JKCL-KABUM-06-CHA-014: Difference between revisions

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-014
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 6: . Bir, H.P.: Khyentse Labrang, 2012.
|fulltitletib=དཔལ་གདོད་མའི་མགོན་པོ་དགོས་འདོད་ནོར་བུའི་རྒྱུད་ལས༔ དབང་བྱེད་ཨཱརྱཱ་ཏཱ་རེ་བསྒྲུབ་ཅིང་མཆོད་པའི་མཎྜལ་གྱི་རིམ་པ་དཔག་བསམ་ལྗོན་ཤིང་༔
|fulltitle=dpal gdod ma'i mgon po dgos 'dod nor bu'i rgyud las: dbang byed Ar+yA tA re bsgrub cing mchod pa'i maN+Dal gyi rim pa dpag bsam ljon shing:
|citation=[['jam dbyangs mkhyen brtse chos kyi blo gros]]. ''dpal gdod ma'i mgon po dgos 'dod nor bu'i rgyud las dbang byed Ar+yA tA re bsgrub cing mchod pa'i maN+Dal gyi rim pa dpag bsam ljon shing''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 6: 241-262. Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
Line 9: Line 11:
|sourcerevealer='od gsal rdo rje gling pa
|sourcerevealer='od gsal rdo rje gling pa
|sourcerevealertib=འོད་གསལ་རྡོ་རྗེ་གླིང་པ་
|sourcerevealertib=འོད་གསལ་རྡོ་རྗེ་གླིང་པ་
|tibgenre=Sadhanas - Evocation Ritual - sgrub thabs
|tibgenre=Activity Manual - las byang, Offering Rituals - mchod sbyin, Sadhanas - Evocation Ritual - sgrub thabs
|terma=No
|terma=Yes
|jkcloutline=Six
|jkcloutline=Six
|deity=sgrol ma
|deity=sgrol ma
Line 20: Line 22:
|volyigtib=ཆ་
|volyigtib=ཆ་
|totalvolumes=12
|totalvolumes=12
|textnuminvol=014
|pagenumbers=241-262
|totalpages=22
|beginfolioline=1a1
|beginfolioline=1a1
|textnuminvol=014
|endfolioline=11b4
|totalfolios=11
|multivolumework=No
|pdflink=File:JKCL-KABUM-06-CHA-014.pdf
|pdflink=File:JKCL-KABUM-06-CHA-014.pdf
}}
}}

Revision as of 17:14, 10 December 2021

དཔལ་གདོད་མའི་མགོན་པོ་དགོས་འདོད་ནོར་བུའི་རྒྱུད་ལས༔ དབང་བྱེད་ཨཱརྱཱ་ཏཱ་རེ་བསྒྲུབ་ཅིང་མཆོད་པའི་མཎྜལ་གྱི་རིམ་པ་དཔག་བསམ་ལྗོན་ཤིང་༔
Wylie title dpal gdod ma'i mgon po dgos 'dod nor bu'i rgyud las: dbang byed Ar+yA tA re bsgrub cing mchod pa'i maN+Dal gyi rim pa dpag bsam ljon shing: JKCL-KABUM-06-CHA-014.pdf
Location chos kyi blo gros bka' 'bum
Volume 6, Text 14, Pages 241-262 (Folios 1a1 to 11b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འོད་གསལ་རྡོ་རྗེ་གླིང་པ་ ('od gsal rdo rje gling pa)
Citation 'jam dbyangs mkhyen brtse chos kyi blo gros. dpal gdod ma'i mgon po dgos 'dod nor bu'i rgyud las dbang byed Ar+yA tA re bsgrub cing mchod pa'i maN+Dal gyi rim pa dpag bsam ljon shing. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 241-262. Bir, H.P.: Khyentse Labrang, 2012.
Genre Activity Manual - las byang  ·  Offering Rituals - mchod sbyin  ·  Sadhanas - Evocation Ritual - sgrub thabs
Cycle དཔལ་གདོད་མའི་མགོན་པོ་དགོས་འདོད་ནོར་བུའི་རྒྱུད་ (dpal gdod ma'i mgon po dgos 'dod nor bu'i rgyud)
Deity sgrol ma

1 Texts in this Section (sde tshan or chos tshan)

[edit]
༁ྃ༔ ༔ དཔལ་གདོད་མའི་མགོན་པོ་དགོས་འདོད་ནོར་བུའི་རྒྱུད་ལས༔ དབང་བྱེད་ཨཱརྱཱ་ཏཱ་རེ་བསྒྲུབ་ཅིང་མཆོད་པའི་མཎྜལ་གྱི་རིམ་པ་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ༔ མ་ཧཱ་ཨཱརྱཱ་ཏཱ་རེ་ན་མོ༔ གང་ཞིག་དུས་ཀྱི་མཐའ་མ་རུ༔ ཆོས་བྱེད་དཀར་ཕྱོགས་སྐྱོང་བའི་ཚོགསཿཉམས་དམའ་སངས་རྒྱས་བསྟན་པ་ལ༔ ནག་ཕྱོགས་བདུད་རིགས་སྟོབས་བཙན་དུས༔ ཕྲག་དོག་ངན་སེམས་མཚོན་ཆ་བརྡར༔ དེ་ཡི་གཉེན་པོ་ཁྱད་པར་འཕགས༔ འཕགས་མ་སྒྲོལ་མ་དམར་མོ་ཡིས༔ དུས་ཀྱི་བསྐལ་ངན་གསོ་བའི་མཆོགཿཉི་མས་མུན་པ་བཅོམ་པ་འདྲ༔ ལྷོ་གླིང་འཁྲུགས་རྩོད་ཞི་བའི་གནད༔ མདོ་སྔགས་ཆོས་ཀྱི་བདེ་འཕེལ་ཕྱིར༔ དངོས་གྲུབ་གངས་ཅན་ལྷ་སྐལ་འདི༔ ཀུན་ལ་མེད་པའི་ཁྱད་པར་འཕགས༔ བསྒྲུབ་ཅིང་མཆོད་པའི་རིམ་པ་ལ༔ གནས་ཁང་དབེན་ལ་དམ་གཙང་པར༔ གདུགས་དང་རྒྱལ་མཚན་བ་དན་བསྒྲེང་༔ མཎྜལ་དྲི་བཟང་བྱུགས་པའི་གླིང་༔ དབུས་དང་མཚམས་བཞིར་པདྨ་ལ༔ འདབ་མ་བརྒྱད་ཀྱི་ཕྱོགས་བཞིའི་གླིང་༔ རི་རབ་གླིང་བཞི་གླིང་ཕྲན་བྲི༔ དབུས་སྟེང་འཕགས་མའི་དཀྱིལ་འཁོར་དབུས༔ མཉྫིའི་སྟེང་དུ་གསང་ཐོད་ཁར༔ མེ་ལོང་ཤེལ་རྡོ་འཕགས་མའི་སྐུ༔ ཞལ་ནི་རང་ཕྱོགས་བསྟན་པར་བཞག༔ མདུན་དུ་མཁའ་འགྲོའི་གཏོར་མ་དང་༔ གཡས་གཡོན་གཙོ་ལས་བུམ་པ་འགོད༔ མཚམས་བཞིར་ཉེར་སྤྱོད་ཚར་རེ་ལ༔ དྭངས་ཤིང་ཡིད་དུ་འོང་བར་བཀྲམ༔ རིན་ཆེན་དྭངས་མའི་སྣོད་ནང་དུ༔ འབྲུ་རིགས་མེ་ཏོག་སྨན་སྣ་དང་༔ རིན་ཆེན་གསེར་དངུལ་ལ་སོགས་པར༔ དྲི་བཟང་ཙནྡན་ཆུ་ཡིས་བྱུགས༔ ཡོ་བྱད་ཚོགས་གཏོར་ལེགས་པར་བཤམས༔ བདག་བསྐྱེད་སྐྱབས་སེམས་ནས་བཟུང་སྟེ༔ བསྙེན་སྒྲུབ་ཁ་སྐོང་མཐར་ཕྱིན་ནས༔ མདུན་བསྐྱེད་སྐྱབས་སེམས་བསྒོམ་བཟླས་ནི༔ མདུན་གྱི་ནམ་མཁར་དབང་མཛད་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་མངོན་སུམ་བཞུགས་པར་གྱུར། ན་མོ། དཀོན་མཆོག་ཀུན་དངོས་རྗེ་བཙུན་མར། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །བྱང་ཆུབ་སྨོན་པའི་སེམས་བསྐྱེད་ནས། །ཟབ་མོའི་ལམ་ལ་འཇུག་པར་བགྱི། །ཅེས་ལན་གསུམ། ཚོགས་བསགས་པ་ནི། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོའི་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རངས། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོང་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིངས་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་བརྗོད་ལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བློ་བཏང་སྙོམས་ཆེན་པོའི་ངང་སེམས་ཡུན་རིང་དུ་གནས་པར་གྱུར་ཅིག །ཚོགས་ཞིང་རྣམས་རང་གི་སྙིང་ཁར་ཐིམ་པར་གྱུར། ཞེས་བརྗོད་ཅིང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝས་སྦྱངས། ཧཱུྃ་ཧྲཱིཿཕྱི་ནང་སྣོད་བཅུད་དངོས་པོ་སྟོང་པ་ཉིད༔ ཆོས་སྐུ་དེ་བཞིན་ཉིད་དབྱིངས་སོགས་ནས། རང་ཉིད་བཅོམ་ལྡན་གྱི་མལ་དུ། མདུན་བསྐྱེད་རྗེ་བཙུན་འཕགས་མ་སྒྲོལ་མའི་སྐུ་སོགས་ནས། སྤྱན་འདྲེན་བཞུགས་ཕྱག་མཆོད་འབུལ་མཐརཿཨོཾ་དྷརྨ་དྷཱ་ཏུ་ཨ་ལ་ལ་ཧོཿབར་བརྗོད། རྒྱལ་སྲིད་སྣ་བདུན་མཆོད་པ་ནི༔ ཧཱུྃ་ཧྲཱིཿདབང་བྱེད་འཕགས་མའི་ལྷ་ཚོགས་ལ། །འཁོར་ལོ་རིན་ཆེན་འདི་ཕུལ་བས། །སྲིད་པའི་འཁོར་ལོ་རྒྱུན་ཆད་ནས། །ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག །ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛི་ཏེ་ཨཱཿ ཧཱུྃ། ཧཱུྃ་ཧྲཱིཿདབང་བྱེད་འཕགས་མའི༴། ནོར་བུ་རིན་ཆེན༴། བཀྲེས་ཤིང་ཕོངས་པ་རྒྱུན་ཆད་དེ། །འབྱོར་པ་ཕུན་སུམ་ཚོགས་པར༴ཨོཾ་ཨཱརྱཱ་ཏཱ་རེ་ས་པ་རི་ཝཱ་ར་མ་ཎི༴། ཧཱུྃ་ཧྲཱིཿདབང་བྱེད༴། བཙུན་མོ༴། མ་རིག་མུན་པ་རྒྱུན་བཅད་དེ། །ཤེས་རབ་དབྱིངས་ཀྱི་དོན་རྟོགས་ནས། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །ཨོཾ་ཨཱརྱཱ་ཏཱ་རེ་ས་པ་རི་ཝ་ར་ཝསྟྲཱི༴ཧཱུྃ་ཧྲཱིཿདབང་བྱེད༴། བློན་པོ༴། ཕྱི་ནང་གསང་གསུམ་ཐེག་གསུམ་ལྡན། །བསམ་ཡས་བསྟན་པ་རབ་འཛིན་ཅིང་། །ཡོན་ཏན་ཐམས་ཅད་ལྡན་པར་ཤོག །ཨོཾ་ཨཱརྱཱ་ཏཱ་རེ་ས་པ་རི་ཝཱ་ར་མ་ཧཱ་ཏ༴། ཧཱུྃ་ཧྲཱིཿདབང་བྱེད༴གླང་པོ༴ལྟ་ངན་རྣམས་ནི་རབ་བསལ་ཏེ། །བླ་མེད་ཐེག་པར་རབ་ཞོན་ནས། །ཐམས་ཅད་མཁྱེན་གྲོང་བགྲོད་པར་ཤོག །ཨོཾ་ཨཱརྱཱ་ཏཱ་རེ་ས་པ་རི་ཝཱ་ར་ཧསྟི་རཏྣ༴། ཧཱུྃ་ཧྲཱིཿདབང་བྱེད༴། རྟ་མཆོག༴། སྲིད་པའི་གཟེབ་ལས་ངེས་གྲོལ་ཏེ། །རྫུ་འཕྲུལ་མཆོག་གི་ཤུགས་ཐོབ་ནས། །སངས་རྒྱས་ཞིང་དུ་བགྲོད་པར་ཤོག །ཨོཾ་ཨཱརྱཱ་ཏཱ་རེ་ས་པ་རི་ཝཱ་ར་ཏུ་རམ་ག་ཨ་ཤྭ་ཐཱ༴། ཧཱུྃ་ཧྲཱིཿདབང་བྱེད་འཕགས་མའི་ལྷ་ཚོགས་ལ། དམག་དཔོན་རིན་ཆེན་འདི་ཕུལ་བས། །ཉོན་མོངས་དགྲ་ལས་རྒྱལ་གྱུར་ནས། །ཕས་ཀྱི་རྒོལ་བ་ཚར་བཅད་དེ། །སྙེམས་བྲལ་མཆོག་ནི་ཐོབ་པར་ཤོག །ཨོཾ་ཨཱརྱཱ་ཏཱ་རེ་ས་པ་རི་ཝཱ་ར་ཁངྒ་རཏྣ་པཱུ་ཛི་ཏེ་ཨཱཿ ཧཱུྃ། བཀྲ་ཤིས་རྟགས་བརྒྱད་མཆོད་པ་ནི། ཧཱུྃ་ཧྲཱིཿབཀྲ་ཤིས་རྣམ་པར་རྒྱལ་བའི་རྟགས། །འཁོར་ལོ་དུང་དང་པདྨ་དང་། །གདུགས་དང་རྒྱལ་མཚན་དཔལ་བེའུ། །བུམ་པ་གསེར་ཉར་བཅས་པ་རྣམས། །དབང་བྱེད་འཕགས་མའི་ཚོགས་ལ་འབུལ། །ཕྱོགས་ལས་རྣམ་རྒྱལ་དངོས་གྲུབ་སྩོལ། །ཨོཾ་ཨཱརྱཱ་ཏཱ་རེ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་པྲ་ཏིཙྪ་སྭཱ་ཧཱ། གསང་རྫས་ཁྱད་འཕགས་ཕུལ་བ་ནི༔ ཧཱུྃ་ཧྲཱིཿགནས་ཁང་ལ་སོགས་བཀྲ་ཤིས་རྫས་མཆོག་བརྒྱད༔ ཨུ་དུམ་ཝ་ར་ཨུཏྤལ་དམར་པོ་དང་༔ ལི་མཚལ་ལ་སོགས་སྣང་གསལ་སྒྲོན་མེའི་རིགས༔ དབང་བྱེད་འཕགས་མ་སྒྲོལ་མའི་ཚོགས་ལ་འབུལ༔ འགྲོ་བ་རྣམས་ཀྱི་དེད་དཔོན་འབྱུང་བར་ཤོག༔ ཨོཾ་ཨཱརྱཱ་ཏཱ་རེ་ས་པ་རི་ཝཱ་ར་མ་ཧཱ་པུཥྤེ་རཏྣ་པཱུ་ཛ་པྲ་ཏིཙྪ་སྭཱ་ཧཱ༔ མཆོད་ཅིང་མཎྜལ་ཕུལ་བ་ནི༔ བཀོད་པའི་མཎྜལ་ལག་གཡོན་བཟུང་༔ གཡས་པས་གཡས་བསྐོར་གྱིས་ཕྱིས་ལ༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་འཁྲུགས་རྩོད་ངན་སྦྱོར་རིགས་ཐམས་ཅད་བྱང་ཞིང་དག་པར་བསམ་ལ༔ ཡིག་བརྒྱ་གསུམ་བརྗོད་དལ་བར་ཕྱི༔ གང་ཞིག་དེ་དག་ཕྱིན་ཆད་ངན་སེམས་ཐམས་ཅད་བྲལ་ཅིང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ལྡན་པར་བསམ་ལ༔ བྱང་ཆུབ་སེམས་མཆོག་རིན་པོ་ཆེ། སོགས་ནས། འཕེལ་བར་ཤོག །ཨོཾ་བཛྲ་བྷཱུ་མི་ཨཱཿ ཧཱུྃ༔ གཞི་རྣམ་པར་དག་པ་དབང་ཆེན་གསེར་གྱི་ས་གཞི་སོགས་ནས་འདི་ཉིད་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རིགས་བྱེད་རྗེ་བཙུན་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་རྒྱ་མཚོའི་ལྷ་ཚོགས་དང་༔ བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ༔ ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་ནས་སངས་རྒྱས་ཀྱི་བསྟན་པ་དར་བ་དང་དཀོན་མཆོག་གསུམ་གྱི་དབུ་འཕང་མཐོ་བ་དང་༔ འཕགས་པའི་དགེ་འདུན་གྱི་སྡེ་ཆེན་པོ་མྱུར་དུ་འདུ་ནས༔ བདག་སོགས་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཕུན་སུམ་ཚོགས་པར་མཛད་དུ་གསོལ༔ ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་དང་། སྐུ་གསུམ་ཡོངས་རྫོགས་འཕགས་མའི་ཚོགས་རྣམས་ལ། །ཕྱི་ནང་གསང་གསུམ་སོགས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི༴ཅེས་སོགས་ཡན་ལག་བདུན་པ་ནི༔ རྒྱས་བསྡུས་གང་རུང་བརྗོད་བྱས་ནས༔ སྨོན་ལམ་འདོད་གསོལ་འདི་ལྟར་བྱ༔ ཧཱུྃ་ཧྲཱིཿརྗེ་བཙུན་འཕགས་མ་རིག་བྱེད་ལྷ་མོའི་ཚོགས༔ རྩ་གསུམ་རབ་འབྱམས་སངས་རྒྱས་བྱང་སེམས་ལ༔ ཕྱི་ནང་གསང་གསུམ་མཎྜལ་འདི་འབུལ་བས༔ ཐུགས་དམ་གནད་བསྐུལ་མི་མངོན་དབྱིངས་ནས་བཞེངས༔ བདག་སོགས་རྣམས་ཀྱི་མགོན་དང་སྐྱབས་མཛད་ནས༔ ཁྱེད་སྐུ་སྤྲིན་བྲལ་རྟ་བདུན་དབང་པོ་ལྟར༔ བདག་བློའི་མུན་པ་མ་ལུས་འཇོམས་མཛད་པ༔ བསྟན་པའི་དོན་ཆེན་སྒྲུབ་པའི་རིག་འཛིན་གྱི༔ རླུང་སེམས་དབང་དུ་འདུ་བར་མཛད་དུ་གསོལ༔ ཚེ་གཅིག་སངས་རྒྱས་ཐོབ་པར་མཛད་དུ་གསོལ༔ མཁས་གྲུབ་བཤེས་གཉེན་ཐམས་ཅད་དབང་བསྡུས་ནས༔ ཐུབ་བསྟན་དར་ཞིང་རྒྱས་པར་མཛད་དུ་གསོལ༔ རིགས་བཟང་བློ་གསལ་ཐམས་ཅད་དབང་འདུས༴། བཤད་སྒྲུབ་བསྟན་པ་དར་བར་མཛད༴ཚུལ་ཁྲིམས་ལྡན་པ༴དགེ་འདུན་སྡེ་ཆེན་ཚུགས་པར༴རྒྱལ་པོ་རྒྱལ་ཕྲན༴ཡུལ་ཁམས་ཆོས་ལ་འགྱུར་བར༴འབྱོར་ལྡན་སྦྱིན་བདག༴དགེ་འདུན་བཀུར་སྟི་འཕེལ་བར༴ལྷ་ཀླུ་གཞི་བདག༴བཀྲ་ཤིས་བདེ་ལེགས་འཕེལ་བར༴སྐྱེ་འགྲོ་ཕོ་མོ༴ལུས་སེམས་དགེ་ལ་སྦྱོར་བར༴བདུད་རིགས་ལོག་ལྟ་ཅན་ཀུན་དབང་འདུས་ནས༔ བསྟན་ལ་བར་ཆད་མེད་པར་མཛད་དུ་གསོལ༔ འབྲུ་ནོར་ལོངས་སྤྱོད་མཁོ་དགུ་དབང་འདུས་ནས༔ དཔལ་འབྱོར་འབད་མེད་ལྷུན་གྱིས་གྲུབ་པར་མཛོད༔ གསོལ་བཏབ་རྡོར་དྲིལ་འཛིན་བྱས་ནས༔ ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་སོགས་ནས་ཉི་ཤུ་རྩ་གཅིག །ཕྱག་འཚལ་ཉེར་གཅིག་ལན་གཉིས་བརྗོད༔ ཐལ་མོ་མེ་ཏོག་དང་བཅས་ཏེ༔ ཧཱུྃ་ཧྲཱིཿརྗེ་བཙན་འཕགས་མ་རིག་བྱེད་ལྷ་མོའི་ཚོགས༔ རྩ་གསུམ་རབ་འབྱམས་སངས་རྒྱས་བྱང་སེམས་སོགས༔ ཁྱེད་རྣམས་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས༔ ཐུགས་དམ་གནད་བསྐུལ་མི་མངོན་སོགས་ནས་གྲུབ་པར་མཛོད༔ ཞེས་བརྗོད་སླར་ཡང་འདི་ལྟར་རོ། །མདུན་གྱི་ནམ་མཁར་དབང་བྱེད་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་བཛྲ་ས་མཱ་ཛཿཧཱུྃ་ཧྲཱིཿའཕགས་བཞི་བསྐྱེད་མཛད་ཆོས་སྐུ་ཡུམ་ཆེན་མོ། །གཟུགས་ཀྱི་སྐུར་སྟོན་འཕགས་མ་རིགས་བྱེད་མ། །གཤེགས་དང་བཞུགས་པའི་མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གནས་འདིར་སྣང་བར་མཛོད། །པདྨ་གར་གྱི་དབང་ཕྱུག་གསང་བའི་ཡུམ། །སོ་སོར་རྟོག་པའི་ཡེ་ཤེས་ངོ་བོ་ཉིད། །པདྨ་རིགས་ཀྱི་ལྷ་མོ་ཀུན་གྱི་གཙོ། །བདེ་ཆེན་དག་པའི་ཞིང་ནས་གཤེགས་སུ་གསོལ། །སྒྲོལ་མ་མྱུར་མ་སྤྱན་ནི་གློག་ལྟར་མྱུར། །འཇིག་རྟེན་དབང་ཕྱུག་ཡུམ་གཅིག་གསང་ཡེ་མ། །དབང་བྱེད་སྒྲོལ་མ་འཇིགས་པ་ཀུན་སྐྱོབས་མ། །པོ་ཊ་ལ་ཡི་གནས་ནས༴། ཌཱ་ཀི་འབུམ་གྱི་གཙོ་མོ་མཛད་པའི་ཚེ། །པདྨ་མཁའ་འགྲོ་དབང་གི་ལྷ་མོ་མཆོག །གཽ་རི་ལ་སོགས་ལྷ་མོ་བཅུ་བཞིར་བཅས། །མཁའ་སྤྱོད་ཨོ་རྒྱན་གནས་ནས༴། འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་ཅན། །རྒྱ་གར་ཀུ་རུ་ཀུ་ལླེའི་རི་བོ་ཡི། །ཕུག་པའི་དབུས་སུ་རྟག་ཏུ་གནས་བཅས་མ། །ལྷ་མོ་ཀུ་རུ་ཀུལླེ་གཤེགས་སུ་གསོལ། །ཕོ་བྲང་གཞལ་ཡས་པད་ཉི་བདུད་བཞིའི་སྟེང་། །རང་རང་གཙོ་འཁོར་སོ་སོའི་གདན་སྟེང་དུ། །བརྗིད་ཅིང་དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཨོཾ་ཨཱརྱཱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿཔདྨ་ཀ་མ་ལཱ་ཡ་སྟྭཾ། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག །ཆུ་ལྷག་ཡར་ལུད་རིགས་བདག་དབུར་བརྒྱན་གྱུར། །ཧཱུྃ་ཧྲཱིཿབདག་ལུས་ཞིང་གི་རྡུལ་སྙེད་རབ་སྤྲུལ་ཏེ། །ལུས་ངག་ཡིད་གསུམ་དང་བས་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་དང་། །རབ་འབྱམས་རྒྱལ་བའི་ཞིང་ཁམས་ཐམས་ཅད་ན། །བདག་པོས་བཟུང་དང་མ་བཟུང་མཆོད་པའི་ཚོགས། །ལྷ་ཡི་བདུད་རྩི་དཀར་སེར་དམར་ལྗང་མཚོ། །ཡན་ལག་བརྒྱད་ལྡན་ཁྲུས་ཀྱི་རྫིང་བུའི་མཚོ། །པདྨ་ཀུ་མུདྟ་དང་ཨུཏྤལ་ཚལ། །ཧ་རི་སྦྲུལ་སྙིང་གླང་པོ་ས་མཆོག་སྟེ། །ཉི་ཟླ་ནོར་བུ་བརྒྱ་སྦྱིན་ཚངས་པའི་འོད། །གངྒའི་གཞུང་རྒྱུད་ཨོ་རྒྱན་མཆོག་སྦྱིན་ཆུ། །ལྷ་དབང་མི་དབང་ཞལ་ཟས་རོ་བརྒྱ་པ། །དྲི་ཟའི་རྒྱལ་པོ་བྱེ་བའི་རྒྱུད་མང་སྒྲ། །སུམ་རྩེན་བྱེ་བ་ཕྲག་བརྒྱའི་སྟོན་མོ་མཛེས། །ཚངས་པའི་རྒྱལ་པོ་སྟོང་གིས་བསྟོད་དབྱངས་སྙན། །ཟག་མེད་ཚུལ་ཁྲིམས་དྲི་ཡིས་ཞིང་ཀུན་ཁྱབ། །ཡེ་ཤེས་བདུད་རྩི་ཟག་མེད་བདེ་སྐྱེད་རོ། །དཔག་བསམ་ཤིང་ལས་འཕྱངས་བའི་ལྷ་རྫས་གོས། །ཤིས་བྱེད་རྫས་མཆོག་བརྒྱད་དང་རྒྱལ་སྲིད་བདུན། །ནོར་བུ་ཆ་བདུན་རྒྱལ་པོའི་ཉེར་སྤྱད་ཚོགས། །བཀྲ་ཤིས་གྲུབ་པའི་རྟགས་མཚན་ངོ་མཚར་བརྒྱད། །གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་དང་། །ལྷ་ཀླུ་མི་ཡི་ལོངས་སྤྱོད་འདོད་ཡོན་ཚོགས། །ཐམས་ཅད་བློ་ཡིས་བླངས་ཏེ་འབུལ་ལགས་ན། །བདག་ལ་ཕན་ཕྱིར་ཉིད་ཀྱི་མཐུས་བཞེས་ཤིག །གཞན་ཡང་རླུང་མེ་ཐོད་སྒྱེད་ཀ་པཱ་ལ། །ཤ་ལྔ་བདུད་རྩི་ལྔ་དང་ཡེ་ཤེས་ལྔ། །ཞུ་ཞིང་ཁོལ་བ་ཡེ་ཤེས་བདུད་རྩིའི་མཚོ། །འདོད་ཡོན་སྣ་ཚོགས་རླངས་པས་ཞིང་ཀུན་ཁྱབ། །དམ་རྫས་གཏོར་ཆེན་འབར་བའི་མཆོད་པ་དང་། །ཆགས་མེད་དམར་ཆེན་རཀྟའི་རྒྱ་མཚོར་བཅས། །རིག་བྱེད་ལྷ་མོ་བཅོ་ལྔས་དགྱེས་པར་རོལ། །དངོས་བཤམས་ཡིད་སྤྲུལ་མཆོད་གཏོར་འདི་བཞེས་ལ། །བདག་གི་རླུང་སེམས་སྣང་བ་དབང་འདུས་ནས། །ཚེ་གཅིག་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །མཁས་གྲུབ་བཤེས་གཉེན་ཐམས་ཅད༴སོགས་ནས། ལྷུན་གྱིས་གྲུབ་པར་མཛོད། །བརྗོད་ཅིང་ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ལན་གསུམ་འདོན་བྱས་ནས། ཧཱུྃ། ཧྲཱིཿལས་བྱུང་བའི་དབང་གི་ཁ་དོག་ཅན། །ཆོས་ཀུན་རོ་གཅིག་སྟོན་ཕྱིར་ཞལ་གཅིག་པ། །དུས་གསུམ་མཁྱེན་ཕྱིར་སྤྱན་གསུམ་གཡོན་དུ་གཟིགས། །ཁྲོ་འཛུམ་སྒེག་ཉམས་བདུད་བཞི་ཟིལ་གྱིས་གནོན། །ཡེ་ཤེས་ལྔ་མཚོན་རིགས་ལྔས་དབུ་བརྒྱན་ཅན། །ཚད་མེད་རྣམ་བཞི་མཚོན་ཕྱིར་ཕྱག་བཞི་ཡི། །གཡས་པས་བྱམས་པའི་ལྕགས་ཀྱུས་སྲིད་གསུམ་འགུགས། །གཡོན་པས་སྙིང་རྗེའི་པདྨོས་འགྲོ་བ་འཛིན། །འོག་གཉིས་ཐབས་ཤེས་ཟུང་འཇུག་མདའ་གཞུ་འགེངས། །སྲིད་པར་མི་འཁྲུལ་ཞབས་གཡས་བརྐྱངས་པའི་ཚུལ། །ཞི་བར་མི་གནས་ཞབས་གཡོན་བསྐུམ་པ་ཡིས། །འཇིག་རྟེན་ཟིལ་གནོན་སྲིད་གསུམ་བདག་མོར་མཛད། །འདུ་བྱེད་དག་ཕྱིར་པདྨའི་ཕྲེང་བ་དང་། །ཡོན་ཏན་ཀུན་རྫོགས་རིན་ཆེན་རུས་པས་བརྒྱན། །ཉི་མ་བྱེ་བའི་འོད་འཕྲོ་གཟི་བརྗིད་འབར། །བསྒོམ་པ་ཙམ་གྱིས་འཇིག་རྟེན་གསུམ་པོ་རྣམས། །དབང་དུ་སྡུད་བྱེད་ལྷ་མོའི་སྐུ་ལ་བསྟོད། །ལྷ་མོའི་སྙིང་པོ་གསང་སྔགས་འབྲུ་བརྒྱད་པ། །ཁྲི་ཡིས་འཇིག་རྟེན་ཕལ་པ་ཐམས་ཅད་དབང་། །འབུམ་ཕྲག་གཅིག་གིས་མི་ཡི་རྒྱལ་པོ་རྣམས། །དེ་བཞིན་འབུམ་ཕྲག་གཉིས་ཀྱིས་ལྷ་རྣམས་ཏེ། །འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན་རྣམས་དང་། །བྱེ་བས་འཁོར་ལོས་བསྒྱུར་རྒྱལ་གནོད་སྦྱིན་ཚོགས། །རིགས་དྲུག་སེམས་ཅན་ཐམས་ཅད་དབང་སྡུད་པའི། །གསུང་མཆོག་ནུས་པར་ལྡན་ལ་ཕྱག་འཚལ་བསྟོད། །ལྷ་མོའི་ཐུགས་ནི་སྟོང་ཉིད་ཆོས་ཀྱི་སྐུ། །མཐའ་བཞི་སྐྱེ་འགགས་གནས་བྲལ་ཕྱག་རྒྱ་ཆེ། །ཉན་ཐོས་རང་རྒྱལ་སར་གནས་སེམས་པའི་ཚོགས། །དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ། །ཤེས་རབ་ཕ་རོལ་ཕྱིན་པ་ཡུམ་ཆེན་མོ། །ཟབ་ཅིང་རྒྱ་ཆེ་ལྷ་མོའི་ཐུགས་ལ་བསྟོད། །གང་ཞིག་འཕགས་མ་བསྒོམ་ཞིང་བཟླས་བྱེད་ན། །དུག་གིས་གནོད་དང་དུག་གིས་འཆི་བ་དང་། །ཤུ་བ་གཡེན་པ་མཛེ་སོགས་ནད་ཀྱི་རིགས། །དུས་མ་ཡིན་པའི་འཆི་བ་ཐམས་ཅད་ཞི། །ཀླུ་དང་སྦྲུལ་གདུག་སྟག་སོགས་གཅན་གཟན་དང་། །དགྲ་དང་མཚོན་ཆ་དབུལ་ཕོངས་འཇིགས་པ་སྐྱོབས། །སྣ་ཚོགས་གཏེར་དང་གསེར་དངུལ་རྣ་ཆ་དང་། །གོས་ལ་སོགས་པའི་ནོར་རྣམས་གང་འདོད་པ། །ཐམས་ཅད་ཀུན་ལ་དབང་བསྒྱུར་ལོངས་སྤྱོད་པའི། །ཡོན་ཏན་ཀུན་འབྱུང་མ་ལ་ཕྱག་འཚལ་བསྟོད། །གླང་རྒོད་རྟ་རྒོད་དུག་སྦྲུལ་ཆུ་སྲིན་དང་། །སྟག་དང་བསེ་དང་ཆུ་གླང་ལ་སོགས་པ། །རིག་སྔགས་ཀྱིས་བཀུག་བཞོན་པར་བྱ་རུང་ཞིང་། །དྲེགས་ལྡན་ལྷ་ཀླུ་མི་ཡི་རྒྱལ་པོ་ཡང་། །གུས་ཤིང་འདུད་པའི་མངག་གཞུག་ལས་བྱེད་པའི། །ཕྲིན་ལས་ཐོགས་མེད་ལྷ་མོ་རིགས་བྱེད་མ། །ཁྱོད་ཀྱིས་མཁའ་མཉམ་འགྲོ་བ་འདི་དག་ཀུན། །རང་དབང་མེད་པར་དབང་དུ་བསྡུས་ནས་ཀྱང་། །རྫོགས་སངས་རྒྱས་པའི་གོ་འཕང་ལ་བཞག་པར། །ཐུགས་བསྐྱེད་ཐུགས་དམ་སྨོན་ལམ་དེ་ལགས་ན། །བདག་གི་འདོད་དང་ཁྱེད་ཀྱི་ཐུགས་དམ་གཅིག །ཁྱེད་ཀྱི་ཐུགས་བཞེད་ཕྲིན་ལས་བདག་གིས་བསྒྲུབ། །དེ་ཕྱིར་མ་གཅིག་བུ་བཞིན་བརྩེ་བས་དགོངས། །བདག་གིས་གང་གསོལ་ཕྲིན་ལས་མྱུར་འགྲུབ་མཛོད། །བསྟོད་ཅིང་སྨོན་ལམ་གདབ་པར་བྱ༔ སླར་ཡང་མདུན་བསྐྱེད་གསལ་གདབ་ཅིང་༔ དེ་ནས་མཆོད་འབུལ་བྱ་བ་ནི༔ མདུན་ཁར་སྣོད་བཅུད་དག་པའི་ཞིང་། །དབང་བྱེད་འཕགས་མ་སྒྲོལ་མ་ཡི། །དཀྱིལ་འཁོར་ལྷ་ཚོགས་མ་ལུས་པ། །མངོན་སུམ་ཉིད་དུ་སད་པར་གྱུར། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷཱ་ཝས་སྦྱངས། ཧཱུྃ་ཧྲཱིཿཕྱི་མཆོད་འདོད་ཡོན་རྒྱ་མཚོ་སྤྲིན་ལྟར་བཏིབས༔ ནང་མཆོད་སྨན་རཀ་གཏོར་གསུམ་བསམ་མི་ཁྱབ༔ གསང་མཆོད་བདེ་སྟོང་ཟུང་འཇུག་ཡེ་ཤེས་དབྱིངས༔ དབང་བྱེད་འཕགས་མ་སྒྲོལ་མའི་ཚོགས་ལ་འབུལ༔ ཨོཾ་ཨཱརྱཱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་སོགས་རྡས། པྲ་ཏིཙྪ་སྭཱ་ཧཱཿཨོཾ་ཨཱརྱཱ་ཏཱ་རེ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧིཿལན་གསུམ་གྱིས་འབུལཿམཎྜལ་ནི༔ ཧཱུྃ་ཧྲཱིཿཕྱི་ཡི་མཎྜལ་རི་རབ་གླིང་བཞིས་བརྒྱན༔ ནང་གི་མཎྜལ་ཕུང་ཁམས་དབང་པོས་བརྒྱན༔ གསང་བའི་མཎྜལ་རྩ་རླུང་ཐིག་གསུམ་བཅས༔ དབང་བྱེད་འཕགས་མ་སྒྲོལ་མའི་ཚོགས་ལ་འབུལཿབདེ་སྟོང་མཆོག་གི་དངོས་གྲུབ་སྩལ་དུ་གསོལཿཨོཾ་ཨཱཿ མ་ཧཱ་ཧྲཱིཿསརྦ་མཎྜ་ལ་པྲ་ཛི་ཏེ་ཨཱཿ ཧཱུྃ༔ ཞེས་ཕུལ༔ མཚན་བརྒྱ་རྩ་བརྒྱད་ནི༔ ཨོཾ། དགེ་བ་ཅན་ནི་གཟི་བརྗིད་ཆེ། །འཇིག་རྟེན་གསོ་བྱེད་སྙན་པ་ཆེ། །དབྱངས་ཅན་མ་ནི་སྤྱན་ཡངས་མ། །ཤེས་རབ་དཔལ་དང་བློ་འཕེལ་མ། །གསོ་བྱེད་མ་དང་རྒྱས་བྱེད་མ། །སྭཱ་ཧཱ་ཨོཾ་གྱི་འདོད་གཟུགས་མ། །སེམས་ཅན་ཀུན་ལ་ཕན་པར་བརྩོན། །གཡུལ་ལས་སྒྲོལ་བྱེད་རྒྱལ་བ་མོ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །འཕགས་མ་སྒྲོལ་མ་ཡིད་འོང་མ། །རྫ་རྔ་དུང་ཅན་རྒྱས་པ་མོ། །རིག་པའི་ལྷ་མོ་ཚིག་སྙན་མ། །ཟླ་བའི་མདངས་ཅན་དཀར་མོ་ཆེ། །མི་ཕམ་གོས་ནི་སེར་མོ་ཅན། །སྒྱུ་མ་ཆེན་མོ་དཀར་ཆེན་མོ། །སྟོབས་མོ་ཆེ་ལ་ཕ་རོལ་ཕྱིན། །རྩུབ་མོ་ཆེན་མོ་གཏུམ་པ་མོ། །སྡང་བའི་སེམས་ཅན་རླག་བྱེད་མ། །རབ་ཏུ་ཞི་བ་ཞི་བའི་གཟུགས། །རྣམ་པར་རྒྱལ་མ་འབར་མའི་འོད། །གློག་གི་ཕྲེང་བའི་རྒྱལ་མཚན་ཅན། །རལ་གྲི་འཁོར་ལོ་གཞུ་ཐོགས་མཚོན། །འཚོལ་བྱེད་རེངས་བྱེད་ནག་མོ་ཆེ། །མཚན་མོ་ནག་མོ་མཚན་སྤྱོད་མ། །སྲུང་བྱེད་རྨོངས་བྱེད་ཞི་བ་མ། །མཛེས་མ་དགེ་མ་འགྲོ་ལྡིང་མ། །ཚངས་པ་མོ་དང་རིག་བྱེད་མ། །གསང་བ་མོ་ནི་བྲག་ཕུག་གནས། །བཀྲ་ཤིས་དོན་བྱེད་ཞི་བ་མ། །སྐྱེ་གནས་རིག་བྱེད་ཡིད་མགྱོགས་མ། །ཐོད་པ་ཅན་ནི་ཤུགས་ཆེན་མོ། །ཚངས་པ་བདེ་མ་གཞན་མི་རྒྱལ། །དེད་དཔོན་ཆེན་མོ་སྙིང་རྗེར་གནས། །ཆུད་ཟོས་ལམ་ནི་རབ་ཟློག་མ། །མཆོག་སྟེར་དོན་བྱེད་སྟོན་པ་མོ། །བུད་མེད་གཟུགས་ལ་དཔག་མེད་གནོན། །རི་ཁྲོད་མ་དང་རྣལ་འབྱོར་མ། །གྲུབ་མོ་གཏུམ་མོ་བདུད་རྩི་མ། །དེས་མ་ནོར་སྦྱིན་བསོད་ནམས་མ། །སྐལ་ཆེན་སྐལ་བཟང་མཛེས་སྟོན་མ། །མཐར་བྱེད་སྐྲག་བྱེད་འཇིགས་བྱེད་མ། །དྲག་དང་བརྟུལ་ཞུགས་ཆེན་མོ་དག །འགྲོ་ལ་གཅིག་ཏུ་ཕན་བརྩོན་མ། །སྐྱོབ་བྱེད་གུས་བྱེད་གསོང་པོ་མ། །ངག་གི་དབང་ཕྱུག་ཞི་ཕྲ་མ། །རྟག་པར་འགྲོ་ཀུན་རྗེས་འགྲོ་མ། །དོན་ཀུན་འགྲུབ་མཛད་བཟང་པོ་མ། །གཙང་བྱེད་གསོ་བྱེད་ནོར་སྟེར་མ། །མི་འཇིགས་བསོད་ནམས་གོའུ་ཏམ། །སྤྱན་རས་གཟིགས་དབང་གསུངས་པ་ཡི། །མཚན་བརྒྱ་རྩ་བརྒྱད་འདི་དག་གིས། །དབང་བྱེད་འཕགས་མ་ཁྱོད་ལ་བསྟོད། །ཁྱོད་ལ་བསྟོད་ཅིང་གསོལ་བའི་མཐུས། །བདག་ཅག་འཁོར་དང་བཅས་པ་ཡི༔ འཇིགས་པ་བརྒྱད་དང་བཅུ་དྲུག་དང་༔ ནད་མུག་འཁྲུགས་རྩོད་བྱད་ཕུར་སོགས༔ ཕྱི་ནང་བར་ཆད་ཞི་བར་མཛོད༔ ཚེ་དང་བསོད་ནམས་སྟོབས་དཔལ་འབྱོར། །གྲགས་དང་སྙན་པ་རླུང་རྟ་དང་༔ འཁོར་དང་བུ་སློབ་དགེ་འདུན་སྡེ༔ མྱུར་བ་ཉིད་དུ་རྒྱས་གྱུར་ཅིག༔ ཆེ་དགུ་ལྷ་འདྲེ་མི་གསུམ་དང་༔ བླ་མ་རྒྱལ་བློན་སྐྱེས་པ་སོགས༔ སྡེ་འབངས་མུ་དྲ་སྦྱིན་བདག་བཅས༔ ཡོམ་ཡོམ་ཤིག་ཤིག་མོས་བཞི་རུ༔ དབང་དུ་བསྡུས་ལ་བྲན་དུ་བསྒྱུར༔ སངས་རྒྱས་བསྟན་པ་སྤྱི་ཡི་གེགས༔ སྤྲིན་ཆེན་རླུང་གིས་གཅོད་བཞིན་དུ༔ དཀོན་མཆོག་འཕགས་མ་སྒྲོལ་མ་ཡི༔ བདེན་པའི་སྟོབས་ཀྱིས་བརླག་པར་མཛོད༔ ཆར་ཆུ་དུས་འབེབས་ལོ་ཕྱུགས་ལེགས༔ འགྲོ་ལ་བདེ་སྐྱིད་འབྱུང་བའི་ཕྱིར༔ དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད༔ བཀྲ་ཤིས་བདེ་ལེགས་འཕགས་མཆོག་སྡེཿའབུམ་འབུམ་ཁྲི་ཁྲི་མྱུར་འདུས་ནསཿརིགས་ཅན་བྱང་ཆུབ་སེམས་པའི་ཚོགས༔ འགྲོ་བའི་མུན་པ་བཅོམ་ནས་ཀྱང་། །ཕན་ཐོགས་རྒྱ་ཆེན་མྱུར་འགྲུབ་ནས༔ སངས་རྒྱས་བསྟན་པ་དར་བར་ཤོག༔ ཅེས་པའི་སྨོན་ཚིག་བསྒྲགས་བྱས་ནས༔ ཕྱག་འཚལ་ཉེར་གཅིག་ལན་བདུན་བརྗོད༔ ལྷ་མོ་ལ་གུས་ཡང་དག་ལྡན་པའི་སོགས། བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། འདོད་དོན་གསོལ་བཏབ་སྨོན་ལམ་ནི། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་ཀྱི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་དང་། །འཕེལ་ཞིང་རྒྱས་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །སྒྲུབ་ལ་རྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡང་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །པདྨོ་དམ་པ་ཤིན་ཏུ་མཛེས་ལས་སྐྱེས། །སྣང་བ་མཐའ་ཡས་རྒྱལ་བས་མངོན་སུམ་དུ། །ལུང་བསྟན་པ་ཡང་བདག་གིས་དེར་ཐོབ་ཤོག །བདག་གིས་ཚེ་རབས་སྔོན་ནས་བསྒྲུབ་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །དམར་གསལ་ཞལ་གཅིག་ཕྱག་བཞི་མྱུར་མཛད་མ། །ཡུམ་མཆོག་རིག་བྱེད་མ་ཡི་བཀྲ་ཤིས་ཤོག །རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་སོགས་ནས། འགྱུར་བར་ཤོག །ཅེས་གསོལ་བ་བཏབ་ཅིང་བསྙེན་དམིགས་ནི། བདག་མདུན་བཅོམ་ལྡན་འཕགས་མ་ཡི༔ ཐུགས་ཀའི་འོད་དང་འོད་ཟེར་གྱིས༔ ཕྱོགས་བཅུའི་དེ་བཞིན་གཤེགས་པ་ལ༔ མཆོད་པ་འབུལ་ཞིང་བྱིན་རླབས་བསྡུས༔ སྟོབས་དང་ནུས་པ་རྩལ་འབར་ནས༔ རིག་བྱེད་ལྷ་མོ་བཅོ་ལྔ་ཡི༔ དུས་ལ་བབ་སོ་གནད་དུ་བསྐུལ༔ ལྕགས་ཀྱུ་ཞགས་པའི་རྣམ་པ་རུ༔ འོད་ཟེར་དམར་པོས་ཀུན་ཁྱབ་ནས༔ འགྲོ་ཀུན་ལྷ་འདྲེ་མི་གསུམ་ནི༔ ཡམ་ཡམ་ཤིག་ཤིག་དབང་དུ་བསྡུས༔ དད་གུས་སྨིན་གྲོལ་ལམ་བྱེ་ནས༔ རྒྱུད་ལ་བྱང་ཆུབ་སེམས་ཞུགས་ཤིང་༔ འཕགས་མ་སྒྲོལ་མས་རྗེས་སུ་འཛིན༔ རྫོགས་ལྡན་བསྐལ་པའི་དུས་ལྟར་དུཿད་ལྟ་ཉིད་དུ་འགྲུབ་གྱུར་ཅིག༔ དབང་བྱེད་ལྷ་མོའི་རྩ་བའི་སྔགས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱཿརྩ་སྔགས་མཐར་སྦྱར་ལས་སྔགས་ནི༔ སརྦ་ལོ་ཀ་ཨ་ཀཪྵ་ཡ་ཛཿཝ་ཤམ་ཀུ་རུ་ཧྲཱིཾ་ཛཿརྣྀ་ཨངྐུ་ཤ་ཡ་ཧཱུྃ་ཛཿགསང་བ་སྦས་པའི་སྔགས་ཉིད་ནི༔ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱཿཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུཏྟཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ལན་གྲངས་བརྒྱའམ་ཉེར་གཅིག་བརྗོད༔ ཁ་སྐོང་མཆོད་བསྟོད་སྤྱི་ལྟར་བྱ༔ མ་སྐྱེ་བ་མེད་པའི་ཆོས་དབྱིངས་ན། ཡུམ་རྗེ་བཙུན་ལྷ་མོ་སྒྲོལ་མ་བཞུགས། །དེ་སེམས་ཅན་ཀུན་ལ་བདེ་སྟེར་མ། །བདག་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ། །རང་ཆོས་སྐུ་ཡིན་པར་མ་ཤེས་པར། །སེམས་ཉོན་མོངས་དབང་དུ་གྱུར་པ་ཡི། །མ་འཁོར་བར་འཁྱམས་པའི་སེམས་ཅན་ལ། །ཡུམ་ལྷ་མོ་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །ཆོས་སྙིང་ནས་རྒྱུད་ལ་མ་སྐྱེས་པར། །ཐ་སྙད་ཚིག་གི་རྗེས་འབྲངས་ནས། །གྲུབ་མཐའ་ངན་པས་བསླུས་པ་ལ། །ཡུམ་ཡང་དག་གི་ལྷ་མོས་བསྐྱབ་ཏུ་གསོལ། །རྟོགས་པར་དཀའ་བ་རང་གི་སེམས། །མཐོང་ནས་གོམས་པར་མི་བྱེད་པ། །བྱ་བ་ངན་པས་གཡེངས་བ་ལ། །ཡུམ་དྲན་པའི་ལྷ་མོས་བསྐྱབ་ཏུ་གསོལ། །སེམས་རང་བྱུང་གཉིས་མེད་ཡེ་ཤེས་ལ། །གཉིས་སུ་འཛིན་པའི་བག་ཆགས་ཀྱིས། །ཇི་ལྟར་བྱས་ཀྱང་བཅིངས་པ་རྣམས། །ཐུགས་གཉིས་མེད་ཀྱི་ལྷ་མོས་བསྐྱབ་ཏུ་གསོལ། །ཡང་དག་གི་དོན་ལ་གནས་བྱས་ཀྱང་། །རྒྱུ་འབྲས་ཀྱི་རྟེན་འབྲེལ་མི་ཤེས་པས། །ཤེས་བྱའི་དོན་ལ་རྨོངས་པ་ལ། །ཡུམ་ཀུན་མཁྱེན་གྱི་ལྷ་མོས་བསྐྱབ་ཏུ་གསོལ། །སྤྲོས་བྲལ་ནམ་མཁའི་མཚན་ཉིད་ཅན། །ཐམས་ཅད་དེ་དང་དབྱེར་མེད་ཀྱིས། །ད་དུང་སློབ་མའི་གང་ཟག་ལ། །ཡུམ་རྫོགས་སངས་རྒྱས་ཀྱིས་བསྐྱབ་ཏུ་གསོལ། །ཅེས་འཇིག་རྟེན་མགོན་པོར་འཕགས་མ་སྒྲོལ་མས་ཞལ་གཟིགས་སྐབས་གསུངས་པའི་གསོལ་འདེབས་ཚར་བདུན་ནམ་གསུམ་ལས་མི་ཉུང་བར་བཟླའོ། །བཀའ་གཏེར་སྲུང་མའི་གཏོར་མཆོད་དང་༔ དགའ་སྟོན་ཚོགས་འཁོར་གཞུང་བཞིན་འབུལ༔ འགུགས་བྱེད་དབང་གི་སྦྱིན་བསྲེགས་སོགས༔ སྦྱིན་བཏང་དགེ་བསྐུལ་ལས་བགྱིས་པས༔ རང་དོན་སླད་སྤོངས་གཞན་དོན་གྱིས༔ སངས་རྒྱས་བསྟན་འཛིན་སྐྱེས་བུ་ཡིཿསྐུ་ཚེ་རྟག་ཅིང་འགྲོ་དོན་ཕྱིར༔ འདུ་བ་རྣམ་བཞིའི་དངོས་གྲུབ་དབྱིག༔ ཐོགས་མེད་འབྱུང་བ་དེ་ལྷག་མེད༔ གནད་དང་མན་ངག་རྣོ་སོ་སོགས༔ ཟུར་དུ་ཤེས་པར་བྱ་བ་དགོསཿའཕགས་མ་སྒྲོལ་མ་དམར་མོ་འདི༔ གསོལ་ཞིང་མཆོད་པའི་གང་ཟག་ལ༔ དགོས་འདོད་ནོར་བུ་འཕྲད་པ་འདྲ༔ ཁ་དགེ་བཀྲ་ཤིས་ཆོས་སྲིད་དར༔ འཕགས་བའི་འདུས་སྡེ་ཚུགས་པ་སོགས༔ ཐེ་ཚོམ་མེད་དོ་ས་མ་ཡ༔ ཨྠིྀ༔ སངས་རྒྱས་བསྟན་དང་དགེ་འདུན་སྡེ༔ དཀོན་མཆོག་སྐྱབས་བསྟེན་རྒྱལ་ཁབ་སོགས༔ བདེ་བའི་ཐབས་ལ་འབད་པའི་སྐབས༔ འཕགས་མ་སྒྲོལ་མ་དམར་མོ་ཡིསཿང་ལ་སྒྲུབ་ཅིང་མཆོད་པའི་རིམ༔ མཎྜལ་ཕུལ་ན་ཅི་བསམ་འགྲུབ༔ ཚེ་དཔལ་སྟོབས་དང་ཡོན་ཏན་འཕེལཿདབང་གི་ལས་ནི་སོར་མོའི་རྩེར༔ ཞལ་ནས་གསུངས་པས་རྡོ་རྗེའི་ལུང་༔ བཀའ་ལ་རས་ཆོད་མ་ཡིན་ཏེ༔ ཆོག་གཞུང་གཞན་ལ་གཞི་བརྟེན་ཏེ༔ འཕགས་མ་སྒྲོལ་མའི་སྒྲུབ་གནས་ནས༔ ལྷ་མོའི་ཚོགས་ཁང་བྲག་རྩ་རུ༔ རིག་འཛིན་འོད་གསལ་རྡོ་རྗེ་ངསཿཤུགས་འབྱུང་ངག་གིས་སྨོས་རིམ་བཞིན༔ ལས་སྨོན་སྐལ་ལྡན་པདྨའི་མིང་༔ ཡི་གེར་བཏབ་པའི་དགེ་བ་དེས༔ ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུག༔ དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། བྷ་ཝནྟུ། བཀྲ་ཤིས་དཔལ་འབར་འཛམ་གླིང་ཁྱབ་གྱུར་ཅིག །།།
[edit]

\u0f01\u0f83:__:__dpal gdod ma'i mgon po dgos 'dod nor bu'i rgyud las:__dbang byed Ar+yA tA re bsgrub cing mchod pa'i maN+Dal gyi rim pa dpag bsam ljon shing zhes bya ba bzhugs so:__ ma hA Ar+yA tA re na mo:__gang zhig dus kyi mtha' ma ru:__chos byed dkar phyogs skyong ba'i tshogasaHnyams dma' sangs rgyas bstan pa la:__nag phyogs bdud rigs stobs btsan dus:__phrag dog ngan sems mtshon cha brdar:__de yi gnyen po khyad par 'phags:__'phags ma sgrol ma dmar mo yis:__dus kyi bskal ngan gso ba'i mchogaHnyi mas mun pa bcom pa 'dra:__lho gling 'khrugs rtsod zhi ba'i gnad:__mdo sngags chos kyi bde 'phel phyir:__dngos grub gangs can lha skal 'di:__kun la med pa'i khyad par 'phags:__bsgrub cing mchod pa'i rim pa la:__gnas khang dben la dam gtsang par:__gdugs dang rgyal mtshan ba dan bsgreng :__maN+Dal dri bzang byugs pa'i gling :__dbus dang mtshams bzhir pad+ma la:__'dab ma brgyad kyi phyogs bzhi'i gling :__ri rab gling bzhi gling phran bri:__dbus steng 'phags ma'i dkyil 'khor dbus:__many+dzi'i steng du gsang thod khar:__me long shel rdo 'phags ma'i sku:__zhal ni rang phyogs bstan par bzhag:__mdun du mkha' 'gro'i gtor ma dang :__g.yas g.yon gtso las bum pa 'god:__mtshams bzhir nyer spyod tshar re la:__dwangs shing yid du 'ong bar bkram:__rin chen dwangs ma'i snod nang du:__'bru rigs me tog sman sna dang :__rin chen gser dngul la sogs par:__dri bzang tsan+dan chu yis byugs:__yo byad tshogs gtor legs par bshams:__bdag bskyed skyabs sems nas bzung ste:__bsnyen sgrub kha skong mthar phyin nas:__mdun bskyed skyabs sems bsgom bzlas ni:__mdun gyi nam mkhar dbang mdzad 'phags ma sgrol ma'i dkyil 'khor gyi lha tshogs mngon sum bzhugs par gyur/__na mo/__dkon mchog kun dngos rje btsun mar/__/bdag sogs 'gro kun skyabs su mchi/__/byang chub smon pa'i sems bskyed nas/__/zab mo'i lam la 'jug par bgyi/__/ces lan gsum/__tshogs bsags pa ni/__rje btsun 'phags ma sgrol ma dang /__/phyogs bcu dus gsum bzhugs pa yi/__/rgyal ba sras bcas thams cad la/__/kun nas dang bas phyag 'tshal lo/__/me tog bdug spos mar me dri/__/zhal zas rol mo la sogs pa/__/dngos 'byor yid kyis sprul nas 'bul/__/'phags ma'i tshogs kyis bzhes su gsol/__/thog ma med nas da lta'i bar/__/mi dge bcu dang mtshams med lnga/__/sems ni nyon mongs dbang gyur pa'i/__/sdig pa thams cad bshags par bgyi/__/nyan thos rang rgyal byang chub sems/__/so so'i skye bo la sogs pas/__/dus gsum dge ba ci bsags pa'i/__/bsod nams la ni bdag yi rangs/__/sems can rnams kyi bsam pa dang /__/blo yi bye brag ji lta bar/__/che chung thun mong theg pa yi/__/chos kyi 'khor lo bskor du gsol/__/'khor ba ji srid ma stong bar/__/mya ngan mi 'da' thugs rje yis/__/sdug bsngal rgya mtshor byings ba yi/__/sems can rnams la gzigs su gsol/__/bdag gis bsod nams ci bsags pa/__/thams cad byang chub rgyur gyur nas/__/ring por mi thogs 'gro ba yi/__/'dren pa'i dpal du bdag gyur cig__/ces brjod la/__sems can thams cad bde ba dang bde ba'i rgyu dang ldan par gyur cig__/sdug bsngal dang sdug bsngal gyi rgyu dang bral bar gyur cig__/sdug bsngal med pa'i bde ba dam pa dang mi 'bral bar gyur cig__/nye ring chags sdang gnyis dang bral ba'i blo btang snyoms chen po'i ngang sems yun ring du gnas par gyur cig__/tshogs zhing rnams rang gi snying khar thim par gyur/__zhes brjod cing /__oM badz+ra a mr-i ta kuN+Da lI ha na ha na hU~M phaT:__oM swa b+hA was sbyangs/__hU~M hrIHphyi nang snod bcud dngos po stong pa nyid:__chos sku de bzhin nyid dbyings sogs nas/__rang nyid bcom ldan gyi mal du/__mdun bskyed rje btsun 'phags ma sgrol ma'i sku sogs nas/__spyan 'dren bzhugs phyag mchod 'bul mtharaHoM d+harma d+hA tu a la la hoHbar brjod/__rgyal srid sna bdun mchod pa ni:__hU~M hrIHdbang byed 'phags ma'i lha tshogs la/__/'khor lo rin chen 'di phul bas/__/srid pa'i 'khor lo rgyun chad nas/__/chos kyi 'khor lo bskor bar shog__/oM Ar+ya tA re sa pa ri wA ra tsakra rat+na pU dzi te AH_hU~M/__hU~M hrIHdbang byed 'phags ma'i=/__nor bu rin chen=/__bkres shing phongs pa rgyun chad de/__/'byor pa phun sum tshogs par=oM Ar+yA tA re sa pa ri wA ra ma Ni=/__hU~M hrIHdbang byed=/__btsun mo=/__ma rig mun pa rgyun bcad de/__/shes rab dbyings kyi don rtogs nas/__/thabs dang shes rab 'brel bar shog__/oM Ar+yA tA re sa pa ri wa ra was+t+rI=hU~M hrIHdbang byed=/__blon po=/__phyi nang gsang gsum theg gsum ldan/__/bsam yas bstan pa rab 'dzin cing /__/yon tan thams cad ldan par shog__/oM Ar+yA tA re sa pa ri wA ra ma hA ta=/__hU~M hrIHdbang byed=glang po=lta ngan rnams ni rab bsal te/__/bla med theg par rab zhon nas/__/thams cad mkhyen grong bgrod par shog__/oM Ar+yA tA re sa pa ri wA ra hasti rat+na=/__hU~M hrIHdbang byed=/__rta mchog=/__srid pa'i gzeb las nges grol te/__/rdzu 'phrul mchog gi shugs thob nas/__/sangs rgyas zhing du bgrod par shog__/oM Ar+yA tA re sa pa ri wA ra tu ram ga a shwa thA=/__hU~M hrIHdbang byed 'phags ma'i lha tshogs la/__dmag dpon rin chen 'di phul bas/__/nyon mongs dgra las rgyal gyur nas/__/phas kyi rgol ba tshar bcad de/__/snyems bral mchog ni thob par shog__/oM Ar+yA tA re sa pa ri wA ra khang+ga rat+na pU dzi te AH_hU~M/__bkra shis rtags brgyad mchod pa ni/__hU~M hrIHbkra shis rnam par rgyal ba'i rtags/__/'khor lo dung dang pad+ma dang /__/gdugs dang rgyal mtshan dpal be'u/__/bum pa gser nyar bcas pa rnams/__/dbang byed 'phags ma'i tshogs la 'bul/__/phyogs las rnam rgyal dngos grub stsol/__/oM Ar+yA tA re sa pa ri wA ra aSh+Ta mang+ga laM pra tits+tsha swA hA/__gsang rdzas khyad 'phags phul ba ni:__hU~M hrIHgnas khang la sogs bkra shis rdzas mchog brgyad:__u dum wa ra ut+pal dmar po dang :__li mtshal la sogs snang gsal sgron me'i rigs:__dbang byed 'phags ma sgrol ma'i tshogs la 'bul:__'gro ba rnams kyi ded dpon 'byung bar shog:__oM Ar+yA tA re sa pa ri wA ra ma hA puSh+pe rat+na pU dza pra tits+tsha swA hA:__mchod cing maN+Dal phul ba ni:__bkod pa'i maN+Dal lag g.yon bzung :__g.yas pas g.yas bskor gyis phyis la:__khams gsum sems can thams cad kyi sgrib gnyis bag chags 'khrugs rtsod ngan sbyor rigs thams cad byang zhing dag par bsam la:__yig brgya gsum brjod dal bar phyi:__gang zhig de dag phyin chad ngan sems thams cad bral cing byang chub kyi sems rin po che dang ldan par bsam la:__byang chub sems mchog rin po che/__sogs nas/__'phel bar shog__/oM badz+ra b+hU mi AH_hU~M:__gzhi rnam par dag pa dbang chen gser gyi sa gzhi sogs nas 'di nyid bdag sogs sems can thams cad kyi don du rigs byed rje btsun 'phags ma sgrol ma'i dkyil 'khor rgya mtsho'i lha tshogs dang :__bla ma yi dam dpa' bo mkha' 'gro chos skyong srung ma'i tshogs dang bcas pa rnams la 'bul bar bgyi'o:__thugs rjes 'gro ba'i don du bzhes nas sangs rgyas kyi bstan pa dar ba dang dkon mchog gsum gyi dbu 'phang mtho ba dang :__'phags pa'i dge 'dun gyi sde chen po myur du 'du nas:__bdag sogs sems can thams cad la bde skyid phun sum tshogs par mdzad du gsol:__sa gzhi spos chus byugs shing sogs dang /__sku gsum yongs rdzogs 'phags ma'i tshogs rnams la/__/phyi nang gsang gsum sogs/__'phags pa 'jam dpal gzhon nur gyur pa la phyag 'tshal lo/__/ji snyed su dag phyogs bcu'i=ces sogs yan lag bdun pa ni:__rgyas bsdus gang rung brjod byas nas:__smon lam 'dod gsol 'di ltar bya:__hU~M hrIHrje btsun 'phags ma rig byed lha mo'i tshogs:__rtsa gsum rab 'byams sangs rgyas byang sems la:__phyi nang gsang gsum maN+Dal 'di 'bul bas:__thugs dam gnad bskul mi mngon dbyings nas bzhengs:__bdag sogs rnams kyi mgon dang skyabs mdzad nas:__khyed sku sprin bral rta bdun dbang po ltar:__bdag blo'i mun pa ma lus 'joms mdzad pa:__bstan pa'i don chen sgrub pa'i rig 'dzin gyi:__rlung sems dbang du 'du bar mdzad du gsol:__tshe gcig sangs rgyas thob par mdzad du gsol:__mkhas grub bshes gnyen thams cad dbang bsdus nas:__thub bstan dar zhing rgyas par mdzad du gsol:__rigs bzang blo gsal thams cad dbang 'dus=/__bshad sgrub bstan pa dar bar mdzad=tshul khrims ldan pa=dge 'dun sde chen tshugs par=rgyal po rgyal phran=yul khams chos la 'gyur bar='byor ldan sbyin bdag=dge 'dun bkur sti 'phel bar=lha klu gzhi bdag=bkra shis bde legs 'phel bar=skye 'gro pho mo=lus sems dge la sbyor bar=bdud rigs log lta can kun dbang 'dus nas:__bstan la bar chad med par mdzad du gsol:__'bru nor longs spyod mkho dgu dbang 'dus nas:__dpal 'byor 'bad med lhun gyis grub par mdzod:__gsol btab rdor dril 'dzin byas nas:__oM rje btsun ma 'phags ma sgrol ma la phyag 'tshal lo/__/phyag 'tshal sgrol ma myur ma sogs nas nyi shu rtsa gcig__/phyag 'tshal nyer gcig lan gnyis brjod:__thal mo me tog dang bcas te:__hU~M hrIHrje btsan 'phags ma rig byed lha mo'i tshogs:__rtsa gsum rab 'byams sangs rgyas byang sems sogs:__khyed rnams bstod cing gsol ba btab pa'i mthus:__thugs dam gnad bskul mi mngon sogs nas grub par mdzod:__zhes brjod slar yang 'di ltar ro/__/mdun gyi nam mkhar dbang byed 'phags ma sgrol ma'i dkyil 'khor gyi lha tshogs la phyogs bcu'i sangs rgyas dang byang chub sems dpa'i tshogs dang bcas pa badz+ra sa mA dzaHhU~M hrIH'phags bzhi bskyed mdzad chos sku yum chen mo/__/gzugs kyi skur ston 'phags ma rigs byed ma/__/gshegs dang bzhugs pa'i mtshan ma mi mnga' yang /__/chu zla bzhin du gnas 'dir snang bar mdzod/__/pad+ma gar gyi dbang phyug gsang ba'i yum/__/so sor rtog pa'i ye shes ngo bo nyid/__/pad+ma rigs kyi lha mo kun gyi gtso/__/bde chen dag pa'i zhing nas gshegs su gsol/__/sgrol ma myur ma spyan ni glog ltar myur/__/'jig rten dbang phyug yum gcig gsang ye ma/__/dbang byed sgrol ma 'jigs pa kun skyobs ma/__/po Ta la yi gnas nas=/__DA ki 'bum gyi gtso mo mdzad pa'i tshe/__/pad+ma mkha' 'gro dbang gi lha mo mchog__/gau ri la sogs lha mo bcu bzhir bcas/__/mkha' spyod o rgyan gnas nas=/__'jig rten 'das kyang 'khor ba'i cha lugs can/__/rgya gar ku ru ku l+le'i ri bo yi/__/phug pa'i dbus su rtag tu gnas bcas ma/__/lha mo ku ru kul+le gshegs su gsol/__/pho brang gzhal yas pad nyi bdud bzhi'i steng /__/rang rang gtso 'khor so so'i gdan steng du/__/brjid cing dgyes pa'i tshul gyis bzhugs su gsol/__/oM Ar+yA tA re sa pa ri wA ra badz+ra sa mA dzaHdzaHhU~M ba~M hoHpad+ma ka ma lA ya s+t+waM/__ar+g+haM pra tIts+tsha swA hA/__dbang lha spyan drangs dbang bskur dri ma dag__/chu lhag yar lud rigs bdag dbur brgyan gyur/__/hU~M hrIHbdag lus zhing gi rdul snyed rab sprul te/__/lus ngag yid gsum dang bas phyag 'tshal lo/__/dngos su 'byor dang yid kyis rnam sprul dang /__/rab 'byams rgyal ba'i zhing khams thams cad na/__/bdag pos bzung dang ma bzung mchod pa'i tshogs/__/lha yi bdud rtsi dkar ser dmar ljang mtsho/__/yan lag brgyad ldan khrus kyi rdzing bu'i mtsho/__/pad+ma ku mud+ta dang ut+pal tshal/__/ha ri sbrul snying glang po sa mchog ste/__/nyi zla nor bu brgya sbyin tshangs pa'i 'od/__/gang+ga'i gzhung rgyud o rgyan mchog sbyin chu/__/lha dbang mi dbang zhal zas ro brgya pa/__/dri za'i rgyal po bye ba'i rgyud mang sgra/__/sum rtsen bye ba phrag brgya'i ston mo mdzes/__/tshangs pa'i rgyal po stong gis bstod dbyangs snyan/__/zag med tshul khrims dri yis zhing kun khyab/__/ye shes bdud rtsi zag med bde skyed ro/__/dpag bsam shing las 'phyangs ba'i lha rdzas gos/__/shis byed rdzas mchog brgyad dang rgyal srid bdun/__/nor bu cha bdun rgyal po'i nyer spyad tshogs/__/bkra shis grub pa'i rtags mtshan ngo mtshar brgyad/__/gling bzhi ri rab bye ba phrag brgya dang /__/lha klu mi yi longs spyod 'dod yon tshogs/__/thams cad blo yis blangs te 'bul lags na/__/bdag la phan phyir nyid kyi mthus bzhes shig__/gzhan yang rlung me thod sgyed ka pA la/__/sha lnga bdud rtsi lnga dang ye shes lnga/__/zhu zhing khol ba ye shes bdud rtsi'i mtsho/__/'dod yon sna tshogs rlangs pas zhing kun khyab/__/dam rdzas gtor chen 'bar ba'i mchod pa dang /__/chags med dmar chen rak+ta'i rgya mtshor bcas/__/rig byed lha mo bco lngas dgyes par rol/__/dngos bshams yid sprul mchod gtor 'di bzhes la/__/bdag gi rlung sems snang ba dbang 'dus nas/__/tshe gcig sangs rgyas thob par mdzad du gsol/__/mkhas grub bshes gnyen thams cad=sogs nas/__lhun gyis grub par mdzod/__/brjod cing phyag 'tshal nyer gcig gi bstod pa lan gsum 'don byas nas/__hU~M/__hrIHlas byung ba'i dbang gi kha dog can/__/chos kun ro gcig ston phyir zhal gcig pa/__/dus gsum mkhyen phyir spyan gsum g.yon du gzigs/__/khro 'dzum sgeg nyams bdud bzhi zil gyis gnon/__/ye shes lnga mtshon rigs lngas dbu brgyan can/__/tshad med rnam bzhi mtshon phyir phyag bzhi yi/__/g.yas pas byams pa'i lcags kyus srid gsum 'gugs/__/g.yon pas snying rje'i pad+mos 'gro ba 'dzin/__/'og gnyis thabs shes zung 'jug mda' gzhu 'gengs/__/srid par mi 'khrul zhabs g.yas brkyangs pa'i tshul/__/zhi bar mi gnas zhabs g.yon bskum pa yis/__/'jig rten zil gnon srid gsum bdag mor mdzad/__/'du byed dag phyir pad+ma'i phreng ba dang /__/yon tan kun rdzogs rin chen rus pas brgyan/__/nyi ma bye ba'i 'od 'phro gzi brjid 'bar/__/bsgom pa tsam gyis 'jig rten gsum po rnams/__/dbang du sdud byed lha mo'i sku la bstod/__/lha mo'i snying po gsang sngags 'bru brgyad pa/__/khri yis 'jig rten phal pa thams cad dbang /__/'bum phrag gcig gis mi yi rgyal po rnams/__/de bzhin 'bum phrag gnyis kyis lha rnams te/__/'bum phrag bdun gyis lha ma yin rnams dang /__/bye bas 'khor los bsgyur rgyal gnod sbyin tshogs/__/rigs drug sems can thams cad dbang sdud pa'i/__/gsung mchog nus par ldan la phyag 'tshal bstod/__/lha mo'i thugs ni stong nyid chos kyi sku/__/mtha' bzhi skye 'gags gnas bral phyag rgya che/__/nyan thos rang rgyal sar gnas sems pa'i tshogs/__/dus gsum rgyal ba thams cad skyed pa'i yum/__/shes rab pha rol phyin pa yum chen mo/__/zab cing rgya che lha mo'i thugs la bstod/__/gang zhig 'phags ma bsgom zhing bzlas byed na/__/dug gis gnod dang dug gis 'chi ba dang /__/shu ba g.yen pa mdze sogs nad kyi rigs/__/dus ma yin pa'i 'chi ba thams cad zhi/__/klu dang sbrul gdug stag sogs gcan gzan dang /__/dgra dang mtshon cha dbul phongs 'jigs pa skyobs/__/sna tshogs gter dang gser dngul rna cha dang /__/gos la sogs pa'i nor rnams gang 'dod pa/__/thams cad kun la dbang bsgyur longs spyod pa'i/__/yon tan kun 'byung ma la phyag 'tshal bstod/__/glang rgod rta rgod dug sbrul chu srin dang /__/stag dang bse dang chu glang la sogs pa/__/rig sngags kyis bkug bzhon par bya rung zhing /__/dregs ldan lha klu mi yi rgyal po yang /__/gus shing 'dud pa'i mngag gzhug las byed pa'i/__/phrin las thogs med lha mo rigs byed ma/__/khyod kyis mkha' mnyam 'gro ba 'di dag kun/__/rang dbang med par dbang du bsdus nas kyang /__/rdzogs sangs rgyas pa'i go 'phang la bzhag par/__/thugs bskyed thugs dam smon lam de lags na/__/bdag gi 'dod dang khyed kyi thugs dam gcig__/khyed kyi thugs bzhed phrin las bdag gis bsgrub/__/de phyir ma gcig bu bzhin brtse bas dgongs/__/bdag gis gang gsol phrin las myur 'grub mdzod/__/bstod cing smon lam gdab par bya:__slar yang mdun bskyed gsal gdab cing :__de nas mchod 'bul bya ba ni:__mdun khar snod bcud dag pa'i zhing /__/dbang byed 'phags ma sgrol ma yi/__/dkyil 'khor lha tshogs ma lus pa/__/mngon sum nyid du sad par gyur/__/oM a mr-i te hU~M phaT:__oM swa b+hA was sbyangs/__hU~M hrIHphyi mchod 'dod yon rgya mtsho sprin ltar btibs:__nang mchod sman raka gtor gsum bsam mi khyab:__gsang mchod bde stong zung 'jug ye shes dbyings:__dbang byed 'phags ma sgrol ma'i tshogs la 'bul:__oM Ar+yA tA re sa pa ri wA ra badz+ra ar+g+haM sogs rdas/__pra tits+tsha swA hAHoM Ar+yA tA re sa pa ri wA ra ma hA sarba pany+tsa a mr-i ta rak+ta ba lin+ta kha kha khA hi khA hiHlan gsum gyis 'bulaHmaN+Dal ni:__hU~M hrIHphyi yi maN+Dal ri rab gling bzhis brgyan:__nang gi maN+Dal phung khams dbang pos brgyan:__gsang ba'i maN+Dal rtsa rlung thig gsum bcas:__dbang byed 'phags ma sgrol ma'i tshogs la 'bulaHbde stong mchog gi dngos grub stsal du gsolaHoM AH_ma hA hrIHsarba maN+Da la pra dzi te AH_hU~M:__zhes phul:__mtshan brgya rtsa brgyad ni:__oM/__dge ba can ni gzi brjid che/__/'jig rten gso byed snyan pa che/__/dbyangs can ma ni spyan yangs ma/__/shes rab dpal dang blo 'phel ma/__/gso byed ma dang rgyas byed ma/__/swA hA oM gyi 'dod gzugs ma/__/sems can kun la phan par brtson/__/g.yul las sgrol byed rgyal ba mo/__/lha mo shes rab pha rol phyin/__/'phags ma sgrol ma yid 'ong ma/__/rdza rnga dung can rgyas pa mo/__/rig pa'i lha mo tshig snyan ma/__/zla ba'i mdangs can dkar mo che/__/mi pham gos ni ser mo can/__/sgyu ma chen mo dkar chen mo/__/stobs mo che la pha rol phyin/__/rtsub mo chen mo gtum pa mo/__/sdang ba'i sems can rlag byed ma/__/rab tu zhi ba zhi ba'i gzugs/__/rnam par rgyal ma 'bar ma'i 'od/__/glog gi phreng ba'i rgyal mtshan can/__/ral gri 'khor lo gzhu thogs mtshon/__/'tshol byed rengs byed nag mo che/__/mtshan mo nag mo mtshan spyod ma/__/srung byed rmongs byed zhi ba ma/__/mdzes ma dge ma 'gro lding ma/__/tshangs pa mo dang rig byed ma/__/gsang ba mo ni brag phug gnas/__/bkra shis don byed zhi ba ma/__/skye gnas rig byed yid mgyogs ma/__/thod pa can ni shugs chen mo/__/tshangs pa bde ma gzhan mi rgyal/__/ded dpon chen mo snying rjer gnas/__/chud zos lam ni rab zlog ma/__/mchog ster don byed ston pa mo/__/bud med gzugs la dpag med gnon/__/ri khrod ma dang rnal 'byor ma/__/grub mo gtum mo bdud rtsi ma/__/des ma nor sbyin bsod nams ma/__/skal chen skal bzang mdzes ston ma/__/mthar byed skrag byed 'jigs byed ma/__/drag dang brtul zhugs chen mo dag__/'gro la gcig tu phan brtson ma/__/skyob byed gus byed gsong po ma/__/ngag gi dbang phyug zhi phra ma/__/rtag par 'gro kun rjes 'gro ma/__/don kun 'grub mdzad bzang po ma/__/gtsang byed gso byed nor ster ma/__/mi 'jigs bsod nams go'u tam/__/spyan ras gzigs dbang gsungs pa yi/__/mtshan brgya rtsa brgyad 'di dag gis/__/dbang byed 'phags ma khyod la bstod/__/khyod la bstod cing gsol ba'i mthus/__/bdag cag 'khor dang bcas pa yi:__'jigs pa brgyad dang bcu drug dang :__nad mug 'khrugs rtsod byad phur sogs:__phyi nang bar chad zhi bar mdzod:__tshe dang bsod nams stobs dpal 'byor/__/grags dang snyan pa rlung rta dang :__'khor dang bu slob dge 'dun sde:__myur ba nyid du rgyas gyur cig:__che dgu lha 'dre mi gsum dang :__bla ma rgyal blon skyes pa sogs:__sde 'bangs mu dra sbyin bdag bcas:__yom yom shig shig mos bzhi ru:__dbang du bsdus la bran du bsgyur:__sangs rgyas bstan pa spyi yi gegs:__sprin chen rlung gis gcod bzhin du:__dkon mchog 'phags ma sgrol ma yi:__bden pa'i stobs kyis brlag par mdzod:__char chu dus 'bebs lo phyugs legs:__'gro la bde skyid 'byung ba'i phyir:__dkon mchog gsum gyi dbu 'phang bstod:__bkra shis bde legs 'phags mchog sdeH'bum 'bum khri khri myur 'dus nasaHrigs can byang chub sems pa'i tshogs:__'gro ba'i mun pa bcom nas kyang /__/phan thogs rgya chen myur 'grub nas:__sangs rgyas bstan pa dar bar shog:__ces pa'i smon tshig bsgrags byas nas:__phyag 'tshal nyer gcig lan bdun brjod:__lha mo la gus yang dag ldan pa'i sogs/__bgegs rnams med cing so sor 'joms 'gyur/__'dod don gsol btab smon lam ni/__rje btsun bcom ldan 'das ma thugs rje can/__/bdag dang mtha' yas sems can thams cad kyi/__/sgrib gnyis byang zhing tshogs gnyis myur rdzogs nas/__/rdzogs pa'i sangs rgyas thob par mdzad du gsol/__/de ma thob kyi tshe rabs kun tu yang /__/lha dang mi yi bde ba mchog thob nas/__/thams cad mkhyen pa sgrub par byed pa la/__/bar chad gdon bgegs rims dang nad la sogs/__/dus min 'chi bar gyur pa sna tshogs dang /__/rmi lam ngan dang mtshan ma ngan pa dang /__/'jigs pa brgyad sogs nye bar 'tshe ba rnams/__/myur du zhi zhing med par mdzad du gsol/__/'jig rten 'jig rten las ni 'das pa yi/__/bkra shis bde legs phun sum tshogs pa dang /__/'phel zhing rgyas pa'i don rnams ma lus pa/__/'bad med lhun gyis grub par mdzad du gsol/__/sgrub la rtson zhing dam chos 'phel ba dang /__/rtag tu khyed sgrub zhal mchog mthong ba dang /__/stong nyid don rtogs byang sems rin po che/__/yang ngo'i zla ltar 'phel zhing rgyas par mdzod/__/rgyal ba'i dkyil 'khor bzang zhing dga' ba der/__/pad+mo dam pa shin tu mdzes las skyes/__/snang ba mtha' yas rgyal bas mngon sum du/__/lung bstan pa yang bdag gis der thob shog__/bdag gis tshe rabs sngon nas bsgrub pa'i lha/__/dus gsum sangs rgyas kun gyi phrin las ma/__/dmar gsal zhal gcig phyag bzhi myur mdzad ma/__/yum mchog rig byed ma yi bkra shis shog__/rgyal yum sgrol ma khyed sku ci 'dra dang sogs nas/__'gyur bar shog__/ces gsol ba btab cing bsnyen dmigs ni/__bdag mdun bcom ldan 'phags ma yi:__thugs ka'i 'od dang 'od zer gyis:__phyogs bcu'i de bzhin gshegs pa la:__mchod pa 'bul zhing byin rlabs bsdus:__stobs dang nus pa rtsal 'bar nas:__rig byed lha mo bco lnga yi:__dus la bab so gnad du bskul:__lcags kyu zhags pa'i rnam pa ru:__'od zer dmar pos kun khyab nas:__'gro kun lha 'dre mi gsum ni:__yam yam shig shig dbang du bsdus:__dad gus smin grol lam bye nas:__rgyud la byang chub sems zhugs shing :__'phags ma sgrol mas rjes su 'dzin:__rdzogs ldan bskal pa'i dus ltar duHda lta nyid du 'grub gyur cig:__dbang byed lha mo'i rtsa ba'i sngags/__oM tA re tut+tA re tu re swA hAHrtsa sngags mthar sbyar las sngags ni:__sarba lo ka a kaR+Sha ya dzaHwa sham ku ru hrIM dzaHrn-i ang+ku sha ya hU~M dzaHgsang ba sbas pa'i sngags nyid ni:__oM ku ru kul+le hrIHswA hAHphyag 'tshal rab tu dga' ba brjid pa'i/__/dbu rgyan 'od kyi phreng ba spel ma/__/bzhad pa rab bzhad tut+tA ra yis/__/bdud dang 'jig rten dbang du mdzad ma/__/lan grangs brgya'am nyer gcig brjod:__kha skong mchod bstod spyi ltar bya:__ma skye ba med pa'i chos dbyings na/__yum rje btsun lha mo sgrol ma bzhugs/__/de sems can kun la bde ster ma/__/bdag 'jigs pa kun las bskyab tu gsol/__/rang chos sku yin par ma shes par/__/sems nyon mongs dbang du gyur pa yi/__/ma 'khor bar 'khyams pa'i sems can la/__/yum lha mo khyod kyis bskyab tu gsol/__/chos snying nas rgyud la ma skyes par/__/tha snyad tshig gi rjes 'brangs nas/__/grub mtha' ngan pas bslus pa la/__/yum yang dag gi lha mos bskyab tu gsol/__/rtogs par dka' ba rang gi sems/__/mthong nas goms par mi byed pa/__/bya ba ngan pas g.yengs ba la/__/yum dran pa'i lha mos bskyab tu gsol/__/sems rang byung gnyis med ye shes la/__/gnyis su 'dzin pa'i bag chags kyis/__/ji ltar byas kyang bcings pa rnams/__/thugs gnyis med kyi lha mos bskyab tu gsol/__/yang dag gi don la gnas byas kyang /__/rgyu 'bras kyi rten 'brel mi shes pas/__/shes bya'i don la rmongs pa la/__/yum kun mkhyen gyi lha mos bskyab tu gsol/__/spros bral nam mkha'i mtshan nyid can/__/thams cad de dang dbyer med kyis/__/da dung slob ma'i gang zag la/__/yum rdzogs sangs rgyas kyis bskyab tu gsol/__/ces 'jig rten mgon por 'phags ma sgrol mas zhal gzigs skabs gsungs pa'i gsol 'debs tshar bdun nam gsum las mi nyung bar bzla'o/__/bka' gter srung ma'i gtor mchod dang :__dga' ston tshogs 'khor gzhung bzhin 'bul:__'gugs byed dbang gi sbyin bsregs sogs:__sbyin btang dge bskul las bgyis pas:__rang don slad spongs gzhan don gyis:__sangs rgyas bstan 'dzin skyes bu yiHsku tshe rtag cing 'gro don phyir:__'du ba rnam bzhi'i dngos grub dbyig:__thogs med 'byung ba de lhag med:__gnad dang man ngag rno so sogs:__zur du shes par bya ba dgosaH'phags ma sgrol ma dmar mo 'di:__gsol zhing mchod pa'i gang zag la:__dgos 'dod nor bu 'phrad pa 'dra:__kha dge bkra shis chos srid dar:__'phags ba'i 'dus sde tshugs pa sogs:__the tshom med do sa ma ya:__a+thi+-i:__sangs rgyas bstan dang dge 'dun sde:__dkon mchog skyabs bsten rgyal khab sogs:__bde ba'i thabs la 'bad pa'i skabs:__'phags ma sgrol ma dmar mo yisaHnga la sgrub cing mchod pa'i rim:__maN+Dal phul na ci bsam 'grub:__tshe dpal stobs dang yon tan 'phelaHdbang gi las ni sor mo'i rtser:__zhal nas gsungs pas rdo rje'i lung :__bka' la ras chod ma yin te:__chog gzhung gzhan la gzhi brten te:__'phags ma sgrol ma'i sgrub gnas nas:__lha mo'i tshogs khang brag rtsa ru:__rig 'dzin 'od gsal rdo rje ngasaHshugs 'byung ngag gis smos rim bzhin:__las smon skal ldan pad+ma'i ming :__yi ger btab pa'i dge ba des:__chos kyi rgyal mtshan legs par 'dzug:__dge'o/__/dge'o/__/dge'o/__/sarba mang+ga laM/__b+ha wan+tu/__bkra shis dpal 'bar 'dzam gling khyab gyur cig__///__

Footnotes

Other Information