DKR-KABUM-05-CA-022: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-05-CA-022
No edit summary
No edit summary
Line 9: Line 9:
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=Dalai Lama, 5th
|sourcerevealertib=ངག་དབང་བློ་བཟང་རྒྱ་མཚོ་
|tibgenre=Sadhanas - Evocation Ritual - sgrub thabs
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes
|dkroutline=Three
|dkroutline=Three
|cycle=dag snang bka' brgyad rig 'dzin zhal lung
|cycletib=ལྡེ་མིག་རྒྱ་ཅན་
|parentcycle=dag snang rgya can
|parentcycletib=དག་སྣང་རྒྱ་ཅན་
|language=Tibetan
|language=Tibetan
|volumenumber=005
|volumenumber=005

Revision as of 14:25, 11 November 2022

Wylie title ' DKR-KABUM-05-CA-022.pdf
Location dil mgo mkhyen brtse bka' 'bum
Volume 5, Text 22, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle ལྡེ་མིག་རྒྱ་ཅན་ (dag snang bka' brgyad rig 'dzin zhal lung)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
[edit]
༄༅། དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། རིག་འཛིན་བླ་མའི་སྒོས་སྒྲུབ་ཀྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བྱིན་རླབས་བདུད་རྩིའི་མཆོག་སྟེར་ཞེས་བྱ་བ་བཞུགས་སོ། ༄༅། ལྷན་སྐྱེས་ཡེ་ཤེས་རྡོ་རྗེའི་ཉིན་མོར་བྱེད། །ཐུགས་རྗེའི་སྐྱ་རེངས་ཤིང་རྟས་དྲངས་པའི་མོད། །གྲུབ་གཉིས་འདོད་དགུའི་སྣང་སྦྱིན་རིག་འཛིན་རྗེར། །བཏུད་ནས་དེ་སྒྲུབ་དབང་གི་ཆོ་ག་སྤེལ། བླ་མ་རིག་འཛིན་སྒོས་བཀའི་དབང་བྱ་བར་འདོད་པས། གནས་ཁང་བྱི་དོར་བྱས་པའི་དབུས་སུ་རས་བྲིས་ཀྱི་དཀྱིལ་འཁོར་རམ་ཚོམ་བུ་གཙོ་འཁོར་ལྔ། དེའི་ཕྱི་རོལ་དུ་བརྒྱད། དེ་རྒྱབ་བཞི་བཀོད་པའི་སྟེང༌། རྣམ་རྒྱལ་བུམ་པ། རིག་འཛིན་གྱི་ལྷ་ཙཀ་ཡོངས་རྫོགས། སྔགས་བྱང༌། རྡོར་དྲིལ། གསང་ཐོད་བདུད་རྩི། རིག་ཙཀ །འོད་ལྔའི་ཐིག་ལེའི་དབུས་སུ་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ། ཞེན་ལོག་ཡི་གེ་ཉེར་ལྔ། ཞི་ཁྲོ་ཡོངས་རྫོགས་ཀྱི་སྔགས་ལས་བཞིའི་ཤམ་དང་བཅས་པའི་བཏགས་གྲོལ་གྱི་གླེགས་བམ་དར་སྣ་ལྔས་དྲིལ་པའི་མདུན་དུ་ཤེལ་རྡོ་བཞག་པ་མཉྫིའི་སྟེང་དུ་བཀོད། དངོས་གྲུབ་ཀྱི་འབྲང་རྒྱས་ཟས་སྣས་བསྐོར་བ། མིག་དར། མིག་ཐུར། མེ་ཏོག་དོ་ར། ཕྱག་ཤིང་རྣམས་སྤྱི་ལྟར་དང༌། དཀྱིལ་འཁོར་མདུན་སྨན་རཀ་གཏོར་མ། བཀའ་སྲུང་འབུལ་གཏོར། ཉེར་སྤྱོད་མཆོད་པ། དཀར་བགེགས། ཆད་བརྟན་བཅས་འདུ་བྱ་ཞིང༌། ལྕགས་ཧོམ་དུ་ལིངྒ། བསྒྲལ་ཕུར། སློབ་དཔོན་གྱི་མདུན་རྡོར་དྲིལ། ནང་མཆོད་སོགས་བཀོད་ལ། དབང་སྒྲུབ་ནི་ཁྲོ་བོ་སྤྱིའི་ལས་བྱང་གི་སྐྱབས་སེམས་ནས་བརྩམས། གཞལ་ཡས་ཁང་གདན་བསྐྱེད་པའི་བར་མཐར་ཆགས་སུ་བཏང་ལ། ཨཱ་ལས་ཟླ་བའི་དཀྱིལ་འཁོར་ཉ་གང་དང༌། །རིན་ཆེན་དུམ་བུར་བརྩེགས་པའི་གདན་སྟེང་དུ། །རྒྱུ་ཡིག་དཀར་པོ་གདན་སྟེང་བབས་པ་ལས། །རིག་འཛིན་ཐོད་རྩལ་ཞལ་གཅིག་ཕྱག་གཉིས་དཀར། །དྲང་སྲོང་ཁྲོས་ཚུལ་དབུ་སྐྲ་ཐོར་ཚུགས་མཛེས། །གཡས་པ་གསེར་རྡོར་ཐུགས་ཀར་གྱེན་དུ་བསྒྲེངས། །གཡོན་པ་དངུལ་གྱི་དྲིལ་བུ་དཀུ་ལ་བརྟེན། །རིན་ཆེན་རུས་པ་སྟག་ཤམ་དར་ཟབ་བརྒྱན། །སྐམ་རློན་ཐོད་ཕྲེང་གླང་ཆེན་ཞིང་ལྤགས་གསོལ། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་གར་སྟབས་བཞུགས། །ཕྱོགས་བཞིའི་རྩིབས་ལ་མདུན་ནས་གཡས་བསྐོར་དུ། །ལྷུན་གྲུབ་ཕྱག་རྒྱ་ཚེ་དང་རྣམ་པར་སྨིན། །རིག་འཛིན་རྣམ་བཞི་དཀར་སེར་དམར་ལྗང་མདོག །ཕྱག་མཚན་རྒྱན་ཆ་བཞུགས་སྟངས་གཙོ་དང་མཚུངས། །རིག་འཛིན་བརྒྱད་དང་སྒོ་འབྱེད་སློབ་དཔོན་བཞི། །དཔའ་བོ་མཁའ་འགྲོ་ལ་སོགས་ཉི་ཤུ་དྲུག །འགྱིངས་བག་གར་གྱིས་རོལ་པའི་ཚུལ་གྱིས་བརྗིད། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། །ཞེས་པའི་མཚམས་དབང་བསྐུར། རྒྱས་གདབ། སྤྱན་འདྲེན་ནས་བརྩམས་བསྙེན་པའི་བར་ཁ་བསྒྱུར་ཅུང་ཟད་མཐར་ཆགས་སུ་བཏང༌། བཟླས་སྔགས་ནི། ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊ། བཏགས་གྲོལ་ཞི་ཁྲོ་ཡོངས་རྫོགས་ཀྱི་དཀྱིལ་འཁོར་བསྐྱེད་ལ་སྔགས་རྣམས་ལན་བརྒྱ་རྩ་བཟླས་པས་སྒྲུབ། རྣམ་རྒྱལ་དང་ལས་བུམ་སྒྲུབ་པ་ནས་བརྩམས་བདག་འཇུག་བར་གཤིན་རྗེ་ལྟར་གྲུབ་པར་བྱས་ལ། སློབ་མ་ཁྲུས་ནས་དབྱུང༌། བགེགས་བསྐྲད། སྲུང་འཁོར་སྒོམ། ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་དཔལ་ཨོ་རྒྱན་ཆེན་པོས་བདེ་གཤེགས་འདུས་པའི་བསྐྱེད་རྫོགས་ཆེན་མོའི་ཏི་ཀ་ལས། རིག་འཛིན་བླ་མ་སྒྲུབ་པ་བྱ་བ་ཡིན་ཏེ་ཤིན་ཏུ་གལ་ཆེ། བསྐྱེད་ན་རང་ཡི་དམ་གང་བྱེད་སྒོམ། དེའི་སྤྱི་བོར་བླ་མ་སྒོམ། འཁོར་རིག་འཛིན་རྣམས་བསྐྱེད་ལ་སོ་སོ་ནས་སྤྱན་དྲངས་བ་སོགས་མ་འདྲེས་པར་བྱས་པས། བྱིན་རླབས་ཆེན་པོ་མོད་ལ་འབྱུང་ངོ༌། ཞེས་གསུངས་པ་བཞིན། སྤྱིར་དགེ་ལེགས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས། ཁྱད་པར་རྡོ་རྗེ་ཐེག་པའི་ལམ་གྱི་ཡོན་ཏན་ཐམས་ཅད་བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི་སྤྲོ་བསྡུའི་བྱེད་པོ། བྱིན་རླབས་དང་དངོས་གྲུབ་མ་ལུས་པའི་འབྱུང་གནས། ལམ་གྱི་གཞུང་ཤིང་གེགས་སེལ། བོགས་འདོན་ཀུན་འདུས་ཡིད་བཞིན་ནོར་བུར་རྒྱུད་ལུང་མན་ངག་ཐམས་ཅད་ནས་ཡང་ཡང་བསྔགས་པ་དོན་ལ་གནས་ཤིང༌། ཚད་མས་གྲུབ་པའི་ཕྱིར་བཀའ་གཏེར་མདོ་སྔགས་ཀུན་ནས་བསྟན་བྱའི་སྙིང་པོར་གྱུར་པས་བདེ་གཤེགས་སྒྲུབ་སྡེ་བརྒྱད་ལས་རིག་འཛིན་བླ་མའི་དཀྱིལ་འཁོར་ཞེས་འབྱུང་བ་ལྟར། རིག་འཛིན་འདུས་པ་རྩ་བའི་རྒྱུད་སྒྲུབ་ཐབས་མན་ངག་དང་བཅས་པ་སོགས་རྒྱ་ཆེར་བསྟན་པ་བཞིན། གངས་ཅན་བསྟན་པའི་ཉིན་བྱེད་མངའ་བདག་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྲིན་ལས་བསྟན་པ་ཡོངས་རྫོགས་ཀྱི་དགེ་བའི་བཤེས་གཉེན་རྡོ་རྗེ་འཛིན་པའི་རྣམ་རོལ་དུ་ཐོབ་པ་ཀུན་གཟིགས་ལྔ་པ་ཆེན་པོ་ལ་དག་ཆེན་ཡེ་ཤེས་ཀྱི་གཟིགས་ངོར་རྩ་གསུམ་ལྷ་ཡིས་བསྩལ་བའི་ཟབ་ཆོས་ཀྱི་བདུད་རྩིའི་ཉིང་ཁུ་ཐུན་མོང་གདུལ་བྱའི་སྐལ་བཟང་གི་བཙས་སུ་བསྩལ་བའི་རྒྱ་ཅན་ཉེར་ལྔ་ལས་བྱིན་རླབས་ཀྱི་རྩ་བ་བླ་མ་རིག་འཛིན་གྱི་སྒྲུབ་སྡེའི་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། གསོལ་གདབ་ནས་བརྩམས། ཡེ་ཤེས་དབབ་པའི་བར་གཤིན་རྗེའི་དབང་ཆོག་ལྟར་ལ། བྱིན་འབེབས་ཀྱི་སྐབས། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས་ཏེ། གཟུང་འཛིན་ཐ་མལ་གྱི་འཁྲུལ་སྣང་དབྱིངས་སུ་དག་པའི་བདེ་སྟོང་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་གྱི་སྣོད་རྣམ་པར་དག་པ་འོག་མིན་རྡོ་རྗེ་དབྱིངས་ཀྱི་ཞིང་གི་དབུས་སུ་སེང་ཁྲི་པདྨ་ཉི་ཟླ་དར་ཟབ་ཕོ་ལོང་བརྩེགས་པའི་སྟེང་དུ། ནང་བཅུད་དག་པ་ཡེ་ཤེས་ལྷ་ཡི་ཕྱག་རྒྱ་ཁྱེད་རང་རྣམས་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རིག་འཛིན་རྒྱལ་པོ་དཔའ་བོ་ཐོད་པའི་དུམ་བུ་རྩལ། སྐུ་མདོག་དཀར་གསལ་སྒེག་འཛུམ་དགྱེས་པའི་ཉམས་ཀྱིས་དྲང་སྲོང་ལྟར་ཁྲོས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ནོར་བུས་མཚན་ཅིང་ཐོད་སྐམ་ལྔའི་དབུ་རྒྱན་ཅན། སྐུ་ལ་རིན་པོ་ཆེ་རུས་པ་ཐོད་ཕྲེང་ཞིང་གླང་གི་པགས་པའི་སྟོད་གཡོགས་སྟག་ཤམ་དར་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་དྲིལ་བུ་དཀུ་ལ་བརྟེན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་གར་གྱི་འགྱིང་སྟབས་ཀྱིས་བཞུགས་པ། སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་དང་མེ་རི་ཁ་དོག་ལྔ་ལྡན་གྱི་ཀློང་ན་སྣང་སྟོང་སྒྱུ་འཕྲུལ་རྡོ་རྗེ་བཀོད་པས་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ་ནས་བྱིན་འབེབས། བརྟན་བཞུགས་ནས་བརྩམས་མཐོང་བ་བསྟན་པའི་བར་གཤིན་རྗེ་ལྟར་ལ། ལྷག་པའི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་གཞལ་མེད་ཁང་རྡོ་རྗེའི་རྭ་གུར་མེ་དཔུང་གི་དབུས་པདྨ་ཉི་ཟླ་དར་གྱི་ཕོ་ལོང་བརྩེགས་པའི་དབུས་སུ་རིག་འཛིན་རྒྱལ་པོ་དཔའ་བོ་ཐོད་པའི་དུམ་བུ་སོགས་ནས་སྣང་སྟོང་སྒྱུ་འཕྲུལ་རྡོ་རྗེ་བཀོད་པའི་བར་བྱིན་འབེབས་ལྟར་དང༌། གཙོ་བོའི་ཕྱོགས་བཞིར་རྣམ་སྨིན། ཚེ་དབང༌། ཕྱག་ཆེན། ལྷུན་གྲུབ་ཀྱི་རིག་འཛིན་བཞི། དེའི་ཕྱི་རོལ་དུ་བཀའ་བབ་རིག་འཛིན་བརྒྱད། སྒོ་བཞིར་དམ་ཚིག་དབང༌། མན་ངག་ལུང༌། ཤེས་རབ་རྒྱུད། ཉམས་ཆག་སྐོང་བའི་སློབ་དཔོན་བཞིས་མཚོན་ཐམས་ཅད་ཀྱང་རྒྱན་དང་ཕྱག་མཚན་ན་བཟའ་རྣམས་གཙོ་བོ་དང་མཚུངས་ཤིང་གཞན་ཡང་རྡོ་རྗེའི་གནས་ཡུལ་དུར་ཁྲོད་ཀྱི་དཔའ་བོ་ཌཱ་ཀི་བྱེ་བ་ས་ཡ་བྱིན་ཐིམ་མེ། བཀྲག་ཤིག་གེ །འོད་ལྔ་བུན་བུན་དུ་བཞུགས་པ་མངོན་སུམ་མཇལ་བ་གང༌། ཕྱི་རས་བྲིས་ཀྱི་དཀྱིལ་འཁོར་སོགས་ནས། ལྷ་དབང་བར་གཤིན་རྗེ་ལྟར་ལ། ལྷ་དབང་ནི། ཧཱུྃ། །རིག་འཛིན་ཐོད་པ་རྩལ་ལ་སོགས། །བརྒྱུད་པ་རྩ་བའི་བླ་མ་རྣམས། །ཞལ་གཅིག་ཕྱག་གཉིས་གར་བསྒྱུར་བ། །གཡས་གཡོན་རྡོ་རྗེ་དྲིལ་བུ་བསྣམས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །མཐུ་བྱིན་ཕུན་སུམ་ཚོགས་པར་ཤོག །ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་སིདྡྷི་ཧཱུྃ་ཕཊཿ ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ལྷུན་གྱིས་གྲུབ་པའི་རིག་འཛིན་མཆོག །ཞི་བའི་ལས་མཛད་རྡོ་རྗེ་ཆོས། །སྐྱེ་མེད་ངང་ནས་འགྲོ་དོན་རྫོགས། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་བུདྡྷ་གུ་རུ་མ་ཧཱ་ཧཱུྃ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་མཆོག །རྒྱས་པའི་ལས་མཛད་རིག་འཛིན་མཆོག །མ་འགག་རྫུ་འཕྲུལ་ཅིར་ཡང་སྟོན། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་རཏྣ་གུ་རུ་མ་ཧཱ་ཧཱུྃ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཚེ་ལ་དབང་བའི་རིག་འཛིན་མཆོག །དབང་གི་ལས་མཛད་སྣང་མཐའ་ཡས། །ཡོན་ཏན་གཉིས་རྫོགས་དོན་གཉིས་གྲུབ། །འགྲོ་དོན་ཕྱོགས་མེད་གྲུབ་པ་ཡིས། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་པདྨ་གུ་རུ་མ་ཧཱ་ཧཱུྃ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། རྣམ་པར་སྨིན་པའི་རིག་འཛིན་མཆོག །མངོན་སྤྱོད་ལས་མཛད་དོན་ཡོད་གྲུབ། །འགྲོ་དོན་ཕྱོགས་མེད་གྲུབ་པ་ཡིས། །མཐུ་སྟོབས་ཡོངས་རྫོགས་དབང་ཐོབ་ཤོག །ཨོཾ་ཀརྨ་གུ་རུ་མ་ཧཱ་ཧཱུྃ། ཨ་བྷི་ཥིཉྩ་ཨ་ཨཿ ཧོཿ རིག་འཛིན་སློབ་དཔོན་གྱི་ལྷ་ཚོགས་རྣམས་ཀྱིས་དབང་བསྐུར་བས་བདེ་གཤེགས་ཐམས་ཅད་ཀྱི་ཆོས་སྒོ་མ་ལུས་པ་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གསུང་དང་ཐུགས་ཀྱི་དབང་ཡང་དག་ལྟར་སྦྱར། བདག་མདུན་བླ་མ་རིག་འཛིན་སྐུར་གསལ་བ། །དེ་ཉིད་གནས་གྱུར་སྐད་ཅིག་དྲན་རྫོགས་སུ། །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་རྩལ། །ཞལ་གཅིག་ཕྱག་གཉིས་ཁྲོ་གཏུམ་འཇིགས་སུ་རུང༌། །སྤྱན་གསུམ་སྡང་མིག་མཆེ་རྣོན་ཨཾ་གཙིགས་ཅན། །སྨིན་མ་སྨ་ར་དམར་སེར་མེ་ལྟར་འབར། །དབུ་སྐྲ་ཁམ་ནག་སྟུག་པོ་སྤུངས་ཤིང་འཁྱིལ། །ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་གདེངས། །གཡོན་པ་གནམ་ལྕགས་ཕུར་བུས་དགྲ་སྙིང་གཟིར། །གསང་གོས་མཐིང་ག་ཟབ་བེར་གཡང་ལུགས་སྟེང༌། །གསེར་གྱི་པ་ཏྲ་ཧ་རིས་སྣམ་སྦྱར་གསོལ། །སྙན་ཆ་དུང་ལོང་རིན་ཆེན་རུས་པས་སྤྲས། །མི་མགོ་རློན་པ་ལྔ་བཅུའི་དོ་ཤལ་འཕྱང༌། །ཞབས་གཉིས་སྭག་ལྷྭམ་གསོལ་ཞིང་གཡས་བསྐུམས་པས། །དམུ་སྟག་མི་ཟན་མགོ་བོའི་སྟེང་ནས་མནན། །གཡོན་པ་ཚང་སྟེང་བརྐྱངས་ཏེ་གར་གྱིས་འགྱིངས། །སྐུ་ལས་ཁྲོ་ཆུང་རྡོ་རྗེའི་ཚྭ་ཚྭ་འཕྲོ། །མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་མོས་གུས་ཤུགས་དྲག་ཏུ་བསྐྱེད་པས་སྐུ་དགྱེས་པའི་གར་མཛད། གསུང་སྔགས་ཀྱི་སྒྲ་འབྲུག་སྟོང་ལྟར་ལྡིར། ཐུགས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་མཆོག་ཏུ་འབར་བའི་གཟི་བྱིན་གྱིས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སོགས་གནས་སྐབས་དང་མཐར་ཐུག་གི་འགལ་རྐྱེན་བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས། སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཆར་ལྟར་ཕབ་པས་དབང་བཞི་རྩལ་རྫོགས་སུ་ཐོབ་པའི་མོས་པ་མཛོད། སློབ་མའི་མདུན་དུ་བྲུབ་ཁུང་ལིངྒ་དང་བཅས་པ་བཞག །ལག་ཏུ་གཡབ་དར་གཏད་ལ། ཧོམ་བསྐྱེད་ནི། ཨེ་ཡཾ་ཛྭ་ལ་རཾ། མདུན་དུ་གནམ་ལྕགས་ཀྱི་ཁང་སྒྲོམ་ཁ་དོག་ཅིང་གཏིང་ཟབ་པ། སྒོ་མེད་ཟུར་གསུམ་མུན་ནག་འཐིབས་ཤིང་མེ་རླུང་འཚུབས་པ། ལས་བྱེད་གཤིན་རྗེ་དང་གཅན་གཟན་མང་པོས་གསོད་གཅོད་ལ་རྔམས་པ། འཇིགས་ཤིང་སྐྱི་གཡའ་བའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཡིད་ལ་བརྣག་པ་ལུས་རིད་ཅིང་ཉམ་ང་བ་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་སོགས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་དང༌། སྤྲུལ་པ་ཡང་སྤྲུལ་ཕོ་ཉ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་མཐུ་སྟོབས་དང༌། ཆོས་ཉིད་ངོ་བོ་ཀ་ནས་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་ཆེ་མཆོག་པདྨ་རྡོ་རྗེ་གྲོ་ལོད་རྩལ་གྱི་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་ནུས་མཐུ་ལ་བརྟེན་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ། དགེ་འདུན་སྡེ་གཉིས་ཀྱི་བཤད་སྒྲུབ། རྒྱལ་ཁམས་ཀྱི་བདེ་སྐྱིད་འཕྲོག་ཅིང་འཚེ་བ། ཁྱད་པར་བདག་ཅག་དཔོན་སློབ་རྒྱུ་སྦྱོར་འཁོར་དང་བཅས་པའི་ཚེ་ལ་རྐུ་བ། སྲོག་ལ་འཇབ་པ། ལུས་ལ་ན་ཚ། དཔལ་འབྱོར་ལ་གོད་ཁ། དབང་ཐང་འཕྲོག་པ། ཆོས་སྲིད་ཀྱི་ལེགས་ཚོགས་ཀུན་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་འབྱུང་པོ་རྒྱལ་སྲིན་དམ་སྲི་ཕོ་མོའི་སྲོག་ཡིད་རྣམ་ཤེས་གསུམ་སྟེང་འོག་ཕྱོགས་མཚམས་གང་དུ་གནས་ཀྱང་སྤྲུལ་པའི་ཕོ་ཉ་ཡང་སྤྲུལ་དང་བཅས་པའི་ཚོགས་ཀྱིས་ལྕགས་ཀྱུས་སྙིང་ག་ནས་བཟུང༌། མགྲིན་པ་ནས་ཞགས་པས་ཆིངས། ཡན་ལག་ལྕགས་སྒྲོག་གིས་བསྡམས། རྡོ་རྗེ་ཐོ་བས་བརྡུངས། དྲིལ་བུའི་སྒྲས་སྨྱོས་པར་བྱས་ཏེ་སྐད་ཅིག་ཉིད་ལ་དམིགས་རྟེན་གྱི་ལིངྒ་འདི་ལ་ཁུག་ཅིག་ཕོབ་ཅིག །བསྙེན་སྔགས་ཀྱི་ཤམ་དུ། གནོད་བྱེད་འབྱུང་པོ་ཨ་ཀརྵ་ཡ་ཛཿ ཞེས་དྲག་རོལ་གཡབ་དར་དང་ཚམ་རྔམས་དང་ལྡན་པས་དགུག་གཞུག་ལན་གྲངས་བརྒྱ་ཕྲག་སོགས་མང་དུ་བྱ། ཕུར་གདབ་ནི། ཕུར་བུ་ཐལ་སྦྱར་བར་དུ་ཐོགས་ལ། རང་གི་སོར་མོ་ལྔ་རིགས་ལྔ་ཡབ་ཡུམ་བཅུར་གྱུར། ས་མ་ཡ་ཧོཿ རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པའི་མཁའ་ལ་སྲས་མཆོག་ཀརྨ་ཀཱི་ལ་ཡ་སྐུ་སྟོད་སྲིན་པོ་ཁྲོས་པའི་ཉམས་ཅན་ལྗང་ནག་ཕུར་བུ་བསྒྲིལ་བ། ལྟེ་བ་མན་ཆད་ཆུ་སྲིན་གྱི་ཁ་ནས་གནམ་ལྕགས་འབར་བའི་དབལ་ཟུར་གསུམ་དུ་རྣོ་བ་ཁོང་གསེང་དུ་དྲེགས་པའི་དམག་ཚོགས་ལས་ལ་རྔམས་ཤིང་དུས་མེའི་ཚྭ་ཚྭ་འཕྲོ་བར་གྱུར། ཨོཾ་ཀརྨ་ཀཱི་ལ་ཡ་ཀཱ་ཡ་ཝཱཀ྄་ཙིཏྟ་ཨ་བྷི་ཥིཉྩ་ཏུ་མཱཾ། ཕུར་བུ་ལས་བྱུང་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ནུས་མཐུ་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། དེ་ཉིད་ལ་ཐིམ་པས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་བའི་མཐུ་དང་ལྡན་པར་གྱུར། ཧཱུྃ། །ཁྲོ་རྒྱལ་ཁྲག་འཐུང་ཆེན་པོ་ཡི། །སྲས་མཆོག་ཀརྨ་ཀཱི་ལ་ཡ། །བསྒྲིལ་བས་ལྷ་ཡང་སྐྲག་བྱེད་ན། །བཏབ་པས་དགྲ་བགེགས་སྨོས་ཅི་དགོས། །ཞིང་བཅུ་ཚང་བའི་ལོག་འདྲེན་ཚོགས། །སྒྲོལ་ཅིག་ཡེ་ཤེས་ཀློང་དུ་སྒྲོལ། །ཨོཾ་བཛྲ་གྲོ་ལོད་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་བཛྲ་ཡཀྴ་ཀྲོ་དྷ་ཧཱུྃ༔ གནོད་བྱེད་ཀྱི་སྙིང་ལ་མ་ར་ཡ་ཕཊཿ ཅེས་གདིང་གསུམ་གསལ་བ་གསུམ་དང་ལྡན་པས་ཚེ་ལུང་ཁྲུས་ལུང་གི་དམིགས་པ་བྱས་ལ་སྙིང་ཁ་དང་གནས་རྣམས་སུ་གདབ། སྒྲོལ་གྲིས་དུམ་བུར་གཏུབས་ལ། མེ་ཧོམ་སྤར། ལིང་རོ་སྨན་རཀ་གིས་བྲན་པ་ཧོམ་གཟར་དུ་ཐོགས་ཏེ། མེ་ཧོམ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་ཀློང་དུ་བླ་མ་དྲག་པོ་རྡོ་རྗེ་གྲོ་ལོད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་ཞལ་གནམ་ས་ཙམ་དུ་གདངས་ནས་བཞུགས་པ་ལ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བདུད་རྩིའི་རྒྱ་མཚོར་སྤར་བ་ཞལ་དུ་བསྟབས་པས་དགྱེས་པའི་བཞད་སྒྲ་དང་བཅས་ཏེ་ལྷག་མེད་དུ་རོལ་པར་གྱུར། ཨོཾ་བཛྲ་གྲོ་ལོད་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ་བཛྲ་ཡཀྴ་ཀྲོ་དྷ་ཧཱུྃ༔ གནོད་བྱེད་རྒྱལ་བསེན་དམ་སྲིའི་ལུས་ངག་ཡིད་གསུམ་མཐུ་སྟོབས་ནུས་པ་ཐམས་ཅད་མཱ་ར་ཡ་ཛྭ་ལ་རཾ་ཧཱུྃ་ཕཊ༔ དེ་རྣམས་ཀྱིས་མངོན་སྤྱོད་དྲག་པོའི་རྗེས་གནང་གྲུབ་པ་ལགས་པས། ལས་ཀྱི་མཐའ་སྡུད་མི་མཐུན་པ་བསྲུང་བ་དང༌། གདུག་ཅན་བསྒྲལ་བ་དང༌། འགལ་རྐྱེན་ཐམས་ཅད་ཟློག་པ་དང༌། བར་དུ་གཅོད་པ་མནན་པ་དང༌། དགྲ་བགེགས་རྣམས་སྲེག་པ་དང༌། རླག་བྱེད་ཟོར་གྱི་ལས་སྒྲུབ་པས་བསྟན་འགྲོའི་དོན་སྒྲུབ་པའི་ལས་ལ་བརྩོན་པར་མཛོད་ཅིག །དེ་ནས་དངོས་གྲུབ་ཀྱི་འབྲང་རྒྱས་ཟས་སྣས་གཏམས་པ་སློབ་མའི་ལག་ཏུ་གཏད་ལ། ཧཱུྃ། །རིག་འཛིན་བླ་མའི་ལྷ་ཚོགས་ཀྱིས། །བྱིན་རླབས་མི་ཟད་ནམ་མཁའི་མཛོད། །སྐལ་ལྡན་འདི་ལ་དབང་བསྐུར་བས། །ཕྲིན་ལས་རྣམ་བཞི་གྲུབ་ཆེན་བརྒྱད། །མཆོག་གི་དངོས་གྲུབ་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་ཤོག །ཨོཾ་བཛྲ་མ་ཧཱ་གུ་རུ་སིདྡྷི་ཨ་བྷི་ཥིཉྩ་ཨཱཿ དངོས་གྲུབ་ཀྱི་རྫས་ལ་རོལ། ཚེ་རིལ་དང་ཚེ་ཆང་གཏད་ལ། ཧོཿ རྡོ་རྗེའི་སློབ་མ་རྣམས་ཀྱིས་རྡོ་རྗེའི་ཚེ་གསོལ་བས་ཚེའི་དངོས་གྲུབ་དབང་དུ་གྱུར་ཅིག༔ ཐབས་ཀྱི་མྃ་ས་གསོལ་བས་འཁོར་འདས་ཀྱི་ནུས་སྟོབས་དབང་དུ་གྱུར་ཅིག༔ ཤེས་རབ་ཛ་གད་གསོལ་བས་བདེ་བ་ཆེན་པོའི་ཡེ་ཤེས་དབང་དུ་གྱུར་ཅིག༔ ཞལ་ཟས་ཀྱི་བྱེ་བྲག་མང་པོ་གསོལ་བས་ཞི་ཁྲོ་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་དབང་དུ་གྱུར་ཅིག༔ འདོད་ཡོན་གྱི་རྣམ་པ་ཐམས་ཅད་ལོངས་སྤྱད་པས་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་དབང་དུ་གྱུར་ཅིག །སརྦ་ཀརྨ་ཝ་ཤི་མི་ནོ་ཧ་ར་སིདྡྷི་ཧཱུྃ༔ མཐའ་བརྟེན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་སློབ་དཔོན་གྱི་དབང་གིས་མངའ་གསོལ་བ་ལ། སློབ་མ་སེང་གེའི་ཁྲི་སྟེང་དུ་བཞག །སྟེང་དུ་གདུགས་དང་གཡས་གཡོན་དུ་རྒྱལ་མཚན་དང་བ་དན་ལ་སོགས་པ་བསྒྲེངས། སློབ་མ་དཀྱིལ་འཁོར་གྱི་གཙོ་བོ་རིག་འཛིན་རྡོ་རྗེ་ཆོས་སུ་གསལ་བས་གནས་གསུམ་འབྲུ་གསུམ་གྱི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བདེ་གཤེགས་ཕྱག་རྒྱའི་ཡོན་ཏན་རྫོགས་པའི་ལྷ། །འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་ལ་དགོངས། །ཕྱག་རྒྱ་ཆེན་པོའི་ཚུལ་དུ་སྐུར་སྟོན་པ། །རིག་འཛིན་སློབ་དཔོན་ལྷ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། སློབ་མའི་ལག་ཏུ། རྡོ་རྗེ། དྲིལ་བུ། རྒྱུད་ཀྱི་གླེགས་བཾ། དུང་དང་འཁོར་ལོ་རྣམས་གཏད་ལ། ཧཱུྃ། །བདེ་བར་གཤེགས་པའི་སྲས་པོ་དམ་པ་མཆོག །སྔོན་གྱི་ཐུགས་དམ་བཀའ་དང་མི་འགལ་ཞིང༌། །དགོངས་པ་ཡིད་བཞིན་ནམ་མཁའི་མཐའ་དང་མཉམ། །ཕྲིན་ལས་ཐབས་ཀྱི་རྡོ་རྗེ་སློབ་དཔོན་མཆོག །འགྲོ་བ་མ་ལུས་ཀུན་གྱི་རེ་བ་སྐོང༌། །ཤེས་རབ་མཐར་རྫོགས་ཡོན་ཏན་ལྷུན་གྱིས་གྲུབ། །བསྟན་པའི་སྒྲོན་མེ་མ་རིག་མུན་པ་སེལ། །ཆོས་ཉིད་དོན་རྟོགས་མ་ལུས་ཁ་ལོ་བསྒྱུར། །སངས་རྒྱས་གདུང་འཚོབ་རྡོ་རྗེ་སློབ་དཔོན་གྱི། །དབང་མཆོག་མ་ལུས་ལྷུན་གྱིས་གྲུབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་གུ་ཧྱ་ཤྭ་ར་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། དེ་ལྟར་སྔར་གཞན་དོན་བྱེད་མི་ནུས་པའི་སྒྲིབ་པ་དག་ནས་དེ་ཉིད་དུ་གཞན་དོན་བྱེད་ནུས་པའི་ནུས་པ་དངོས་སུ་སྐྱེ་བར་བསམ་མོ། །དེ་ཡང་མཐའ་གཅིག་ཏུ་གཞན་ཕན་འབའ་ཞིག་ལ་གཞོལ་བས་སངས་རྒྱས་ཀྱི་རང་བྱུང་ཀུན་ཁྱབ་ཀྱི་ཐུགས་རྗེ་གཟུགས་ཅན་བཞིན་དུ་སྣང་བས་རིས་སུ་མ་ཆད་པའི་གདུལ་བྱ་མཐའ་དག་རྣམ་མཁྱེན་གྱི་ས་ལ་བཀོད་པས་ཕྲིན་ལས་ཀྱི་ཆ་ཤས་འཕགས་མ་སོ་སོར་འབྲང་མའི་འཁོར་ལོ་གདགས་པས་སྦྱོར་ལམ་ཟིན་པ་དང༌། སྐྱེ་བདུན་གྱི་ཤས་མཁའ་སྤྱོད་གྲུབ་པ་དང༌། པདྨ་གཙུག་ཏོར་གྱི་རིགས་སྔགས་བཏབ་པས་བདུག་སྤོས་ཀྱི་དྲི་ཚོར་བས་ངན་སོང་གི་སྐྱེ་སྒོ་བཅད་པ་སོགས་གསར་རྙིང་གི་མདོ་རྒྱུད་དུ་མ་དང༌། ཁྱད་པར་རྙིང་མའི་བཀའ་གཏེར་གྱི་རྒྱུད་དང་མན་ངག་ནས་གསུངས་པའི་གྲོལ་བ་དྲུག་ལྡན་མ་བསྒོམས་སངས་རྒྱས་ཆོས་ལྔའི་གསེང་ལམ་དུ་གྲགས། ཐུགས་རྗེ་ཕྱོགས་སུ་མ་ཆད་པས་དུད་འགྲོ་ཡན་ཆད་ཀྱི་རྒྱུད་ལ་ཐར་པའི་ས་བོན་འདེབས་པའི་ངོ་མཚར་རྨད་དུ་བྱུང་བའི་ཕྲིན་ལས་ཀྱི་ཡ་གྱལ་བཏགས་གྲོལ་ཙཀྲའི་དབང་སྦྱིན་པ་སྟེ། བཏགས་གྲོལ་གྱི་གླེགས་བམ་འདི་ཉིད་བླ་མ་རིག་འཛིན་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཕྱག་རྒྱ་དྲུག་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པ་ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས་པར་བསྒོམ་པའི་ཐུགས་ཆོས་དབྱིངས་ཁྱབ་བརྡལ་ཆེན་པོའི་ཀློང་དུ་བདེ་གཤེགས་ཞི་བ་བཞི་བཅུ་རྩ་གཉིས་དང༌། དེའི་རང་རྩལ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀྱི་ཚོམ་བུ་དང༌། གཞན་ཡང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་རྣམ་པར་དག་པ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་སྤྱི་གཟུགས་ཆེན་པོར་ལམ་གྱིས་གསལ་བའི་འཁོར་དུ་བླ་མ་ཡི་དམ་མཁའ་འགྲོ། སངས་རྒྱས་བྱང་སེམས་སོགས་ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་མོས་ལ། རྡོ་རྗེའི་ཚིག་རྐང་བདུན་གྱི་གསོལ་འདེབས་ཆབས་ཅིག་ཏུ་གསུང་བར་ཞུ། ཧཱུྃ། ཨོ་རྒྱན་ཡུལ་གྱི་སོགས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ ཞེས་ལན་བདུན་གྱིས་སྤྱན་དྲངས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ལན་གསུམ། མཎྜལ་ཕུལ་བས་བླ་མ་རིག་འཛིན་གྱི་ཞལ་ནས་འདི་སྐད་གསུང་བར་མོས་ཤིག །ཨེ་མ་ཆོས་རྣམས་མ་ལུས་པ། །རང་བྱུང་རིག་པའི་ཏནྟྲར་རྫོགས། །གཅིག་ཤེས་ཀུན་གྲོལ་སྙིང་པོའི་ལམ། །རྒྱུད་ལུང་མན་ངག་དེ་རུ་འདུས། །ཤེས་རབ་རྣམ་གསུམ་དག་པའི་ཆོས། །སྣང་བ་བཞི་པོ་ལམ་གྱི་མཆོག །རྟོགས་གྲོལ་དུས་གཅིག་འཚང་རྒྱ་བའི། །མ་ཡེངས་རིག་པའི་ངོ་བོར་ལྟོས། ཨ་ཨ་ཨཿ ཞེས་གསུངས་ཏེ་གཙོ་འཁོར་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་སྐུ་ལྔ་ཕྱག་མཚན་འོད་ཟེར་སྣ་ལྔའི་རྣམ་པར་བྱུང་བ་ཁྱེད་རྣམས་ཀྱི་གནས་ལྔར་རིམ་དང་གཅིག་ཅར་དུ་ཐིམ་པས་ཉོན་མོངས་པ་དུག་ལྔའི་འཁྲུལ་རྟོག་སངས་ཀྱིས་དག །འོད་གསལ་ཁྱབ་བརྡལ་ཆེན་པོ་རང་རིག་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མངོན་དུ་གྱུར་ཏེ་བཅོམ་ལྡན་འདས་ཞི་ཁྲོ་རབ་འབྱམས་རྒྱལ་བའི་སྤྱི་གཟུགས་ཆོས་སྐུ་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པས་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་ཆོས་ཉིད་གདོད་མའི་ཀློང་དུ་སྐད་ཅིག་གིས་སྒྲོལ་ནུས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་བསམ་མི་ཁྱབ་པའི་དབང་ཐམས་ཅད་སྐད་ཅིག་གིས་ཐོབ་པར་མོས་ཤིག །བཏགས་གྲོལ་གྱི་གླེགས་བམ་དང་ཤེལ་རྡོ་གནས་གསུམ་དུ་བཞག་ཏེ་དབང་བསྐུར་བས་འོད་དུ་ཞུ་ནས་སྙིང་གར་ཐིམ་པས་རང་གི་ལུས་འཇའ་ཚོན་ལྟར་ཁྲ་ཤིག་གེར་སོང༌། བླ་མ་རིག་འཛིན་ཡང་རང་ཉིད་ལ་ཐིམ་པས་བརྗོད་བྲལ་ཀ་དག་གི་ངང་དུ་མཉམ་པར་བཞག་ལ། །བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ། །ཐུགས་རྗེ་ཐབས་མཁས་རྒྱ་ཆེར་རོལ་པ་ལས། །ཞི་ཁྲོ་སྐུ་གསུམ་ལྷ་ཡི་བཀྲ་ཤིས་ཤོག །དེ་དག་གིས་མ་སྒོམ་སངས་རྒྱས་ཀྱིས་མྱུར་ལམ་བཏགས་གྲོལ་གྱི་དབང་ཐོབ་པས་རྡོ་རྗེའི་ཚིག་རྐང་ལས། །འདི་ནི་ཆོས་སྐུའི་རིང་བསྲེལ་དངོས༔ སྡེ་གསུམ་རྒྱུད་ལུང་མན་ངག་དང་༔ རྒྱལ་བ་ཡོངས་རྫོགས་སྲོག་འཁོར་ཡིན༔ སྤྱི་བོ་མགྲིན་པ་མཆན་ཁུང་དུ༔ སུས་བཅངས་སྡིག་པ་ཀུན་ལས་གྲོལ༔ དུས་གསུམ་རྒྱལ་བ་བསྙེན་དང་མཚུངས༔ འདས་དུས་གདུང་དང་རིང་བསྲེལ་དང་༔ ས་གཡོ་སྒྲ་འོད་འཇའ་ཚོན་འབྱུང་༔ ཞེས་གསུངས་པའི་དོན་ལ་ངེས་ཤེས་བསྐྱེད་དེ་མཉམ་པར་ཞོག་ཅིག །དེ་ལྟར་དབང་ཐོབ་ཕྱིན་ཆད་རྡོ་རྗེ་འཆང་གི་དུས་གནད་ངེས་པ་ལས་ཇི་ལྟར་གསུངས་པ་ལྟར་འཁོར་ལོ་དྲོད་དང་མ་བྲལ་བར་བཅངས་ཤིང་རིག་སྟོང་འོད་གསལ་ཆེན་པོའི་ལྟ་དགོངས་ཀྱི་ཏིང་འཛིན་དང་མ་བྲལ་བས་བཀླག་པ་སོགས་མཛོད་ཅིག །གསང་དབང་ནས་བརྩམས་དམ་ཚིག་ཁས་བླངས། མཎྜལ། གཏང་རག །དགེ་བསྔོ་དང་ལས་བྱང་གི་འཇུག་བསྡུ་བ་སོགས་གཤིན་རྗེ་ལྟར་མཐར་དབྱུང་ངོ༌། །འགྱུརྃ་མེདྃ་བདེ་བ་ཆེན་པོའི་ཡེ་ཤེས་དབྱིངས། །མངོན་སུམ་རྟོགས་བྱེད་རིག་འཛིན་བླ་མ་ཡི། །དབང་དང་སྒྲུབ་ཐབས་ཐེགྃ་མཆོྃག་བསྟནྃ་པའིྃ་རྩེ། །སྲིད་ཞིའི་བླ་ན་མཛེས་འདི་རྒྱལྃ་མཚྃན་རྨད། །བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། རིག་འཛིན་བླ་མ་སྒྲུབ་པའི་ཕྲིན་ལས་དང་དབང་གི་ལེའུ་ཚན་ནོ།། །།
[edit]

@#/_dag snang bka' brgyad rig 'dzin zhal lung las/_rig 'dzin bla ma'i sgos sgrub kyi sgrub thabs dbang bskur dang bcas pa byin rlabs bdud rtsi'i mchog ster zhes bya ba bzhugs so/ @#/_lhan skyes ye shes rdo rje'i nyin mor byed/_/thugs rje'i skya rengs shing rtas drangs pa'i mod/_/grub gnyis 'dod dgu'i snang sbyin rig 'dzin rjer/_/btud nas de sgrub dbang gi cho ga spel/_bla ma rig 'dzin sgos bka'i dbang bya bar 'dod pas/_gnas khang byi dor byas pa'i dbus su ras bris kyi dkyil 'khor ram tshom bu gtso 'khor lnga/_de'i phyi rol du brgyad/_de rgyab bzhi bkod pa'i steng*/_rnam rgyal bum pa/_rig 'dzin gyi lha tsaka yongs rdzogs/_sngags byang*/_rdor dril/_gsang thod bdud rtsi/_rig tsaka_/'od lnga'i thig le'i dbus su kun bzang yab yum gyi dgongs pa/_zhen log yi ge nyer lnga/_zhi khro yongs rdzogs kyi sngags las bzhi'i sham dang bcas pa'i btags grol gyi glegs bam dar sna lngas dril pa'i mdun du shel rdo bzhag pa many+dzi'i steng du bkod/_dngos grub kyi 'brang rgyas zas snas bskor ba/_mig dar/_mig thur/_me tog do ra/_phyag shing rnams spyi ltar dang*/_dkyil 'khor mdun sman raka gtor ma/_bka' srung 'bul gtor/_nyer spyod mchod pa/_dkar bgegs/_chad brtan bcas 'du bya zhing*/_lcags hom du ling+ga/_bsgral phur/_slob dpon gyi mdun rdor dril/_nang mchod sogs bkod la/_dbang sgrub ni khro bo spyi'i las byang gi skyabs sems nas brtsams/_gzhal yas khang gdan bskyed pa'i bar mthar chags su btang la/_A las zla ba'i dkyil 'khor nya gang dang*/_/rin chen dum bur brtsegs pa'i gdan steng du/_/rgyu yig dkar po gdan steng babs pa las/_/rig 'dzin thod rtsal zhal gcig phyag gnyis dkar/_/drang srong khros tshul dbu skra thor tshugs mdzes/_/g.yas pa gser rdor thugs kar gyen du bsgrengs/_/g.yon pa dngul gyi dril bu dku la brten/_/rin chen rus pa stag sham dar zab brgyan/_/skam rlon thod phreng glang chen zhing lpags gsol/_/zhabs gnyis g.yas bskum g.yon brkyang gar stabs bzhugs/_/phyogs bzhi'i rtsibs la mdun nas g.yas bskor du/_/lhun grub phyag rgya tshe dang rnam par smin/_/rig 'dzin rnam bzhi dkar ser dmar ljang mdog_/phyag mtshan rgyan cha bzhugs stangs gtso dang mtshungs/_/rig 'dzin brgyad dang sgo 'byed slob dpon bzhi/_/dpa' bo mkha' 'gro la sogs nyi shu drug_/'gyings bag gar gyis rol pa'i tshul gyis brjid/_/ye shes me dpung 'bar ba'i klong na bzhugs/_/zhes pa'i mtshams dbang bskur/_rgyas gdab/_spyan 'dren nas brtsams bsnyen pa'i bar kha bsgyur cung zad mthar chags su btang*/_bzlas sngags ni/_oM badz+ra ma hA gu ru sarba sid+d+hi hU~M phaT/_btags grol zhi khro yongs rdzogs kyi dkyil 'khor bskyed la sngags rnams lan brgya rtsa bzlas pas sgrub/_rnam rgyal dang las bum sgrub pa nas brtsams bdag 'jug bar gshin rje ltar grub par byas la/_slob ma khrus nas dbyung*/_bgegs bskrad/_srung 'khor sgom/_lo rgyus kyi khyad par/_de yang dpal o rgyan chen pos bde gshegs 'dus pa'i bskyed rdzogs chen mo'i ti ka las/_rig 'dzin bla ma sgrub pa bya ba yin te shin tu gal che/_bskyed na rang yi dam gang byed sgom/_de'i spyi bor bla ma sgom/_'khor rig 'dzin rnams bskyed la so so nas spyan drangs ba sogs ma 'dres par byas pas/_byin rlabs chen po mod la 'byung ngo*/_zhes gsungs pa bzhin/_spyir dge legs yon tan thams cad kyi 'byung gnas/_khyad par rdo rje theg pa'i lam gyi yon tan thams cad bla ma dkyil 'khor thams cad kyi spro bsdu'i byed po/_byin rlabs dang dngos grub ma lus pa'i 'byung gnas/_lam gyi gzhung shing gegs sel/_bogs 'don kun 'dus yid bzhin nor bur rgyud lung man ngag thams cad nas yang yang bsngags pa don la gnas shing*/_tshad mas grub pa'i phyir bka' gter mdo sngags kun nas bstan bya'i snying por gyur pas bde gshegs sgrub sde brgyad las rig 'dzin bla ma'i dkyil 'khor zhes 'byung ba ltar/_rig 'dzin 'dus pa rtsa ba'i rgyud sgrub thabs man ngag dang bcas pa sogs rgya cher bstan pa bzhin/_gangs can bstan pa'i nyin byed mnga' bdag chos rgyal tshangs pa lha yi me tog gi rtag khyab lhun gyis grub pa'i phrin las bstan pa yongs rdzogs kyi dge ba'i bshes gnyen rdo rje 'dzin pa'i rnam rol du thob pa kun gzigs lnga pa chen po la dag chen ye shes kyi gzigs ngor rtsa gsum lha yis bstsal ba'i zab chos kyi bdud rtsi'i nying khu thun mong gdul bya'i skal bzang gi btsas su bstsal ba'i rgya can nyer lnga las byin rlabs kyi rtsa ba bla ma rig 'dzin gyi sgrub sde'i dbang bskur zhu ba'i ched du maN+Dal phul/_gsol gdab nas brtsams/_ye shes dbab pa'i bar gshin rje'i dbang chog ltar la/_byin 'bebs kyi skabs/_a mr-i tas bsang*/_swa b+hA was sbyangs te/_gzung 'dzin tha mal gyi 'khrul snang dbyings su dag pa'i bde stong sgyu 'phrul drwa ba'i rnam rol gyi snod rnam par dag pa 'og min rdo rje dbyings kyi zhing gi dbus su seng khri pad+ma nyi zla dar zab pho long brtsegs pa'i steng du/_nang bcud dag pa ye shes lha yi phyag rgya khyed rang rnams hU~M yig yongs su gyur pa las rig 'dzin rgyal po dpa' bo thod pa'i dum bu rtsal/_sku mdog dkar gsal sgeg 'dzum dgyes pa'i nyams kyis drang srong ltar khros pa/_dbu skra ral pa'i thor tshugs nor bus mtshan cing thod skam lnga'i dbu rgyan can/_sku la rin po che rus pa thod phreng zhing glang gi pags pa'i stod g.yogs stag sham dar sna tshogs kyis brgyan pa/_phyag g.yas rdo rje thugs kar gtod cing*/_g.yon dril bu dku la brten pa/_zhabs g.yas bskum g.yon brkyang gar gyi 'gying stabs kyis bzhugs pa/_sku las ye shes kyi 'od zer dang me ri kha dog lnga ldan gyi klong na snang stong sgyu 'phrul rdo rje bkod pas bzhugs pa'i dpral bar oM dkar po nas byin 'bebs/_brtan bzhugs nas brtsams mthong ba bstan pa'i bar gshin rje ltar la/_lhag pa'i ting nge 'dzin gyis sprul pa'i gzhal med khang rdo rje'i rwa gur me dpung gi dbus pad+ma nyi zla dar gyi pho long brtsegs pa'i dbus su rig 'dzin rgyal po dpa' bo thod pa'i dum bu sogs nas snang stong sgyu 'phrul rdo rje bkod pa'i bar byin 'bebs ltar dang*/_gtso bo'i phyogs bzhir rnam smin/_tshe dbang*/_phyag chen/_lhun grub kyi rig 'dzin bzhi/_de'i phyi rol du bka' bab rig 'dzin brgyad/_sgo bzhir dam tshig dbang*/_man ngag lung*/_shes rab rgyud/_nyams chag skong ba'i slob dpon bzhis mtshon thams cad kyang rgyan dang phyag mtshan na bza' rnams gtso bo dang mtshungs shing gzhan yang rdo rje'i gnas yul dur khrod kyi dpa' bo DA ki bye ba sa ya byin thim me/_bkrag shig ge_/'od lnga bun bun du bzhugs pa mngon sum mjal ba gang*/_phyi ras bris kyi dkyil 'khor sogs nas/_lha dbang bar gshin rje ltar la/_lha dbang ni/_hU~M/_/rig 'dzin thod pa rtsal la sogs/_/brgyud pa rtsa ba'i bla ma rnams/_/zhal gcig phyag gnyis gar bsgyur ba/_/g.yas g.yon rdo rje dril bu bsnams/_/skal ldan 'di la dbang bskur bas/_/mthu byin phun sum tshogs par shog_/oM badz+ra ma hA gu ru sarba sid+d+hi hU~M phaTaH_a b+hi Shiny+tsa a aH_hU~M/_lhun gyis grub pa'i rig 'dzin mchog_/zhi ba'i las mdzad rdo rje chos/_/skye med ngang nas 'gro don rdzogs/_/mthu stobs yongs rdzogs dbang thob shog_/oM bud+d+ha gu ru ma hA hU~M/_a b+hi Shiny+tsa a aH_hU~M/_/phyag rgya chen po'i rig 'dzin mchog_/rgyas pa'i las mdzad rig 'dzin mchog_/ma 'gag rdzu 'phrul cir yang ston/_/mthu stobs yongs rdzogs dbang thob shog_/oM rat+na gu ru ma hA hU~M/_a b+hi Shiny+tsa a aH_hU~M/_tshe la dbang ba'i rig 'dzin mchog_/dbang gi las mdzad snang mtha' yas/_/yon tan gnyis rdzogs don gnyis grub/_/'gro don phyogs med grub pa yis/_/mthu stobs yongs rdzogs dbang thob shog_/oM pad+ma gu ru ma hA hU~M/_a b+hi Shiny+tsa a aH_hU~M/_rnam par smin pa'i rig 'dzin mchog_/mngon spyod las mdzad don yod grub/_/'gro don phyogs med grub pa yis/_/mthu stobs yongs rdzogs dbang thob shog_/oM karma gu ru ma hA hU~M/_a b+hi Shiny+tsa a aH_hoH_rig 'dzin slob dpon gyi lha tshogs rnams kyis dbang bskur bas bde gshegs thams cad kyi chos sgo ma lus pa yongs su rdzogs pa'i dbang dam pa thob par gyur cig_/gsung dang thugs kyi dbang yang dag ltar sbyar/_bdag mdun bla ma rig 'dzin skur gsal ba/_/de nyid gnas gyur skad cig dran rdzogs su/_/'chol ba'i khro rgyal rdo rje gro lod rtsal/_/zhal gcig phyag gnyis khro gtum 'jigs su rung*/_/spyan gsum sdang mig mche rnon aM gtsigs can/_/smin ma sma ra dmar ser me ltar 'bar/_/dbu skra kham nag stug po spungs shing 'khyil/_/phyag g.yas gser gyi rdo rje rtse lnga gdengs/_/g.yon pa gnam lcags phur bus dgra snying gzir/_/gsang gos mthing ga zab ber g.yang lugs steng*/_/gser gyi pa tra ha ris snam sbyar gsol/_/snyan cha dung long rin chen rus pas spras/_/mi mgo rlon pa lnga bcu'i do shal 'phyang*/_/zhabs gnyis swag l+h+wam gsol zhing g.yas bskums pas/_/dmu stag mi zan mgo bo'i steng nas mnan/_/g.yon pa tshang steng brkyangs te gar gyis 'gyings/_/sku las khro chung rdo rje'i tshwa tshwa 'phro/_/mdun bskyed kyi lha tshogs la mos gus shugs drag tu bskyed pas sku dgyes pa'i gar mdzad/_gsung sngags kyi sgra 'brug stong ltar ldir/_thugs zab gsal gnyis su med pa'i ye shes mchog tu 'bar ba'i gzi byin gyis lus ngag yid gsum gyi sdig sgrib sogs gnas skabs dang mthar thug gi 'gal rkyen bar gcod mi mthun pa'i phyogs thams cad sbyangs/_sku gsung thugs ye shes rdo rje'i byin rlabs dang dngos grub thams cad char ltar phab pas dbang bzhi rtsal rdzogs su thob pa'i mos pa mdzod/_slob ma'i mdun du brub khung ling+ga dang bcas pa bzhag_/lag tu g.yab dar gtad la/_hom bskyed ni/_e yaM dz+wa la raM/_mdun du gnam lcags kyi khang sgrom kha dog cing gting zab pa/_sgo med zur gsum mun nag 'thibs shing me rlung 'tshubs pa/_las byed gshin rje dang gcan gzan mang pos gsod gcod la rngams pa/_'jigs shing skyi g.ya' ba'i nang du nr-i dang tri las dgra bgegs yid la brnag pa lus rid cing nyam nga ba gnod byed thams cad 'dus pa'i ngo bor gyur/_na mo/_rje btsun rtsa ba dang brgyud par bcas pa'i dpal ldan bla ma dam pa rnams kyi bka' bden pa dang*/_sangs rgyas kyi bka' bden pa dang*/_chos kyi bka' bden pa dang*/_dge 'dun gyi bka' bden pa dang*/_bde gshegs sgrub pa bka' brgyad sogs yi dam dkyil 'khor gyi lha tshogs rnams kyi byin rlabs dang*/_sprul pa yang sprul pho nya chos skyong srung ma rnams kyi mthu stobs dang*/_chos nyid ngo bo ka nas dag cing chos can rgyu 'bras bslu ba med pa'i bden pa dang*/_khyad par che mchog pad+ma rdo rje gro lod rtsal gyi lha tshogs rnams kyi byin rlabs nus mthu la brten nas spyir sangs rgyas kyi bstan pa/_dge 'dun sde gnyis kyi bshad sgrub/_rgyal khams kyi bde skyid 'phrog cing 'tshe ba/_khyad par bdag cag dpon slob rgyu sbyor 'khor dang bcas pa'i tshe la rku ba/_srog la 'jab pa/_lus la na tsha/_dpal 'byor la god kha/_dbang thang 'phrog pa/_chos srid kyi legs tshogs kun la bar du gcod par byed pa'i gdon bgegs 'byung po rgyal srin dam sri pho mo'i srog yid rnam shes gsum steng 'og phyogs mtshams gang du gnas kyang sprul pa'i pho nya yang sprul dang bcas pa'i tshogs kyis lcags kyus snying ga nas bzung*/_mgrin pa nas zhags pas chings/_yan lag lcags sgrog gis bsdams/_rdo rje tho bas brdungs/_dril bu'i sgras smyos par byas te skad cig nyid la dmigs rten gyi ling+ga 'di la khug cig phob cig_/bsnyen sngags kyi sham du/_gnod byed 'byung po a kar+Sha ya dzaH_zhes drag rol g.yab dar dang tsham rngams dang ldan pas dgug gzhug lan grangs brgya phrag sogs mang du bya/_phur gdab ni/_phur bu thal sbyar bar du thogs la/_rang gi sor mo lnga rigs lnga yab yum bcur gyur/_sa ma ya hoH_rjes su chags pa'i sbyor bas snyoms par zhugs pa'i mkha' la sras mchog karma kI la ya sku stod srin po khros pa'i nyams can ljang nag phur bu bsgril ba/_lte ba man chad chu srin gyi kha nas gnam lcags 'bar ba'i dbal zur gsum du rno ba khong gseng du dregs pa'i dmag tshogs las la rngams shing dus me'i tshwa tshwa 'phro bar gyur/_oM karma kI la ya kA ya wAka? tsit+ta a b+hi Shiny+tsa tu mAM/_phur bu las byung ba'i 'od zer gyis rgyal ba sras dang bcas pa'i byin rlabs nus mthu 'od zer gyi rnam par spyan drangs/_de nyid la thim pas khams gsum dus gcig tu sgrol ba'i mthu dang ldan par gyur/_hU~M/_/khro rgyal khrag 'thung chen po yi/_/sras mchog karma kI la ya/_/bsgril bas lha yang skrag byed na/_/btab pas dgra bgegs smos ci dgos/_/zhing bcu tshang ba'i log 'dren tshogs/_/sgrol cig ye shes klong du sgrol/_/oM badz+ra gro lod hU~M hU~M hU~M/_hU~M badz+ra yak+sha kro d+ha hU~M:_gnod byed kyi snying la ma ra ya phaTaH_ces gding gsum gsal ba gsum dang ldan pas tshe lung khrus lung gi dmigs pa byas la snying kha dang gnas rnams su gdab/_sgrol gris dum bur gtubs la/_me hom spar/_ling ro sman raka gis bran pa hom gzar du thogs te/_me hom ye shes kyi me rab tu 'bar ba'i klong du bla ma drag po rdo rje gro lod kyi lha tshogs 'khor dang bcas pa zhal gnam sa tsam du gdangs nas bzhugs pa la/_dgra bgegs bsgral ba'i sha khrag bdud rtsi'i rgya mtshor spar ba zhal du bstabs pas dgyes pa'i bzhad sgra dang bcas te lhag med du rol par gyur/_oM badz+ra gro lod hU~M hU~M hU~M/_hU~M badz+ra yak+sha kro d+ha hU~M:_gnod byed rgyal bsen dam sri'i lus ngag yid gsum mthu stobs nus pa thams cad mA ra ya dz+wa la raM hU~M phaT:_de rnams kyis mngon spyod drag po'i rjes gnang grub pa lags pas/_las kyi mtha' sdud mi mthun pa bsrung ba dang*/_gdug can bsgral ba dang*/_'gal rkyen thams cad zlog pa dang*/_bar du gcod pa mnan pa dang*/_dgra bgegs rnams sreg pa dang*/_rlag byed zor gyi las sgrub pas bstan 'gro'i don sgrub pa'i las la brtson par mdzod cig_/de nas dngos grub kyi 'brang rgyas zas snas gtams pa slob ma'i lag tu gtad la/_hU~M/_/rig 'dzin bla ma'i lha tshogs kyis/_/byin rlabs mi zad nam mkha'i mdzod/_/skal ldan 'di la dbang bskur bas/_/phrin las rnam bzhi grub chen brgyad/_/mchog gi dngos grub ma lus pa/_/'bad med lhun gyis grub par shog_/oM badz+ra ma hA gu ru sid+d+hi a b+hi Shiny+tsa AH_dngos grub kyi rdzas la rol/_tshe ril dang tshe chang gtad la/_hoH_rdo rje'i slob ma rnams kyis rdo rje'i tshe gsol bas tshe'i dngos grub dbang du gyur cig:_thabs kyi ma~M sa gsol bas 'khor 'das kyi nus stobs dbang du gyur cig:_shes rab dza gad gsol bas bde ba chen po'i ye shes dbang du gyur cig:_zhal zas kyi bye brag mang po gsol bas zhi khro phrin las kyi dngos grub thams cad dbang du gyur cig:_'dod yon gyi rnam pa thams cad longs spyad pas 'khor 'das kyi legs tshogs thams cad dbang du gyur cig_/sarba karma wa shi mi no ha ra sid+d+hi hU~M:_mtha' brten khams gsum chos kyi rgyal po rdo rje slob dpon gyi dbang gis mnga' gsol ba la/_slob ma seng ge'i khri steng du bzhag_/steng du gdugs dang g.yas g.yon du rgyal mtshan dang ba dan la sogs pa bsgrengs/_slob ma dkyil 'khor gyi gtso bo rig 'dzin rdo rje chos su gsal bas gnas gsum 'bru gsum gyi 'od zer gyis ye shes pa spyan drangs badz+ra sa ma ya dzaH_dzaHhU~M ba~M hoH_oM badz+ra ar+g+haM sogs kyis mchod/_bde gshegs phyag rgya'i yon tan rdzogs pa'i lha/_/'gro drug sems can kun gyi don la dgongs/_/phyag rgya chen po'i tshul du skur ston pa/_/rig 'dzin slob dpon lha la phyag 'tshal bstod/_/ces bstod/_slob ma'i lag tu/_rdo rje/_dril bu/_rgyud kyi glegs baM/_dung dang 'khor lo rnams gtad la/_hU~M/_/bde bar gshegs pa'i sras po dam pa mchog_/sngon gyi thugs dam bka' dang mi 'gal zhing*/_/dgongs pa yid bzhin nam mkha'i mtha' dang mnyam/_/phrin las thabs kyi rdo rje slob dpon mchog_/'gro ba ma lus kun gyi re ba skong*/_/shes rab mthar rdzogs yon tan lhun gyis grub/_/bstan pa'i sgron me ma rig mun pa sel/_/chos nyid don rtogs ma lus kha lo bsgyur/_/sangs rgyas gdung 'tshob rdo rje slob dpon gyi/_/dbang mchog ma lus lhun gyis grub par shog_/oM sarba ta thA ga ta ma hA gu h+ya shwa ra badz+ra swa b+hA wa at+ma ko\u0f85 haM/_de ltar sngar gzhan don byed mi nus pa'i sgrib pa dag nas de nyid du gzhan don byed nus pa'i nus pa dngos su skye bar bsam mo/_/de yang mtha' gcig tu gzhan phan 'ba' zhig la gzhol bas sangs rgyas kyi rang byung kun khyab kyi thugs rje gzugs can bzhin du snang bas ris su ma chad pa'i gdul bya mtha' dag rnam mkhyen gyi sa la bkod pas phrin las kyi cha shas 'phags ma so sor 'brang ma'i 'khor lo gdags pas sbyor lam zin pa dang*/_skye bdun gyi shas mkha' spyod grub pa dang*/_pad+ma gtsug tor gyi rigs sngags btab pas bdug spos kyi dri tshor bas ngan song gi skye sgo bcad pa sogs gsar rnying gi mdo rgyud du ma dang*/_khyad par rnying ma'i bka' gter gyi rgyud dang man ngag nas gsungs pa'i grol ba drug ldan ma bsgoms sangs rgyas chos lnga'i gseng lam du grags/_thugs rje phyogs su ma chad pas dud 'gro yan chad kyi rgyud la thar pa'i sa bon 'debs pa'i ngo mtshar rmad du byung ba'i phrin las kyi ya gyal btags grol tsakra'i dbang sbyin pa ste/_btags grol gyi glegs bam 'di nyid bla ma rig 'dzin sku mdog dkar po rdo rje dang dril bu 'dzin pa/_dbu skra ral pa'i thor tshugs can/_phyag rgya drug dang dur khrod chas kyis brgyan pa zhabs g.yas bskum g.yon brkyang gis bzhugs par bsgom pa'i thugs chos dbyings khyab brdal chen po'i klong du bde gshegs zhi ba bzhi bcu rtsa gnyis dang*/_de'i rang rtsal spyi bo bde chen gyi 'khor lo'i dbus su khrag 'thung lnga bcu rtsa brgyad kyi tshom bu dang*/_gzhan yang phung khams skye mched thams cad gdod nas rnam par dag pa zhi khro rab 'byams rgyal ba'i spyi gzugs chen por lam gyis gsal ba'i 'khor du bla ma yi dam mkha' 'gro/_sangs rgyas byang sems sogs phyogs dus skyabs yul rgya mtshos bskor ba mngon sum bzhin du bzhugs par mos la/_rdo rje'i tshig rkang bdun gyi gsol 'debs chabs cig tu gsung bar zhu/_hU~M/_o rgyan yul gyi sogs nas mchog dang thun mong dngos grub stsol/_oM AHhU~M badz+ra gu ru pad+ma thod phreng rtsal badz+ra sa ma ya dzaH_zhes lan bdun gyis spyan drangs/_rdo rje slob dpon sangs rgyas dpal/_sogs lan gsum/_maN+Dal phul bas bla ma rig 'dzin gyi zhal nas 'di skad gsung bar mos shig_/e ma chos rnams ma lus pa/_/rang byung rig pa'i tan+t+rar rdzogs/_/gcig shes kun grol snying po'i lam/_/rgyud lung man ngag de ru 'dus/_/shes rab rnam gsum dag pa'i chos/_/snang ba bzhi po lam gyi mchog_/rtogs grol dus gcig 'tshang rgya ba'i/_/ma yengs rig pa'i ngo bor ltos/_a a aH_zhes gsungs te gtso 'khor thams cad kyi sku gsung thugs yon tan phrin las kyi dbang dang byin rlabs dngos grub thams cad sku lnga phyag mtshan 'od zer sna lnga'i rnam par byung ba khyed rnams kyi gnas lngar rim dang gcig car du thim pas nyon mongs pa dug lnga'i 'khrul rtog sangs kyis dag_/'od gsal khyab brdal chen po rang rig sku bzhi ye shes lnga ldan gyi go 'phang mngon du gyur te bcom ldan 'das zhi khro rab 'byams rgyal ba'i spyi gzugs chos sku kun tu bzang po dang skal ba mnyam pas mthong thos dran reg gi sems can thams cad chos nyid gdod ma'i klong du skad cig gis sgrol nus pa'i mkhyen brtse nus pa'i ye shes bsam mi khyab pa'i dbang thams cad skad cig gis thob par mos shig_/btags grol gyi glegs bam dang shel rdo gnas gsum du bzhag te dbang bskur bas 'od du zhu nas snying gar thim pas rang gi lus 'ja' tshon ltar khra shig ger song*/_bla ma rig 'dzin yang rang nyid la thim pas brjod bral ka dag gi ngang du mnyam par bzhag la/_/brjod med shes rab mi g.yo chos kyi sku/_/bde chen longs spyod rdzogs sku rigs lnga'i gtso/_/thugs rje thabs mkhas rgya cher rol pa las/_/zhi khro sku gsum lha yi bkra shis shog_/de dag gis ma sgom sangs rgyas kyis myur lam btags grol gyi dbang thob pas rdo rje'i tshig rkang las/_/'di ni chos sku'i ring bsrel dngos:_sde gsum rgyud lung man ngag dang :_rgyal ba yongs rdzogs srog 'khor yin:_spyi bo mgrin pa mchan khung du:_sus bcangs sdig pa kun las grol:_dus gsum rgyal ba bsnyen dang mtshungs:_'das dus gdung dang ring bsrel dang :_sa g.yo sgra 'od 'ja' tshon 'byung :_zhes gsungs pa'i don la nges shes bskyed de mnyam par zhog cig_/de ltar dbang thob phyin chad rdo rje 'chang gi dus gnad nges pa las ji ltar gsungs pa ltar 'khor lo drod dang ma bral bar bcangs shing rig stong 'od gsal chen po'i lta dgongs kyi ting 'dzin dang ma bral bas bklag pa sogs mdzod cig_/gsang dbang nas brtsams dam tshig khas blangs/_maN+Dal/_gtang rag_/dge bsngo dang las byang gi 'jug bsdu ba sogs gshin rje ltar mthar dbyung ngo*/_/'gyura~M meda~M bde ba chen po'i ye shes dbyings/_/mngon sum rtogs byed rig 'dzin bla ma yi/_/dbang dang sgrub thabs thega~M mcho~Mg bstana~M pa'i~M rtse/_/srid zhi'i bla na mdzes 'di rgyala~M mtsha~Mn rmad/_/bka' brgyad rig 'dzin zhal lung las/_rig 'dzin bla ma sgrub pa'i phrin las dang dbang gi le'u tshan no//__//

Footnotes

Other Information