དཔལ་གདོད་མའི་མགོན་པོ་དགོས་འདོད་ནོར་བུའི་རྒྱུད་ལས། དབང་མཛད་ཨཱརྱ་ཏཱ་རེའི་སྒྲུབ་ཐབས་རླུང་གི་ཞགས་པ་ལ་གསལ་བྱེད་ཉུང་ངུ་བཅས་ཕྱོགས་གཅིག་ཏུ་སྡེབ་པ་གྲུབ་གཉིས་དཔལ་སྟེར།

From Khyentse Lineage - A Tsadra Foundation Project
JKCL-KABUM-06-CHA-013
Wylie title dpal gdod ma'i mgon po dgos 'dod nor bu'i rgyud las/ dbang mdzad Ar+ya tA re'i sgrub thabs rlung gi zhags pa la gsal byed nyung ngu bcas phyogs gcig tu sdeb pa grub gnyis dpal ster JKCL-KABUM-06-CHA-013.pdf
Location chos kyi blo gros bka' 'bum
Volume 6, Text 13, Pages 211-239 (Folios 1a1 to 15a3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འོད་གསལ་རྡོ་རྗེ་གླིང་པ་ ('od gsal rdo rje gling pa)
Citation 'jam dbyangs mkhyen brtse chos kyi blo gros. dpal gdod ma'i mgon po dgos 'dod nor bu'i rgyud las dbang mdzad Ar+ya tA re'i sgrub thabs rlung gi zhags pa la gsal byed nyung ngu bcas phyogs gcig tu sdeb pa grub gnyis dpal ster. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 6: 211-239. Bir, H.P.: Khyentse Labrang, 2012.
Genre Activity Manual - las byang  ·  Sadhanas - Evocation Ritual - sgrub thabs
Cycle དཔལ་གདོད་མའི་མགོན་པོ་དགོས་འདོད་ནོར་བུའི་རྒྱུད་ (dpal gdod ma'i mgon po dgos 'dod nor bu'i rgyud)
Deity sgrol ma
Colophon

སྤྲུལ་པའི་གཏེར་སྟོན་མངའ་བདག་རིག་འཛིན་འོད་གསལ་རྡོ་རྗེ་གླིང་པས་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་རྟ་ཡི་ལོར། མདོ་ཁམས་འདན་ཀྱུ་ར་བྲག་རྡོ་རྗེ་ཕག་མོའི་སྐུའི་དབྱིབས་ཀྱི་གཡས་ར་མ་བྲག་གི་རྒྱ་བསལ་ཏེ། རིམ་པ་བཅུ་བཞི་ཡོད་པའི་རིམ་པ་བཞི་པ་མཁའ་སྤྱོད་འཇའ་ལུས་ཕུག་ནས། མཐོང་གྲོལ་སྐུ་རྟེན་སོགས་དང་ལྷན་ཅིག་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས་གཏན་ལ་ཕབ་ཅིང་། སླར་ཡང་ཞུ་དག་དང་གསལ་བྱེད་ཆོག་སྒྲིགས་བགྱིས་དགོས་ནན་ཏན་དུ་ཕེབས་པས། བརྡ་འཁྲུགས་ཡོད་པ་རྣམས་གསལ་བ་སོགས་ཀྱི་ཞུ་དག་དང་། གཏེར་གཞུང་ལ་མཛེས་རྒྱན་གྱིས་མཚམས་སྦྱོར་ཅུང་ཟད་དང་བཅས་༧འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་སམ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེར་འབོད་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོའི་གཟིམ་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་འདིས་ཀྱང་ཟབ་གཏེར་གྱི་ཕྲིན་ལས་ཕྱོགས་མཐར་རྒྱས་པ་དང་བསྟན་འགྲོར་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །བཀྲ་ཤིས།།

sprul pa'i gter ston mnga' bdag rig 'dzin 'od gsal rdo rje gling pas rab byung bcu drug pa'i chu pho rta yi lor/__mdo khams 'dan kyu ra brag rdo rje phag mo'i sku'i dbyibs kyi g.yas ra ma brag gi rgya bsal te/__rim pa bcu bzhi yod pa'i rim pa bzhi pa mkha' spyod 'ja' lus phug nas/__mthong grol sku rten sogs dang lhan cig spyan drangs pa'i rin po che'i shog ser las gtan la phab cing /__slar yang zhu dag dang gsal byed chog sgrigs bgyis dgos nan tan du phebs pas/__brda 'khrugs yod pa rnams gsal ba sogs kyi zhu dag dang /__gter gzhung la mdzes rgyan gyis mtshams sbyor cung zad dang bcas 7'jam dbyangs mkhyen brtse'i sprul ming 'dzin pa chos kyi blo gros sam 'jam dbyangs blo gros rgya mtsho gtsug lag lung rigs nyi ma smra ba'i seng+ger 'bod pas rdzong gsar bkra shis lha rtse'i chos grwa chen po'i gzim khang bkra shis 'chi med grub pa'i dga' tshal du bris pa 'dis kyang zab gter gyi phrin las phyogs mthar rgyas pa dang bstan 'gror phan bde rgya chen po 'byung ba'i rgyur gyur cig__/bkra shis//

1 Texts in this Section (sde tshan or chos tshan)

[edit]
༄༅། །དཔལ་གདོད་མའི་མགོན་པོ་དགོས་འདོད་ནོར་བུའི་རྒྱུད་ལས། དབང་མཛད་ཨཱརྱ་ཏཱ་རེའི་སྒྲུབ་ཐབས་རླུང་གི་ཞགས་པ་ལ་གསལ་བྱེད་ཉུང་ངུ་བཅས་ཕྱོགས་གཅིག་ཏུ་སྡེབ་པ་གྲུབ་གཉིས་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། ། མ་ཧཱ་ཨཱརྱ་ཏཱ་རེ་ན་མོ༔ གང་ཞིག་གནས་དུས་ཕུན་སུམ་ཚོགས་པ་དང་༔ རྒྱུ་རྐྱེན་དབང་གི་གཏེར་སྒོ་འཕར་བའི་ཚེ༔ དངོས་གྲུབ་ཆར་རྒྱུན་ལྷོ་རྒྱལ་འཛམ་གླིང་བབས༔ འདི་ལྟར་སྒྲུབ་པའི་ལས་རིམ་བསྟན་ས་ནི༔ ཡངས་པའི་ཁང་བཟང་ནུབ་རིར་ཁ་བསྟན་པ༔ ནོར་བུ་སྤུངས་འདྲ་རྨ་བྱ་ལྡིང་འདྲའི་ཞོལ༔ རྩི་ཤིང་ནགས་ཚལ་ཕུན་སུམ་ཚོགས་པའི་དབུས༔ སྐྱོན་སྤངས་ཉེར་མཁོའི་ཡོ་བྱད་འཛོམས་བྱས་ནས༔ དཀྱིལ་འཁོར་དབུས་སུ་འབྲུ་ཡི་ཚོམ་བུ་བཀོད༔ མཉྫིའི་ཁ་རུ་ཐོད་པ་ཚད་ལྡན་ནང་༔ དབང་གི་གསང་རྫས་ཡིད་བཞིན་ནོར་བུ་བླུགས༔ དེ་བཞིན་ཟངས་ལས་བྱས་པའི་མེ་ལོང་ངོས༔ སིནྡྷཱུ་ར་ཡི་ཆག་ཆག་ཡང་ཡང་བཏབ༔ ཡི་གེ་འབྲུ་བཅུ་གསལ་དག་བཀོད་པས་བཀབ༔ ཐུགས་ཀྱི་རྟེན་དུ་དར་དམར་གདུགས་ཕུབ་ཅིང་༔ གཡས་སུ་རྣམ་བུམ་གཡོན་དུ་ལས་བུམ་དང་༔ མཐའ་བསྐོར་མཆོད་པའི་ཡོ་བྱད་དག་གཙང་བཀོད༔ སིནྡྷཱུ་ར་ཡི་ཕུད་དང་འབྲུ་དམར་དང་༔ མཆོད་གཏོར་སྒྲུབ་གཏོར་རྟེན་གཏོར་སྨན་རཀ་བཅས༔ འཕན་གདུགས་རྒྱལ་མཚན་རོལ་མོའི་བྱེ་བྲག་རྣམས༔ དཀར་གསུམ་མངར་གསུམ་ཤ་ལྔ་བདུད་རྩིར་བཅས༔ མཁོ་བའི་ཡོ་བྱད་མ་ཚང་མེད་པ་བཀོད༔ ཅེས་འབྱུང་བ་བཞིན་སྟེགས་བུའི་ཁར་མཎྜལ་ལ་འབྲུ་ཚོམ་དམར་པོ་བཀོད་པའི་མཉྫིའི་སྟེང་ཐོད་པ་མཚན་ལྡན་ནང་དབང་གི་གསང་རྫས་རིལ་བུ་ཡོད་ན་དང་མེད་ན་བདུད་རྩི་བླུག་ལ་མེ་ལོང་ལ་སིནྡྷཱུ་ར་བྱུགས་ནས་དབུས་སུ་ཏཱྃ་དང་། མཐའ་བསྐོར་སྒྲོལ་མའི་ཡིག་བཅུ་བཀོད་པའི་སྟེང་རས་བཀབ། སྨན་རག་གཏོར་གསུམ་ཕྱི་མཆོད་རྣམས་བཤམས། དབང་དང་འབྲེལ་ན་རྣམ་བུམ་གཡས་ལས་བུམ་གཡོན་དུ་བཞག །ཤེལ་རྡོ། མེ་ལོང་དྭངས་པ། ལྷ་མོའི་སྐུ་ཙག །པདྨ་དམར་པོ་མེ་ཏོག་དམར་པོའི་མདའ་གཞུའི་ཙཀླི། དབང་གཏོར་རྣམས་བཤམས། གཏོར་མ་དཀར་དམར། གསེར་སྐྱེམས། གཏོར་འབུལ། ཚོགས་ཆད་བརྟན་རྣམས་དང་། སློབ་དཔོན་གྱི་མདུན་དུ་ནང་མཆོད་རྡོ་དྲིལ་ཌཱ་མ་རུ་འབྲུ་ཕོར་བཤམས་པར་བྱའོ། །བདེ་བའི་སྟན་ལ་དྲང་སྲོང་ཆོས་བདུན་བཅས༔ གནད་གསུམ་ལྡན་པས་འབུད་པ་དགུ་ཕྲུག་གིས༔ མོས་གུས་གནད་བསྐུལ་སྐྱབས་ཡུལ་ལྷ་ཡི་ཚོགས༔ སྤྱན་དྲངས་མངོན་སུམ་གསལ་བ་འདི་ལྟར་རོ༔ རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་བླ་མ་དབང་མཛད་འཕགས་མ་སྒྲོལ་མའི་ལྷ་ཚོགས་མདུན་གྱི་ནམ་མཁར་མངོན་སུམ་བཞིན་དུ་བཞུགས་པར་གྱུར། ན་མོ། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་པད་འབྱུང་མཁའ་འགྲོ་མཚོ་རྒྱལ་མ༔ ཨཱརྱ་ཏཱ་རེ་དཀོན་མཆོག་ཀུན་འདུས་ལ༔ སྐྱབས་སུ་མཆིའོ་རྗེ་བཙུན་འཕགས་མའི་ཚོགས༔ ཁྱེད་སྒྲུབ་ཁྱེད་བསྟེན་འགྲོ་ཀུན་སེམས་ཅན་རྣམས༔ སྨིན་ཅིང་གྲོལ་བའི་བྱང་ཆུབ་མ་ཐོབ་བར༔ སྲོག་གི་ཕྱིར་ཡང་མི་གཏོང་དམ་བཅའ་བོ༔ སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་དོཿལན་གསུམ། ཡན་ལག་བདུན་པ་ནི༔ ཧཱུྃ་ཧྲཱིཿཡུལ་སྣང་རྣམ་དག་སྒྲོན་དྲུག་བཀྲ་བའི་ཀློང་༔ རྗེ་བཙུན་འཕགས་མ་ཨཱརྱ་ཏཱ་རེ་ལ༔ ཕྱོགས་བཅུའི་སངས་རྒྱས་རྩ་གསུམ་རབ་འབྱམས་ཚོགས༔ ཞིང་གི་རྡུལ་སྙེད་ལྟ་བུར་བཞུགས་པ་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་སྡིག་སྒྲིབ་བཤགས༔ བློ་ཡི་བླངས་ནས་མཆོད་པའི་བྱེ་བྲག་རྣམས༔ དཀོན་མཆོག་འཕགས་མའི་ཚོགས་ལ་འབུལ་ཞིང་བཞེས༔ ཚོགས་གཉིས་རྫོགས་ཤིང་ཆོས་ཀྱི་འཁོར་ལོ་བསྐོར༔ ཡི་རང་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་ཅི་བསགས་འགྲོ་ཀུན་སྒྲོལ་ཕྱིར་བསྔོ༔ ཞེས་གསུམ་དང་། དཀར་གཏོར་གསེར་སྐྱེམས་ལ༔ རྃ་ཡྃ་ཁྃ༔ སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་གྱུར༔ ཨོཾ་ཨཱཿ ཧཱུྃ༔ ལན་གསུམ་བྱིན་གྱིས་བརླབས། གང་དག་འདིར་གནས་ལྷ་དང་ཀླུ༔ གནོད་སྦྱིན་སྲིན་པོའམ་གཞན་དག་ལ༔ དཀྱིལ་འཁོར་དོན་དུ་གཏོར་མ་བསྔོ༔ འབུལ་གྱིས་ཡང་དག་བཞེས་སུ་གསོལ༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ སོགས་ཀྱིས་གཏོར་མ་གསེར་སྐྱེམས་འབུལ༔ བགེགས་གཏོར་བསང་ཆུས་བྲན་ལ༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿསརྦ་བིགྷྣཱན་ཨཱ་ཀཪྵ་ཡ་ཛཿཨོཾ་སརྦ་བིགྷྣཱན་བ་ལིངྟ་ཁཱ་ཧི༔ ལན་གསུམ་གྱིས་བསྔོ། ཧཱུྃ་ཧྲཱིཿགཉིས་སྣང་འཁྲུལ་པའི་གདོན་བགེགས་འབྱུང་པོའི་ཚོགས༔ རེ་དོགས་གཉིས་འཛིན་གླུད་ཀྱི་གཏོར་མ་ཁྱེར༔ ཤར་གྲོལ་དུས་མཉམ་འཁོར་འདས་ཕ་མཐར་དེངས༔ གུ་གུལ་ཡུངས་ཐུན་དང་ཧཱུྃ་བཞིའི་སྔགས་ཀྱིས་བགེགས་བསྐྲད་ལ༔ ཧཱུྃ་ཧྲཱིཿམཐའ་བཞི་སྤྲོས་བྲལ་འོད་གསལ་བདེ་བ་ཆེར༔ ལྷ་ཡང་མེད་ལ་འདྲེ་ཡང་གཉིས་མེད་པའི༔ ཡེ་གྲུབ་ལྷན་སྐྱེས་གཉུག་མའི་མཚོན་ཆེན་པོ༔ སྐུ་གསུང་ཐུགས་དང་རིགས་ལྔའི་ཕྱག་མཚན་གྱི༔ མི་འདའ་ཡེ་ཤེས་རྡོ་རྗེ་སྲུང་འཁོར་གསལ༔ ཕྲ་མན་རབ་འཇིགས་ཁྲོ་མོའི་མཚོན་ཆ་སྒྱུར༔ བར་མཚམས་མེད་པ་སྟེང་འོག་ཀུན་ཏུ་གཏམས༔ ཡེ་ཤེས་མེ་དང་འོད་ལྔའི་ཚྭ་ཚྭ་འཕྲོ༔ བར་ཆད་བགེགས་དཔུང་མི་མཐུན་གླགས་ལྟའི་རིགས༔ འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་པའི༔ ཕྱི་ནང་གསང་བའི་ཐར་ལམ་བར་ཆད་དགྲ༔ ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་མཚམས་ཆོད་ཅིག༔ ཨོཾ་ཨཱརྱ་ཏཱ་རེ་ཧཱུྃ་ཧཱུྃ་ཧཱུྃ་བཛྲ་རཀྵ་རཀྵ་བྷྲཱུྃ༔ བྱིན་དབབ་པ་ནི་སྤོས་རོལ་གཡབ་དར་བཅས༔ རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་བླ་མ་རྗེ་བཙུན་འཕགས་མའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པར་གྱུར༔ ཨོཾ་ཧཱུྃ་ཨ་ལ་ཧོཿབྷ་ག་ཝཱན༔ ས་མ་ཡ་ཧོཿས་མ་ཡ་སྟྭཾ༔ ཧཱུྃ་ཧྲཱིཿའོག་མིན་ཞིང་དང་གཡུ་ལོ་བཀོད་པའི་གནས༔ བཞུགས་པའི་བླ་མ་ཡི་དམ་མཁའ་འགྲོ་མ༔ ཐུགས་དམ་གནད་བསྐུལ་མི་མངོན་དབྱིངས་ནས་བཞེངས༔ དབང་བསྐུར་བྱིན་རློབས་མཆོག་གི་བྱིན་ཆེན་ཕོབས༔ གནས་ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོ་དང་༔ ས་སྤྱོད་མཁའ་སྤྱོད་བཞུགས་པའི་མཁའ་འགྲོ་མ༔ དབང་གི་ལྷ་མོ་ཨཱརྱ་ཏཱ་རེ་ཡི༔ སྐུ་ཡི་ཕྱག་རྒྱའི་གར་སྟབས་ཁྱུགས་སེ་ཁྱུག༔ གསུང་གི་བརྡ་གླུ་གསང་སྔགས་འུ་རུ་རུ༔ ཐུགས་ནི་ཀ་དག་འོད་གསལ་ལམ་སེ་ལམ༔ ཁྱོད་ཞལ་བརྩེ་བའི་ཕྱག་གིས་ད་བཟུང་ཞིང་༔ ལུས་ལ་སྐུ་ཡི་གཟི་བརྗིད་བྱིན་ཕོབས་ཤིག༔ ངག་ལ་གྲགས་སྟོང་སྔགས་ཀྱི་བྱིན་ཕོབ་ཅིག༔ སེམས་ལ་ཆོས་སྐུ་རྟོགས་པར་བྱིན་ཕོབས་ཤིག༔ རིག་གདངས་སྣང་བཞིའི་སྒྲིབ་དག་བྱིན་ཕོབས་ཤིག༔ ཟག་པ་རང་ཟད་འཇའ་ལུས་བྱིན་ཕོབས་ཤིག༔ རླུང་སེམས་དབང་བསྡུས་རྩ་རླུང་ཐིག་ལེ་གསུམ༔ རྟེན་འབྲེལ་འགྲིགས་ནས་མཆོག་ཐུན་སྒོ་འཕར་དབྱེ༔ མཐོང་ཐོས་དྲན་རེག་ཁམས་གསུམ་དབང་དུ་བསྡུས༔ བྱིན་ཆེན་ཕོབས་ཤིག་འཕགས་མ་སྒྲོལ་མའི་ཚོགས༔ ཨཱརྱ་ཏཱ་རེ་ས་མ་ཡ་ཕཻཾ་ཕཻཾ་ཛ༔ ཞེས་སྤྱན་དྲངས། ཧཱུྃ་ཧཱུྃ་ཧཱུྃ། གསུམ་གྱིས་བྱིན་བསྡུས། ཛཿཧཱུྃ་བྃ་ཧོཿབདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་སྐུ་གསུང་ཐུགས་མི་ཟད་རྒྱན་གྱི་འཁོར་ལོར་བྱིན་གྱིས་བརླབས་པར་བསམ། མཆོད་རྫས་བྱིན་གྱིས་རླབས་པ་ནི། ཧཱུྃ་ཧྲཱིཿཕྱི་ནང་ཆོས་ཀུན་ནམ་མཁའི་དབྱིངས༔ རིན་པོ་ཆེ་ཡི་སྣོད་ཡངས་པར༔ མཆོད་རྫས་དྭངས་ཤིང་ཐོགས་པ་མེད༔ རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར༔ བདེ་སྟོང་ཞུ་བདེའི་འོད་ལྔའི་རྒྱུན༔ བབས་པས་སྨན་གཏོར་རྫས་ལ་ཐིམ༔ རོ་བརྒྱ་ནུས་པ་སྟོང་ལྡན་པ༔ ར་ལས་རཀྟའི་རྒྱ་མཚོར་འཁྱིལ༔ མཆོད་པའི་རྫས་སུ་བྱིན་རླབས་པ༔ ནམ་མཁའ་མཛོད་ཀྱི་འཕྲུལ་ལྟ་བུས༔ འཕགས་མཆོག་ཨཱརྱ་ཏཱ་རེ་མ༔ གཉིས་མེད་ཐུགས་དམ་བསྐང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་ཨཱཿ ཧཱུྃ༔ མ་ཧཱ་བ་ལིདྟ་རཀྟ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ སྨན་གཏོར་རཀྟའི་སྔགས་ལན་གསུམ། སརྦ་ས་མ་ཡ་ཧཱུྃ་ཛ༔ མ་ཧཱ་པཱུ་ཛ་ཧོཿཞེས་པའི་མཆོད་སྤྲིན་རབ་འབྱམས་མཁའ་ཁྱབ་ཏུ་འཕྲོས་པས་ནམ་མཁའི་ཁམས་གང་བར་བསམ། དངོས་གཞི་ལ༔ ཧཱུྃ་ཧྲཱིཿཕྱི་ནང་སྣོད་བཅུད་དངོས་པོ་སྟོང་པ་ཉིད༔ ཆོས་སྐུ་དེ་བཞིན་ཉིད་དབྱིངས་འོད་གསལ་ངང་༔ སྙིང་རྗེ་རབ་འབར་ཀུན་སྣང་སྒྱུ་མའི་འཕྲུལཿསྤྲུལ་སྐུ་རྒྱུ་ཡི་འོད་དང་འོད་རང་བཞིན༔ ཏཱྃ་ཡིག་དམར་པོ་འཕྲོ་འདུས་ཐིག་པ་བབས༔ རྩལ་སྣང་མ་འགགས་རྐྱེན་གྱིས་མ་གཡོས་བཞིན༔ ཐབས་དང་ཤེས་རབ་ཡི་གེ་འཕྲོ་འདུ་ཡི༔ ཨེ་ཡིག་དབྱིངས་ཕྱུག་བཙུན་མོའི་མཁའ་དབྱིངས་སུ༔ ས་ཆུ་སྤྱན་མ་དང་ནི་མཱ་མ་ཀཱི༔ མེ་ལོང་གོས་དཀར་དམ་ཚིག་སྒྲོལ་མ་སྟེ༔ ཡུམ་ལྔའི་རླུང་དུ་པདྨ་འབུམ་ལྡན་དབུས༔ ཟླ་ཉིའི་གདན་སྟེང་འོད་ལྔ་འཁྲུགས་པའི་ཀློང་༔ ཏཱྃ་ཡིག་དམར་པོའི་འོད་ཟེར་འཕྲོ་འདུ་ཡི༔ རང་རིག་བཅོམ་ལྡན་འཕགས་མ་སྒྲོལ་མའི་སྐུ༔ སྐུ་མདོག་དམར་གསལ་པདྨ་རཱ་གའི་ལྷུན༔ ཞི་ཆགས་ཁྲོ་འཛུམ་མཚན་དཔེ་འབར་བའི་སྐུ༔ བདེ་སྟོང་ནུ་འབུར་བྷ་ག་ཤིན་ཏུ་རྒྱས༔ བཅུ་དྲུག་རྩལ་རྫོགས་ལྷ་ཡི་མཛའ་ན་མོ༔ ཕྱག་གཡས་ལྕགས་ཀྱུ་གཡོན་པས་ཨུཏྤལ་འཛིན༔ འོག་གི་ཕྱག་གཉིས་པདྨའི་མདའ་གཞུ་འགེངས༔ སྲིད་པ་གསུམ་གྱི་སྙིང་ལ་འབིགས་བྱེད་པ༔ དབུ་སྐྲ་གནག་སྣུམ་མཐོན་མཐིང་ཟར་བུ་འཕྲོ༔ འཛམ་བུ་ཆུ་གསེར་ནོར་བུ་དབང་གི་རྒྱལ༔ རིན་ཆེན་སྣ་ཚོགས་ཕྲ་ཚོམ་ལེགས་པར་སྤྲས༔ དབུ་རྒྱན་སྙན་རྒྱན་ཕྱག་ཞབས་འོག་དཔག་སོགས༔ ངོ་མཚར་རི་མོ་མཁན་གྱིས་བཀོད་ལེགས་ལྟར༔ ལྷ་ཡི་ཨུཏྤལ་དམར་པོའི་དོ་ཤལ་འཆང་༔ སྟོད་གཡོགས་སྨད་དཀྲིས་འཇའ་ཚོན་ཤར་བ་བཞིན༔ གཡས་བརྐྱངས་གཡོན་བསྐུམ་ལྷ་ཆེན་ཕོ་མོ་མནན༔ དངོས་གྲུབ་ཆར་འབེབས་ནོར་བདག་ཀྲོང་དུ་བཞུགས༔ རིགས་ཀྱི་བདག་པོ་སངས་རྒྱས་འོད་དཔག་མེད༔ བྱང་ཆུབ་སེམས་དཔའ་སེམས་མ་རྩ་གསུམ་ཚོགས༔ འོད་ཀྱི་ལུས་ལ་ཤེས་རབ་ཕ་རོལ་ཕྱིན༔ ཕྱི་ནང་གསང་གསུམ་བརྡ་དང་རྟགས་ཀྱི་གར༔ གནས་ཡུལ་ཉེར་བཞི་དུར་ཁྲོད་བརྒྱད་ལ་སོགས༔ བཀོད་པ་ཡོངས་རྫོགས་ཞིང་ཁམས་རབ་འབྱམས་བཞུགས༔ བྱེ་བ་དུང་ཕྱུར་ལྷ་མོ་བཅོ་ལྔའི་ཚོགས༔ སྣང་ལ་རང་བཞིན་མེད་པ་ཆུ་ཟླའི་གར༔ བདག་མདུན་དབྱེར་མེད་ཁྲོམ་ཚོགས་བཞིན་དུ་གསལ༔ གནས་གསུམ་འབྲུ་གསུམ་ཏཱྃ་ཡིག་དམར་པོ་ལས༔ འོད་འཕྲོས་མཆོད་འབུལ་བྱིན་རླབས་ནུས་མཐུ་ཀུན༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་འདིར་གཤེགས་ལ༔ ཐུགས་དམ་གནད་བསྐུལ་བསྐྱེད་པའི་ལྷ་ཚོགས་རྣམས༔ སྤྱན་དྲངས་ཡེ་ཤེས་པ་དང་དབྱེར་མེད་པ༔ རིགས་ལྔས་དབུ་བརྒྱན་རིགས་བདག་འོད་དཔག་མེད༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨོཾ་ཨཱཿ ཧཱུྃ་ཧྲཱིཿཧཱུྃ་ཏྲཱཾ་ཨོཾ་ཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ཙནྡན་དམར་པོ་སྤོས་མཆོག་དང་༔ མྱུར་བའི་རྫས་དང་འབེབས་པའི་རྫས༔ འགུགས་པའི་རྫས་དང་སྤོག་གི་རྫས༔ མེ་ལ་བསྲེག་ཤིང་དུད་ལ་གཏོང་༔ རོལ་མོ་དཀྲོལ་ཞིང་དར་དམར་གཡབ༔ རང་གི་སྙིང་ཁ་ནས་བདེ་བ་ཆེན་པོའི་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་པས་དབང་མཛད་སྒྲོལ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཛྲ་ས་མཱ་ཛཿརྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་༔ སྙན་པའི་དབྱངས་དང་བཅས༔ ཧཱུྃ་ཧྲཱིཿཡུལ་གྱི་མིང་ནི་ནུབ་ཀྱི་ཕྱོགས༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ རྡོ་རྗེ་འཆང་ཆེན་འོད་དཔག་མེད༔ ཕྱོགས་བཅུའི་སངས་རྒྱས་འཁོར་དང་བཅས༔ གར་གྱི་དབང་ཕྱུག་པདྨ་འབྱུང་༔ ཨཱརྱ་ཏཱ་རེ་འཕགས་མའི་ཚོགས༔ དཔའ་བོ་དང་ནི་དཔའ་མོའི་ཚོགས༔ གཙོ་དང་འཁོར་གཡོག་མ་ལུས་པ༔ ཆར་སྤྲིན་རླུང་གི་བསྐྱོད་བཞིན་དུ༔ མོས་གདུང་འབོད་པའི་སྙན་གྱི་གསོན༔ རྔ་སྒྲ་དུང་སྒྲ་འུ་རུ་རུ༔ ཅང་ཏེའུ་དྲིལ་བུའི་སྒྲ་དང་བཅས༔ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོ༔ འོད་དང་འོད་ཟེར་ལམས་སེ་ལམ༔ བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས༔ བདེ་ཆེན་མཁའ་སྤྱོད་པོ་ཏ་ལ༔ གཡུ་ལོ་བཀོད་པའི་ཞིང་མཆོག་ནས༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ཚོགས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བྃ་ཧོཿབཞུགས་གསོལ་ཕྱག་འཚལ་ནི༔ ཧཱུྃ་ཧྲཱིཿགདོད་ནས་དམ་ཚིག་ཡེ་ཤེས་གཅིག༔ མོས་གདུང་བློ་ཡི་པདྨོ་དུ༔ བསྐྱེད་པའི་རྟེན་དང་ཡེ་ཤེས་པ༔ འདུ་འབྲལ་མེད་པར་བཞུགས་སུ་གསོལ༔ རིག་པའི་ཡེ་ཤེས་བརྡ་སྒོ་དབྱེ༔ ཆོས་ཉིད་ཟད་སར་མཇལ་ཕྱག་འཚལ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿམཆོད་པ་ནི། རང་གི་སྙིང་ཁ་ནས་ཕྱི་ནང་གསང་བའི་ལྷ་མོ་ནམ་མཁའ་གང་བར་སྤྲོས་པས་མཆོད་པར་གྱུར༔ སྒྲུབ་མཆོད་སོགས་སྐབས་རྒྱས་པར་སྤྲོ་ནཿཧཱུྃ་ཧྲཱིཿསྟོང་གསུམ་ཞིང་ཁམས་རབ་འབྱམས་ཀྱི༔ མཆོད་ཡོན་ཇི་སྙེད་ཡོད་པ་ཡིས༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ཚོགས༔ མཉེས་ཤིང་ཐུགས་དམ་བསྐང་གྱུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ༔ ཧཱུྃ་ཧྲཱིཿསྟོང་གསུམ་ཞིང་ཁམས༴ཞབས་བསིལ་ཇི་སྙེད༴རྗེ་བཙུན་འཕགས་མ་སྒྲོལ་མའི༴མཉེས་ཤིང་ཐུགས་དམ་བསྐང་༴མཆོག་དང་ཐུན་མོང་༴ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་པཱདྱཾ༴ཧཱུྃ་ཧྲཱིཿསྟོང་གསུམ༴མེ་ཏོག༴རྗེ་བཙུན་འཕགས་མ༴མཉེས་ཤིང་༴མཆོག་དང་༴ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་པུཥྤེ༴ཧཱུྃ་ཧྲཱིཿསྟོང་གསུམ༴བདུག་སྤོས༴རྗེ་བཙུན་འཕགས་མ༴མཉེས་ཤིང་༴མཆོག་དང་༴ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་དྷུ་པེ་ཧཱུྃ་ཧྲཱིཿསྟོང་གསུམ༴སྣང་གསལ༴རྗེ་བཙུན༴མཉེས་ཤིང་༴མཆོག་དང་༴ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ༴ཧཱུྃ་ཧྲཱི༔ ། སྟོང་གསུམ༴དྲི་ཆབ༴རྗེ་བཙུན༴མཉེས་ཤིང་༴མཆོག་དང་༴ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་གནྡྷེ༴ཧཱུྃ་ཧྲཱིཿསྟོང་གསུམ༴ཞལ་ཟས༴རྗེ་བཙུན༴མཉེས་ཤིང་༴མཆོག་དང་༴ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ནཻ་ཝིདྱ༴ཧཱུྃ་ཧྲཱིཿསྟོང་གསུམ༴རོལ་མོ༴རྗེ་བཙུན༴མཉེས་ཤིང་༴མཆོག་དང་༴ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཤབྡ༴ཞེས་དང་ནང་མཆོད་ནི༔ ཧཱུྃ་ཧྲཱིཿསྟོང་གསུམ་ཞིང་ཁམས་རབ་འབྱམས་ན༔ རྡོ་རྗེ་གཟུགས་ཀྱི་འདོད་ཡོན་གྱིས༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ཚོགས༔ མཉེས་ཤིང་ཐུགས་དམ་བསྐང་གྱུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་རཱུ་པ་པྲ་ཏཱིཙྪ་སྭཱ་ཧཱ༔ ཧཱུྃ་ཧྲཱིཿསྟོང་གསུམ༴རྡོ་རྗེ་སྒྲ་ཡི༴རྗེ་བཙུན༴མཉེས་ཤིང་༴མཆོག་དང་༴ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ཤབྡ༴ཧཱུྃ་ཧྲཱིཿསྟོང་གསུམ་རྡོ་རྗེ་དྲི་ཡི༴རྗེ་བཙུན༴མཉེས་ཤིང་༴མཆོག་དང་༴ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་གནྡྷེ༴ཧཱུྃ་ཧྲཱིཿསྟོང་གསུམ༴རྡོ་རྗེ་རོ་ཡི༴རྗེ་བཙུན༴མཉེས་ཤིང་༴མཆོག་དང་༴ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་རཱ་ས༴ཧཱུྃ་ཧྲཱིཿསྟོང་གསུམ་ཞིང་ཁམས་རབ་འབྱམས་ན༔ རྡོ་རྗེ་རེག་བྱའི་འདོད་ཡོན་གྱིསཿརྗེ་བཙུན་འཕགས་མ་སྒྲོལ་མའི་ཚོགསཿམཉེས་ཤིང་ཐུགས་དམ་བསྐང་གྱུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་སྤཪྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་པས་མཆོད། སྨན་མཆོད་ནི། ཧཱུྃ་ཧྲཱིཿརང་བྱུང་བྷནྡྷའི་སྣོད་ཡངས་སུ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ བདུད་རྩི་སྨན་གྱི་མཆོད་པ་འདི༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ཚོགས༔ མཉེས་ཤིང་ཐུགས་དམ་བསྐང་གྱུར་ཅིག༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿབརྒྱུད་མཆོད་སྤྲོ་ན༔ ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་པད་འབྱུང་དབྱིངས་ཕྱུག་མཚོ་རྒྱལ་དང་༔ ཆོས་རྒྱལ་ཡབ་སྲས་རིག་འཛིན་ཚོགས་རྣམས་ལ༔ སྨན་མཆོད་འབུལ་ལོ་བྱིན་དབང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ རྗེ་བཙུན་འཕགས་མ་དབང་མཛད་སྒྲོལ་མ་དང་༔ རྣམ་འཕྲུལ་ཉེར་གཅིག་ལྷ་མོ་བཅོ་ལྔ་སོགས༔ དཀྱིལ་འཁོར་རབ་འབྱམས་སྲུང་མར་བཅས་པ་ལ༔ སྨན་མཆོད་འབུལ་ལོ་བྱིན་དབང་དངོས་གྲུབ་སྩོལ༔ སརྦ་པཉྩ་ཨ་མྲྀ་ཏ་ཁ་ཧི༔ མཐེབ་སྲིན་གྱིས་བདུད་རྩི་བླང་སྟེ་གནས་གསུམ་དུ་བཀོད་ལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ ལྕེར་བཞག་སྟེ། ཨ་ཧོ་མ་ཧཱ་སུ་ཁཱ་ཧོཿརཀྟ་འབུལ་བ་ནི༔ ཧཱུྃ༔ ལྕང་ལོ་བཅས་པའི་བྷནྫ་རུ༔ ཁམས་གསུམ་གདུག་པ་བསྒྲལ་བ་ཡི༔ དམར་ཆེན་རཀྟའི་མཆོད་པ་འདིས༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ཚོགས༔ མཉེས་ཤིང་ཐུགས་དམ་བསྐང་གྱུར་ཅིག༔ མ་ཧཱ་རཀྟ་ཁཱ་ཧི༔ གཏོར་མཆོད་ནི༔ ཧཱུྃ༔ སྟོང་གསུམ་འཇིག་རྟེན་སྣོད་ཡངས་པར༔ བཅུད་ཀྱི་སེམས་ཅན་གཏོར་མར་སྦྱར༔ འདོད་ཡོན་ལྷ་མོའི་སྤྲིན་འཕྲོ་བས༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ཚོགས༔ མཉེས་ཤིང་ཐུགས་དམ་བསྐང་གྱུར་ཅིག༔ ཨོཾ་མ་ཧཱ་བ་ལིངྟ་ཁཱ་ཧི༔ གསང་མཆོད་ནི༔ ཧཱུྃ༔ པདྨ་ཧེ་རུ་ཀ་ཡི་ཚོགས༔ རྗེས་སུ་ཆགས་པའི་རོལ་རྩེད་ཀྱིས༔ མཉམ་སྦྱོར་ཤུ་ཀྲ་བདེ་བའི་མཆོག༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ཚོགས༔ མཉེས་ཤིང་ཐུགས་དམ་བསྐང་བར་མཛོད༔ ཨོཾ་མ་ཧཱ་སུ་ཁ་ཤུ་ཀྲ་པཱུ་ཛ་ཧོཿདེ་ཁོ་ན་ཉིད་ཀྱི་མཆོད་པ་ནི༔ ཧཱུྃ༔ ཆོས་ཀུན་མ་སྐྱེས་མི་འགགས་ཤིང་༔ གསལ་སྟོང་ཀ་དག་དོན་གྱིས་མཆོད༔ མཆོད་པ་ཆེན་པོ་བླ་ན་མེད༔ འདི་ནི་རྟག་ཏུ་བདེ་ཆེན་ཉིད༔ ཨོཾ་དྷརྨ་དྷཱ་ཏུ་ཨ་ལ་ལ་ཧོཿཞེས་མཆོད་ཚིག་རྒྱས་པར་སྤྲོས་ཤིང་༔ བསྡུ་ན་གཏེར་གཞུང་དངོས་བསྟན་ནི༔ ཧཱུྃ༔ སྟོང་གསུམ་ཞིང་ཁམས་རབ་འབྱམས་ཀྱིས༔ མཆོད་ཡོན་ཞབས་བསིལ་མེ་ཏོག་དང་༔ ། བདུག་སྤོས་སྣང་གསལ་དྲི་ཞལ་ཟས༔ རོལ་མོ་སྣ་ཚོགས་འདོད་ཡོན་རྣམས༔ སྨན་དང་རཀྟ་གཏོར་མར་བཅས༔ མཉམ་སྦྱོར་ཤུ་ཀྲ་བདེ་བའི་མཆོག༔ གསལ་སྟོང་ཀ་དག་དོན་གྱིས་མཆོད༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ཚོགས༔ མཉེས་ཤིང་ཐུགས་དམ་བསྐང་གྱུར་ཅིག༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ༔ རཱུ་པྲ་ཤབྡ་གནྡྷེ་རཱ་ས་སྤཪྴེ་ཨཱཿ ཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིངྟ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་སུ་ཁ་ཤུ་ཀྲ་དྷརྨ་དྷཱ་ཏུ་ཨ༔ བསྟོད་པ་ནི༔ ཧཱུྃ་ཧྲཱིཿཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཡི༔ རྒྱལ་བའི་ཡུམ་གཅིག་འཇིག་རྟེན་གསུམ་གྱི་གཙོ༔ ཞིང་ཁམས་རབ་འབྱམས་བྱེ་བ་ཕྲག་བརྒྱར་བཞུགས༔ ཀུན་བཟང་འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ ངོ་བོ་ཉིད་ལས་མ་གཡོས་ཇི་བཞིན་དུ༔ པདྨ་རཱ་གའི་ལྷུན་པོར་ཉི་ཤར་ལྟར༔ ཆགས་བྲལ་ཐབས་ཤེས་པདྨ་ཉི་ཟླའི་སྟེང་༔ ཞལ་གཅིག་ཕྱག་བཞི་ཞི་ཆགས་འཇོ་སྒེག་གཡོ༔ ༔ མཐོང་བས་ཡིད་འཕྲོག་མ་ལ་ཕྱག་འཚལ་བསྟོད༔ བཅུ་དྲུག་ལང་ཚོ་རྒྱས་ཤིང་མཚན་དཔེས་བརྒྱན༔ ཞལ་བཟང་སྨིན་ལེགས་སྤྱན་བཟང་པདྨ་རྒྱས༔ དབུ་སྐྲ་མཐོན་མཐིང་སྣུམ་ལ་ཟར་བུ་འཕྲོ༔ ཤེས་རབ་ཕར་ཕྱིན་མ་ལ་ཕྱག་འཚལ་བསྟོད༔ ནུ་རྒྱས་སྐེད་ཕྲ་རྡོ་རྗེའི་ལུས་དབྱིབས་ཅན༔ དར་དང་རིན་ཆེན་པདྨའི་རྒྱན་ཆ་གསོལ༔ ཨུཏྤལ་དམར་པོའི་དོ་ཤལ་སྐུ་ལ་སྤྲས༔ པདྨ་མཁའ་འགྲོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ས་གཞི་བར་སྣང་པདྨའི་ཆར་རྒྱུན་འབེབས༔ གཡས་བརྐྱངས་གཡོན་བསྐུམ་ལྷ་ཆེན་ཕོ་མོ་མནན༔ འཇིག་རྟེན་གསུམ་གྱི་ཆེ་དགུ་དབང་དུ་བསྡུས༔ གནོད་སྦྱིན་ནོར་བདག་མོ་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་ལྕགས་ཀྱུས་དམིགས་བྱ་མ་ལུས་འགུགས༔ གཡོན་པས་མཐེབ་སྲིན་ཨུཏྤལ་དམར་པོ་བསྣམས༔ འོག་མའི་ཕྱག་གིས་པདྨའི་མདའ་གཞུ་འགེངས༔ སྲིད་གསུམ་དབང་མཛད་མ་ལ་ཕྱག་འཚལ་བསྟོད༔ ཕར་ཕྱིན་དྲུག་རྫོགས་སྦྱིན་པའི་མཐར་ཕྱིན་མ༔ སྐྱེ་འགྲོའི་དབུལ་ཕོངས་སྡུག་བསྔལ་སྐྱབས་མཛད་པ༔ དཔག་བསམ་ཤིང་དང་ཡིད་བཞིན་ནོར་བུ་ལྟར༔ ཀུན་བཟང་ནམ་མཁའི་མཛོད་ལ་ཕྱག་འཚལ་བསྟོད༔ ཆུ་ཤེལ་དབང་པོའི་ངོ་མཚར་རྒྱབ་ཡོལ་ཅན༔ དུས་གསུམ་རྒྱལ་བའི་ཡུམ་གྱུར་འཕགས་མའི་སྐུ༔ མཐོང་བ་ཙམ་གྱིས་ཐུགས་རྗེའི་ཕྱག་གིས་འཛིན༔ རླུང་སེམས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ རྟག་ཆད་མཐའ་བཞི་སྤྲོས་པ་བྲལ་བ་ཡི༔ ཤེས་རབ་ཕར་ཕྱིན་ཆོས་སྐུའི་མཁའ་འགྲོ་མ༔ གཙོ་དང་སྤྲུལ་འཁོར་དཀྱིལ་འཁོར་མངའ་བདག་ལ༔ མོས་གདུང་བསྟོད་པས་གསོལ་བ་སྙིང་ནས་འདེབས༔ བདག་སོགས་སྐྱེ་དང་ཚེ་རབས་ཐམས་ཅད་དུ༔ འཕགས་མ་ཁྱོད་དང་སྐད་ཅིག་མི་འབྲལ་ཞིང་༔ འཇིགས་པ་བརྒྱད་དང་བཅུ་དྲུག་བར་ཆད་དང་༔ མི་མཐུན་ཕྱོགས་ལས་སྒྲོལ་ཅིག་རྒྱལ་ཡུམ་མ༔ ཚེ་དཔལ་སྙན་གྲགས་སྟོབས་དང་ཡོན་ཏན་ཀུན༔ མོས་པ་རྣམ་བཞི་བསོད་ནམས་བསགས་པའི་རྫས༔ དཔལ་འབྱོར་དབྱར་གྱི་མཚོ་བཞིན་རྒྱས་གྱུར་ནསཿརྗེ་བཙུན་འཕགས་མའི་གོ་འཕང་མྱུར་ཐོབ་ཤོག༔ དབང་དང་སྒྲུབ་མཆོད་སོགས་ཀྱི་སྐབས་ཛཔi་ཁང་དབྱེ་ན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཕཊ་ཛ༔ བདག་གི་དཀྱིལ་འཁོར་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཉིས་པ་སྤྲོས་ཏེ་མདུན་རྟེན་དང་དབྱེར་མེད་བཞུགས་པར་གྱུར༔ བརྗོད་ལ་ཛབ་བསྐུལ་ནི༔ ཧཱུྃ་ཧྲཱིཿཆོས་ཀྱི་དབྱིངས་ནས་ཡིད་བཞིན་འཕགས་མའི་སྐུ༔ ཐུགས་དམ་གནད་བསྐུལ་ཛབ་ཀྱི་འཕྲོ་འདུ་ཡིས༔ མ་གྲུབ་བར་དུ་དགོངས་པ་མ་གཏོང་བར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ བཟླས་དམིགས་ནི༔ ཧཱུྃ་ཧྲཱིཿརང་ཉིད་འཕགས་མའི་སྨིན་མཚམས་ནས༔ ཉི་མའི་དཀྱིལ་འཁོར་སེན་གང་བའི༔ དབུས་སུ་སུཾ་དང་ཏཱྃ་དམར་པོ༔ མཐའ་བསྐོར་ཡི་གེ་བཅུ་པ་ཡི༔ འཁོར་ལོ་འོད་དང་འོད་ཟེར་འཕྲོས༔ བདག་ལ་གནོད་སེམས་ལྡན་པར་ཕོག༔ སླར་ཡང་འཕགས་མ་སྒྲོལ་མར་གྱུར༔ དེ་ནས་བདག་གི་སྨིན་མཚམས་ནས༔ འོད་ཟེར་དམར་པོ་སྒ་ར་ར༔ འཕྲོས་པས་དེ་དག་སྙིང་གར་ཕོག༔ གདུག་སེམས་ལ་སོགས་ཞི་བར་གྱུར༔ སྙིང་རྗེ་བྱང་ཆུབ་སེམས་དང་ལྡན༔ དེ་སྟེང་ཟླ་བ་ཉ་གང་བའི༔ ལྟེ་བར་བུ་ག་གྱེན་དུ་སྒྱུར༔ བདག་གི་སྙིང་ཁར་ཟླ་སྟེང་ཧཱུྃ༔ འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས༔ རྣོ་ཞིང་མྱུར་ལ་མེ་བཞིན་འབར༔ རང་གི་སྣ་བུག་གཡས་ནས་ཐོན༔ དེ་ཡི་སྣ་བུག་གཡོན་ནས་བརྒྱུད༔ ཟླ་བའི་བུ་གར་ཞུགས་ཏེ་ཐོན༔ སྣ་སྒོ་གཡས་ནས་ཚུར་དྲངས་པ༔ རང་གི་སྣ་བུག་གཡོན་པ་ནས༔ འབྱུང་རྔུབས་རླུང་གི་རྟ་དྲངས་པས༔ སྙིང་ཁར་ཞུ་སྟེ་ཟླ་བར་ཐིམ༔ ཡེ་ཤེས་མཆོག་གི་བདེ་བས་རོལ༔ བྱང་ཆུབ་སེམས་ཀྱི་དགའ་བའི་ཉམས༔ རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས༔ རྩ་ཡི་འཁོར་ལོ་ཁེངས་པ་ཡིས༔ བདག་ལ་གཟི་བརྗིད་ཆེས་ཆེར་འབར༔ སྟོང་གསུམ་སྟོང་གི་འཇིག་རྟེན་ན༔ ལྷ་ཀླུ་མི་གསུམ་ཆེ་རྒུ་ཀུན༔ ཡོམ་ཡོམ་ཤིག་ཤིག་འགུལ་འགུལ་དུ༔ བདག་ལ་གུས་ཤིང་འདུད་པར་གྱུར༔ དེ་ལྟར་དམིགས་པ་མ་བྲལ་བ༔ འོད་དང་འོད་ཟེར་འཕྲོ་འདུ་ནི༔ གངྒཱ་བཞིན་དུ་རྒྱུན་མི་འཆད༔ དབང་བྱེད་ལྷ་མོའི་རྩ་བའི་སྔགས༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ བརྡ་དང་རྟགས་དང་སྐུ་ཞལ་ཕྱག༔ ཡིག་འབྲུ་ཕྱག་མཚན་ལ་སོགས་པ༔ དངོས་སུ་ཆར་བཞིན་འབབ་པར་བསམ༔ འོད་ཟེར་དམར་པོས་བར་སྣང་ཁེངས༔ འཇའ་འོད་དམར་པོ་སྙིང་གར་ཟུག༔ ཕྱི་ཡི་དབྱིངས་ཀྱི་ནམ་མཁའ་དང་ཿནང་གི་རྩ་ཡི་ནམ་མཁའ་དང་༔ གསང་བ་རིག་པའི་ནམ་མཁའ་རྣམས༔ གཉིས་སུ་མེད་པར་ཐིམ་པའི་ཚེ༔ ཐིག་རླུང་ལྗོན་ཤིང་འབྲས་བུ་བཀྲ༔ རྒྱུན་བསྙེན་འབྲུ་འབུམ་དག་ཏུ་བཤད༔ རླུང་སེམས་སྣང་བ་དབང་དུ་སྡུད༔ རྩ་སྔགས་མཐར༔ སརྦ་ལོ་ཀ་ཨ་ཀཪྵ་ཡ་ཛཿཝཱ་ཤཾ་ཀུ་རུ་ཧྲིང་ཛཿནྲྀ་ཨཾ་ཀུ་ཤ་ཡ་ཧཱུྃ་ཛཿབཟླས་ཤིང་ལས་སྦྱོར་དམིགས་པའི་གནདཿཔདྨའི་ལྕགས་ཀྱུ་གཞུང་བཞིན་བྱ༔ སྦྱིན་གཏོང་ཚོགས་བསགས་རྒྱུན་དུ་འབད༔ མི་ཟད་གཏེར་ལ་སྤྱོད་པར་འགྱུར༔ གསང་བ་རྦད་པའི་སྔགས༔ ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱ་ཧཱ༔ ཐུན་མིན་རྫོགས་པའི་རིམ་པ་ནི༔ སྒྲ་གཅན་སྟེང་དུ་དབང་གི་ལྷ༔ ཡུལ་སྣང་ཐམས་ཅད་སེམས་སུ་འཆར༔ རླུང་སེམས་ཡེ་ཤེས་ཟུང་དུ་འཇུག༔ དབང་གི་ལྷ་མོའི་ཞལ་ཡང་མཇལཿབར་དེར་བཀའ་གཏེར་སྲུང་མའི་གཏོར་ཆོག་རྣམས་དང་ཿའདི་ཡི་སྒོས་ཀྱི་སྲུང་མའི་མཆོད་ཕྲིན་བྱ༔ རྗེས་ཀྱི་རིམ་པ་ལཿདགའ་སྟོན་ཚོགས་ཀྱི་འཁོར་ལོ་བྱ༔ དཀར་གསུམ་མངར་གསུམ་བཟའ་བཅའི་རིགས༔ ཤ་ཆང་ཟན་གསུམ་སྐུ་གསུམ་མཚོན༔ ཐབས་དང་ཤེས་རབ་ཚོགས་པའི་རྫས༔ ཛ་གད་ཚོགས་ཀྱི་མཆོད་པ་བཀྲམ༔ རྣལ་འབྱོར་ལྟ་བའི་གདེང་ལྡན་པསཿཚོགས་ལ་བསང་ཆུ་བདུད་རྩི་བྲན༔ སྤོས་ཀྱིས་ཕྱུངས་ལ༔ ཧཱུྃ་ཧྲཱིཿརང་ཉིད་འཕགས་མའི་ཐུགས་ཀ་ནས༔ ཡི་གེ་རྃ་ཡྃ་ཁྃ་གསུམ་འཕྲོས༔ མ་དག་འབགས་རྩོག་མི་གཙང་སྦྱངས༔ གཉིས་འཛིན་སྟོང་ཉིད་རྫས་སུ་གྱུར༔ ཨེ་ཤུདྡྷེ་རྃ་ཡྃ་ཁྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ འོད་དང་འོད་ཟེར་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུ་རྒྱལ་བ་སྲས་བཅས་ལ༔ མཉེས་མཆོད་ཐུགས་དམ་གནད་ནས་བསྐུལ༔ བྱིན་རླབས་ནུས་མཐུ་ཚུར་བསྡུས་ཤིང་༔ ཡི་གེ་ཨོཾ་ཨཱཿ ཧཱུྃ་དུ་གྱུར༔ དཀར་པོ་ཨོཾ་གྱི་བྱིན་རླབས་ཀྱིས༔ སྣོད་བཅུད་ཚོགས་ཀྱི་རྫས་སུ་གྱུར༔ དམར་པོ་ཨཱཿ ཡི་བྱིན་རླབས་ཀྱིས༔ ཟག་བཅས་ཟག་མེད་བདུད་རྩིར་གྱུར༔ སྔོན་པོ་ཧཱུྃ་གི་བྱིན་རླབས་ཀྱིས༔ ཚོགས་མགྲོན་དགྱེས་པའི་མཆོད་སྤྲིན་གྱུར༔ རོ་བརྒྱ་ནུས་པ་སྟོང་དང་ལྡན༔ རི་རྒྱལ་དཔང་མཐོ་ཉི་ཟླའི་འོད༔ རྒྱ་མཚོ་གཏིང་ཟབ་དགོས་འདོད་ནོར༔ ལྷ་མིའི་ཚོགས་ཀྱི་དགའ་སྟོན་དུ༔ ཨོཾ་ཨཱཿ ཧཱུྃ་གིས་བྱིན་གྱིས་བརླབས༔ ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་བརྗོད༔ སྤྱན་འདྲེན་ནི༔ སྤོས་རོལ་དང་བཅས༔ ཧཱུྃ་ཧྲཱིཿའོག་མིན་བདེ་བ་ཅན་གྱི་ཞིང་༔ ཆོས་སྐུ་རྡོར་འཆང་འོད་དཔག་མེད༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཚོགས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་ལོངས་སྐུ་ཞིང་ཁམས་ནས༔ གར་གྱི་དབང་ཕྱུག་སྤྱན་རས་གཟིགས༔ ཐེག་དགུའི་ཡི་དམ་རྒྱུད་སྡེའི་ཚོགས༔ ཚོགས་ལ་སྤྱན་འདྲེན་གཤེགས༴རྔ་ཡབ་ཟངས་མདོག་དཔལ་གྱི་ཞིང་༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ༔ རིག་འཛིན་གྲུབ་ཐོབ་མཁའ་འགྲོའི་ཚོགས༔ ཚོགས་ལ༴པོ་ཏ་ལ་ཡི་གནས་མཆོག་ནས༔ རྗེ་བཙུན་འཕགས་མ་སྒྲོལ་མའི་ཚོགས༔ གནས་ཡུལ་དཔའ་བོ་དཔའ་མོ་བཅས༔ ཚོགས་ལ༴རྩ་རླུང་ཐིག་ལེའི་ཆོ་འཕྲུལ་ལས༔ མཁའ་འགྲོ་གིང་དང་ལངྐའི་ཚོགས༔ དུར་ཁྲོད་ཉུལ་ཞིང་ཚོགས་ཁང་འགྲིམས༔ བཀའ་སྲུང་ཆོས་སྲུང་གཏེར་བདག་རྣམས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་པའི་ཚོགས་ཁང་བྱིན་རེ་ཆགས༔ མཆེད་ལྕམ་ཕོ་མོ་དམ་རེ་གཙང་༔ བཤམས་པའི་ཚོགས་གཏོར་བཅུད་རེ་ཆེ༔ ཤ་ཆེན་བདུག་སྤོས་དྲི་རེ་ཞིམ༔ ཞུན་ཆེན་མར་མེ་མདངས་རེ་གསལ༔ སྐྱོགས་བཟང་བྷནྡྷའི་བདུད་རྩི་མཆོད༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ རྡོ་རྗེ་རེག་མའི་གར་གྱིས་མཆོད༔ རྒྱལ་བ་རྒྱ་མཚོ་མཁའ་འགྲོའི་ཚོགས༔ ཚོགས་ལ་བྱིན་ཆེན་བཅུད་འདི་ཕོབས༔ སྒྲུབ་པ་ཕོ་མོའི་ཉམས་རྟོགས་སྤོར༔ མཆོག་ཐུན་བྱིན་ཕོབས་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཛ༔ ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ༔ མཆོད་པ་ནི༔ ཧཱུྃ་ཧྲཱིཿའཕགས་མ་སྒྲོལ་མ་ཕྱོགས་བཅུའི་རྒྱལ་བ་སྲས༔ ཟག་བཅས་ཟག་མེད་འདོད་ཡོན་ཚོགས་མཆོད་འདི༔ འབུལ་ལོ་བཞེས་ནས་ཐུགས་དམ་བསྐང་གྱུར་ཅིག །མཆོག་ཐུན་དབང་གི་དངོས་གྲུབ་སྩལ་དུ་གསོལ༔ ཨརྱ་ཏཱ་རེ་ས་ཕ་རི་ཝ་ར་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧིཿབསྐང་བ་ནི། བསྐང་རྫས་བྱིན་རླབས༔ ན་མཿསརྦ་ཏཱ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ལན་གསུམ། བསྐང་རྫས་འདོད་པའི་ཡོན་ཏན་རྣམ་པ་ཐམས་ཅད་པ་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར༔ ཨོཾ་བཛྲ་སྥ་ར་ཎ་ཁཾཿགིས་རྒྱས་པར་སྤེལ༔ ཧཱུྃ་ཧྲཱིཿའོག་མིན་བདེ་བ་ཅན་གྱི་ཞིང་། །རྡོར་འཆང་འོད་དཔག་མེད་མགོན་དང་༔ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས༔ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་༔ སྨོན་མེད་མཆོག་གི་དངོས་གྲུབ་སྩོལ༔ ལྷུན་གྲུབ་ལོངས་སྐུའི་ཞིང་ཁམས་ནས༔ གར་གྱི་དབང་ཕྱུག་སྤྱན་རས་གཟིགས༔ ཡི་དམ་རྒྱུད་སྡེ་རྒྱ་མཚོའི་ཚོགས༔ བསྐང་ངོ་བསྐལ་པའི༴སྐྱེ་མེད་དོན་གྱི་དངོས་གྲུབ༴རྔ་ཡབ་ཟངས་མདོག་དཔལ་གྱི་རི༔ པདྨ་འབྱུང་གནས་མཁའ་འགྲོ་དང་༔ རིག་འཛིན་བཀའ་བརྒྱུད་གྲུབ་ཐོབ་ཚོགས༔ བསྐང་ངོ་༴འཇའ་ལུས་མཁའ་སྤྱོད་དངོས་གྲུབ༴གཡུ་ལོ་བཀོད་པའི་ཞིང་མཆོག་ནས༔ རྗེ་བཙུན་འཕགས་མ་སྒྲོལ་མ་ནི༔ སྤྲུལ་པ་ཉེར་གཅིག་མཁའ་འགྲོའི་ཚོགས༔ བསྐང་ངོ་༴མཆོག་དང་ཐུན་མོང་༴ལེགས་ཉེས་སྟངས་འཛིན་གནས་ཡུལ་ཞིང་༔ དཔའ་བོ་དང་ནི་དཔའ་མོ་དང་༔ བཀའ་སྲུང་ཆོས་སྲུང་གཏེར་བདག་ཚོགས༔ བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་༔ མོས་པ་རྣམ་བཞིའི་དངོས་གྲུབ་སྩོལ༔ ནང་མཆོད་སྨན་རཀ་མཚོ་ལྟར་བསྐྱིལ༔ གསང་མཆོད་བདེ་བའི་གར་གྱིས་མཆོད༔ མ་ཚང་མེད་པར་སྐོང་བའི་རྫས༔ བདག་ཏུ་བཟུང་དང་མ་བཟུང་ཀུན༔ བློ་ཡི་བླངས་ནས་འབུལ་གྱིས་བཞེས༔ འཕགས་མ་སྒྲོལ་མ་གཙོ་དང་འཁོར༔ མཉེས་ཤིང་ཐུགས་དམ་བསྐང་གྱུར་ཅིག༔ སྒྲུབ་པོའི་མོས་གདུང་འབོད་པའི་ཚེ༔ དགྱེས་པའི་ཞལ་བཟང་བསྟན་དུ་གསོལ༔ འཛུམ་པའི་འོད་དཀར་ད་ཕྱུང་ནས༔ ཐུགས་རྗེས་སྐྱོབས་པའི་ཕྱག་གིས་བཟུང་༔ འཁོར་བའི་གཡང་སའི་འཇིགས་ལས་སྒྲོལ༔ མྱུར་མགྱོགས་པདྨའི་ལྕགས་ཀྱུ་ཡིས༔ འགྲོ་བ་ཕོ་མོ་དབང་དུ་བསྡུས༔ ལམ་མཆོག་སྨིན་གྲོལ་ས་རུ་འགོད༔ མ་ཤོར་མ་གཏོང་ཐུགས་རྗེ་ཅན༔ འགྲོ་བ་འདྲེན་པའི་དེད་དཔོན་ཆེ༔ ཁམས་གསུམ་འཁོར་བར་མ་གཏོང་བར༔ བདག་ཉིད་ཁྱེད་ཀྱི་འཛིན་གྱུར་ཅིག༔ མཐར་ཐུག་རྫོགས་བྱང་འཕགས་མའི་སྐུ༔ འཇའ་ལུས་མཁའ་སྤྱོད་འགྲུབ་གྱུར་ཅིག༔ བཤགས་པ་བྱ་བ་ནི། ཚོགས་བར་པ་ཕུལ་བ་ལ༔ ཧོཿདཀོན་མཆོག་སྤྱི་འདུས་རྗེ་བཙུན་རྣལ་འབྱོར་མ༔ དགོངས་སུ་གསོལ་ལོ་ཐུགས་རྗེས་གསན་དུ་གསོལ༔ བདག་ཅག་མ་རིག་ལས་ཀྱི་སྒྲིབ་པའི་དབང་༔ ཀུན་གཞི་སངས་རྒྱས་ཡིན་ཀྱང་ངོ་མ་ཤེས༔ བསྲུང་མཚམས་རིགས་ལྔའི་དམ་ཚིག་འདའ་བ་དང་༔ སྤྱི་དང་ཁྱད་པར་ལྷག་པའི་དམ་ལས་འགལ༔ ཚོགས་བསགས་སྦྱིན་གཏོང་ཕན་སེམས་ཆུང་བ་སོགས༔ མཁའ་འགྲོའི་སྐུ་གསུང་ཐུགས་ལ་འགལ་བ་ཀུན༔ གནོང་ངོ་འགྱོད་དོ་ཕྱིན་ཆད་སྡོམ་པར་བགྱི༔ བཤགས་སོ་དག་གོ་ཁྱེད་དང་གཉིས་མེད་པའི༔ དག་ཚངས་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེས་མགོ་དྲངས་པའི་ཡིག་བརྒྱ་བརྗོད༔ བསྒྲལ་བ་ནི༔ ཚོགས་ཐ་མ་སློབ་དཔོན་གྱི་མདུན་དུ་བཞག༔ ཕུར་པ་བསྒྲལ་གྲི་སོགས་བཤམས། སློབ་དཔོན་གྱིས་རྡོ་དྲིལ་འགུགས་རྒྱ་དང་བཅས༔ པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ༔ རང་ཉིད་པདྨ་ཧེ་རུ་ཀའི་སྐུར་གྱུར༔ ན་མོཿདཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ༔ དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་༔ ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་༔ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་༔ ཁྱད་པར་དུ་དབང་མཛད་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿནྲྀ་བཛྲ་ཨཾ་ཀུ་ཤ་ཛཿཏྲི་ཡམ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿསྒོ་མ་བཞིའི་ཕྱག་རྒྱ་དང་བཅས། ཛཿཧཱུྃ་བྃ་ཧོཿས་རྟེན་ལ་བསྟིམ༔ ཕུར་པ་ཐོགས་ལ༔ ཧཱུྃ་ཧྲཱིཿཆོས་ཉིད་ཨེ་ཡི་བཙོན་ཁང་དུ༔ གཉིས་འཛིན་ལོག་རྟོག་བསྟན་པའི་དགྲ༔ ཁུག་ཅིག་ཟུངས་ཤིག་རྟེན་ལ་ཕོབས༔ ཟ་བྱེད་ཁྲོ་བོ་ཁྲོ་མོའི་ཚོགས༔ མི་བཟད་རྡུལ་ལྟར་འཁྲིགས་པ་ཡིས༔ དགྲ་བགེགས་མཚོན་ཆའི་དཔལ་དུ་སྐྱོན༔ ཤ་ཁྲག་ཚོགས་ཀྱི་འཁོར་ལོར་རོལ༔ ཧ་ཧ་ཧཱུྃ་ཧཱུྃ་འཇིགས་པའི་སྒྲ༔ སྟོང་གསུམ་ཐམས་ཅད་ཁེངས་ཤིང་གཡོ༔ རྔམས་པར་བསྟབ་བོ་ཞལ་དུ་བཞེས༔ དགྲ་བགེགས་བར་ཆད་མིང་ཙམ་མེད་པར་མཛོད༔ སརྦ་ཤ་ཏྲཱུྃ་མཱ་ར་ཡ་རྦད་ཕཊ༔ ཕུར་བས་བཏབ་མཚོན་གྱིས་གཏུབ༔ བདུད་རྩི་བྲན་ནས་དཀྱིལ་འཁོར་དུ་ཕུལ་ལ༔ སྨན་རཀ་བྲན། མ་ཧཱ་མཱཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་ཁ་རཾ་ཁཱ་ཧིཿལས་རྡོར་གྱིས་ཐབས་ཤེས་ཀྱི་རྫས་བརྡ་དང་བརྡ་ཡི་འབུལ་ལེན་གྱིས་དྲངས༔ འདོད་ཡོན་ཚོགས་ལ་ལོངས་སྤྱོད་ཅིང་༔ ཡིད་ལ་གང་འདོད་སྨོན་ལམ་བཏབ༔ མཐའ་རྟེན་ལྷག་མའི་གཏོར་མ་བསྔོ༔ ལས་རྡོར་གྱིས་ཚོགས་ལྷག་བསྡུས༔ བསྲེ་བསྣན་བྱས་ལ་སློབ་དཔོན་གྱི་ཞལ་ཆབ་ཞུ༔ སྟེགས་བུར་བཀོད། ཏིང་འཛིན་སྔགས་ཀྱི་བྱིན་གྱིས་བརླབས༔ འབར་བའི་ཕྱག་རྒྱས་འདི་ལྟར་རོ༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿ ཧཱུྃ་ཧ་ཧོ་ཧྲཱིཿལྷག་མའི་དམ་རྫས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པ་ནམ་མཁའ་གང་བར་གྱུར༔ ཨེ་ཨ་རལ་ལི་ཧྲིང་ཛཿབྷྱོ༔ ལྷག་ལ་དབང་བ་དྲེགས་པའི་ཚོགསཿགིང་དང་ལང་ཀ་མ་མོའི་ཚོགས༔ དྲོང་ཚད་ཉུལ་ཞིང་གནས་ཡུལ་འགྲིམས༔ ཞིང་ཆེན་གཡབ་ཅིང་བཤུག་གླུས་འབོད༔ མ་མོའི་ཚོགས་རྣམས་ལྷག་གཏོར་བླངས༔ ཚེ་དཔལ་སྙན་གྲགས་དབང་གི་ལས༔ གེགས་མེད་འགྲུབ་པའི་ཕྲིན་ལས་མཛོད༔ ཨུཙྪི་ཥྚ་བ་ལིདྟ་ཁཱ་ཧི༔ སྲུང་མའི་གཏོར་འབུལ་བྱ༔ ཐུགས་དམ་བསྐུལ་ཞིང་ཆད་ཐོ་བསྒྲགས་པ་ནིཿགཏོར་མར་སྨན་རཀ་བྲནཿཧཱུྃ་ཧྲཱིཿཀུན་བཟང་སྣང་མཐའ་གང་དབང་པད་འབྱུང་གིསཿཡེ་ཤེས་མཚོ་རྒྱལ་རྗེ་འབངས་ཉེར་ལྔ་ལ༔ ཨཱརྱ་ཏཱ་རེའི་གླེགས་བམ་གཏད་པའི་ཚེ༔ བརྡ་རིས་བཏབ་ནས་གཏེར་ལ་སྦས་ནས་ཀྱང་༔ སྔགས་ཀྱི་སྲུང་མར་གཉེར་གཏད་གཡར་དམ་བླངས༔ མ་འོངས་རྩོད་དུས་མཐའ་ལ་བབས་པ་ན༔ རིག་འཛིན་འོད་གསལ་རྡོ་རྗེ་གླིང་པ་ཡིས༔ དབང་བྱེད་སྒྲོལ་མའི་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ གཏེར་གྱི་སྲུང་མ་སྣང་སྲིད་སྡེ་བརྒྱད་ཀྱིས༔ རང་རང་སྲོག་སྙིང་ཕུལ་ནས་གཟུགས་མཆོག་བསྟན༔ དམ་ལ་མ་འདའ་མཆོད་སྦྱིན་གཏོར་མ་བཞེས༔ ཟབ་ཆོས་འགྲོ་དོན་ཕྱོགས་མཐར་ཁྱབ་པ་དང་༔ ཅི་བཅོལ་དབང་གི་ལས་རྣམས་འགྲུབ་པར་མཛོད༔ བརྟན་མ་སྐྱོང་བ་ནི༔ གཏོར་གཞོང་སྨན་ཕུད་ཀྱི་བཤལ་ཆུས་བྲན་ལ༔ ཧཱུྃ་ཧྲཱིཿཔདྨ་འབྱུང་གནས་བཀའ་ཡི་ལས་བྱེད་མ༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཚོགས༔ བཤལ་ཆུ་བདུད་རྩིའི་གཏོར་མ་འདི་བཞེས་ལ༔ ཀླ་ཀློ་མུ་སྟེགས་བདུད་དཔུང་ཆམ་ལ་ཕོབས༔ སངས་རྒྱས་བསྟན་པ་སྲུང་བའི་ཕྲིན་ལས་མཛོད༔ མ་མ་ཧྲིཾ་ཧྲིཾ་བ་ལིངྟ་ཁཱ་ཧི༔ གཏོར་གཞོང་སྦུབ་ལ༔ ཡ་མ་དམ་སྲི་ནྲྀ་ཏྲི་ཨངྐུ་ཤ་ཛཿས་དགུགས་དེ་སྟེང་རྡོ་རྗེས་རྒྱས་གདབ་སྟེ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྲོ་ར་རུ༔ མཁའ་འགྲོའི་ལྷ་ཚོགས་བྲོ་བརྡུང་བས༔ ཐབས་དང་ཤེས་རབ་འབྲེལ་བ་ཡིས༔ གཉིས་འཛིན་ལོག་རྟོག་བར་ཆད་བགེགས༔ སྒབ་འདྲེ་རྗེས་སྡུད་འགོང་པོའི་ཚོགསཿགཟིར་ཤིག་བཅིངས་ཤིག་མནན་པ་ཡིས༔ སྟེང་གི་ཕྱོགས་སུ་མ་ལྡང་ཅིག༔ ཨོཾ་ལཾ། ཨཱཿ ལཾ། ཧཱུྃ་ལཾ། སྟཱཾ་བྷ་ཡ་ནན༔ རྗེས་ལ་མཆོད་བསྟོད་གཞུང་བཞིན་དང་། མ་རྙེད་ཡོངས་སུ་མ་ཚང་དང་༔ གང་ཡང་ནུས་པ་མ་མཆིས་པར༔ འདིར་ནི་བགྱིས་པ་གང་རུང་བ༔ དེ་ཀུན་ཁྱོད་ཀྱི་བཟོད་མཛོད་རིགས༔ ནོངས་པ་བཤགས་དང་ཡིག་བརྒྱ་ལན་གསུམ༔ དངོས་གྲུབ་ལེན་པ་ནི༔ ཧཱུྃ་ཧྲཱིཿཔདྨ་དབང་གི་གཞལ་ཡས་ནས༔ དབང་བྱེད་རྗེ་བཙུན་འཕགས་མའི་ཚོགས༔ ཐུགས་དམ་ཆེན་པོས་རྗེས་དགོངས་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དངོས་གྲུབ་དང་པོ་སྐྱ་རེངས་ཤར༔ ཛ་གད་རྫས་ལ་བརྟེན་ནས་ཀྱང་༔ བསམ་དོན་ཡིད་བཞིན་དགོས་འདོད་ནོར༔ འདུ་བ་གསུམ་དང་འབར་བ་གསུམ༔ ཐུན་མོང་གྲུབ་པ་རྣམ་པ་བརྒྱད༔ ༔ མཆོག་གི་དངོས་གྲུབ་སྐུ་གསུང་ཐུགས༔ གཉིས་སུ་མེད་པར་ད་སྩོལ་ཅིག༔ རྩ་སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ སྒྲུབ་རྫས་རྣམས་གནས་གསུམ་ལ་གཏུགས་ལ་རོལ། རྟེན་ཡོད་ན། འདིར་ནི་རྟེན་དང་ལྷན་ཅིག་ཏུ༔ འཁོར་བ་སྲིད་དུ་བཞུགས་ནས་ཀྱང་༔ ནད་མེད་ཚེ་དང་དབང་ཕྱུག་དང་༔ མཆོག་རྣམས་ལེགས་པར་སྩལ་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ སོགས་འོག་གི་བསྡུ་ལྡང་ལ་འཇུག༔ སྨོན་ལམ་དགེ་བསྔོ་ནི༔ བཅོམ་ལྡན་རྗེ་བཙུན་འཕགས་མའི་ཚོགས༔ མོས་གདུང་དད་པས་གསོལ་བཏབ་ཚེ༔ ཁྱོད་ཞལ་མངོན་སུམ་མཇལ་བ་དང་༔ དགོས་འདོད་ནོར་བུ་ཇི་བཞིན་དུ༔ ཡིད་ལ་ཅི་བསམ་འགྲུབ་པར་ཤོག༔ དེ་ལྟར་བསྒྲུབས་པའི་དགེ་བ་ཡིས༔ མ་གྱུར་མཁའ་ཁྱབ་སེམས་ཅན་རྣམས༔ ཐོག་མེད་བསགས་པའི་སྒྲིབ་གཉིས་བྱང་༔ མཐར་ཐུག་ཟུང་འཇུག་འཕགས་མ་ཡི༔ གོ་འཕང་མྱུར་དུ་ཐོབ་པར་ཤོག །བཀྲ་ཤིས་ནི༔ བྱིན་རླབས་བཀྲ་ཤིས་རྩ་བརྒྱུད་བླ་མ་དང་༔ དངོས་གྲུབ་མཆོག་སྩོལ་འཕགས་མཆོག་ཡི་དམ་ལྷ༔ མི་ཟད་འདོད་འབྱུང་རྗེ་བཙུན་འཕགས་མ་ཡི༔ དགེ་ལེགས་ས་གསུམ་ཁྱབ་པའི་བཀྲ་ཤིས་ཤོག །བཀྲ་ཤིས་ཅི་རིགས་བརྗོད་བྱས་ནས༔ བསྡུ་ལྡང་ནི༔ ལྷར་སྣང་འོད་གསལ་དབྱིངས་སུ་ཐིམ༔ དབྱིངས་རིག་འདུ་འབྲལ་མེད་པའི་ངང་༔ སླར་ཡང་རྗེ་བཙུན་འཕགས་མའི་སྐུར༔ ལྡང་ནས་སྤྱོད་ལམ་འཇུག་པར་བྱ༔ ཨོཾ་ཨཱཿ ཧཱུྃ༔ ཞེས་བརྗོད་པས་གནས་གསུམ་བྱིན་གྱིས་བརླབས༔ གོང་ལྟར་དགེ་བསྔོ་ཤིས་བརྗོད་བྱའོ། །དབང་བྱེད་དབང་གི་སྒྲོལ་མ་ནིཿརྒྱ་གར་ཡུལ་གླིང་ཆུ་བཞིན་ཉུལ༔ དུར་ཁྲོད་བསིལ་བའི་ཚལ་ཆེན་དུ༔ བམ་ཆེན་ཚོགས་ཀྱི་འཁོར་ལོ་བཤམས༔ ཞལ་མཐོང་དངོས་གྲུབ་ཐམས་ཅད་ཐོབ༔ གཟའ་དང་མ་མོ་བྲན་དུ་བཀོལ༔ ལྷ་འདྲེ་མི་གསུམ་ཐམས་ཅད་འདུ༔ པད་འབྱུང་བདག་གི་ཐུགས་དམ་ཡིན༔ ད་ལྟ་ལྷ་སྲས་ཉིད་ལ་གདམས༔ མ་སྤེལ་ཡི་གེའི་རིས་སུ་བཏབ༔ སྐྱེ་བ་མང་པོ་ལེན་པའི་མཐར༔ མ་འོངས་དུས་ཀྱི་ཁུག་སོ་རུ༔ གདུལ་དཀའ་ཐམས་ཅད་འདུལ་བའི་ཚེ༔ འབྲི་རྫ་ཟལ་མོ་སྒང་རྒྱུད་ལ༔ མཁའ་སྤྱོད་འཇའ་ལུས་ཕུག་པར་སྦས༔ དུས་རྟགས་སྣ་ཚོགས་འཚུབས་ཤིང་ལྡང་༔ དུས་ལ་བབས་ཚེ་རཏྣའི་མིང་༔ འཕྲད་ནས་འགྲོ་དོན་འབྱུང་བར་ཤོག༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྤྲུལ་པའི་གཏེར་སྟོན་མངའ་བདག་རིག་འཛིན་འོད་གསལ་རྡོ་རྗེ་གླིང་པས་རབ་བྱུང་བཅུ་དྲུག་པའི་ཆུ་ཕོ་རྟ་ཡི་ལོར། མདོ་ཁམས་འདན་ཀྱུ་ར་བྲག་རྡོ་རྗེ་ཕག་མོའི་སྐུའི་དབྱིབས་ཀྱི་གཡས་ར་མ་བྲག་གི་རྒྱ་བསལ་ཏེ། རིམ་པ་བཅུ་བཞི་ཡོད་པའི་རིམ་པ་བཞི་པ་མཁའ་སྤྱོད་འཇའ་ལུས་ཕུག་ནས། མཐོང་གྲོལ་སྐུ་རྟེན་སོགས་དང་ལྷན་ཅིག་སྤྱན་དྲངས་པའི་རིན་པོ་ཆེའི་ཤོག་སེར་ལས་གཏན་ལ་ཕབ་ཅིང་། སླར་ཡང་ཞུ་དག་དང་གསལ་བྱེད་ཆོག་སྒྲིགས་བགྱིས་དགོས་ནན་ཏན་དུ་ཕེབས་པས། བརྡ་འཁྲུགས་ཡོད་པ་རྣམས་གསལ་བ་སོགས་ཀྱི་ཞུ་དག་དང་། གཏེར་གཞུང་ལ་མཛེས་རྒྱན་གྱིས་མཚམས་སྦྱོར་ཅུང་ཟད་དང་བཅས་༧འཇམ་དབྱངས་མཁྱེན་བརྩེའི་སྤྲུལ་མིང་འཛིན་པ་ཆོས་ཀྱི་བློ་གྲོས་སམ་འཇམ་དབྱངས་བློ་གྲོས་རྒྱ་མཚོ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེངྒེར་འབོད་པས་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོའི་གཟིམ་ཁང་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བྲིས་པ་འདིས་ཀྱང་ཟབ་གཏེར་གྱི་ཕྲིན་ལས་ཕྱོགས་མཐར་རྒྱས་པ་དང་བསྟན་འགྲོར་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །བཀྲ་ཤིས།། །།

Footnotes

Other Information