DKR-KABUM-18-TSHA-033: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=འཆི་མེད་པདྨའི་སྙིང་ཐིག་ལས། རྡོ་རྗེ་ཚེ་ཡི་ནང་སྒྲུབ་བཀླགས་ཆོག་ཏུ་བཀོད་པ་འཆི་མེད་པདྨའི་ཕྲེང་བ། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: . Delhi: Shechen Publications, 1994. | |fulltitle='chi med pad+ma'i snying thig las rdo rje tshe yi nang sgrub bklags chog tu bkod pa 'chi med pad+ma'i phreng ba | ||
|citation=[[Khyentse, Dilgo]]. '''chi med pad+ma'i snying thig las rdo rje tshe yi nang sgrub bklags chog tu bkod pa 'chi med pad+ma'i phreng ba''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: 261-277. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|tibgenre=Sadhanas - Evocation Ritual - sgrub thabs | |tibgenre=Sadhanas - Evocation Ritual - sgrub thabs | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|deity=tshe dpag med | |deity=tshe dpag med | ||
|cycle='chi med pad+ma tshe yi snying thig | |cycle='chi med pad+ma tshe yi snying thig | ||
|cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | |cycletib=འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ | ||
| | |language=Tibetan | ||
|volumenumber=018 | |volumenumber=018 | ||
|volnumtib=༡༨ | |volnumtib=༡༨ | ||
|volyigtib=ཚ་ | |volyigtib=ཚ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=033 | |||
|pagenumbers=261-277 | |||
|totalpages=33 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=17a6 | ||
|totalfolios=17 | |||
|multivolumework=No | |||
|rectonotes=nang sgrub | |||
|versonotes=pad+ma tshe yi snying thig | |versonotes=pad+ma tshe yi snying thig | ||
|pdflink=File:DKR-KABUM-18-TSHA-033.pdf | |pdflink=File:DKR-KABUM-18-TSHA-033.pdf | ||
}} | }} | ||
Line 37: | Line 37: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །འཆི་མེད་པདྨའི་སྙིང་ཐིག་ལས། རྡོ་རྗེ་ཚེ་ཡི་ནང་སྒྲུབ་བཀླགས་ཆོག་ཏུ་བཀོད་པ་འཆི་མེད་པདྨའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །འཆི་མེད་པདྨའི་སྙིང་ཐིག་ལས། རྡོ་རྗེ་ཚེ་ཡི་ནང་སྒྲུབ་བཀླགས་ཆོག་ཏུ་བཀོད་པ་འཆི་མེད་པདྨའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ན་མོ་གུ་རུ་ཨ་པ་རི་མི་ཏ་ཡེ། གཞོམ་བྲལ་ཚེ་དང་ཡེ་ཤེས་དཔག་མེད་ཅིང༌། །གཟི་བརྗིད་བཀོད་པའི་རྒྱལ་པོ་ཞེས་གྲགས་པ། །མཚན་ཐོས་ཙམ་གྱིས་དུས་ཀྱི་འཇིགས་འཕྲོག་པའི། རྒྱལ་བ་འོད་སྣང་མཐའ་ཡས་དེ་ལ་འདུད། །གང་དེའི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱ་ཡི། །ཡང་སྙིང་པདྨ་རྒྱལ་པོའི་ཐུགས་ཀྱི་ཐིག །ཤིན་ཏུ་ཟབ་མོ་དགོངས་པའི་གཏེར་བཅུད་ལས། །བྱུང་བའི་ཕྲིན་ལས་བྱང་བུ་བཀླགས་ཆོག་སྤེལ། །དེའང་ཚེ་སྒྲུབ་པདྨའི་སྙིང་ཐིག་གི་ནང་སྒྲུབ་ལྷ་བཅུ་བདུན་མའི་བསྙེན་སྒྲུབ་བྱ་བར་འདོད་པས་དཀྱིལ་འཁོར་འདི་ཉིད་དུ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་ར་བ་བཞིའི་ཡར་ངོའི་གཟའ་སྐར་འཕྲོད་སྦྱོར་ལེགས་པར་དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་སྤྱན་སྔར་སྒྲུབ་མཆོད་དབང་བསྐུར་སོགས་དང་འབྲེལ་ན་རས་བྲིས་ཀྱི་དཀྱིལ་འཁོར་གཞུང་མཐུན་ནམ་འབྲུ་ཚོམ་བཀོད་པའི་ཁར་དབང་རྫས་སྒྲུབ་རྟེན་སོགས་འགོད། དཀྱུས་ཙམ་དུ་སྨན་རཀ་གཏོར་མཆོད་སོགས་དང་དཀར་བགེགས་བཤམས་ལ། སྒྲུབ་པ་པོ་བདེ་བའི་སྟན་ལ་འཁོད་དེ་ངེས་འབྱུང་གི་བློ་བསྐྱེད། བྱང་ཆུབ་ཀྱི་སེམས་བསྒོམ་ལ་ཆོ་གའི་ལས་རིམ་ལ་འཇུག་སྟེ། དེ་ལའང་སྔོན་འགྲོ། དངོས་གཞི། རྗེས་ཀྱི་ལས་རིམ་མོ། །སྔོན་འགྲོ་ལ་བརྒྱད་ལས། དང་པོ་སྐྱབས་སུ་འགྲོ་བའི་ཐོག་མར་ཚིག་བདུན་གསོལ་འདེབས་དང༌། མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་ཡིས༔ སོགས་དང༌། བརྒྱུད་འདེབས་འདོན། བསྙེན་པའི་ཉིན་དང་པོ་དང་སྒྲུབ་པའི་སྐབས། ཞིང་སྐྱོང་གཞི་བདག་ལ་བྱིན་རླབས་སྔོན་དུ་འགྲོ་བས། ཨ་ཀཱ་རོའི་སྔགས་དང༌། གང་དག་འདིར་གནས་ཀྱིས་དཀར་གཏོར་གསེར་སྐྱེམས་སྤྱི་ལྟར་འབུལ། སྐྱབས་འགྲོ་དངོས་ནི། མདུན་གྱི་ནམ་མཁར་བླ་མ་ཚེ་དཔག་མེད་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་དམིགས་ལ། ན་མོ༔ བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ མི་ཕྱེད་དད་དང་དང་བའི་བློས༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ། གཉིས་པ་སེམས་བསྐྱེད་ནི། དེ་ནས་གཞན་ཕན་མཆོག་གི་བློས༔ སྨོན་དང་འཇུག་པའི་བྱང་སེམས་བསྒོམ༔ ཧོཿ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ མ་རྟོགས་བདག་ཏུ་བཟུང་བའི་བློས༔ སྐྱེ་འཆི་མཚན་མའི་ཆོས་ལ་ཞེན༔ བསྒྲལ་ཕྱིར་སེམས་ཀྱིས་དམ་བཅའ་བཟུང༔ འགྲོ་ཀུན་བདག་གི་ཕ་མ་སྟེ༔ དེ་དག་བྱང་ཆུབ་འགོད་པའི་བློས༔ སྦྱིན་སོགས་ཕ་རོལ་ཕྱིན་པ་ཡི༔ རྒྱལ་སྲས་སྤྱོད་ལ་བསླབ་པར་བགྱི༔ ཞེས་སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་ལན་གསུམ་གྱི་མཐར། ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་བདེ་དང་མི་འབྲལ་ལྡན༔ སྡུག་བསྔལ་རྒྱུ་འབྲས་མཐའ་དག་ཞི༔ བདེ་དང་རྟག་ཏུ་མི་འབྲལ་བའི༔ རང་གཞན་ཕྱོགས་རིས་མེད་གནས་ཤོག༔ ཅེས་བརྗོད། གསུམ་པ་ཚོགས་བསགས་ཡན་ལག་བདུན་པ་འབུལ་བ་ནི། ཧོཿ ཕྱོགས་དུས་རྒྱལ་བ་སྲས་བཅས་དང༔ ཚེ་དཔག་མེད་མགོན་ཞབས་པདྨོར༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས༔ ཚོགས་གཉིས་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ ལན་གསུམ། བཛྲ་མུཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར༔ བཞི་པ་བགེགས་ལ་བཀའ་བསྒོ་ཞིང་མཚམས་གཅོད་པ་ནི། གཏོར་མ་ལས་ཆུས་བྲན་ཏེ། རང་ཉིད་སྐད་ཅིག་གིས་པདྨ་དབང་ཆེན་རྟ་མཆོག་རོལ་པའི་སྐུར་གྱུར༔ རྃ་ཡྃ་ཁྃ། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཧ་ཧོ་ཧྲཱིཿས་རྒྱས་པར་སྤེལ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །ཨོཾ་སརྦ་བིགྷྣཱཾ་ན་མཿ སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧྲཱིཿ ང་ནི་དབང་ཆེན་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་རྗེ་བཙན་ཏེ༔ ཚེ་བདུད་ལོག་འདྲེན་བར་ཆད་བདུད༔ བསྙེན་པའི་སྐབས། སྔོན་གྱི་བག་ཆགས་ངན་པ་ཡིས༔ གསང་སྤྱོད་ལྟ་བའི་སྐབས་མེད་ཕྱིར༔ གནས་འདིར་མ་འདུག་གཞན་དུ་སོང༔ ཞེས་ཁ་བསྒྱུར། སྔོན་གྱི་ལན་ཆགས་སྦྱང་བའི་ཕྱིར༔ འདོད་ཡོན་གླུད་གཏོར་འདི་སྦྱིན་གྱིས༔ ཚིམ་པར་གྱིས་ལ་གཞན་དུ་སོང༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ དབང་གི་རྒྱལ་པོའི་ཏིང་ངེ་འཛིན༔ འབར་བའི་བརྟུལ་ཞུགས་རོལ་བ་ཡི༔ ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས༔ བརླག་པར་འགྱུར་གྱིས་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིར༔ ཕྱོགས་བཅིངས་སྲུང་བའི་མཚམས་བཅད་ཕྱིར༔ ཧྲཱིཿ སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ སྣང་གྲགས་རིག་པ་སྐུ་གསུང་ཐུགས༔ གཉིས་སུ་མེད་པའི་དཀྱིལ་འཁོར་ཏེ༔ ཀུན་ཀྱང་འབར་བའི་ཕྱག་རྒྱར་ཤར༔ བགེགས་དང་བར་ཆད་མིང་ཡང་མེད༔ མི་ཤིགས་རྡོ་རྗེ་འཁོར་ལོ་དང༔ རིན་ཆེན་པདྨ་རྒྱ་གྲམ་གྱི༔ གུར་ཁང་འབར་བས་ཕྱོགས་མཚམས་གཏམས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཛྙཱ་ན་བཛྲ་ཙཀྲ་རཏྣ་པདྨ་ཁངྒ་རཀྵ་རཀྵ་བྷྲཱུྃ་བྷྲཱུྃ་བྷྲཱུྃཿ ལྔ་པ་འཁོན་གཅུགས་བཤགས་པས་སྦྱང་བ་ནི༔ ཧོཿ ཚེ་ཡི་ལྷ་ཚོགས་མ་ལུས་པ༔ ཐུགས་རྗེ་བརྩེ་བས་དགོངས་སུ་གསོལ༔ བདག་ནི་མ་རིག་འཁྲུལ་པ་ཡི༔ ལས་དང་ཉོན་མོངས་གཞན་དབང་ཅན༔ སྲིད་པ་འཁོར་བའི་ལས་བསགས་པ༔ མི་དགེ་ཉེས་པར་བྱས་པའི་ནོངས༔ སྙིང་ནས་གདུང་བས་མཐོལ་བཤགས་ཀྱིས༔ བཟོད་པར་བཞེས་ལ་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་ཡང་ཡང་བརྗོད༔ དྲུག་པ་དམ་བཅའ་སྡོམ་པ་བཟུང་བ་ནི༔ ཨོཾ༔ ཡེ་ཤེས་སྤྱན་ལྡན་རྣལ་འབྱོར་དབང༔ ཐུགས་རྗེའི་དབང་བསྒྱུར་བཅོམ་ལྡན་འདས༔ སྲིད་གསུམ་འགྲོ་བའི་གཉེན་གཅིག་པུ༔ བདག་ལ་དགྱེས་པས་བཞུགས་སུ་གསོལ༔ མཐའ་ཡས་སེམས་ཅན་མ་ལུས་པའི༔ དོན་དུ་ཡང་དག་ལམ་འདོད་པས༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་བསླབ་པ་ལ༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ རང་བཞིན་ལྟ་བའི་དམ་ཚིག་ལས༔ ནམ་ཡང་འགལ་བར་མི་བགྱིད་ཅིང༔ ཡང་དག་ངེས་པའི་གསང་བ་ཡི༔ བླ་མེད་རྒྱལ་པོའི་དམ་ཚིག་གི༔ རིམ་པ་ཡལ་བར་མི་འདོར་བའི༔ རྡོ་རྗེའི་དམ་བཅའ་གཉན་པོ་བཟུང༔ བཛྲ་ས་མ་ཡ་ཧོཿ བདུན་པ་རྡོ་རྗེའི་བྱིན་ཆེན་དབབ་པའི་ཕྱིར༔ སྤོས་དང་བཤུགས་གླུའི་བརྡས་བསྐུལ་ཞིང༔ མདའ་དར་གཡབ་ལ་རོལ་མོ་བརྡུང༔ གདུང་ཤུགས་ཏིང་འཛིན་མི་གཡེལ་བས༔ སྒྲུབ་མཆོད་སོགས་ཀྱི་སྐབས་འཇམ་མགོན་བླ་མའི་དགོངས་གཏེར་བྱིན་འབེབས་ཡེ་ཤེས་མཆོག་སྩོལ་ཀྱང་སྦྱར་ན་ལེགས། ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་བདེ་ཆེན་བརྡལ་བ་ཆེ༔ ལྷུན་གྲུབ་རོལ་པ་བཅོམ་ལྡན་སྣང་མཐའ་ཡས༔ རིག་སྟོང་ཡེ་ཤེས་ཆོས་སྐུའི་ལྷ་ཚོགས་ཀྱིས༔ གཉིས་མེད་མཉམ་པ་ཆེན་པོར་བྱིན་ཕོབ་ཅིག༔ ཁ་སྦྱོར་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ནས༔ གསུང་གི་རྡོ་རྗེ་འཆི་མེད་ཚེ་ཡི་ལྷ༔ རང་སྣང་ཁྱབ་བརྡལ་ལོངས་སྐུའི་ལྷ་ཚོགས་ཀྱིས༔ སྣང་སྲིད་དཀྱིལ་འཁོར་རྫོགས་པའི་བྱིན་ཕོབ་ཅིག༔ སྣོད་བཅུད་དག་པའི་འཁོར་ལོའི་ཕོ་བྲང་ནས༔ འགྲོ་འདུལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལྷ༔ ཏིང་འཛིན་སྒྱུ་མར་རོལ་པའི་ཆོ་འཕྲུལ་གྱིས༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བྱིན་ཕོབ་ཅིག༔ བྱིན་ཆེན་བྱིན་ཕོབ་སྐུ་གསུང་ཐུགས་དབང་བསྐུར༔ དབང་ཆེན་དབང་བསྐུར་གཉིས་མེད་བྱིན་གྱིས་རློབས༔ སྣོད་བཅུད་བདེ་ཆེན་ཞིང་གི་རང་བཞིན་དང༔ སྒྲུབ་རྫས་ཡེ་ཤེས་རོལ་མོར་འཆར་བར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་ཨཱ་ཡུར་མཎྜལ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ ཧྲཱིཾ་ཧྲཱིཾཿ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བྱིན་བསྡུ་གཉིས་མེད་བསྟིམ་པ་དང༔ བརྒྱད་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཕུན་ཚོགས་བདེ་ཆེན་ཞིང༔ རང་སྣང་ཀུན་བཟང་མཆོད་པའི་སྤྲིན༔ ཟག་མེད་ནམ་མཁའ་གང་བའི་ཚོགས༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར། སརྦ་ས་མ་ཡ་པཱུ་ཛ་ཛྙཱ་ན་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཞེས་སྔགས་རྣམས་ལན་གསུམ་རེ་བརྗོད་པས་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ་བདུན་གྱི། | ༄༅། །ན་མོ་གུ་རུ་ཨ་པ་རི་མི་ཏ་ཡེ། གཞོམ་བྲལ་ཚེ་དང་ཡེ་ཤེས་དཔག་མེད་ཅིང༌། །གཟི་བརྗིད་བཀོད་པའི་རྒྱལ་པོ་ཞེས་གྲགས་པ། །མཚན་ཐོས་ཙམ་གྱིས་དུས་ཀྱི་འཇིགས་འཕྲོག་པའི། རྒྱལ་བ་འོད་སྣང་མཐའ་ཡས་དེ་ལ་འདུད། །གང་དེའི་སྒྲུབ་ཐབས་བྱེ་བ་ཕྲག་བརྒྱ་ཡི། །ཡང་སྙིང་པདྨ་རྒྱལ་པོའི་ཐུགས་ཀྱི་ཐིག །ཤིན་ཏུ་ཟབ་མོ་དགོངས་པའི་གཏེར་བཅུད་ལས། །བྱུང་བའི་ཕྲིན་ལས་བྱང་བུ་བཀླགས་ཆོག་སྤེལ། །དེའང་ཚེ་སྒྲུབ་པདྨའི་སྙིང་ཐིག་གི་ནང་སྒྲུབ་ལྷ་བཅུ་བདུན་མའི་བསྙེན་སྒྲུབ་བྱ་བར་འདོད་པས་དཀྱིལ་འཁོར་འདི་ཉིད་དུ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས་ར་བ་བཞིའི་ཡར་ངོའི་གཟའ་སྐར་འཕྲོད་སྦྱོར་ལེགས་པར་དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་སྤྱན་སྔར་སྒྲུབ་མཆོད་དབང་བསྐུར་སོགས་དང་འབྲེལ་ན་རས་བྲིས་ཀྱི་དཀྱིལ་འཁོར་གཞུང་མཐུན་ནམ་འབྲུ་ཚོམ་བཀོད་པའི་ཁར་དབང་རྫས་སྒྲུབ་རྟེན་སོགས་འགོད། དཀྱུས་ཙམ་དུ་སྨན་རཀ་གཏོར་མཆོད་སོགས་དང་དཀར་བགེགས་བཤམས་ལ། སྒྲུབ་པ་པོ་བདེ་བའི་སྟན་ལ་འཁོད་དེ་ངེས་འབྱུང་གི་བློ་བསྐྱེད། བྱང་ཆུབ་ཀྱི་སེམས་བསྒོམ་ལ་ཆོ་གའི་ལས་རིམ་ལ་འཇུག་སྟེ། དེ་ལའང་སྔོན་འགྲོ། དངོས་གཞི། རྗེས་ཀྱི་ལས་རིམ་མོ། །སྔོན་འགྲོ་ལ་བརྒྱད་ལས། དང་པོ་སྐྱབས་སུ་འགྲོ་བའི་ཐོག་མར་ཚིག་བདུན་གསོལ་འདེབས་དང༌། མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་ཡིས༔ སོགས་དང༌། བརྒྱུད་འདེབས་འདོན། བསྙེན་པའི་ཉིན་དང་པོ་དང་སྒྲུབ་པའི་སྐབས། ཞིང་སྐྱོང་གཞི་བདག་ལ་བྱིན་རླབས་སྔོན་དུ་འགྲོ་བས། ཨ་ཀཱ་རོའི་སྔགས་དང༌། གང་དག་འདིར་གནས་ཀྱིས་དཀར་གཏོར་གསེར་སྐྱེམས་སྤྱི་ལྟར་འབུལ། སྐྱབས་འགྲོ་དངོས་ནི། མདུན་གྱི་ནམ་མཁར་བླ་མ་ཚེ་དཔག་མེད་སྐྱབས་ཡུལ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་དམིགས་ལ། ན་མོ༔ བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ མི་ཕྱེད་དད་དང་དང་བའི་བློས༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ཞེས་ལན་གསུམ། གཉིས་པ་སེམས་བསྐྱེད་ནི། དེ་ནས་གཞན་ཕན་མཆོག་གི་བློས༔ སྨོན་དང་འཇུག་པའི་བྱང་སེམས་བསྒོམ༔ ཧོཿ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ མ་རྟོགས་བདག་ཏུ་བཟུང་བའི་བློས༔ སྐྱེ་འཆི་མཚན་མའི་ཆོས་ལ་ཞེན༔ བསྒྲལ་ཕྱིར་སེམས་ཀྱིས་དམ་བཅའ་བཟུང༔ འགྲོ་ཀུན་བདག་གི་ཕ་མ་སྟེ༔ དེ་དག་བྱང་ཆུབ་འགོད་པའི་བློས༔ སྦྱིན་སོགས་ཕ་རོལ་ཕྱིན་པ་ཡི༔ རྒྱལ་སྲས་སྤྱོད་ལ་བསླབ་པར་བགྱི༔ ཞེས་སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་ལན་གསུམ་གྱི་མཐར། ཚད་མེད་བཞི་བསྒོམ་པ་ནི། སེམས་ཅན་བདེ་དང་མི་འབྲལ་ལྡན༔ སྡུག་བསྔལ་རྒྱུ་འབྲས་མཐའ་དག་ཞི༔ བདེ་དང་རྟག་ཏུ་མི་འབྲལ་བའི༔ རང་གཞན་ཕྱོགས་རིས་མེད་གནས་ཤོག༔ ཅེས་བརྗོད། གསུམ་པ་ཚོགས་བསགས་ཡན་ལག་བདུན་པ་འབུལ་བ་ནི། ཧོཿ ཕྱོགས་དུས་རྒྱལ་བ་སྲས་བཅས་དང༔ ཚེ་དཔག་མེད་མགོན་ཞབས་པདྨོར༔ ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་བླ་མེད་པའི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ཞིང་བཤགས༔ ཚོགས་གཉིས་སྤྱོད་ལ་རྗེས་ཡི་རང༔ ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ༔ གཞན་དོན་སངས་རྒྱས་མྱུར་འགྲུབ་ཤོག༔ ལན་གསུམ། བཛྲ་མུཿ ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར༔ བཞི་པ་བགེགས་ལ་བཀའ་བསྒོ་ཞིང་མཚམས་གཅོད་པ་ནི། གཏོར་མ་ལས་ཆུས་བྲན་ཏེ། རང་ཉིད་སྐད་ཅིག་གིས་པདྨ་དབང་ཆེན་རྟ་མཆོག་རོལ་པའི་སྐུར་གྱུར༔ རྃ་ཡྃ་ཁྃ། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཧ་ཧོ་ཧྲཱིཿས་རྒྱས་པར་སྤེལ། ཨོཾ་སརྦ་བྷཱུ་ཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་དགུག །ཨོཾ་སརྦ་བིགྷྣཱཾ་ན་མཿ སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བསྔོས་ལ། ཧྲཱིཿ ང་ནི་དབང་ཆེན་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་རྗེ་བཙན་ཏེ༔ ཚེ་བདུད་ལོག་འདྲེན་བར་ཆད་བདུད༔ བསྙེན་པའི་སྐབས། སྔོན་གྱི་བག་ཆགས་ངན་པ་ཡིས༔ གསང་སྤྱོད་ལྟ་བའི་སྐབས་མེད་ཕྱིར༔ གནས་འདིར་མ་འདུག་གཞན་དུ་སོང༔ ཞེས་ཁ་བསྒྱུར། སྔོན་གྱི་ལན་ཆགས་སྦྱང་བའི་ཕྱིར༔ འདོད་ཡོན་གླུད་གཏོར་འདི་སྦྱིན་གྱིས༔ ཚིམ་པར་གྱིས་ལ་གཞན་དུ་སོང༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ དབང་གི་རྒྱལ་པོའི་ཏིང་ངེ་འཛིན༔ འབར་བའི་བརྟུལ་ཞུགས་རོལ་བ་ཡི༔ ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས༔ བརླག་པར་འགྱུར་གྱིས་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིར༔ ཕྱོགས་བཅིངས་སྲུང་བའི་མཚམས་བཅད་ཕྱིར༔ ཧྲཱིཿ སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ སྣང་གྲགས་རིག་པ་སྐུ་གསུང་ཐུགས༔ གཉིས་སུ་མེད་པའི་དཀྱིལ་འཁོར་ཏེ༔ ཀུན་ཀྱང་འབར་བའི་ཕྱག་རྒྱར་ཤར༔ བགེགས་དང་བར་ཆད་མིང་ཡང་མེད༔ མི་ཤིགས་རྡོ་རྗེ་འཁོར་ལོ་དང༔ རིན་ཆེན་པདྨ་རྒྱ་གྲམ་གྱི༔ གུར་ཁང་འབར་བས་ཕྱོགས་མཚམས་གཏམས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཛྙཱ་ན་བཛྲ་ཙཀྲ་རཏྣ་པདྨ་ཁངྒ་རཀྵ་རཀྵ་བྷྲཱུྃ་བྷྲཱུྃ་བྷྲཱུྃཿ ལྔ་པ་འཁོན་གཅུགས་བཤགས་པས་སྦྱང་བ་ནི༔ ཧོཿ ཚེ་ཡི་ལྷ་ཚོགས་མ་ལུས་པ༔ ཐུགས་རྗེ་བརྩེ་བས་དགོངས་སུ་གསོལ༔ བདག་ནི་མ་རིག་འཁྲུལ་པ་ཡི༔ ལས་དང་ཉོན་མོངས་གཞན་དབང་ཅན༔ སྲིད་པ་འཁོར་བའི་ལས་བསགས་པ༔ མི་དགེ་ཉེས་པར་བྱས་པའི་ནོངས༔ སྙིང་ནས་གདུང་བས་མཐོལ་བཤགས་ཀྱིས༔ བཟོད་པར་བཞེས་ལ་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་ཡང་ཡང་བརྗོད༔ དྲུག་པ་དམ་བཅའ་སྡོམ་པ་བཟུང་བ་ནི༔ ཨོཾ༔ ཡེ་ཤེས་སྤྱན་ལྡན་རྣལ་འབྱོར་དབང༔ ཐུགས་རྗེའི་དབང་བསྒྱུར་བཅོམ་ལྡན་འདས༔ སྲིད་གསུམ་འགྲོ་བའི་གཉེན་གཅིག་པུ༔ བདག་ལ་དགྱེས་པས་བཞུགས་སུ་གསོལ༔ མཐའ་ཡས་སེམས་ཅན་མ་ལུས་པའི༔ དོན་དུ་ཡང་དག་ལམ་འདོད་པས༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་བསླབ་པ་ལ༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ རང་བཞིན་ལྟ་བའི་དམ་ཚིག་ལས༔ ནམ་ཡང་འགལ་བར་མི་བགྱིད་ཅིང༔ ཡང་དག་ངེས་པའི་གསང་བ་ཡི༔ བླ་མེད་རྒྱལ་པོའི་དམ་ཚིག་གི༔ རིམ་པ་ཡལ་བར་མི་འདོར་བའི༔ རྡོ་རྗེའི་དམ་བཅའ་གཉན་པོ་བཟུང༔ བཛྲ་ས་མ་ཡ་ཧོཿ བདུན་པ་རྡོ་རྗེའི་བྱིན་ཆེན་དབབ་པའི་ཕྱིར༔ སྤོས་དང་བཤུགས་གླུའི་བརྡས་བསྐུལ་ཞིང༔ མདའ་དར་གཡབ་ལ་རོལ་མོ་བརྡུང༔ གདུང་ཤུགས་ཏིང་འཛིན་མི་གཡེལ་བས༔ སྒྲུབ་མཆོད་སོགས་ཀྱི་སྐབས་འཇམ་མགོན་བླ་མའི་དགོངས་གཏེར་བྱིན་འབེབས་ཡེ་ཤེས་མཆོག་སྩོལ་ཀྱང་སྦྱར་ན་ལེགས། ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་བདེ་ཆེན་བརྡལ་བ་ཆེ༔ ལྷུན་གྲུབ་རོལ་པ་བཅོམ་ལྡན་སྣང་མཐའ་ཡས༔ རིག་སྟོང་ཡེ་ཤེས་ཆོས་སྐུའི་ལྷ་ཚོགས་ཀྱིས༔ གཉིས་མེད་མཉམ་པ་ཆེན་པོར་བྱིན་ཕོབ་ཅིག༔ ཁ་སྦྱོར་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ནས༔ གསུང་གི་རྡོ་རྗེ་འཆི་མེད་ཚེ་ཡི་ལྷ༔ རང་སྣང་ཁྱབ་བརྡལ་ལོངས་སྐུའི་ལྷ་ཚོགས་ཀྱིས༔ སྣང་སྲིད་དཀྱིལ་འཁོར་རྫོགས་པའི་བྱིན་ཕོབ་ཅིག༔ སྣོད་བཅུད་དག་པའི་འཁོར་ལོའི་ཕོ་བྲང་ནས༔ འགྲོ་འདུལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལྷ༔ ཏིང་འཛིན་སྒྱུ་མར་རོལ་པའི་ཆོ་འཕྲུལ་གྱིས༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བྱིན་ཕོབ་ཅིག༔ བྱིན་ཆེན་བྱིན་ཕོབ་སྐུ་གསུང་ཐུགས་དབང་བསྐུར༔ དབང་ཆེན་དབང་བསྐུར་གཉིས་མེད་བྱིན་གྱིས་རློབས༔ སྣོད་བཅུད་བདེ་ཆེན་ཞིང་གི་རང་བཞིན་དང༔ སྒྲུབ་རྫས་ཡེ་ཤེས་རོལ་མོར་འཆར་བར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་ཨཱ་ཡུར་མཎྜལ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ ཧྲཱིཾ་ཧྲཱིཾཿ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བྱིན་བསྡུ་གཉིས་མེད་བསྟིམ་པ་དང༔ བརྒྱད་པ་མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཕུན་ཚོགས་བདེ་ཆེན་ཞིང༔ རང་སྣང་ཀུན་བཟང་མཆོད་པའི་སྤྲིན༔ ཟག་མེད་ནམ་མཁའ་གང་བའི་ཚོགས༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར། སརྦ་ས་མ་ཡ་པཱུ་ཛ་ཛྙཱ་ན་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཞེས་སྔགས་རྣམས་ལན་གསུམ་རེ་བརྗོད་པས་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ་བདུན་གྱི། དང་པོ་ལྷ་ཡི་ས་མ་དྷི༔ རྩེ་གཅིག་ཡིད་ཀྱིས་བསྒོམ་པ་ནི༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾཿ འཁོར་འདས་ཆོས་ཀུན་དབྱིངས་ཀྱི་ངང༔ རྣམ་པར་ཐར་པ་སྒོ་གསུམ་གྱི༔ ཡེ་ཤེས་ཆེན་པོའི་རང་བཞིན་དུ༔ གདོད་ནས་དག་པའི་ཆོས་སུ་གནས༔ ཏིང་འཛིན་དེ་ཡི་ངང་ཉིད་ལས༔ མ་རྟོགས་འཁྲུལ་པའི་སེམས་ཅན་རྣམས༔ དག་པ་ཆེན་པོར་བསྒྲལ་བའི་ཕྱིར༔ སྙིང་རྗེ་སྒྱུ་མ་ཁྱབ་པར་བརྡལ༔ ཟུང་འཇུག་མཆོག་གི་ཡེ་ཤེས་ནི༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་དབྱིངས༔ རང་བྱུང་ལྷུན་གྲུབ་ས་བོན་ཆེ༔ ཡི་གེ་ཧྲཱིཿཡིག་མཁའ་ལ་ཤར༔ དེ་ལས་ཨེ་ཡྃ་རྃ་སུྃ་དང༔ རྃ་དང་བྷྲཱུྃ་ཆད་ཡོངས་གྱུར་ལས༔ ནམ་མཁའ་རླུང་མེ་ས་རི་རབ༔ མེ་སྟེང་རྡོ་རྗེའི་རྡུལ་འཐས་པར༔ པདྨ་རྒྱ་གྲམ་ཡངས་པའི་སྟེང༔ རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ཕྱི་གསལ་ནང་གསལ་འོད་ཟེར་འབར༔ མདོག་ལྔའི་རྩིག་པ་ཡིད་དུ་འོང༔ ཕ་གུ་དྲྭ་ཕྱེད་མཛེས་པས་སྤྲས༔ མདའ་ཡབ་པུ་ཤུ་ཏོག་གིས་བརྗིད༔ འདོད་སྣམ་ལྷ་མོའི་མཆོད་སྤྲིན་སྤྲོ༔ ཡེ་ཤེས་སྣང་བ་བསམ་མི་ཁྱབ༔ སྒོ་བཞི་རྒྱུ་འབྲས་རྟ་བབས་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་ཀྱིས་བརྒྱན༔ ངོ་མཚར་རྒྱན་གྱི་བཀོད་པའི་ཚོགས༔ བློ་ལས་འདས་པའི་ཆོ་འཕྲུལ་ཤར༔ ས་མ་ཡ་མཎྜལ་བྷྲཱུྃ༔ ཕོ་བྲང་དེ་ཡི་ལྟེ་བ་ལ༔ པདྨ་རིན་ཆེན་རྨ་བྱའི་ཁྲི༔ འདབ་སྟོང་གེ་སར་ཟླ་བའི་སྟེང༔ ས་བོན་བབས་པ་ཡོངས་གྱུར་ལས༔ འཕྲོ་འདུས་བརྟན་གཡོའི་དྭངས་མ་བསྡུས༔ འོད་ཞུ་པདྨ་རཱ་ག་ཡི༔ རྡོ་རྗེ་རྩེ་ལྔ་འོད་འབར་བའི༔ ཕྱག་མཚན་ཡོངས་སུ་གྱུར་པ་ལས༔ འཆི་མེད་མགོན་པོ་སྣང་མཐའ་ཡས༔ གསུང་གི་རྡོ་རྗེ་ཚེ་དཔག་མེད༔ དམར་གསལ་མཚན་དཔེའི་གཟི་བྱིན་འབར༔ ལོངས་སྤྱོད་རྫོགས་པའི་རྒྱན་ཆས་མཛེས༔ ཞི་འཛུམ་གཞོན་ནུའི་ངང་ཚུལ་ཅན༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ཕྱག་གཉིས་མཉམ་བཞག་ཕྱག་རྒྱའི་སྟེང༔ འཆི་མེད་ཚེ་ཡི་བུམ་པ་བསྣམས༔ པང་དུ་རང་འོད་གོས་དཀར་མོ༔ དམར་གསལ་གཞོན་ནུ་མ་ཡི་གཟུགས༔ གཅེར་བུ་རུས་པའི་ཕྱག་རྒྱ་ཅན༔ པད་ཕྲེང་ཚེ་ཡི་བུམ་པ་འཛིན༔ གཉིས་མེད་འཁྲིལ་སྦྱོར་བདེ་བས་དགྱེས༔ འོད་ཀྱི་ཕུང་པོ་འབར་བ་ལས༔ ཕོ་ཉ་མགྱོགས་མ་འཕྲོ་ཞིང་འདུ༔ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ ཧཱུྃ་ཏྲཱྃ་ཨོཾ་ཨཱཿཡབ་ཀྱི་སྙིང༔ མཱུྃ་ལཱྃ་མཱྃ་ཏཱྃ་ཡུམ་གྱི་སྙིང༔ ཟུང་རེ་འཕྲོས་པ་ཕྱོགས་བཞིར་བབས༔ ཤར་དུ་མི་བསྐྱོད་ཚེ་དཔག་མེད༔ མཱ་ཀི་ཡུམ་དང་བཅས་པ་མཐིང༔ ལྷོ་རུ་རིན་འབྱུང་ཚེ་དཔག་མེད༔ སྤྱན་མ་ཡུམ་དང་བཅས་པ་སེར༔ ནུབ་ཏུ་རྣམ་སྣང་ཚེ་དཔག་མེད༔ དབྱིངས་ཕྱུག་ཡུམ་དང་བཅས་པ་དཀར༔ བྱང་དུ་དོན་གྲུབ་ཚེ་དཔག་མེད༔ སྒྲོལ་མ་ཡུམ་དང་བཅས་པ་ལྗང༔ ཀུན་ཀྱང་ཆ་ལུགས་གཙོ་དང་མཚུངས༔ མཉམ་བཞག་ཕྱག་རྒྱས་ཚེ་བུམ་འཛིན༔ ཡུམ་རྣམས་པད་ཕྲེང་བུམ་པ་བཅས༔ བདེ་སྟོང་སྦྱོར་བའི་ཆོ་འཕྲུལ་མཛེས༔ ཚེ་བདག་རིགས་བཞིའི་གཡས་ཀྱི་ཟུར༔ རྡོ་རྗེ་སྒེག་མོ་སྐུ་མདོག་དཀར༔ རྡོ་རྗེ་ཕྲེང་བ་མཐིང་ལ་མཛེས༔ རྡོ་རྗེ་གླུ་མ་དམར་མོ་སྒེག༔ རྡོ་རྗེ་གར་མ་ལྗང་ཁུའི་མདོག༔ ལོངས་སྤྱོད་རྫོགས་པའི་གཞོན་ཚུལ་གྱིས༔ ཕྱེད་སྐྱིལ་ཚེ་ཡི་བུམ་པ་འཛིན༔ གཡོན་གྱི་ཟུར་བཞིར་མགྱོགས་མ་བཞི༔ དཀར་མཐིང་དམར་ལྗང་ལྷ་མོའི་ཆས༔ པདྨའི་སྐྱིལ་ཀྲུང་ཚེ་བུམ་ཅན༔ ཀུན་ཀྱང་པད་ཟླའི་སྟེང་ན་བཞུགས༔ སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་མ༔ ཞགས་པ་ལྕགས་སྒྲོག་དྲིལ་བུ་ཅན༔ ཕྱག་རྒྱ་བཞི་དང་མདའ་དར་འཛིན༔ བརྐྱང་བསྐུམ་གར་གྱིས་པད་ཉིར་བཞེངས༔ བར་མཚམས་ཚེ་ཡི་རིག་འཛིན་དང༔ འཆི་མེད་ཡེ་ཤེས་ལྷ་ཡི་ཚོགས༔ ཉི་ཟེར་རྡུལ་གྱི་ཕུང་པོ་བཞིན༔ བསམ་ཡས་བཀོད་པ་འཕྲོ་ཞིང་འདུ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གི་འབྲུས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ སྤྱི་བོའི་གནས་ལྔར་ས་བོན་ལྔ༔ ཡོངས་གྱུར་རིགས་ལྔའི་ཆོ་འཕྲུལ་གྱི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ དབང་བསྐུར་རིགས་ཀྱི་འཁོར་ལོས་བསྒྱུར༔ སྣང་མཐའ་ཡས་པའི་རྒྱས་བཏབ་སྟེ༔ དཀྱིལ་འཁོར་ཆེན་པོ་རྫོགས་པར་གྱུར༔ བཛྲ་ཛྙཱ་ན་ཀཱ་ཡ་ཨོཾ༔ བཛྲ་ཛྙཱ་ན་ཝཱཀ་ཨཱཿ བཛྲ་ཛྙཱ་ན་ཙིཏྟ་ཧཱུྃ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཿ ཨ་བྷི་ཥིཉྩ་མི༔ གཉིས་པ་ཡེ་ཤེས་འཁོར་ལོ་སྤྱན་དྲངས་པ༔ ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཞིང༔ པདྨ་སྒྱུ་འཕྲུལ་དྲྭ་བ་ཡི༔ བཀོད་པའི་ཆོ་འཕྲུལ་བསམ་ལས་འདས༔ ཡེ་ཤེས་ལྷ་ཚོགས་གཤེགས་སུ་གསོལ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ འཆི་མེད་རྔ་སྒྲ་པདྨའི་རིགས༔ འོད་སྣང་མཐའ་ཡས་དཀྱིལ་འཁོར་ལྷ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ རིགས་ལྔ་བསམ་ཡས་བཀོད་པའི་ཚོགས༔ གསུང་གི་རྡོ་རྗེ་གར་གྱི་དབང༔ འཆི་མེད་རིག་འཛིན་མཁའ་འགྲོ་བཅས༔ རྩ་གསུམ་ལྷ་ཚོགས་གཤེགས་སུ་གསོལ༔ སྒྲུབ་པའི་གནས་འདིར་གཤེགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དབང་ཆེན་བསྐུར༔ བྱིན་གྱིས་རློབས་ལ་བར་ཆད་སོལ༔ ཚེ་བདུད་འགལ་རྐྱེན་ཞི་བ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུཛྙཱ་ན་མཎྜ་ལ་ས་མ་ཡ་ཛཿཛཿ མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭྃཿ གསུམ་པ་བཞུགས་སུ་གསོལ་བ་ནི། ཧྲཱིཿ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ དམ་ཚིག་ཐུགས་རྗེས་བརྩེར་དགོངས་ལ༔ ཏིང་འཛིན་བཀོད་པའི་དཀྱིལ་འཁོར་འདིར༔ གཉིས་སུ་མེད་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ བཞི་པ་ཕྱག་མཆོད་བསྟོད་པའི་རིམ་པ་ནི། ཧྲཱིཿ བདེ་ཆེན་འོད་འབར་ཆོས་ཀྱི་སྐུ༔ ལོངས་སྤྱོད་ཡོངས་རྫོགས་འཆི་མེད་ལྷ༔ དཀྱིལ་འཁོར་རྒྱ་མཚོའི་ཚོགས་བཅས་ལ༔ མི་ཕྱེད་གུས་པས་བརྡ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿ རང་ལས་ཤར་བའི་ཕྱག་རྒྱ་མོས༔ ཀུན་བཟང་མཆོད་པའི་ཚོགས་དཔག་ཡས༔ ནམ་མཁའ་གང་བ་རབ་སྤྲོས་ཏེ༔ ཡང་དག་མཆོད་ཅིང་བསྟོད་པར་བསམ༔ མཆོད་པ་རྒྱས་ན་འདི་དང་འདོད་ཡོན་ལྔ་མཆོད་གཉིས་ཚིག་རྐང་སོ་སོར་ཁ་ཕྲལ་ཡང་རུང་བས་ཟུར་བྱང་ལྟར་བྱ། ཧྲཱིཿ དག་པའི་ཞིང་ཁམས་རབ་འབྱམས་ནས༔ ཡིད་འོང་ཀུན་བཟང་མཆོད་པའི་རྫས༔ དྲི་མེད་ལྷ་ཡི་མཆོད་ཡོན་སྦྲེངས༔ དག་གཙང་ཞབས་བསིལ་རྒྱ་མཚོར་བསྐྱིལ༔ བཀོད་མཛེས་མེ་ཏོག་ཆར་དུ་འབེབས༔ ཀུན་ཁྱབ་སྤོས་ཀྱི་སྤྲིན་ལྡིང་ཞིང༔ སྣང་གསལ་འོད་ཀྱི་ཕྲེང་བ་བསྟར༔ དྲི་བཟང་བྱུག་པའི་ཚོགས་འགྱེད་དེ༔ ཚིམ་བྱེད་ལྷ་ཡི་ཞལ་གྱི་ཟས༔ དབྱངས་སྙན་རོལ་མོའི་སྒྲ་དང་བཅས༔ དངོས་དང་ཏིང་འཛིན་ལས་བྱུང་བ༔ འབུལ་གྱི་བཞེས་ལ་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཡུ་དེ་ཝ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷྃ་ནས་ཤབྡ་པཱུ་ཛ་ཨཱཿཧཱུྃ༔ ཧྲཱིཿ ཡིད་དུ་འོང་བའི་གཟུགས་ཀྱི་ཚོགས༔ རྡོ་རྗེ་སྒེག་མོའི་ཕྱག་རྒྱར་འབུལ༔ སྙན་འཇེབས་སྒྲ་ཡི་དབྱངས་མཐའ་དག༔ རྡོ་རྗེ་གླུ་མའི་དབྱངས་སུ་སྟོབ༔ སྦྱར་དང་ལྷན་ཅིག་སྐྱེས་པའི་དྲི༔ རྡོ་རྗེ་དྲི་མའི་ཚོགས་སུ་འབུལ༔ ཕུན་ཚོགས་ལྷ་ཡི་ཟས་ཀྱི་བཅུད༔ རྡོ་རྗེ་རོ་མའི་ཕྱག་རྒྱ་ཆེ༔ རེག་འཇམ་ལྷ་རྫས་ན་བཟའ་ཡང༔ རྡོ་རྗེ་རེག་བྱ་མར་སྤྲུལ་ཏེ༔ ཀུན་ཀྱང་ཆོས་ཀྱི་དབྱིངས་ཁྱབ་པའི༔ བདེ་ཆེན་མཆོད་པ་ཆེན་པོ་ཡང༔ རང་བྱུང་རང་ཤར་ཚུལ་གྱིས་འབུལ༔ བཞེས་ནས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཧཱུྃ༔ ཧྲཱིཿ དུག་ལྔའི་ནད་སེལ་སྨན་གྱི་མཆོག༔ རྩ་བ་བརྒྱད་ལ་ཡན་ལག་སྟོང༔ རིགས་ལྔ་རྒྱལ་བ་སྒྲུབ་པའི་རྫས༔ དམ་ཚིག་ལོངས་སྤྱོད་ཆེན་པོར་འབུལ༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ བརྒྱུད་པའི་མཚན་དོན་སྦྱར། ཧྲཱིཿ རྒྱུད་དྲུག་བསྒྲལ་བ་རཀྟའི་བཅུད༔ དམར་གྱི་རྦ་རླབས་མཁའ་ལ་འཕྱོ༔ འཁོར་བ་སྟོངས་པའི་ཡེ་ཤེས་ཕུད༔ གཱིརྟིའི་གསང་བའི་མཁའ་ལས་འབེབས༔ མ་ཧཱ་རཀྟ་ཁཱ་ཧི༔ ཧྲཱིཿ འདོད་ཡོན་ལྔ་ལྡན་བ་ལིཾ་ཏ༔ ཟེགས་མ་མཆོད་པའི་སྤྲིན་ཕུང་འཕྲོ༔ སྣོད་བཅུད་ཡོངས་རྫོགས་ཆེན་པོ་འདི༔ དཀྱིལ་འཁོར་ལྷ་ལ་བདག་གིས་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱིཿ གཟུང་འཛིན་རུ་ཏྲའི་ཚོགས་བསྒྲལ་ཞིང༔ བདེ་ཆེན་སྦྱོར་བས་དགྱེས་པའི་དཔལ༔ མཆོད་དང་མཆོད་བྱ་གཉིས་སུ་མེད༔ མཉམ་པའི་མཆོད་པ་དམ་པ་བཞེས༔ བཛྲ་ཏ་ན་ག་ཎ་པཱུ་ཛ་ཧོ༔ ཧྲཱིཿ འཆི་བདག་ལ་སོགས་བདུད་བཞི་འཇོམས་པའི་ལྷ༔ གསུང་གི་རྡོ་རྗེ་མགོན་པོ་ཚེ་མཐའ་ཡས༔ འཆི་མེད་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཆེ༔ བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ༔ སྐུ་མདོག་དམར་གསལ་བྱེ་རུའི་ལྷུན་པོ་ལྟར༔ མཚན་དཔེའི་གཟི་བྱིན་རྒྱས་པའི་སྣང་བ་ཅན༔ གར་གྱི་དབང་ཕྱུག་འོད་སྣང་ཕ་མཐའ་ཡས༔ འཇིག་རྟེན་གསུམ་གྱི་མགོན་པོར་ཕྱག་འཚལ་བསྟོད༔ ཟབ་ཅིང་རྒྱ་ཆེ་རྨད་བྱུང་ཚངས་པའི་དབྱངས༔ ངོ་མཚར་ཐེག་པའི་ཆོས་སྒོ་སྣ་ཚོགས་སྟོན༔ མཐའ་ཡས་གདུལ་བྱ་འདུལ་བའི་ཆོ་འཕྲུལ་ཅན༔ མཚུངས་མེད་འདྲེན་པ་དེ་ལ་ཕྱག་འཚལ་བསྟོད༔ སྨྲ་བསམ་བརྗོད་མེད་ཆོས་སྐུ་དེ་བཞིན་ཉིད༔ ནམ་ཡང་མི་གཡོ་འོད་གསལ་ཆེན་པོའི་ཐུགས༔ ཤེས་བྱ་ཀུན་གཟིགས་འགྲོ་ལ་བརྩེ་བས་དགོངས༔ ཡེ་ཤེས་རྒྱ་མཚོ་མངའ་ལ་ཕྱག་འཚལ་བསྟོད༔ ཟག་མེད་ཡོན་ཏན་ཡོངས་སུ་རྫོགས་པ་ཡི༔ མངའ་དབང་ཆེན་པོས་དོན་གཉིས་ལྷུན་གྱིས་གྲུབ༔ བདེ་ཆེན་ཞིང་གི་སྟོན་པ་རྒྱལ་ཀུན་གཙོ༔ འགྲོ་བའི་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ མཚན་ཐོས་ཙམ་གྱིས་ངན་སོང་དུས་མིན་འཆི༔ འཇོམས་མཛད་ཐུགས་བསྐྱེད་ཆེན་པོའི་གོ་ཆ་ཅན༔ སྲིད་ཞིའི་འཇིགས་པ་འཕྲོག་མཛད་དཔའ་བོ་ཆེ༔ དོན་གཉིས་ལྷུན་གྲུབ་མཆོག་ལ་ཕྱག་འཚལ་བསྟོད༔ ཆོས་ཉིད་གཅིག་ལ་བཟང་ངན་མཚན་བྲལ་ཡང༔ གདུལ་བྱ་འདུལ་ཕྱིར་གང་འདུལ་ཐུགས་རྗེའི་སྐུ༔ བདེ་སྟོང་སྒྱུ་མར་རོལ་པའི་ཕྲིན་ལས་ཅན༔ འཁོར་དང་བཅས་ལ་གུས་པས་བསྟོད་པར་བགྱི༔ ལྔ་པ་ཛཔ་བཟླས་ནི། དབང་དང་སྒྲུབ་མཆོད་སོགས་ཀྱི་སྐབས་ཛཔ་ཁང་དབྱེ་དགོས་པས། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཨཱ་ཡུ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜལ་བྷྲཱུྃ༔པྲ་ཝེ་ཤ་ཡ་ཕཊ྄་ཛཿ བདག་ཉིད་ལས་མདུན་རྟེན་དུ་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་གཉིས་པ་ཕྱེ་སྟེ་མེ་རི་འདབས་འབྱོར་དུ་བཞུགས་པར་གྱུར་བསམ་ལ་ཛཔ་བསྐུལ་ནི། ཧཱུྃ་ཧྲཱིཿ ཚེ་དཔག་མེད་མགོན་ལྷ་ཚོགས་དབྱིངས་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཛཔ་སྒྲ་སྒྲོགས༔ སྣང་སྟོང་སྐུ་ཡི་ཕྱག་རྒྱས་སྟོང་གསུམ་གང༔ གྲགས་སྟོང་གསུང་གི་ཛཔ་དབྱངས་འབྲུག་ལྟར་ལྡིར༔ རིག་སྟོང་ཐུགས་ཀློང་འོད་གསལ་ངང་དུ་གནས༔ ལྷ་རྣམས་ཐམས་ཅད་བདེ་བའི་གར་གྱིས་རོལ༔ སྔགས་རྣམས་རྩོལ་མེད་རྡོ་རྗེའི་གླུ་ཡིས་བསྐུལ༔ ཐུགས་ནི་སྒྲོལ་མཛད་ཡེ་ཤེས་སྲོག་དང་བཅས༔ མ་གསལ་བར་དུ་བསྐྱེད་ཅིང་བཟླས་པར་འབད༔ མ་གྲུབ་བར་དུ་དགོངས་པ་མི་གཏང་གསོལ༔ མ་གཡེལ་ཐུགས་དམ་ཆེན་པོའི་དུས་ལ་བབས༔ བསྙེན་སྒྲུབ་རྣམ་བཞི་སྟན་ཐོག་འདི་ཉིད་དུ༔ མཐར་ཕྱིན་དཀྱིལ་འཁོར་བདག་པོར་འགྲུབ་པར་མཛོད༔ གསང་སྔགས་བཟླས་པའི་ཏིང་འཛིན་གྱིས༔ དངོས་གྲུབ་གནད་ལ་ངེས་པར་བསྐུལ༔ བསྙེན་པ་སྒྲུབ་པའི་ལས་སྦྱོར་བས༔ སྤྲོ་བསྡུའི་རིམ་པ་འདི་ལྟར་བྱ༔ བདག་ཉིད་གཙོ་བོའི་ཐུགས་ཀ་རུ༔ ཛཔ་ཁང་ཕྱེས་ན། བདག་མདུན་ཞེས་བསྒྱུར། མཆན། ཉི་ཟླའི་གྭ་འུ་འོག་རྒྱ་གྲམ༔ ནང་དུ་སྲོག་གི་སྙིང་པོ་ཧྲཱིཿ དམར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ དྭངས་མའི་འོད་ཟེར་མཁའ་ཁྱབ་འཕྲོས༔ འཕགས་མཆོད་ཚོགས་གཉིས་རྫོགས་པར་བྱས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི༔ དྭངས་མ་བདུད་རྩིའི་ཆར་དུ་བྱུང༔ ལུས་གང་ཡེ་ཤེས་གཟི་བྱིན་འབར༔ སླར་ཡང་མཁའ་ཁྱབ་འོད་ཟེར་གྱིས༔ མཐའ་ཀླས་སེམས་ཅན་མ་རིག་པས༔ འགྲོ་ཀུན་སྐྱེ་འཆིའི་སྡུག་བསྔལ་སོགས༔ སྲིད་པའི་རྒྱུ་འབྲས་ཐམས་ཅད་སྦྱངས༔ ཀུན་ཀྱང་ལྷ་ཡི་འཁོར་ལོར་སད༔ ཕྱི་སྣོད་འབྱུང་བ་ལྔའི་དྭངས་མ༔ ནང་བཅུད་སྐྱེ་འགྲོའི་ཚེ་དཔལ་ཀུན༔ འོད་ཀྱིས་བདུད་རྩིའི་རྣམ་པ་ཀུན༔ བསྡུས་ཏེ་སླར་ཡང་སྐུ་ལ་ཐིམ༔ མ་དག་ཕུང་ཁམས་སྐྱེ་མཆེད་ཀྱི༔ རྩ་རླུང་ཐིག་ལེ་ཀུན་ཁྱབ་སྟེ༔ དྭངས་མའི་རྡོ་རྗེ་གསུམ་དུ་གྱུར༔ གཞོམ་གཞིག་བྲལ་བ་གཉུག་མའི་སྲོག༔ ཡེ་ཤེས་ཕྱག་རྒྱ་ཆེ་གྲུབ་གྱུར༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཨཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་ཨོཾ༔ །འབུམ་ཕྲག་བཞི་བཟླས་ཏིང་འཛིན་གྱི༔ དངོས་གྲུབ་སྒོ་རྙེད་གདོན་མི་ཟ༔ ས་མ་ཡ༔ བསྙེན་པའི་རྣལ་འབྱོར་ལས་རུང་པས༔ སྒྲུབ་པའི་རིམ་པ་དག་ལ་འཇུག༔ གཙོ་བོ་རིགས་ལྔའི་ཐུགས་ཀར་རྒྱ་གྲམ་སྟེང༔ ཉི་ཟླའི་གྭ་འུར་རང་སྲོག་ས་བོན་མཐར༔ སྔགས་ཀྱི་ཕྲེང་བ་གཡས་སུ་བསྐོར་བ་ལས༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་མཐའ་དག་སྒྲུབ༔ ཁྱད་པར་རིགས་ལྔའི་ཡེ་ཤེས་ཚེ་ཡི་བཅུད༔ འབྱུང་ལྔའི་དྭངས་མ་བསྡུས་ཐིམ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་སྤྲིན༔ གཉིས་སུ་མེད་པའི་ངོ་བོར་བྱིན་རླབས་གྱུར༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཨཱ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་ཨོཾ༔ འབུམ་ཕྲག་བཞི་བཟླས་རྣལ་འབྱོར་ལ༔ བརྩོན་པས་ཚེ་ཡི་དངོས་གྲུབ་ཐོབ༔ འདིར་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཀྱང་བཟླ། གྲངས་བསྙེན་གྱི་དབང་དུ་བྱས་ནས་འབུམ་ཕྲག་གཅིག་བཟླ། བསྙེན་དང་སྒྲུབ་པས་ལྷ་ཉིད་དང༔ སྐལ་བ་མཉམ་ཚེ་ལས་ལ་སྦྱོར༔ གཙོ་འཁོར་ཡོངས་རྫོགས་ཐུགས་ཀྱི་འོད༔ སྒོ་མ་བཞི་བསྐུལ་ཕོ་ཉའི་ཚོགས༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ ཚེ་བདུད་བར་ཆད་གཟུང་འཛིན་ཞི༔ བསོད་ནམས་ལོངས་སྤྱོད་དྭངས་མ་འཕེལ༔ དྭངས་མས་རླུང་སེམས་དབང་དུ་བསྡུས༔ བདུད་བགེགས་ཚོགས་བསྒྲལ་ཐུན་མོང་དང༔ ཁྱད་པར་ལས་བཞི་ལྷུན་གྲུབ་གྱུར༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཛཿཤཱནྟིཾ་ཀུ་རུ་ཧཱུྃ༔ ཧཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ བྃ་ཝ་ཤཏྟ་ཀུ་རུ་ཧོཿ ཧོ་མཱ་ར་ཡ་ཕཊ྄༔ འབུམ་རེས་ལས་འགྲུབ་གདོན་མི་ཟ༔ བུམ་བཟླས་དགོས་ན་སྤྱི་འགྲིགས་ལྟར་སྦྱར་ལ་གཟུངས་ཐག་འཛིན་པས་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་བཟླ། ལས་བུམ་རྟ་མགྲིན་བསྐྱེད་བཟླས་ཟུར་གསལ་ལྟར་སྦྱར། དྲུག་པ་ཚེ་འགུགས་པ་ནི། བདག་མདུན་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བྱིན་རླབས་ཀྱི་གཟི་བྱིན་འབར། རང་དང་བསྒྲུབ་བྱའི་བླ་ཚེ་ཆད་ཉམས་ཡར་བ་དང༌། བརྟན་གཡོ་འཁོར་འདས་ཀྱི་ཚེ་བཅུད་མ་ལུས་པ་འཆི་མེད་བདུད་རྩིའི་རྣམ་པར་སྤྱན་དྲངས། བདག་དང་བསྒྲུབ་བྱ་རྟེན་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེ་ཡི་དངོས་གྲུབ་ཐོབ་ཅིང་ནུས་པ་དང་ལྡན་པར་གྱུར། ཅེས་དམིགས་ཤིང་མདའ་དར་གཡབ་ལ། ཧྲཱིཿ དཀར་མོ་མགྱོགས་མ་རྡོ་རྗེ་རིགས་ཀྱི་ཡུམ༔ ཞི་བའི་ལས་མཛད་མདའ་དར་ཚེ་བུམ་བསྣམས༔ རང་འདྲའི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགེངས༔ ཤར་ཕྱོགས་སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀྱི༔ བརྟན་གཡོའི་དཔལ་དང་ཚེ་བསོད་དྭངས་མའི་ཚོགས༔ ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཡར་བ་ཁུག༔ སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་འཕྲོགས་པ་ཁུག༔ བྱད་ཕུར་གདོན་གྱིས་གཟིར་དང་ཉམས་པ་ཁུག༔ ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཀུན་ནས་ཁུག༔ བསྒྲུབ་བྱའི་ལུས་ངག་ཡིད་ལ་གཉིས་མེད་བསྟིམ༔ རྡོ་རྗེ་ཚེ་མཆོག་གྲུབ་པའི་ལས་མཛོད་ཅིག༔ ཧྲཱིཿ སེར་མོ་མགྱོགས་མ་རིན་ཆེན་རིགས་ཀྱི་ཡུམ༔ རྒྱས་པའི་ལས་མཛད་མདའ་དར་ཚེ་བུམ་བསྣམས༔ རང་འདྲའི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགེངས༔ ལྷོ་ཕྱོགས་སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀྱི༔ བརྟན་གཡོའི་དཔལ་དང་ཚེ་བསོད་དྭངས་མའི་ཚོགས༔ ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཡར་བ་ཁུག༔ སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་འཕྲོགས་པ་ཁུག༔ བྱད་ཕུར་གདོན་གྱིས་གཟིར་དང་ཉམས་པ་ཁུག༔ ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཀུན་ནས་ཁུག༔ བསྒྲུབ་བྱའི་ལུས་ངག་ཡིད་ལ་གཉིས་མེད་བསྟིམ༔ རིན་ཆེན་ཚེ་མཆོག་གྲུབ་པའི་ལས་མཛོད་ཅིག༔ ཧྲཱིཿ དམར་མོ་མགྱོགས་མ་པདྨ་རིགས་ཀྱི་ཡུམ༔ དབང་གི་ལས་མཛད་མདའ་དར་ཚེ་བུམ་བསྣམས༔ རང་འདྲའི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགེངས༔ ནུབ་ཕྱོགས་སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀྱི༔ བརྟན་གཡོའི་དཔལ་དང་ཚེ་བསོད་དྭངས་མའི་ཚོགས༔ ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཡར་བ་ཁུག༔ སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་འཕྲོགས་པ་ཁུག༔ བྱད་ཕུར་གདོན་གྱིས་གཟིར་དང་ཉམས་པ་ཁུག༔ ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཀུན་ནས་ཁུག༔ བསྒྲུབ་བྱའི་ལུས་ངག་ཡིད་ལ་གཉིས་མེད་བསྟིམ༔ པདྨ་ཚེ་མཆོག་གྲུབ་པའི་ལས་མཛོད་ཅིག༔ ཧྲཱིཿ ལྗང་མོ་མགྱོགས་མ་ལས་ཀྱི་རིགས་ཀྱི་ཡུམ༔ དྲག་པོའི་ལས་མཛད་མདའ་དར་ཚེ་བུམ་བསྣམས༔ རང་འདྲའི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགེངས༔ བྱང་ཕྱོགས་སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀྱི༔ བརྟན་གཡོའི་དཔལ་དང་ཚེ་བསོད་དྭངས་མའི་ཚོགས༔ ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཡར་བ་ཁུག༔ སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་འཕྲོགས་པ་ཁུག༔ བྱད་ཕུར་གདོན་གྱིས་གཟིར་དང་ཉམས་པ་ཁུག༔ ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཀུན་ནས་ཁུག༔ བསྒྲུབ་བྱའི་ལུས་ངག་ཡིད་ལ་གཉིས་མེད་བསྟིམ༔ ལས་རབ་ཚེ་མཆོག་གྲུབ་པའི་ལས་མཛོད་ཅིག༔ ཧྲཱིཿ སྔོན་མོ་མགྱོགས་མ་བདེ་གཤེགས་རིགས་ཀྱི་ཡུམ༔ མཆོག་གི་ལས་མཛད་མདའ་དར་ཚེ་བུམ་བསྣམས༔ རང་འདྲའི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགེངས༔ ཕྱོགས་མཚམས་སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀྱི༔ བརྟན་གཡོའི་དཔལ་དང་ཚེ་བསོད་དྭངས་མའི་ཚོགས༔ ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཡར་བ་ཁུག༔ སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་འཕྲོགས་པ་ཁུག༔ བྱད་ཕུར་གདོན་གྱིས་གཟིར་དང་ཉམས་པ་ཁུག༔ ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཀུན་ནས་ཁུག༔ བསྒྲུབ་བྱའི་ལུས་ངག་ཡིད་ལ་གཉིས་མེད་བསྟིམ༔ བདེ་གཤེགས་ཚེ་མཆོག་གྲུབ་པའི་ལས་མཛོད་ཅིག༔ རྩ་སྔགས་མཐར། ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ བདུན་པ་ནི་དབྱངས་གསལ་ཡེ་དྷར་དང་ཡིག་བརྒྱ་ལན་གསུམ་གྱིས་ལྷག་ཆད་བསྐང་སྟོང་ཚིག་གི་མཆོད་བསྟོད་དང༌། བུམ་པ་བསྒྲུབས་ཡོད་ན་འོད་ཞུ་བྱ། ཡིག་བརྒྱ་ལན་གསུམ་བརྗོད་པས་བརྟན་པར་བྱའོ། །བར་འདིར་བཀའ་གཏེར་སྲུང་མའི་གཏོར་ཆོག་སྤྱི་དང་འདི་ཉིད་ཀྱི་སྲུང་མ་འཆི་མེད་ཉེ་དབང་ཙཎྜིཀའི་གཏོར་ཆོག་འདོན། གསུམ་པ་རྗེས་ཀྱི་ལས་རིམ་བདུན་ལས། དང་པོ་ཚོགས་ཀྱི་འཁོར་ལོ་ནི། ཐུན་མཚམས་ཐབས་དང་ཤེས་རབ་ཀྱི༔ དམ་རྫས་བཀོད་པ་བཟང་དུ་བཤམས༔ བསང་ཆུ་བདུད་རྩིས་བྲན་བྱས་ཏེ༔ གཉིས་མེད་རོལ་པས་བྱིན་གྱིས་བརླབ༔ རྃ་ཡྃ་ཁྃ༔ ཧྲཱིཿ དབྱིངས་ཀྱི་བྷཉྫར་རིག་པའི་བཅུད༔ ཡེ་ཤེས་ལྔ་ལྡན་བདུད་རྩིའི་ཕུད༔ འདོད་ཡོན་ཟེགས་མ་བསམ་ཡས་འཕྲོས༔ མཁའ་ཁྱབ་ཚོགས་ཀྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཞིང་ལྷ་རྣམས་སྤྱན་འདྲེན་ནི༔ ཧྲཱིཿ ཆོས་སྐུའི་ཞིང་ན་འོད་མི་འགྱུར༔ ལོངས་སྤྱོད་ཡོངས་རྫོགས་ཚེ་དཔག་མེད༔ སྤྲུལ་པའི་གར་བསྒྱུར་རྔ་སྒྲའི་གཙོ༔ བཅོམ་ལྡན་དཀྱིལ་འཁོར་ལྷ་རྣམས་ཀུན༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཡེ་ཤེས་དགོངས་པས་གཤེགས་སུ་གསོལ༔ ཚོགས་མཆོད་འོད་ཕུང་ལྡེམས་སེ་ལྡེམ༔ འཆི་མེད་བདུད་རྩི་བཅུད་དུ་འཁྱིལ༔ ལྷ་ཚོགས་གར་སྟབས་ཤིགས་སེ་ཤིག༔ རྡོ་རྗེའི་གླུ་བྲོ་ཅི་ཡང་བསྒྱུར༔ རྣལ་འབྱོར་དགོངས་ཉམས་བུན་ནེ་བུན༔ བདེ་སྟོང་ཆོ་འཕྲུལ་བསམ་མི་ཁྱབ༔ གནས་མཆོག་དག་པའི་ཞིང་དུ་སྒྱུར༔ མཆེད་ལྕམ་ཐབས་དང་རྟེན་འབྲེལ་ལྡན༔ བཟའ་བཏུང་རྡོ་རྗེའི་དམ་ཚིག་རྫས༔ སྣོད་བཅུད་དག་པར་བྱིན་གྱིས་རློབས༔ སརྦ་ས་མ་ཡ་ཛཿཛཿ ཛྙཱ་ན་སིདྡྷི་ཧོཿ རང་ལས་སྤྲོས་པའི་ལྷ་མོའི་ཚོགས༔ བསམ་མི་ཁྱབ་པས་མཆོད་པར་བསམ༔ བཟའ་བཏུང་ཕུད་ཀྱི་དང་པོ་མཆོད༔ ཧོཿ རྡོ་རྗེ་བཟའ་བའི་དམ་ཚིག་རྫས༔ ལོངས་སྤྱོད་ཆེན་པོ་རྨད་དུ་བྱུང༔ འཆི་མེད་གྲུབ་པའི་ར་ས་ཡ༔ དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ སྤྲོ་ན་བསྐང་བ་རྒྱས་པ་སྦྱར། བར་བ་བསྐང་ཞིང་བཤགས་པ་ནི༔ ཧྲཱིཿ བདེ་ཆེན་སྒྱུ་མར་རོལ་པ་ཡི༔ རྡོ་རྗེའི་ཞིང་ཁམས་བཀོད་པའི་མཆོག༔ ངོ་མཚར་རྒྱན་གྱི་རོལ་མོ་ཆེ༔ དབྱིངས་དང་མཉམ་པར་སྤྲོ་ཞིང་ཤར༔ རང་སྣང་བཀོད་པ་རྨད་བྱུང་བའི༔ ཕྱི་ནང་གསང་བའི་མཆོད་རྫས་ཆེ༔ བླ་ན་མེད་པའི་དམ་ཚིག་གི༔ རོལ་པའི་ཆོ་འཕྲུལ་རྨད་བྱུང་བ༔ ངོ་མཚར་བསམ་མི་ཁྱབ་པ་འདིས༔ འཆི་མེད་མགོན་པོ་དཀྱིལ་འཁོར་གཙོ༔ རིགས་ཀྱི་ཚོམ་བུ་དང་བཅས་པ༔ ཐུགས་དམ་གཉན་པོ་དགྱེས་པར་བསྐང༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་བཤགས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པས་ཉམས་ཆག་མཐོལ༔ ཐ་མ་བསྒྲལ་བསྟབ་རིམ་པ་ནི༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ རང་ཉིད་དབང་ཆེན་རྟ་མཆོག་རོལ་པའི་སྐུར་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། འཆི་མེད་རྡོ་རྗེ་ཚེ་དཔག་མེད་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་མ་རུངས་པའི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ནྲྀ་ཡཾ་ཛཿ ནྲྀ་བཛྲ་ཨངྐུ་ཤ་ཛཿ ཏྲི་ཡཏྟ་ཛཿ ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཕྱག་རྒྱ་དང་བཅས་ཏེ་བསྟིམ། ཨེ་ལས་འབར་བའི་བྷཉྫ་རུ༔ ཚེ་བདུད་བར་ཆད་གློ་བུར་བགེགས༔ ཕྱག་རྒྱ་བཞི་ཡིས་འགུགས་འཆིང་སྡོམ༔ མྱོས་ཏེ་ལྷ་ཕྲལ་རང་གཤེད་དབབ༔ རྟ་མཆོག་རོལ་པའི་རྡོ་རྗེའི་མཚོན༔ ཉམས་པའི་སྙིང་ལ་བཏབ་ཅིང་གཟིར༔ དྭངས་མའི་སྙིང་པོ་རང་ལ་བསྟིམ༔ ཤ་ཁྲག་དགྱེས་པའི་མཆོད་པར་འབུལ༔ མཱ་ར་ཡ་ཕཊ྄༔ མཱཾ་ས་རཀྟ་གོ་རོ་ཙ་ན་ཀེཾ་ནི་རི་ཏི་ཁཱ་ཧིཿ འདུས་པའི་ཚོགས་ལ་བཟའ་བཏུང་བྲིམ༔ བརྡ་དང་བརྡ་ཡི་ལེན་གྱིས་རོལ༔ ལས་ཀྱི་རྡོ་རྗེས་ཕྱག་འཚལ་ཏེ༔ ཐབས་ཤེས་བཟའ་བཏུང་བསྣོལ་མར་སྟོབ༔ ཨེ་མ་ཧོ༔ རྡོ་རྗེ་རྒྱལ་པོ་གསང་བ་སྔགས་ཀྱི་མཛོད༔ བདེ་ཆེན་དགྱེས་པར་རོལ་པའི་བརྟུལ་ཞུགས་བསྐྱེད༔ གཙང་རྨེ་གཉིས་འཛིན་བྲལ་བའི་འཁོར་ལོ་ཡིས༔ བདེ་མཆོག་དགྱེས་པའི་དཔལ་ལ་རོལ་དུ་གསོལ༔ ལན་དུ་པདྨའི་ཕྱག་རྒྱས་བླང༔ ཨ་ལ་ལ༔ ཐབས་དང་ཤེས་རབ་བདེ་བ་མཆོག་གི་དབྱིངས༔ འདུ་འབྲལ་མེད་པ་གསང་བའི་དེ་ཁོ་ན༔ རོལ་པ་ཆེན་པོའི་དམ་ཚིག་བླ་ན་མེད༔ མཆོག་གི་ཡེ་ཤེས་རྒྱས་ཕྱིར་བདག་གིས་བླང༔ ཞེས་དང༌། རང་ལུས་དཀྱིལ་འཁོར་ལྷ་རུ་གསལ༔ རྡོ་རྗེ་ཕུང་པོའི་དཀྱིལ་འཁོར་ནི༔ གདོད་ནས་གདན་གསུམ་ལྷ་ཡི་དལ༔ རྩ་རླུང་ཐིག་ལེའི་དཀྱིལ་འཁོར་དུ༔ དགྱེས་པས་རོལ་པའི་དཔལ་དུ་སྤྱོད༔ ས་མ་ཡ་པཱུ་ཛ་ཧོ། སྟངས་དཔྱལ་མཉམ་པར་རོལ་པ་ཡིས༔ བདེ་བ་ཆེན་པོ་ལམ་དུ་སློང༔ རྡོ་རྗེ་པདྨའི་གྲོང་ཁྱེར་ནི༔ མཉམ་པར་སྤྱོད་པའི་དེ་ཉིད་ལས༔ ཨ་ཧཏྟ་བསྲེགས་བཞུའི་རོལ་རྩེད་ཀྱིས༔ གསང་མཆོག་དགྱེས་པའི་དམ་ཚིག་གོ༔ ཨ་ནུ་རཱ་ག་ཨ་ལ་ལ་ཧོཿ ངེས་པའི་གསང་བ་བླ་ན་མེད༔ དེ་ཁོ་ན་ཡི་དབྱིངས་སུ་བཞག༔ ཕུད་ཀྱི་ལྷག་མ་ཀུན་བསྡུས་ཏེ༔ སློབ་དཔོན་ལ་ཞལ་ཆབ་ཞུ་སྨན་རཀ་བྲན། མེ་སྒྲོན་བཙུགས་ལ། པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿ ལྷག་གཏོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ༔ པདྨ་དབང་གི་དཀྱིལ་འཁོར་ཆེ༔ སྐྱོང་བའི་བཀའ་ཉན་ལྷག་སྡུད་ཚོགས༔ དཔལ་གྱི་ཕམ་ཕབ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ དམ་ཚིག་ཆེན་པོས་མཆོད་པའི་མཐུས༔ ཚོགས་གཉིས་ཡོངས་སུ་རྫོགས་པ་དང༔ འཆི་མེད་ཚེ་ཡི་དཔལ་ཐོབ་ཤོག༔ རྡོ་རྗེའི་གླུ་དང་གར་ཆེན་པོས༔ ལྷ་ཚོགས་དགྱེས་བསྐྱེད་དངོས་གྲུབ་ཚོགས༔ ཐོབ་པའི་སྐལ་བཟང་མངོན་གྱུར་ནས༔ ལྷ་དང་སྐལ་བ་མཉམ་པར་བསམ༔ གཉིས་པ་ཐུགས་དམ་བསྐུལ་བ་ནི༔ འདིར་སྤྲོ་ན་རྗེ་བླ་མའི་ཟབ་གཏེར་གྱི་ཚེ་ཡི་བརྒྱུད་བསྐུལ་ཀྱང་སྦྱར། ཧྲཱིཿ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཚེ་མཐའ་ཡས་པའི་ཐུགས་དམ་བསྐུལ༔ སྐྱེ་འཆི་མཚན་མ་དག་པ་ཡི༔ མཆོག་གི་ཚེ་དབང་བསྩལ་དུ་གསོལ༔ བདེ་ཆེན་རིག་པའི་ཕོ་བྲང་ནས༔ གསུང་གི་དབང་ཕྱུག་ཐུགས་དམ་བསྐུལ༔ མི་ཤིགས་རྡོ་རྗེའི་གསང་བ་གསུམ༔ མངོན་སུམ་གྲུབ་པར་མཛད་དུ་གསོལ༔ ཟུང་འཇུག་མཁའ་ཁྱབ་དཀྱིལ་འཁོར་ནས༔ པདྨ་དབང་གི་ཐུགས་དམ་བསྐུལ༔ འཆི་མེད་ཡེ་ཤེས་ཚེ་ཡི་མཆོག༔ འགྲུབ་པའི་དངོས་གྲུབ་མཆོག་སྩོལ་མཛོད༔ གཟུང་འཛིན་འཁྲུལ་པའི་བག་ཆགས་ཞི༔ ཚེ་དང་ཡེ་ཤེས་མཆོག་ཏུ་རྒྱས༔ རླུང་སེམས་དབང་འདུས་ཕྲིན་ལས་ཀྱིས༔ ཚེ་བདུད་བར་ཆད་ཞི་བར་མཛོད༔ གསུམ་པ་ཆོས་སྐྱོང་གཏོར་མ་འབུལ་བ་ནི། གཏོར་འགུགས་དང༌། དམ་ཅན་སྤྱི་ཡི་གཏོར་འབུལ་རྗེས། སྲུང་མར་ཆད་ཐོ་བསྒྲག་པ་ནི། ཧཱུྃ་ཧྲཱིཿ སྔོན་ཚེ་བསྐལ་པའི་དང་པོ་ལ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ༔ བྲག་ཕུག་མཱ་ར་ཏི་ཀ་རུ༔ འཆི་མེད་པདྨ་རིག་འཛིན་དང༔ ལྷ་ལྕམ་མནྡ་ར་བ་ཡིས༔ ཉེ་རྒྱུའི་སྤྱོད་པས་མཆོག་གྲུབ་ནས༔ ཚེ་བདག་མགོན་པོ་ཡབ་ཡུམ་གྱིས༔ རྡོ་རྗེ་ཚེ་ཡི་དབང་ཡང་བསྐུར༔ སྐྱེ་འཆི་མེད་པའི་གོ་འཕང་བརྙེས༔ ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་གཏད༔ རྡོ་རྗེའི་ས་ལ་ཕྱིན་པའི་ཚེ༔ གཡར་དམ་ཕོག་པའི་ཆོས་སྐྱོང་ཀུན༔ གཏོར་མ་བདུད་རྩིའི་མཆོད་པ་བཞེས༔ རྣལ་འབྱོར་ཚེ་སྲོག་ཉམས་པ་གསོས༔ ཚེ་དབང་མཆོག་གི་དངོས་གྲུབ་ཐོབ༔ ཟབ་གཏེར་བསྟན་པ་རྒྱས་པ་དང༔ འདོད་དགུའི་ཕྲིན་ལས་འགྲུབ་པར་མཛོད༔ བརྟན་མ་བཤལ་ཆུས་བྲན་ནས་ཀྱང༔ ཧཱུྃ་ཧྲཱིཿ བོད་ཁམས་སྐྱོང་བ་བརྟན་མའི་ཚོགས༔ བདུད་དང་གནོད་སྦྱིན་སྨན་མོའི་ཚུལ༔ བཤལ་ཆུའི་བདུད་རྩི་བཞེས་ནས་ཀྱང༔ སོ་ཁ་སྲུངས་ལ་ཀླ་ཀློ་སྒྲོལ༔ རྩ་རླུང་ཐིག་ལེའི་མདུད་པ་དཀྲོལ༔ བདེན་དོན་ཡན་ལག་བཅུ་གཉིས་ཚོགས༔ མི་རྟོག་དབུ་མའི་དབྱིངས་སུ་དག༔ དངོས་གྲུབ་མཆོག་གི་སྡོང་གྲོགས་མཛོད༔ གཏོར་གཞོང་རི་རབ་འབར་བའི་འོག༔ སྒབ་འདྲེ་དམ་སྲི་མནན་པར་བསམ༔ ཧཱུྃ༔ ཨེ་ཡི་དཀྱིལ་འཁོར་ཆེན་པོ་རུ༔ བར་དུ་གཅོད་པའི་དམ་སྲིའི་ཚོགས༔ མནན་ནོ་ཀློང་ཆེན་ཡུམ་ལྔའི་རྒྱ༔ ནམ་ཡང་ལྡང་བར་མ་གྱུར་ཅིག༔ སྟྭཾ་བྷ་ཡ་ནན༔ བཞི་པ་དངོས་གྲུབ་བསྐུལ་བ་ནི༔ ཧྲཱིཿ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དབྱིངས༔ ནམ་མཁའ་མཉམ་པའི་ཆོ་འཕྲུལ་ལས༔ མཁྱེན་བརྩེའི་དགོངས་པའི་སྒོ་ཕྱེས་ལ༔ ལུས་འདི་འཆི་མེད་སྐུ་འགྲུབ་མཛོད༔ གཞོམ་མེད་ཚངས་དབྱངས་གསུང་འགྲུབ་མཛོད༔ ཡེ་ཤེས་ཐུགས་ཀྱི་སྲོག་ཐོབ་མཛོད༔ འཆི་མེད་གཉུག་མའི་གསང་བ་ཆེ༔ ད་ལྟ་ཉིད་དུ་འགྲུབ་པར་མཛོད༔ སྒྲུབ་སྔགས་མཐར། ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ལྔ་པ་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་དང༌། མ་རྙེད་ཡོངས་སུ་སོགས་ཀྱི་ནོངས་བཤགས་ཡིག་བརྒྱ་བཟླ། རྟེན་ཡོད་ན་བརྟན་བཞུགས་དང༌། ཡེ་ཤེས་གཤེགས་དམ་ཚིག་དཀྱིལ་འཁོར་རང་ལ་བསྟིམ། དྲུག་པ་རྟག་ཆད་ཀྱི་མཐའ་བསལ་ཕྱིར་བསྡུ་ལྡང་ནི། ཨཿ མཚན་བཅས་ལྷ་ཡི་རྟེན་བརྟེན་པ༔ འོད་གསལ་དབྱིངས་ཀྱི་ཐིག་ལེར་ཐིམ༔ སྣང་གྲགས་རིག་པ་ལྷ་དང་སྔགས༔ ཡེ་ཤེས་རོལ་པའི་འཁོར་ལོར་ཤར༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཾ༔ ཞེས་གནས་གསུམ་བྱིན་རླབས་དང་གོ་བགོ། བདུན་པ་བསྔོ་སྨོན་ཤིས་བརྗོད་ནི། ཧོ༔ ལེགས་སྤྱད་དགེ་བའི་ཚོགས་ཐམས་ཅད༔ འཆི་མེད་རིག་འཛིན་འགྲུབ་ཕྱིར་བསྔོ༔ ལྷ་དང་སྐལ་བ་མཉམ་པ་ཡིས༔ དོན་གཉིས་འབད་མེད་འགྲུབ་གྱུར་ཅིག༔ ཅེས་དགེ་བ་རྫོགས་བྱང་དུ་བསྔོས་ལ། ཁྱད་པར་བཀྲ་ཤིས་ནི། མེ་ཏོག་འཐོར་སྙན་པའི་དབྱངས་དང་བཅས། ཨོཾ༔ གསུང་གི་རྡོ་རྗེ་དཀྱིལ་འཁོར་གཙོ༔ ཚེ་མཐའ་ཡས་པའི་བཀྲ་ཤིས་ཤོག༔ གསང་བ་ཡེ་ཤེས་མཁའ་འགྲོའི་མཆོག༔ གོས་དཀར་ཡུམ་གྱི་བཀྲ་ཤིས་ཤོག༔ ཡེ་ཤེས་རྣམ་ལྔས་འགྲོ་བ་སྒྲོལ༔ ཚེ་བདག་རིགས་ལྔའི་བཀྲ་ཤིས་ཤོག༔ ལྷ་ཚོགས་དགྱེས་བསྐྱེད་ཚེ་དཔལ་སྡུད༔ འཆི་མེད་ཌཱ་ཀིའི་བཀྲ་ཤིས་ཤོག༔ ཕྲིན་ལས་རྣམ་བཞིར་དབང་བསྒྱུར་བའི༔ ཕྱག་རྒྱ་བཞི་ཡི་བཀྲ་ཤིས་ཤོག༔ གནས་སྐབས་ཚེ་དང་བསོད་ནམས་འཕེལ༔ བརྟན་གཡོའི་དཔལ་ཀུན་དབང་དུ་འདུ༔ མཐར་ཐུག་གཉུག་མའི་འཁོར་ལོ་ཆེར༔ དབྱེར་མེད་འགྲུབ་པའི་བཀྲ་ཤིས་ཤོག༔ གཞན་ཡང་ཞལ་ནས་གསུངས་པའི་ཤིས་པ་བརྗོད་བཞིན་མེ་ཏོག་གི་ཆར་བསྙིལ་ཞིང་རོལ་མོའི་སྒྲ་སྙན་པར་སྒྲོག་པས་དགེ་ལེགས་སུ་བྱའོ།། ༈ ཕྱི་ནང་གསང་བ་ཀུན་འདྲིལ་ཡང་ཟབ་རྒྱུན་གྱི་རྣལ་འབྱོར་སྤྲོས་མེད་ཡིན་ཀྱང་ཚོགས་མཆོད་སོགས་ཀྱིས་ཅུང་ཟད་རྒྱས་པར་འདོད་ན། །སྔོན་རྗེས་འདི་ལྟར་ལ་ལྷ་བསྐྱེད་གསང་སྒྲུབ་གཞུང་ལྟར་གྱི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾཿ ཆོས་ཀུན་གཟོད་ནས་དེ་བཞིན་ཉིད༔ སོགས་ནས། པད་ཕྲེང་བུམ་པ་འཛིན་པས་འཁྱུད༔ ཅེས་པའི་མཚམས་གོང་གི་ལས་བྱང་ནས། གནས་གསུམ་ཨོཾ་ཨཱཿཧཱུྃ་གི་འབྲུས༔ ཞེས་སོགས་ཀྱིས་བྱིན་བརླབ་དབང་བསྐུར་རྒྱས་གདབ་དང་སྤྱན་འདྲེན་ཡན་སྔར་ལྟར་སྦྱར། བཟླས་པའི་སྐབས་ཛཔ་བསྐུལ་མ་བྱས་ཀྱང་ཆོག །བཟླས་དམིགས་ནི། ཐུགས་ཀར་པདྨ་དམར་པོ་ནི༔ ཞེས་སོགས་དང༌། བཛྲ་ཨཱ་ཡུ་ཥེ་བཟླས་མཐར་ཚེ་གཟུངས་བརྒྱ་རྩ་སོགས་བཟླ། རྗེས་ཀྱི་ལས་རིམ་སྔར་ལྟར་བྱས་པས་གྲུབ་བོ། །དེ་ལྟར་བྱིན་རླབས་དཔལ་དུ་འབར་བ་ཡི། །རྡོ་རྗེའི་སྲོག་རྩ་སྒྲུབ་པའི་འཆི་མེད་ཀྱི། །གདམས་ཟབ་སྙིང་པོའི་བཅུད་དྲིལ་འདི་ལྟ་བུ། །རྣ་བའི་དཔྱིད་དུ་ཐོབ་པའང་སྐལ་པ་བཟང༌། །འདི་འདྲའི་གདམས་པར་དད་བརྩོན་སྒྲུབ་པོ་ཡིས། །རྩེ་གཅིག་འབད་ན་འཆི་བདག་བདུད་སྡེ་ལས། །རྣམ་པར་རྒྱལ་ཞིང་ཚེ་དང་ཡེ་ཤེས་ཀྱི། །དངོས་གྲུབ་ཆེན་པོ་ཐོབ་ལ་སོམ་ཉི་བྲལ། །དེ་ཕྱིར་ཡལ་བར་མ་དོར་ཉམས་སུ་ལོངས། །རང་གཞན་དོན་གཉིས་འགྲུབ་ལ་མི་བསླུ་ངེས། །འདི་ལ་ནོངས་པར་གྱུར་པའི་ཚོགས་རྣམས་ཀུན། །བླ་མ་མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ། །རབ་དཀར་ལེགས་བྱས་མཐོ་རིས་བདུད་རྩིའི་ཆབ། །སྐལ་བཟང་ལྷ་ཕྲུག་ཀུན་དགའི་སྨན་མཆོག་གི །བཅུད་ཀྱི་ལེན་པས་ཚེ་དཔལ་འཆི་མེད་ཀྱི། །དགའ་སྟོན་འཇིག་རྟེན་གསུམ་ན་མཛེས་གྱུར་ཅིག །ཅེས་པའང་ཀུན་གཟིགས་གཏེར་ཆེན་བླ་མའི་བཀའ་ཡིས་རྗེས་སུ་གནང་བ་བཞིན་ཟབ་ཆོས་འདི་ཉིད་ཀྱི་ཐོག་མའི་སྣོད་ལྡན་འཇམ་དབྱངས་བླ་མ་མཁྱེན་བརྩེའི་དབང་པོའི་ཕྲིན་ལས་ཀྱི་བྱེད་པོར་སྨོན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཚེ་དབང་གྲུབ་པ་རྩལ་གྱིས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་བཀླགས་ཆོག་ཏུ་བསྡེབས་པས་འགྲོ་ཀུན་སྐྱེ་འཆིས་གཞོམ་བྲལ་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་བརྙེས་པའི་རྒྱུར་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 13:38, 9 December 2022
🚧 This website is under continued development. We appreciate your patience!
འཆི་མེད་པདྨའི་སྙིང་ཐིག་ལས། རྡོ་རྗེ་ཚེ་ཡི་ནང་སྒྲུབ་བཀླགས་ཆོག་ཏུ་བཀོད་པ་འཆི་མེད་པདྨའི་ཕྲེང་བ།
Wylie title | 'chi med pad+ma'i snying thig las rdo rje tshe yi nang sgrub bklags chog tu bkod pa 'chi med pad+ma'i phreng ba | |
---|---|---|
Location | dil mgo mkhyen brtse bka' 'bum Volume 18, Text 33, Pages 261-277 (Folios 1a to 17a6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Citation | Khyentse, Dilgo. 'chi med pad+ma'i snying thig las rdo rje tshe yi nang sgrub bklags chog tu bkod pa 'chi med pad+ma'i phreng ba. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 261-277. Delhi: Shechen Publications, 1994. | |
Genre | Sadhanas - Evocation Ritual - sgrub thabs | |
Cycle | འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig) | |
Deity | tshe dpag med |