་མའི་སྙིགས་དུས་འདིར༔ བརྒྱུད་གསུམ་རིག་འཛིན་བླ་མའི་སྤྱན་སྔ་རུ༔ རང་རང་སྲོག་གི་སྙིང་པོ་སྔོན་དུ་ཕུལ༔ ཁས་བླངས་དམ་ལས་མ་འདའ་གཏོར་མ་བཞེས༔ སརྦ་དྷརྨ་པཱ་ལ་ས་མ་ཡ་ཀརྨ་ཀུ་རུ་ཧོཿ བཤལ་ཆུས་བརྟན་མ་མཆོད་པ་ནི། བྷྱོ༔ བོད་ཁམས་སྐྱོང་མཛད་བརྟན་མའི་ཚོགས༔ བདུད་མོ་སྨན་མོ་གནོད་སྦྱིན་མོ༔ ཁྱེད་ཅག་སྔོན་གྱི་གཡར་དམ་ཅན༔ གཏོར་མ་འདི་བཞེས་ཕྲིན་ལས་མཛོད༔ བཞི་པ་རྟ་བྲོ་བརྡུང་བ་ནི། ཧཱུྃ༔ སྲིད་གསུམ་འབར་པའི་ཧོམ་ཁུང་དུ༔ བདུད་དང་རྒྱལ་འགོང་མ་ལུས་པ༔ རྡོ་རྗེ་སྲིན་པོའི་བྲོ་ཡིས་མནན༔ ནམ་ཡང་ལྡང་བར་མ་བྱེད་ཅིག༔ སྟྭཾ་བྷ་ཡ་ནན༔ གཏོར་གཞོང་བཟེད་ལ་འབྲུ་འཐོར་ལ། རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ རྟེན་འབྲེལ་ཇི་བཞིན་སྨོན་ལམ་ཤུགས༔ ཕྲིན་ལས་རྣམ་བཞིའི་དཔལ་སྦྱོར་རྒྱས༔ ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་ཤོག༔ ལྔ་པ་གཏང་རག་མཆོད་བསྟོད་དངོས་གྲུབ་བཅས་ནི། ཧོཿ དབྱིངས་ནས་སྤྱན་དྲངས་ལྷ་ཚོགས་ལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ་མཆོག་ཏུ་དད་པས་ཕྱག་འཚལ་ལོ༔ སྐུ་གསུང་ཐུགས་ཡོན་དངོས་གྲུབ་སྩོལ༔ སརྦ་སིདྡྷི་ཕ་ལ་ཧོ༔ དེ་ནས་ནོངས་བཤགས་ནི། ཧོཿ གསང་སྔགས་གཉན་གྱི་ཆོ་ག་ལ༔ དམ་ཚིག་སྤྱི་དང་བྱེ་བྲག་གི༔ མ་འབྱོར་ཉམས་ཆག་ཅི་མཆིས་པ༔ ཐམས་ཅད་མ་ལུས་དག་པར་མཛོད༔ ཡིག་བརྒྱ་དབྱངས་གསལ་རྟེན་སྙིང་བརྗོད༔ ཡེ་ཤེས་པ་རྣམས་རྟེན་ལ་བསྟིམ༔ དྲུག་པ་བསྐྱེད་རིམ་བསྡུ་བ་ནི། ཧཱུྃ༔ རང་བཞིན་སྣང་སྲིད་ལྷ་ཚོགས་རྣམས༔ མཐའ་ནས་དབུས་ཞུ་གཙོ་ལ་ཐིམ༔ ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་ཀྱང༔ སྐྱེ་མེད་དབྱིངས་ཀྱི་ནཱ་དར་བསྡུ༔ བདུན་པ་ཐུན་མཚམས་ལྷར་ལྡང་བ་ནི། ཨ༔ སླར་ཡང་སྐད་ཅིག་སྟོང་གསལ་ལས༔ མ་འགག་སྒྱུ་མའི་རོལ་རྩལ་གྱིས༔ དཔལ་ཆེན་རྡོ་རྗེ་ཁྲོ་བོའི་སྐུ༔ སྣང་གྲགས་རིག་གསུམ་རོལ་པར་ཤར༔ ཧཱུྃ་ཧཱུྃ་ཧཱུྃ༔ བརྒྱད་པ་བསྔོ་སྨོན་ནི། ཧོཿ ཚོགས་གཉིས་བསགས་པའི་དགེ་ཚོགས་རྣམས༔ ཁམས་གསུམ་སེམས་ཅན་དོན་དུ་བསྔོ༔ བསྡོ་མཁན་ཀ་དག་ཆོས་སྐུའི་ཀློང༔ ཐམས་ཅད་རྫོགས་བྱང་ཐོབ་པར་ཤོག༔ དགུ་པ་ཤིས་བརྗོད་ནི། ཧྲཱིཿ ཆོས་དབྱིངས་སྤྲོས་བྲལ་བྱང་ཆུབ་སྙིང་པོའི་སྐུ༔ ཀ་དག་ལྷུན་གྲུབ་ཀུན་ཁྱབ་དཀྱིལ་འཁོར་ནས༔ རྔམས་བརྗིད་དབང་དྲག་རོལ་པ་ཧེ་རུ་ཀ༔ གང་སྐུ་གཞོམ་ཞིག་བྲལ་བའི་བཀྲ་ཤིས་ཤོག༔ སྐྱེ་མེད་ཆོས་དབྱིངས་འོད་གསལ་རྡོ་རྗེའི་སྒྲ༔ འགག་མེད་ཧཱུྃ་གིས་སྡེ་བརྒྱད་བྲན་དུ་བཀོལ༔ མ་བཅོས་རང་བྱུང་ཡེ་ཤེས་ལྔ་ལྡན་རྫོགས༔ ཐུགས་རྗེ་གང་འདུལ་བསམ་ཡས་བཀྲ་ཤིས་ཤོག༔ ཟབ་གསང་སྙིང་པོ་རྡོ་རྗེ་ཐེག་པ་ཡི༔ བསྟན་པ་པ་རིན་ཆེན་གར་ཁྱབ་རྒྱལ་ཁམས་སུ༔ དཔལ་འབྱོར་རབ་རྒྱས་འགྲོ་ཀུན་ཆོས་བཞིན་སྤྱོད༔ རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་བརྗོད་མེ་ཏོག་ཆར་དུ་བསྙིལ། རོལ་མོའི་སྒྲ་འཇམ་ལ་དལ་བ་སྦྱར། སྟོང་ཉིད་སྙིང་རྗེ་ཟུང་འཇུག་ལྷ་སྔགས་ཡེ་ཤེས་ཀྱི་འཁོར་ལོ་དང་མ་བྲལ་བའི་ངང་ནས་སྤྱོད་ལམ་ལ་འཇུག་པར་བྱའོ། །དབང་ཆེན་གཟི་བརྗིད་བསྐལ་པའི་མེས། །ཡིད་སྲུབས་རྩ་སྦུར་དབྱིངས་བསྲེགས་ནས། །སྙིགས་མའི་གདུང་སྐྱོབ་རྨད་བྱུང་བ། །སྐལ་བཟང་བསྟན་འགྲོའི་དཔལ་གྱུར་ཅིག །ཅེས་པའང་ལུང་ཟིན་ཆོས་ཀྱི་བདག་པོ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དག་སྣང་གི་སྤྱན་རས་ཡངས་བས་ཆེད་དུ་བཀའ་བསྩལ་བཞིན་འཇམ་མགོན་རྡོ་རྗེ་འཆང་རྣམ་གསུམ་གྱི་ཐུགས་རྗེའི་གཟིགས་པའི་གདུལ་བྱ་ཙམ་དུ་གཏོགས་པའི་རིག་སྔགས་འཆང་བ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་པདྨ་གར་དབང་མདོ་སྔགས་གླིང་པས་འཕགས་ཡུལ་རྡོ་རྗེ་གླིང་གི་རི་བོའི་སྦོ་ནས་བྲིས་པར་འབྲེལ་ཚད་བླ་མ་པདྨ་ཧེ་རུ་ཀ་ཆེན་པོའི་ཡེ་ཤེས་ཀྱི་ཐིག་ལེར་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །དགེའོ།། །དགེའོ།། །དགེའོ།། }} | ||
</onlyinclude> | </onlyinclude> |
Revision as of 10:45, 28 November 2022
Wylie title | bla sgrub dwangs ma'i thig le'i yang zab bla phur sbrags ma'i las byang khrigs su bkod pa dngos grub 'dod rgu'i 'byung gnas | |
---|---|---|
Location | dil mgo mkhyen brtse bka' 'bum Volume 10, Text 2, Pages 2-11 (Folios 1a to 10b5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | ཁྱུང་སྤྲུལ་པདྨ་དབང་ཆེན་བསྟན་འཛིན་ཕྲིན་ལས་ (khyung sprul pad+ma dbang chen bstan 'dzin phrin las) | |
Citation | Khyentse, Dilgo. Bla sgrub dwangs ma'i thig le'i yang zab bla phur sbrags ma'i las byang khrigs su bkod pa dngos grub 'dod rgu'i 'byung gnas. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 2-11. Delhi: Shechen Publications, 1994. | |
Genre | Activity Manual - las byang · Sadhanas - Evocation Ritual - sgrub thabs | |
Cycle | བླ་སྒྲུབ་དྭངས་མའི་ཐིག་ལེ་ (bla sgrub dwangs ma'i thig le) | |
Deity | pad+ma kI la ya | |
Colophon |
།ཅེས་པའང་ལུང་ཟིན་ཆོས་ཀྱི་བདག་པོ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དག་སྣང་གི་སྤྱན་རས་ཡངས་བས་ཆེད་དུ་བཀའ་བསྩལ་བཞིན་འཇམ་མགོན་རྡོ་རྗེ་འཆང་རྣམ་གསུམ་གྱི་ཐུགས་རྗེའི་གཟིགས་པའི་གདུལ་བྱ་ཙམ་དུ་གཏོགས་པའི་རིག་སྔགས་འཆང་བ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་པདྨ་གར་དབང་མདོ་སྔགས་གླིང་པས་འཕགས་ཡུལ་རྡོ་རྗེ་གླིང་གི་རི་བོའི་སྦོ་ནས་བྲིས་པར་འབྲེལ་ཚད་བླ་མ་པདྨ་ཧེ་རུ་ཀ་ཆེན་པོའི་ཡེ་ཤེས་ཀྱི་ཐིག་ལེར་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །དགེའོ།། །དགེའོ།། །དགེའོ།། | |
/ces pa'ang lung zin chos kyi bdag po klong chen ye shes rdo rje'i dag snang gi spyan ras yangs bas ched du bka' bstsal bzhin 'jam mgon rdo rje 'chang rnam gsum gyi thugs rje'i gzigs pa'i gdul bya tsam du gtogs pa'i rig sngags 'chang ba 'jigs med mkhyen brtse 'od zer pad+ma gar dbang mdo sngags gling pas 'phags yul rdo rje gling gi ri bo'i sbo nas bris par 'brel tshad bla ma pad+ma he ru ka chen po'i ye shes kyi thig ler 'dod rgur rtsen pa'i rgyur gyur cig__/dge'o//__/dge'o//__/dge'o// |
Footnotes
Other Information
- DKR-KABUM-10-THA-002
- Tibetan Publications
- Tibetan Texts
- dil mgo mkhyen brtse bka' 'bum
- bla sgrub dwangs ma'i thig le
- pad+ma kI la ya
- Activity Manual - las byang
- Sadhanas - Evocation Ritual - sgrub thabs
- Khyentse, Dilgo
- khyung sprul pad+ma dbang chen bstan 'dzin phrin las
- DKR-KABUM-Volume-10-THA
- Khyentse Lineage Project