DKR-KABUM-05-CA-025: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=རྡོ་རྗེའི་རྒྱ་ཅན་ལས། ཚེ་དཔག་མེད་གསང་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ལས་བྱང་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་གོ་ཆ། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 5: . Delhi: Shechen Publications, 1994. | |fulltitle=rdo rje'i rgya can las/ tshe dpag med gsang sgrub 'chi bdag bdud 'joms kyi las byang dbang chog dang bcas pa 'chi med rdo rje'i go cha | ||
|citation=[[Khyentse, Dilgo]]. ''rdo rje'i rgya can las tshe dpag med gsang sgrub 'chi bdag bdud 'joms kyi las byang dbang chog dang bcas pa 'chi med rdo rje'i go cha''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 5: 161-169. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
Line 11: | Line 12: | ||
|sourcerevealer=Dalai Lama, 5th | |sourcerevealer=Dalai Lama, 5th | ||
|sourcerevealertib=ངག་དབང་བློ་བཟང་རྒྱ་མཚོ་ | |sourcerevealertib=ངག་དབང་བློ་བཟང་རྒྱ་མཚོ་ | ||
|tibgenre=Sadhanas - Evocation Ritual - sgrub thabs | |tibgenre=Activity Manual - las byang, Empowerment Ritual - dbang chog - dbang skur, Longevity Rituals - tshe sgrub, Sadhanas - Evocation Ritual - sgrub thabs | ||
|terma=Yes | |terma=Yes | ||
|dkroutline=Three | |dkroutline=Three | ||
|deity=tshe dpag med | |||
|cycle=rdo rje'i rgya can | |cycle=rdo rje'i rgya can | ||
|cycletib=རྡོ་རྗེའི་རྒྱ་ཅན་ | |cycletib=རྡོ་རྗེའི་རྒྱ་ཅན་ | ||
Line 23: | Line 25: | ||
|volyigtib=ཅ་ | |volyigtib=ཅ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=025 | |||
|pagenumbers=161-169 | |||
|totalpages=17 | |||
|beginfolioline=1a | |beginfolioline=1a | ||
| | |endfolioline=9a4 | ||
|totalfolios=9 | |||
|multivolumework=No | |||
|rectonotes=tshe sgrub | |||
|versonotes=dag snang rgya can | |||
|colophontib=།འཕོ་འགྱུརྃ་སྲིད་པའི་བདུད་བཞིའི་དཔུང༌། །རྡོ་རྗེའི་མཚན་གྱིས་རྨིག་མེདྃ་དུ། །བཅོམ་ནས་ཐེགྃ་མཆོྃག་བསྟནྃ་པའིྃ་རྒྱན། །རིང་འཚོའི་རྒྱལྃ་མཚྃན་བརྗིད་འདི་རྨད། ཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ཕྲིན་དབང་གི་ལེའུ་ཚན་ནོ།། | |||
|colophonwylie=/'pho 'gyura~M srid pa'i bdud bzhi'i dpung*/_/rdo rje'i mtshan gyis rmig meda~M du/_/bcom nas thega~M mcho~Mg bstana~M pa'i~M rgyan/_/ring 'tsho'i rgyala~M mtsha~Mn brjid 'di rmad/_tshe sgrub 'chi bdag bdud 'joms kyi phrin dbang gi le'u tshan no// | |||
|pdflink=File:DKR-KABUM-05-CA-025.pdf | |pdflink=File:DKR-KABUM-05-CA-025.pdf | ||
}} | }} | ||
Line 31: | Line 42: | ||
<onlyinclude> | <onlyinclude> | ||
{{TibP|༄༅། རྡོ་རྗེའི་རྒྱ་ཅན་ལས། ཚེ་དཔག་མེད་གསང་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ལས་བྱང་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་གོ་ཆ་ཞེས་བྱ་བ་བཞུགས་སོ། | {{TibP|༄༅། རྡོ་རྗེའི་རྒྱ་ཅན་ལས། ཚེ་དཔག་མེད་གསང་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ལས་བྱང་དབང་ཆོག་དང་བཅས་པ་འཆི་མེད་རྡོ་རྗེའི་གོ་ཆ་ཞེས་བྱ་བ་བཞུགས་སོ། | ||
༄༅། །རྨད་བྱུང་ཐུགས་བསྐྱེད་འཆི་མེད་རྫིང༌། །སྨོན་ལམ་ཉི་ཟླའི་འོད་ཕྲེང་གིས། །འཆི་བདག་མུན་བཅིལ་རྡོ་རྗེ་ཚེའི། །ཡེ་ཤེས་པདྨོ་བཞད་མཛད་རྒྱལ། །མཆོག་གི་གོ་འཕང་རིན་ཆེན་གླིང༌། བགྲོད་པའི་ཐབས་ཚུལ་ཤིང་རྟ་ནི། འཆི་བདག་བདུད་འཇོམས་སྨིན་གྲོལ་གྱི། །སྒྲུབ་ཕྲིན་འཇུག་བདེའི་དཔྱིད་དུ་སྤེལ། མགོན་པོ་ཚེ་དཔག་མེད་འཆི་བདག་བདུད་འཇོམས་ཉིད་ཉམས་སུ་ལེན་པར་འདོད་པས་སྦྱོར་བ་ཡོ་བྱད་ཀྱི་ཤོམ་ནི། བཀྲ་ཤིས་པའི་གནས་སུ་ཉི་མ་བྱང་བགྲོད་ཟླ་བ་ཡར་ངོའི་དུས་ཚེས་དགེ་བའི་ཆར་གནས་ཁང་བྱི་དོར་གྱིས་སྤྲས་པའི་གུང་དུ་ཚེ་དཔག་མེད་ཀྱི་སྐུ་རྟེན་བཤམས་པའི་སྤྱན་སྔར་རས་བྲིས་སམ་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་ཞི་རྒྱས་གང་རུང་གི་དབྱིབས་དང་ཁ་དོག་གིས་མཛེས་པའི་དབུས་སུ་ཚེ་གཏོར་བུམ་གཟུགས་ཁ་རྒྱན་གྱི་ཤིང་ལོ་ལྟེ་བའི་ཐད་ནས་གྱེན་དུ་ལོག་པའི་རྣམ་པ་ཅན་མཐར་ཚེ་རིལ་གྱིས་བསྐོར་བའི་ཁར་ཚེ་དཔག་མེད་པའི་ཙཀླི་བཙུགས། གཡས་སུ་རིན་པོ་ཆེའི་བུམ་པ་བཅུད་ལྡན། གཡོན་དུ་ཐོད་ཆང་ཚེ་རྫས་སྦྱར་བ། གསེར་གྱིས་བྲིས་པའི་ཚེ་གཟུངས། མདའ་དར་མེ་ལོང་གཡུ་དང་བཅས། སྨན་རཀ །ཉེར་སྤྱོད་མཆོད་པ། བྲུབ་ཁུང་དུ་དམ་སྲིའི་ལིངྒ། དཀར་བགེགས། ཚོགས་མཆོད། ཆད་བརྟན། སྲུང་མའི་གཏོར་མ་བཅས་བཤམས་ཤིང༌། ཌཱ་དྲིལ། གུལ་ཡུངས་སོགས་ཉེར་མཁོའི་ཡོ་བྱད་ཚགས་སུ་ཚུད་པར་བྱའོ། །གཉིས་པ་སྐྱབས་འགྲོ་ནི། །ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །མི་འབྲལ་རྩེ་གཅིག་བྱིན་རློབས་པའི། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །གསུམ་པ་སེམས་བསྐྱེད་ནི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །བཞི་པ་བགེགས་བསྐྲད་པ་ནི། རང་ཉིད་དབང་ཆེན་སྐུ་རུ་གསལ། །རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿས་མགྲོན་དགུག །སརྦ་བིགྷྣཱན་མཿསརྦ་སོགས་གྲཱྀཧྞ་དྱ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། བླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་སུམྦྷ་སོགས་བརྗོད་ཅིང་བསྐྲད། ལྔ་པ་མཚམས་གཅོད་ནི། ཧཱུྃཿ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ དྲུག་པ་མཆོད་པ་བྱིན་རླབས་ནི། རྃ་ཡྃ་ཁྃ། ཐུགས་ནས་རྃ་ཡྃ་ཁྃ་འཕྲོས་པས༔ ཕྱི་ནང་གསང་བའི་མཆོད་རྫས་ཀྱི༔ མ་དག་ཉེས་སྐྱོན་ཀུན་སྦྱངས་ནས༔ མི་ཟད་ནམ་མཁའི་མཛོད་དུ་གྱུར༔ ཨོཾ་ཨཱཿབཛྲ་པུཥྤེ་ནས་ཤཔྟ་ཨཱཿཧཱུྃ༔ དངོས་གཞིའི་དང་པོ་ལྷ་བསྐྱེད་ནི། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཀྱི་ངོ་བོ་པདྨ་དམར་པོ་ཧྲཱིཿས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་གཡོན་བདུད་རྩིས་གང་བའི་བུམ་པ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་གོས་དཀར་མོ་དམར་མོ་རྡོ་རྗེ་དང་ཐོད་པ་བདུད་རྩིས་གང་བ་བཟུང་ནས་ཡབ་དང་མཉམ་པར་སྦྱོར་བ་གཉིས་ཀའང་རིན་པོ་ཆེའི་རྒྱན་དང༌། དར་གྱི་ན་བཟའ་གསོལ་བ། ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་གྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ་དམར་པོ། ཐུགས་ཀར་ཧཱུྃ་སྡོན་པོས་མཚན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བཛྲ་ས་མ་ཡ་ཛཿ ཧྲཱིཿ །སྔོན་གྱི་བསྐལ་བའི་དང་པོ་ལ། །འགྲོ་དྲུག་སྡུག་བསྔལ་ཐུགས་རྗེས་གཟིགས། །སྨོན་ལམ་སྟོབས་བསྐྱེད་འགྲོ་དོན་མཛད། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །གནས་མཆོག་འདི་རུ་གཤེགས་སུ་གསོལ། སེམས་ཅན་འཛིན་པས་བཅིངས་པ་རྣམས། །ལམ་གྱི་བར་ཆད་སེལ་བའི་ཕྱིར། །ཚེ་ཡི་ལྷ་ཚོགས་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་མ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི། ཧྲཱིཿ ཆོས་དབྱིངས་ལྷུན་གྲུབ་བདེ་ཆེན་གཞལ་ཡས་འདིར། །དབྱིངས་ཀྱི་ཐིག་ལེ་འོད་ཕུང་འཁྱིལ་བའི་དབུས། །རིག་པ་རང་ཤར་ཚེ་དཔག་མེད་མགོན་སྐུ། །མཉམ་ཉིད་དོན་གྱི་དབྱིངས་སུ་བརྟན་པར་བཞུགས། །ཨོཾ་བཛྲ་ས་མ་ཡ་ཏིཥྛནྟུ། ཕྱག་འཚལ་བ་ནི། ཧྲཱིཿ །བཅོམ་ལྡན་ཚེ་དཔག་མེད་མགོན་ལྷ་ཚོགས་ལ། །སྣང་སྟོང་སྐྱེ་འགག་མེད་པའི་དབྱིངས་ཉིད་དུ། །བཟང་ངན་གཉིས་འཛིན་ཡེ་ནས་བྲལ་བ་ཡི། །མཉམ་ཉིད་དོན་གྱི་ངང་དུ་ཕྱག་འཚལ་ལོ། །ན་མོ་པུ་རུ་ཤ་ཡ་ཧོ། །མཆོད་པ་འབུལ་བ་ནི། རིག་མདངས་ཚེ་ཡི་ལྷ་ཚོགས་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སྒྲ་སྙན་ལྷ་མོ་རྣམས། །སོ་སོའི་ཁ་དོག་ཕྱག་རྒྱ་སྒྱུར། །རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །རྒྱལ་བའི་དཀྱིལ་འཁོར་མཆོད་པར་བྱ། །ཨོཾ་བཛྲ་པུཥྤེ་ནས་ཤཔྟ་པཱུ་ཛ་ཧོཿ ཧྲཱིཿ རིག་མདངས་ཚེ་ཡི་ལྷ་ཚོགས་ལ། །རང་བྱུང་བདུད་རྩི་རྣམ་ལྔ་དང༌། །ཤ་ལྔ་དམ་ཚིག་མཆོག་གི་རྫས། །ནང་གི་བདག་ཉིད་དག་པར་བཞེས། །མ་ཧཱ་ཨ་མྲྀ་ཏ་མཾ་ས་པཉྩ་པཱུ་ཛ་ཧོ། ཧྲཱིཿ ཚེ་དཔག་མེད་མགོན་ལྷ་ཚོགས་ལ། །སྣང་སྟོང་བདེ་ཆེན་ཡབ་ཡུམ་མཁར། །དགའ་བཞི་ཡེ་ཤེས་ཐིག་ལེར་འཁྱིལ། །ཟུང་འཇུག་བདེ་ཆེན་མཆོད་པ་བཞེས། །ཨོཾ་བྷོ་དྷི་ཙིཏྟ་པཱུ་ཛ་ཧོཿ ཧྲཱིཿ །ཚེ་དཔག་མེད་མགོན་ལྷ་ཚོགས་ལ། །རྩ་བརྒྱད་བདུད་རྩིའི་མཆོད་པ་དང༌། །བདེ་ཆེན་རཀྟའི་མཆོད་པ་དང༌། །དམ་རྫས་གཏོར་མའི་མཆོད་པ་རྣམས། །དོན་དམ་དབྱིངས་ཀྱི་མཆོད་པ་འབུལ། །མཐུན་འཇུག་མཆོག་གི་མཆོད་པ་བཞེས། །ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། བསྟོད་པ་ནི། ཧྲཱིཿ །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །སྨོན་ལམ་སྟོབས་ཀྱིས་འགྲོ་བའི་དོན་མཛད་ཅིང༌། །མཐོང་ཐོས་དྲན་པས་སྡུག་བསྔལ་ཀུན་ལས་གྲོལ། །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། ཛཔ྄་བཟླ་བ་ནི། ཧྲཱིཿ རང་བྱུང་རྣམ་དག་གཞལ་ཡས་འདིར། །བཅོམ་ལྡན་ཚེ་དཔག་མེད་མགོན་ལྷ། །སྣ་ཚོགས་སྐུ་དང་ཆ་ལུགས་ལ། །ཐུགས་སྲོག་ཛཔ྄་ཀྱི་རང་སྒྲ་སྒྲོགས། །མི་འགྱུར་ཐུགས་ལས་འོད་ཟེར་འཕྲོས། །ཕར་སྤྲོས་སེམས་ཅན་དོན་རྣམས་རྫོགས། །ཚུར་འདུས་དངོས་གྲུབ་བཅུད་དུ་བསྡུས། །རྟགས་ཐོན་བར་དུ་རྒྱུན་མི་བཅད། །ཨོཾ་ཨཱཿཧཱུྃ་ཧྲཱིཿཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླ་སྟེ་བསྙེན་པ་བྱ། དབང་དང་འབྲེལ་ན། མདུན་གྱི་ཚེ་གལ་གྱི་ཚེ་འབྲང་གི་སྟེང་ཐོད་ཆང་སོ་སོར་བསང་སྦྱང༌། བུམ་པ་དང་སྒྲུབ་རྫས་ཐམས་ཅད་མགོན་པོ་ཚེ་དཔག་ཏུ་མེད་པ་ཡབ་ཡུམ་དུ་གསལ་བའི་བདག་མདུན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་འཇིག་རྟེན་ལས་འདས་པའི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་སྒྲུབ་རྫས་ལ་ཐིམ་པར་བསམ་ཞིང་སྔགས་བཟླས་པས་བྱིན་གྱིས་བརླབ། ལས་བུམ་དུ་རྟ་སྔགས་ཀྱིས་བྱིན་གྱིས་བརླབས། བདག་འཇུག་རྒྱས་པའམ་རིག་པའི་མེ་ཏོག་དོར་བས་བདག་ཉིད་ནུས་ལྡན་དུ་བྱ། དེ་ནས་དབང་གི་བྱ་བ་དངོས་ལ། སྣོད་ལྡན་གྱི་སློབ་མ་ཡོལ་བའི་སྒོའི་ཕྱི་རོལ་དུ་ཁྲུས་ནས་དབྱུང༌། ནང་དུ་འཁོད་པ་དང་བགེགས་བསྐྲད། སྲུང་འཁོར་བསྒོམ་ལ་སེམས་བསྐྱེད་གསལ་བཏབ། སྤྱི་དང་བྱེ་བྲག་གི་ཆོས་བཤད། སྟོན་པ་ཐམས་ཅད་མཁྱེན་པས་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་ཚེ་སྒྲུབ་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གནང་བ་ལས། སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་སྟོབས་ཀྱིས་ཀུན་ལས་མཆོག་ཏུ་གྱུར་པ་ནི་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཡིན་ལ། དེ་ལའང་བཀའ་གཏེར་དག་སྣང་གི་ཟབ་མོའི་བཀའ་སྲོལ་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བ་ཇི་སྙེད་ཅིག་མཆིས་པ་ལས། །འདིར་སྐབས་སུ་བབ་པ་ནི། །གངས་ཅན་རྒྱལ་བསྟན་འདྲེན་པའི་ཤིང་རྟ་རུ་འཕགས་མཆོག་འཇམ་དཔལ་དབྱངས་ཉིད་འཛམ་བུ་གླིང་དབང་བསྒྱུར་བའི་རྒྱལ་པོའི་ཚུལ་དུ་བྱོན་ཅིང༌། རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝའི་ཐུན་མིན་ཐུགས་ཀྱི་སྲས་གཅིག་ཏུ་གྱུར་ཏེ། རྡོ་རྗེ་ཐེག་པའི་སྨིན་གྲོལ་རྒྱ་མཚོས་རྗེས་སུ་བཟུང༌། རྡོ་རྗེ་ནང་གི་ས་ལམ་ཡོངས་སུ་རྫོགས་ནས་རྡོ་རྗེའི་རྒྱལ་ཚབ་ཏུ་མངའ་གསོལ། སྐྱེ་བ་བཅུ་གསུམ་ནས་སངས་རྒྱས་མ་ཆགས་པདྨ་ཅན་དུ་སངས་རྒྱས་པར་ལུང་བསྟན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་རྣམ་པ་ལྔ་གཙོ་བོར་གྱུར་པས་གངས་རིའི་ཁྲོད་ཀྱི་གདུལ་བྱ་འདུལ་བར་ཡང་ཡང་བསྔགས་པའི་ཕྲིན་ལས་ཀྱི་མཆོག་སྤྲུལ། ཀུན་མཁྱེན་རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་ལ་དག་ཆེན་ཡེ་ཤེས་ཀྱི་གཟིགས་ངོར་ཤར་བའི་ཡང་གསང་རྒྱ་ཅན་ཉི་ཤུ་རྩ་ལྔའི་ནང་ཚན་རྡོ་རྗེའི་རྒྱ་ཅན་ལས་ཚེ་དཔག་མེད་གསང་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཀྱེ་མ་བདེ་གཤེགས་མ་ལུས་ཀུན། །བདག་ཉིད་བླ་མ་ཚེ་དཔག་མེད། །ཐུགས་རྗེས་བརྩེར་དགོངས་འཆི་མེད་ཀྱི། །དབང་བསྐུར་ཟབ་མོ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་སྦྱང་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཚེ་དཔག་མེད་འཆི་བདག་བདུད་འཇོམས་དང་ཐ་མི་དད་པ་ལ་རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་འདི་ཡི་རྗེས་ཟློས་མཛོད། །ཐུགས་རྗེས་དབང་གིས་སོགས་ནས་ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་སྲིད་ཞིའི་འཇིགས་པ་ལས་བསྐྱབས་ཏེ་འཆི་མེད་ཚེ་མཐའ་ཡས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་འཆི་མེད་ཚེ་མཐའ་ཡས་པའི་དཀྱིལ་འཁོར་དུ་འཇུག་ཅིང་ནོངས་པ་བཤགས་ནས་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པ་འདི་ཡི་རྗེས་ཟློས་མཛོད། །སྔོན་ནས་བསགས་པའི་སོགས་ལན་གསུམ། བུམ་ཐོད་འཆི་མེད་ལྷ་ཚོགས་སྤྱི་བོར་བཞག་པས་སྐུ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་སྤང་བྱའི་དྲི་མ་ཐམས་ཅད་སྦྱངས་ཐོབ་བྱའི་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་མངོན་དུ་བྱེད་པའི་སྐལ་པ་དང་ལྡན་པར་མོས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿ བཛྲ་གུ་རུ་ཨ་ཡུརྫྙཱ་ན་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿ ཨ་དྷིཥྛ་ན། ཨ་དྷིཥྛི་ཏེ་སྭཱ་ཧཱ། ལན་གསུམ་བརྗོད་དེ་བུམ་ཐོད་ཀྱི་བདུད་རྩི་སྦྱིན། དེ་ལྟར་བུམ་ཐོད་ལས་བྱུང་བའི་བདུད་རྩིས་ལུས་གང༌། དྲི་མ་ཐམས་ཅད་དག །རྡོ་རྗེའི་དབང་གི་སྣོད་དུ་རུང་བར་བྱིན་གྱིས་བརླབས་པར་བསམ། དེ་ནས་ཚེ་ཡི་འགལ་རྐྱེན་བསལ་ཕྱིར་སྤྲོས་པ་རྒྱས་པར་འདོད་ན་སློབ་དཔོན་བདུད་ཆས་སུ་ཞུགས་གཡབ་དྲིལ་ཐོགས་མདུན་དུ་ལྕགས་ཧོམ་དུ་ལིངྒ་བཀོད་ལ། པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་པདྨ་ཧེ་རུ་ཀའི་སྐུར་གྱུར། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་ཚེ་བདུད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། པདྨ་ཚེ་དཔག་མེད་འཆི་བདག་བདུད་འཇོམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས་ཚེ་བདུད་བར་ཆད་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿས་འགུགས་འཆིང་བསྟིམ་པ་ལན་གསུམ་བྱ། བསྒྲལ་ཕུར་ཐོགས་ལ། །སྐུ་སྟོད་དབང་ཆེན་ཁྲོས་པའི་གཟུགས། །སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ། །ཚེ་བདུད་བར་ཆད་དགྲ་བགེགས་ཀྱི། །སྙིང་ལ་བཏབ་བོ་མཱ་ར་ཡ། །ཤ་ཁྲག་རུས་པ་རྡུལ་དུ་རློག །ཨོཾ་པདྨ་ཀྲོ་དྷ་ཧྱ་གྲཱྀ་བ་ཚེ་བདུད་བར་ཆད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད། ཚེ་ཁྲུས་ཀྱི་དགོངས་པས་ཕུར་པ་གདབ་ཅིང་རལ་གྲིས་བསྒྲལ། ལིང་རོ་མེ་ཧོམ་དུ་བསྲེགས་ལ། །ཨོཾ་ཨ་པ་རི་མི་ཨ་ཡུརྫྙཱ་ན་ཧྱ་གྲཱྀ་ཝ་མ་ཧཱ་མཾ་ས་ཀེཾ་ནི་རི་ཏི་ཁཱ་ཧིས་འབུལ། དེས་འགལ་རྐྱེན་མཐའ་དག་བསལ་ཏེ། དབང་དངོས་ལ་ཐོག་མར་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་འདི་ལྟར་དམིགས་མཛོད། །ལས་སྔགས་ཀྱིས་བསང༌། ཤཱུ་ནྱ་ཏས་སྦྱངས་ཏེ། སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐ་མལ་པའི་སྣང་ཞེན་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་འོག་མིན་བདེ་ལྡན་ཞིང་གི་བཀོད་པ་རྫོགས་པའི་དབུས་སུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་པདྨ་དམར་པོ་ཧྲཱིཿས་མཚན་པ་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་གཡོན་བདུད་རྩིས་གང་བའི་བུམ་པ་འཛིན་པས་ཡུམ་དང་འཁྱུད་པ། ཡུམ་གོས་དཀར་མོ་རྡོ་རྗེ་དང་ཐོད་པ་བདུད་རྩིས་གང་བ་བཟུང་ནས་ཡབ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་གསོལ་བ། ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་གྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་དང༌། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པར་གྱུར། ཌཱ་དྲིལ་དབྱངས་དང་བཅས་ཏེ་ལས་བྱང་གི་སྤྱན་འདྲེན་སྔགས་དང་བཅས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། སྐུ་གསུང་ཐུགས་ཀྱི་དབང་བསྐུར་དངོས་ལ། སྐུ་ཡི་དབང་དང་བྱིན་རླབས་འཕོ་བའི་ཆེད་དུ་ཚེ་གལ་གྱི་བུམ་པ་སྤྱི་བོར་བཞག་པས་བདེ་བ་ཅན་ན་བཞུགས་པའི་ཚེ་དཔག་མེད་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རང་འདྲ་དཔག་ཏུ་མེད་པ་བྱོན་ནས་སློབ་མ་ལ་བསྟིམས་པས་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཡི་ཚེ་དབང་ཐོབ་པར་གྱུར་ཅིག །ཚེ་འབྲང་སྐུ་གཟུགས་དང་བཅས་པ་སྤྱི་བོར་བཞག་སྟེ། ཧྲཱིཿ །བཅོམ་ལྡན་འཆི་མེད་ཚེ་ཡི་ལྷ། །གོས་དཀར་ཡུམ་དང་མཉམ་སྦྱོར་བའི། །སྐུ་ཡི་བྱིན་ཆེན་རབ་ཕོབ་ལ། །ལུས་ལ་ཚེ་དབང་བསྐུར་དུ་གསོལ། སྔགས་ཀྱི་མཇུག་ཏུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། གསེར་གྱིས་བྲིས་པའི་ཚེ་གཟུངས་མགྲིན་པར་བཞག་སྟེ། མདུན་བསྐྱེད་ཚེ་དཔག་མེད་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཕྱུང༌། ཞལ་ནས་བརྒྱུད་སློབ་མ་ཚེ་དཔག་མེད་དུ་གསལ་བའི་ཁར་ཞུགས་ཏེ་སྙིང་གར་ཧྲཱིཿལ་ཐིམ་པས་གཞོམ་གཞིག་དང་བྲལ་བའི་རྡོ་རྗེའི་གསུང་གི་ཚེ་དབང་ཐོབ་པར་གྱུར་ཅིག །བཅོམ་ལྡན་འཆི་མེད་ཚེ་ཡི་ལྷ། །གོས་དཀར་ཡུམ་དང་མཉམ་སྦྱོར་བའི། །གསུང་གི་བྱིན་ཆེན་ཆར་ཕོབ་ལ། །ངག་ལ་ཚེ་དབང་བསྐུར་དུ་གསོལ། །སྔགས་མཇུག་ཏུ། ཝཱཀ྄་ཨ་བྷི་ཥིཉྩ་ཨཱཿ བུམ་པ་སྙིང་གར་བཞག་སྟེ། ཐུགས་ཡེ་ཤེས་ཀྱི་དབང་དང་བཅུད་འདུས་པའི་བུམ་པ་སྙིང་གར་གཏུགས་ཤིང་བུམ་བཅུད་མྱང་བས་འཕོ་གྱུར་དང་བྲལ་བའི་རྡོ་རྗེའི་ཐུགས་ཀྱི་ཚེ་ལ་དབང་ཐོབ་པར་གྱུར་ཅིག །བཅོམ་ལྡན་འཆི་མེད་ཚེ་ཡི་ལྷ། །གོས་དཀར་ཡུམ་དང་མཉམ་སྦྱོར་བའི། །ཐུགས་ཀྱི་བྱིན་ཆེན་རབ་ཕོབ་ལ། །ཡིད་ལ་ཚེ་དབང་བསྐུར་དུ་གསོལ། སྔགས་མཇུག་ཏུ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། རྡོ་རྗེ་གསུམ་གྱི་གསང་བ་དང་གཉིས་སུ་མེད་པར་རྒྱས་འདེབས་པའི་སླད་དུ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་དང༌། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་རྡུལ་ལྟར་སྤྲོས་པས། བླ་ཚེ་ཆད་ཉམས་ཡར་བ་དང་འབྱུང་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ལུས་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེའི་ཚེའི་བཅུད་ལེན་དུ་འགྱུར་བའི་མོས་པ་མཛོད། སློབ་དཔོན་གྱི་ལག་གཡོན་དུ་ཚེ་བུམ་དང་གཡས་པས་ཚེ་མདའ་གཡབ་ཅིང༌། ཧྲཱིཿ བདེ་བ་ཅན་གྱི་ཞིང་ཁམས་ནས། །ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་རྣམས། །འདིར་འདུས་སྐལ་ལྡན་བུ་ལ་སྩོལ། །ཛཔ྄་བཟླ། །ལྷོ་ཕྱོགས་གྲུ་འཛིན་ཕོ་བྲང་ནས། །ལོངས་སྐུ་སྤྱན་རས་གཟིགས་མགོན་གྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་རྣམས། །འདིར་འདུས་སྐལ་ལྡན་བུ་ལ་སྩོལ། །ཨོཾ་ཨཱཿཧཱུྃ། ཨ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨ་བྷི་ཥིཉྩ་ཨ་ཨཿ །ཟངས་མདོག་དཔལ་རིའི་གནས་མཆོག་ནས། །སྤྲུལ་སྐུ་ཚེ་དབང་རིག་འཛིན་གྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་རྣམས། །འདིར་འདུས་སྐལ་ལྡན་བུ་ལ་སྩོལ། །ཨོཾ་ཨཱཿཧཱུྃ། ཨ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཧ་བྷི་ཥིཉྩ་ཨ་ཨཿ །ཉམས་དང་ཟད་དང་འཐོར་བ་དང༌། །གདོན་བགེགས་ལྷ་འདྲེས་བརྐུས་པ་ཡི། །ཚེ་ཁུག་སྲོག་གི་ཀ་བ་ཚུགས། །ཉམས་པ་སོར་ཆུད་ཚེ་བྱིན་ཕོབ། །ལྷ་མོའི་ཚེ་དང་བསོད་ནམས་དཔལ། །འབྱུང་བ་ལྔ་ཡི་བཅུད་རྣམས་དང༌། །བདེ་བར་གཤེགས་པའི་བྱིན་རླབས་རྣམས། །སྐལ་ལྡན་བུ་ལ་བསྩལ་དུ་གསོལ། །སྔགས་བརྗོད་ཅིང་ཚེ་འགུགས། ཐབས་ཤེས་ཀྱི་ཚེ་སྤེལ་བའི་རྫས་བཟའ་བཏུང་གི་ཚུལ་དུ་བྱིན་པས་བདེ་སྟོང་གཉིས་མེད་རྡོ་རྗེའི་ཡེ་ཤེས་ཀྱི་ཚེ་ལ་དབང་ཐོབ་པར་མོས་མཛོད། ཚེ་རིལ་དང་ཚེ་ཆང་སྦྱིན་ལ། ཧྲཱིཿ ལྷ་སྔགས་ཡེ་ཤེས་རོལ་པའི་རྩལ། །བདུད་རྩིའི་བཅུད་ལེན་དམ་རྫས་འདི། །སྐལ་ལྡན་བུ་ལ་བྱིན་པ་ཡིས། །འཁོར་འདས་ཀུན་ལ་དབང་བསྒྱུར་ཤོག །རྩ་སྔགས་བརྗོད། ཚེ་མདའ་གནས་ལྔར་གཏུགས་ལ། །གཞོམ་དུ་མེད་པའི་གོ་ཆ་ཡིས། །ཚེ་ཡི་བར་ཆད་ཀུན་བསྲུངས་ཏེ། །མི་ཆོད་མི་ཤིགས་བདེན་སྲ་བརྟན། །རྡོ་རྗེའི་གུར་དུ་ཚེ་སྦའོ། །སྔགས་མཇུག་ཏུ་བཛྲ་རཀྵ་བཏགས། ཆོས་ཀུན་སེམས་ཀྱི་འཁྲུལ་སྣང་སྟེ། །གསལ་བ་མ་རྙེད་ཀ་ནས་དག །སྟོང་པའི་དབྱིངས་སུ་ཚེ་སྦས་ཤིང༌། །འཕོ་འགྱུར་མེད་པར་རྒྱས་བཏབ་བོ། །ཞེས་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་ངང་ལ་དར་གཅིག་མཉམ་པར་བཞག །དབང་གི་ཡེ་ཤེས་བསྐྱེད་པའི་ཕྱིར་ཤིས་པ་བརྗོད་ཅིང༌། དམ་ཚིག་ཁས་བླང་མཎྜལ། ལུས་འབུལ་དགེ་བསྔོ་བཅས་བྱའོ། །སློབ་དཔོན་གྱིས་རྗེས་རིམ་མཐར་དབྱུང་བས་གྲུབ་པའོ། །འཕོ་འགྱུརྃ་སྲིད་པའི་བདུད་བཞིའི་དཔུང༌། །རྡོ་རྗེའི་མཚན་གྱིས་རྨིག་མེདྃ་དུ། །བཅོམ་ནས་ཐེགྃ་མཆོྃག་བསྟནྃ་པའིྃ་རྒྱན། །རིང་འཚོའི་རྒྱལྃ་མཚྃན་བརྗིད་འདི་རྨད། ཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ཕྲིན་དབང་གི་ལེའུ་ཚན་ནོ།། །།}} | ༄༅། །རྨད་བྱུང་ཐུགས་བསྐྱེད་འཆི་མེད་རྫིང༌། །སྨོན་ལམ་ཉི་ཟླའི་འོད་ཕྲེང་གིས། །འཆི་བདག་མུན་བཅིལ་རྡོ་རྗེ་ཚེའི། །ཡེ་ཤེས་པདྨོ་བཞད་མཛད་རྒྱལ། །མཆོག་གི་གོ་འཕང་རིན་ཆེན་གླིང༌། བགྲོད་པའི་ཐབས་ཚུལ་ཤིང་རྟ་ནི། འཆི་བདག་བདུད་འཇོམས་སྨིན་གྲོལ་གྱི། །སྒྲུབ་ཕྲིན་འཇུག་བདེའི་དཔྱིད་དུ་སྤེལ། མགོན་པོ་ཚེ་དཔག་མེད་འཆི་བདག་བདུད་འཇོམས་ཉིད་ཉམས་སུ་ལེན་པར་འདོད་པས་སྦྱོར་བ་ཡོ་བྱད་ཀྱི་ཤོམ་ནི། བཀྲ་ཤིས་པའི་གནས་སུ་ཉི་མ་བྱང་བགྲོད་ཟླ་བ་ཡར་ངོའི་དུས་ཚེས་དགེ་བའི་ཆར་གནས་ཁང་བྱི་དོར་གྱིས་སྤྲས་པའི་གུང་དུ་ཚེ་དཔག་མེད་ཀྱི་སྐུ་རྟེན་བཤམས་པའི་སྤྱན་སྔར་རས་བྲིས་སམ་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་ཞི་རྒྱས་གང་རུང་གི་དབྱིབས་དང་ཁ་དོག་གིས་མཛེས་པའི་དབུས་སུ་ཚེ་གཏོར་བུམ་གཟུགས་ཁ་རྒྱན་གྱི་ཤིང་ལོ་ལྟེ་བའི་ཐད་ནས་གྱེན་དུ་ལོག་པའི་རྣམ་པ་ཅན་མཐར་ཚེ་རིལ་གྱིས་བསྐོར་བའི་ཁར་ཚེ་དཔག་མེད་པའི་ཙཀླི་བཙུགས། གཡས་སུ་རིན་པོ་ཆེའི་བུམ་པ་བཅུད་ལྡན། གཡོན་དུ་ཐོད་ཆང་ཚེ་རྫས་སྦྱར་བ། གསེར་གྱིས་བྲིས་པའི་ཚེ་གཟུངས། མདའ་དར་མེ་ལོང་གཡུ་དང་བཅས། སྨན་རཀ །ཉེར་སྤྱོད་མཆོད་པ། བྲུབ་ཁུང་དུ་དམ་སྲིའི་ལིངྒ། དཀར་བགེགས། ཚོགས་མཆོད། ཆད་བརྟན། སྲུང་མའི་གཏོར་མ་བཅས་བཤམས་ཤིང༌། ཌཱ་དྲིལ། གུལ་ཡུངས་སོགས་ཉེར་མཁོའི་ཡོ་བྱད་ཚགས་སུ་ཚུད་པར་བྱའོ། །གཉིས་པ་སྐྱབས་འགྲོ་ནི། །ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །མི་འབྲལ་རྩེ་གཅིག་བྱིན་རློབས་པའི། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །གསུམ་པ་སེམས་བསྐྱེད་ནི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །བཞི་པ་བགེགས་བསྐྲད་པ་ནི། རང་ཉིད་དབང་ཆེན་སྐུ་རུ་གསལ། །རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿས་མགྲོན་དགུག །སརྦ་བིགྷྣཱན་མཿསརྦ་སོགས་གྲཱྀཧྞ་དྱ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། བླ་མ་རྣམས་ཀྱི་བྱིན་རླབས་དང་༔ ཡི་དམ་ལྷ་ཡི་ཏིང་འཛིན་དང༔ མཁའ་འགྲོ་རྣམས་ཀྱི་མཐུ་རྩལ་གྱིས༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ ལོག་པར་འདྲེན་པ་བདུད་ཀྱི་ཚོགས༔ འདི་རུ་མ་འདུག་གཞན་དུ་དེངས༔ ཨོཾ་སུམྦྷ་སོགས་བརྗོད་ཅིང་བསྐྲད། ལྔ་པ་མཚམས་གཅོད་ནི། ཧཱུྃཿ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག༔ ཨོཾ་གུ་རུ་དྷེ་ཝ་དྷཱ་ཀི་ནི་བཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ༔ དྲུག་པ་མཆོད་པ་བྱིན་རླབས་ནི། རྃ་ཡྃ་ཁྃ། ཐུགས་ནས་རྃ་ཡྃ་ཁྃ་འཕྲོས་པས༔ ཕྱི་ནང་གསང་བའི་མཆོད་རྫས་ཀྱི༔ མ་དག་ཉེས་སྐྱོན་ཀུན་སྦྱངས་ནས༔ མི་ཟད་ནམ་མཁའི་མཛོད་དུ་གྱུར༔ ཨོཾ་ཨཱཿབཛྲ་པུཥྤེ་ནས་ཤཔྟ་ཨཱཿཧཱུྃ༔ དངོས་གཞིའི་དང་པོ་ལྷ་བསྐྱེད་ནི། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་སེམས་ཀྱི་ངོ་བོ་པདྨ་དམར་པོ་ཧྲཱིཿས་མཚན་པ་ཡོངས་སུ་གྱུར་པ་ལས། རང་ཉིད་མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་གཡོན་བདུད་རྩིས་གང་བའི་བུམ་པ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་གོས་དཀར་མོ་དམར་མོ་རྡོ་རྗེ་དང་ཐོད་པ་བདུད་རྩིས་གང་བ་བཟུང་ནས་ཡབ་དང་མཉམ་པར་སྦྱོར་བ་གཉིས་ཀའང་རིན་པོ་ཆེའི་རྒྱན་དང༌། དར་གྱི་ན་བཟའ་གསོལ་བ། ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་གྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿ་དམར་པོ། ཐུགས་ཀར་ཧཱུྃ་སྡོན་པོས་མཚན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བཛྲ་ས་མ་ཡ་ཛཿ ཧྲཱིཿ །སྔོན་གྱི་བསྐལ་བའི་དང་པོ་ལ། །འགྲོ་དྲུག་སྡུག་བསྔལ་ཐུགས་རྗེས་གཟིགས། །སྨོན་ལམ་སྟོབས་བསྐྱེད་འགྲོ་དོན་མཛད། །བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །གནས་མཆོག་འདི་རུ་གཤེགས་སུ་གསོལ། སེམས་ཅན་འཛིན་པས་བཅིངས་པ་རྣམས། །ལམ་གྱི་བར་ཆད་སེལ་བའི་ཕྱིར། །ཚེ་ཡི་ལྷ་ཚོགས་འཁོར་དང་བཅས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་མ་ཡ་ཛཿཛཿ བཞུགས་སུ་གསོལ་བ་ནི། ཧྲཱིཿ ཆོས་དབྱིངས་ལྷུན་གྲུབ་བདེ་ཆེན་གཞལ་ཡས་འདིར། །དབྱིངས་ཀྱི་ཐིག་ལེ་འོད་ཕུང་འཁྱིལ་བའི་དབུས། །རིག་པ་རང་ཤར་ཚེ་དཔག་མེད་མགོན་སྐུ། །མཉམ་ཉིད་དོན་གྱི་དབྱིངས་སུ་བརྟན་པར་བཞུགས། །ཨོཾ་བཛྲ་ས་མ་ཡ་ཏིཥྛནྟུ། ཕྱག་འཚལ་བ་ནི། ཧྲཱིཿ །བཅོམ་ལྡན་ཚེ་དཔག་མེད་མགོན་ལྷ་ཚོགས་ལ། །སྣང་སྟོང་སྐྱེ་འགག་མེད་པའི་དབྱིངས་ཉིད་དུ། །བཟང་ངན་གཉིས་འཛིན་ཡེ་ནས་བྲལ་བ་ཡི། །མཉམ་ཉིད་དོན་གྱི་ངང་དུ་ཕྱག་འཚལ་ལོ། །ན་མོ་པུ་རུ་ཤ་ཡ་ཧོ། །མཆོད་པ་འབུལ་བ་ནི། རིག་མདངས་ཚེ་ཡི་ལྷ་ཚོགས་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སྒྲ་སྙན་ལྷ་མོ་རྣམས། །སོ་སོའི་ཁ་དོག་ཕྱག་རྒྱ་སྒྱུར། །རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །རྒྱལ་བའི་དཀྱིལ་འཁོར་མཆོད་པར་བྱ། །ཨོཾ་བཛྲ་པུཥྤེ་ནས་ཤཔྟ་པཱུ་ཛ་ཧོཿ ཧྲཱིཿ རིག་མདངས་ཚེ་ཡི་ལྷ་ཚོགས་ལ། །རང་བྱུང་བདུད་རྩི་རྣམ་ལྔ་དང༌། །ཤ་ལྔ་དམ་ཚིག་མཆོག་གི་རྫས། །ནང་གི་བདག་ཉིད་དག་པར་བཞེས། །མ་ཧཱ་ཨ་མྲྀ་ཏ་མཾ་ས་པཉྩ་པཱུ་ཛ་ཧོ། ཧྲཱིཿ ཚེ་དཔག་མེད་མགོན་ལྷ་ཚོགས་ལ། །སྣང་སྟོང་བདེ་ཆེན་ཡབ་ཡུམ་མཁར། །དགའ་བཞི་ཡེ་ཤེས་ཐིག་ལེར་འཁྱིལ། །ཟུང་འཇུག་བདེ་ཆེན་མཆོད་པ་བཞེས། །ཨོཾ་བྷོ་དྷི་ཙིཏྟ་པཱུ་ཛ་ཧོཿ ཧྲཱིཿ །ཚེ་དཔག་མེད་མགོན་ལྷ་ཚོགས་ལ། །རྩ་བརྒྱད་བདུད་རྩིའི་མཆོད་པ་དང༌། །བདེ་ཆེན་རཀྟའི་མཆོད་པ་དང༌། །དམ་རྫས་གཏོར་མའི་མཆོད་པ་རྣམས། །དོན་དམ་དབྱིངས་ཀྱི་མཆོད་པ་འབུལ། །མཐུན་འཇུག་མཆོག་གི་མཆོད་པ་བཞེས། །ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། བསྟོད་པ་ནི། ཧྲཱིཿ །དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །སྨོན་ལམ་སྟོབས་ཀྱིས་འགྲོ་བའི་དོན་མཛད་ཅིང༌། །མཐོང་ཐོས་དྲན་པས་སྡུག་བསྔལ་ཀུན་ལས་གྲོལ། །བཅོམ་ལྡན་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད། ཛཔ྄་བཟླ་བ་ནི། ཧྲཱིཿ རང་བྱུང་རྣམ་དག་གཞལ་ཡས་འདིར། །བཅོམ་ལྡན་ཚེ་དཔག་མེད་མགོན་ལྷ། །སྣ་ཚོགས་སྐུ་དང་ཆ་ལུགས་ལ། །ཐུགས་སྲོག་ཛཔ྄་ཀྱི་རང་སྒྲ་སྒྲོགས། །མི་འགྱུར་ཐུགས་ལས་འོད་ཟེར་འཕྲོས། །ཕར་སྤྲོས་སེམས་ཅན་དོན་རྣམས་རྫོགས། །ཚུར་འདུས་དངོས་གྲུབ་བཅུད་དུ་བསྡུས། །རྟགས་ཐོན་བར་དུ་རྒྱུན་མི་བཅད། །ཨོཾ་ཨཱཿཧཱུྃ་ཧྲཱིཿཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཟླ་སྟེ་བསྙེན་པ་བྱ། དབང་དང་འབྲེལ་ན། མདུན་གྱི་ཚེ་གལ་གྱི་ཚེ་འབྲང་གི་སྟེང་ཐོད་ཆང་སོ་སོར་བསང་སྦྱང༌། བུམ་པ་དང་སྒྲུབ་རྫས་ཐམས་ཅད་མགོན་པོ་ཚེ་དཔག་ཏུ་མེད་པ་ཡབ་ཡུམ་དུ་གསལ་བའི་བདག་མདུན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་འཇིག་རྟེན་ལས་འདས་པའི་ཚེ་བཅུད་ཐམས་ཅད་བསྡུས་ཏེ་སྒྲུབ་རྫས་ལ་ཐིམ་པར་བསམ་ཞིང་སྔགས་བཟླས་པས་བྱིན་གྱིས་བརླབ། ལས་བུམ་དུ་རྟ་སྔགས་ཀྱིས་བྱིན་གྱིས་བརླབས། བདག་འཇུག་རྒྱས་པའམ་རིག་པའི་མེ་ཏོག་དོར་བས་བདག་ཉིད་ནུས་ལྡན་དུ་བྱ། དེ་ནས་དབང་གི་བྱ་བ་དངོས་ལ། སྣོད་ལྡན་གྱི་སློབ་མ་ཡོལ་བའི་སྒོའི་ཕྱི་རོལ་དུ་ཁྲུས་ནས་དབྱུང༌། ནང་དུ་འཁོད་པ་དང་བགེགས་བསྐྲད། སྲུང་འཁོར་བསྒོམ་ལ་སེམས་བསྐྱེད་གསལ་བཏབ། སྤྱི་དང་བྱེ་བྲག་གི་ཆོས་བཤད། སྟོན་པ་ཐམས་ཅད་མཁྱེན་པས་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་སུ་ཚེ་སྒྲུབ་པའི་ཐབས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་གནང་བ་ལས། སྔོན་གྱི་སྨོན་ལམ་དང་ཐུགས་བསྐྱེད་ཀྱི་སྟོབས་ཀྱིས་ཀུན་ལས་མཆོག་ཏུ་གྱུར་པ་ནི་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཡིན་ལ། དེ་ལའང་བཀའ་གཏེར་དག་སྣང་གི་ཟབ་མོའི་བཀའ་སྲོལ་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བ་ཇི་སྙེད་ཅིག་མཆིས་པ་ལས། །འདིར་སྐབས་སུ་བབ་པ་ནི། །གངས་ཅན་རྒྱལ་བསྟན་འདྲེན་པའི་ཤིང་རྟ་རུ་འཕགས་མཆོག་འཇམ་དཔལ་དབྱངས་ཉིད་འཛམ་བུ་གླིང་དབང་བསྒྱུར་བའི་རྒྱལ་པོའི་ཚུལ་དུ་བྱོན་ཅིང༌། རྡོ་རྗེའི་བླ་མ་པདྨ་སཾ་བྷ་ཝའི་ཐུན་མིན་ཐུགས་ཀྱི་སྲས་གཅིག་ཏུ་གྱུར་ཏེ། རྡོ་རྗེ་ཐེག་པའི་སྨིན་གྲོལ་རྒྱ་མཚོས་རྗེས་སུ་བཟུང༌། རྡོ་རྗེ་ནང་གི་ས་ལམ་ཡོངས་སུ་རྫོགས་ནས་རྡོ་རྗེའི་རྒྱལ་ཚབ་ཏུ་མངའ་གསོལ། སྐྱེ་བ་བཅུ་གསུམ་ནས་སངས་རྒྱས་མ་ཆགས་པདྨ་ཅན་དུ་སངས་རྒྱས་པར་ལུང་བསྟན། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྤྲུལ་པ་རྣམ་པ་ལྔ་གཙོ་བོར་གྱུར་པས་གངས་རིའི་ཁྲོད་ཀྱི་གདུལ་བྱ་འདུལ་བར་ཡང་ཡང་བསྔགས་པའི་ཕྲིན་ལས་ཀྱི་མཆོག་སྤྲུལ། ཀུན་མཁྱེན་རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་ལ་དག་ཆེན་ཡེ་ཤེས་ཀྱི་གཟིགས་ངོར་ཤར་བའི་ཡང་གསང་རྒྱ་ཅན་ཉི་ཤུ་རྩ་ལྔའི་ནང་ཚན་རྡོ་རྗེའི་རྒྱ་ཅན་ལས་ཚེ་དཔག་མེད་གསང་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཀྱེ་མ་བདེ་གཤེགས་མ་ལུས་ཀུན། །བདག་ཉིད་བླ་མ་ཚེ་དཔག་མེད། །ཐུགས་རྗེས་བརྩེར་དགོངས་འཆི་མེད་ཀྱི། །དབང་བསྐུར་ཟབ་མོ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་སྦྱང་བའི་སླད་དུ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཚེ་དཔག་མེད་འཆི་བདག་བདུད་འཇོམས་དང་ཐ་མི་དད་པ་ལ་རྩ་གསུམ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བ་འདི་ཡི་རྗེས་ཟློས་མཛོད། །ཐུགས་རྗེས་དབང་གིས་སོགས་ནས་ལན་གསུམ། མཁའ་ཁྱབ་ཀྱི་སེམས་ཅན་སྲིད་ཞིའི་འཇིགས་པ་ལས་བསྐྱབས་ཏེ་འཆི་མེད་ཚེ་མཐའ་ཡས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་འཆི་མེད་ཚེ་མཐའ་ཡས་པའི་དཀྱིལ་འཁོར་དུ་འཇུག་ཅིང་ནོངས་པ་བཤགས་ནས་བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པ་འདི་ཡི་རྗེས་ཟློས་མཛོད། །སྔོན་ནས་བསགས་པའི་སོགས་ལན་གསུམ། བུམ་ཐོད་འཆི་མེད་ལྷ་ཚོགས་སྤྱི་བོར་བཞག་པས་སྐུ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་སྤང་བྱའི་དྲི་མ་ཐམས་ཅད་སྦྱངས་ཐོབ་བྱའི་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་མངོན་དུ་བྱེད་པའི་སྐལ་པ་དང་ལྡན་པར་མོས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱིཿ བཛྲ་གུ་རུ་ཨ་ཡུརྫྙཱ་ན་སིདྡྷི་ནྲྀ་བྷྲཱུྃ་ཧཱུྃ་ཛཿ ཨ་དྷིཥྛ་ན། ཨ་དྷིཥྛི་ཏེ་སྭཱ་ཧཱ། ལན་གསུམ་བརྗོད་དེ་བུམ་ཐོད་ཀྱི་བདུད་རྩི་སྦྱིན། དེ་ལྟར་བུམ་ཐོད་ལས་བྱུང་བའི་བདུད་རྩིས་ལུས་གང༌། དྲི་མ་ཐམས་ཅད་དག །རྡོ་རྗེའི་དབང་གི་སྣོད་དུ་རུང་བར་བྱིན་གྱིས་བརླབས་པར་བསམ། དེ་ནས་ཚེ་ཡི་འགལ་རྐྱེན་བསལ་ཕྱིར་སྤྲོས་པ་རྒྱས་པར་འདོད་ན་སློབ་དཔོན་བདུད་ཆས་སུ་ཞུགས་གཡབ་དྲིལ་ཐོགས་མདུན་དུ་ལྕགས་ཧོམ་དུ་ལིངྒ་བཀོད་ལ། པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་པདྨ་ཧེ་རུ་ཀའི་སྐུར་གྱུར། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་ཚེ་བདུད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར། ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། པདྨ་ཚེ་དཔག་མེད་འཆི་བདག་བདུད་འཇོམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས་ཚེ་བདུད་བར་ཆད་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿས་འགུགས་འཆིང་བསྟིམ་པ་ལན་གསུམ་བྱ། བསྒྲལ་ཕུར་ཐོགས་ལ། །སྐུ་སྟོད་དབང་ཆེན་ཁྲོས་པའི་གཟུགས། །སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ། །ཚེ་བདུད་བར་ཆད་དགྲ་བགེགས་ཀྱི། །སྙིང་ལ་བཏབ་བོ་མཱ་ར་ཡ། །ཤ་ཁྲག་རུས་པ་རྡུལ་དུ་རློག །ཨོཾ་པདྨ་ཀྲོ་དྷ་ཧྱ་གྲཱྀ་བ་ཚེ་བདུད་བར་ཆད་དགྲ་བགེགས་ཐམས་ཅད་མཱ་ར་ཡ་རྦད། ཚེ་ཁྲུས་ཀྱི་དགོངས་པས་ཕུར་པ་གདབ་ཅིང་རལ་གྲིས་བསྒྲལ། ལིང་རོ་མེ་ཧོམ་དུ་བསྲེགས་ལ། །ཨོཾ་ཨ་པ་རི་མི་ཨ་ཡུརྫྙཱ་ན་ཧྱ་གྲཱྀ་ཝ་མ་ཧཱ་མཾ་ས་ཀེཾ་ནི་རི་ཏི་ཁཱ་ཧིས་འབུལ། དེས་འགལ་རྐྱེན་མཐའ་དག་བསལ་ཏེ། དབང་དངོས་ལ་ཐོག་མར་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་འདི་ལྟར་དམིགས་མཛོད། །ལས་སྔགས་ཀྱིས་བསང༌། ཤཱུ་ནྱ་ཏས་སྦྱངས་ཏེ། སློབ་མའི་ཕུང་ཁམས་སྐྱེ་མཆེད་ཐ་མལ་པའི་སྣང་ཞེན་ཐམས་ཅད་སྟོང་པར་སྦྱངས། སྟོང་པའི་ངང་ལས་སྣོད་བཅུད་འོག་མིན་བདེ་ལྡན་ཞིང་གི་བཀོད་པ་རྫོགས་པའི་དབུས་སུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་ཉིད་ཀྱི་ངོ་བོ་པདྨ་དམར་པོ་ཧྲཱིཿས་མཚན་པ་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་གཡོན་བདུད་རྩིས་གང་བའི་བུམ་པ་འཛིན་པས་ཡུམ་དང་འཁྱུད་པ། ཡུམ་གོས་དཀར་མོ་རྡོ་རྗེ་དང་ཐོད་པ་བདུད་རྩིས་གང་བ་བཟུང་ནས་ཡབ་དང་མཉམ་པར་སྦྱོར་བ། གཉིས་ཀའང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་གསོལ་བ། ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་གྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་དང༌། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་སིབ་སིབ་ཐིམ་པར་གྱུར། ཌཱ་དྲིལ་དབྱངས་དང་བཅས་ཏེ་ལས་བྱང་གི་སྤྱན་འདྲེན་སྔགས་དང་བཅས་པས་བྱིན་དབབ། ཏིཥྛ་བཛྲས་བརྟན་པར་བྱ། སྐུ་གསུང་ཐུགས་ཀྱི་དབང་བསྐུར་དངོས་ལ། སྐུ་ཡི་དབང་དང་བྱིན་རླབས་འཕོ་བའི་ཆེད་དུ་ཚེ་གལ་གྱི་བུམ་པ་སྤྱི་བོར་བཞག་པས་བདེ་བ་ཅན་ན་བཞུགས་པའི་ཚེ་དཔག་མེད་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་རང་འདྲ་དཔག་ཏུ་མེད་པ་བྱོན་ནས་སློབ་མ་ལ་བསྟིམས་པས་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ་ཡི་ཚེ་དབང་ཐོབ་པར་གྱུར་ཅིག །ཚེ་འབྲང་སྐུ་གཟུགས་དང་བཅས་པ་སྤྱི་བོར་བཞག་སྟེ། ཧྲཱིཿ །བཅོམ་ལྡན་འཆི་མེད་ཚེ་ཡི་ལྷ། །གོས་དཀར་ཡུམ་དང་མཉམ་སྦྱོར་བའི། །སྐུ་ཡི་བྱིན་ཆེན་རབ་ཕོབ་ལ། །ལུས་ལ་ཚེ་དབང་བསྐུར་དུ་གསོལ། སྔགས་ཀྱི་མཇུག་ཏུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། གསེར་གྱིས་བྲིས་པའི་ཚེ་གཟུངས་མགྲིན་པར་བཞག་སྟེ། མདུན་བསྐྱེད་ཚེ་དཔག་མེད་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་ཕྱུང༌། ཞལ་ནས་བརྒྱུད་སློབ་མ་ཚེ་དཔག་མེད་དུ་གསལ་བའི་ཁར་ཞུགས་ཏེ་སྙིང་གར་ཧྲཱིཿལ་ཐིམ་པས་གཞོམ་གཞིག་དང་བྲལ་བའི་རྡོ་རྗེའི་གསུང་གི་ཚེ་དབང་ཐོབ་པར་གྱུར་ཅིག །བཅོམ་ལྡན་འཆི་མེད་ཚེ་ཡི་ལྷ། །གོས་དཀར་ཡུམ་དང་མཉམ་སྦྱོར་བའི། །གསུང་གི་བྱིན་ཆེན་ཆར་ཕོབ་ལ། །ངག་ལ་ཚེ་དབང་བསྐུར་དུ་གསོལ། །སྔགས་མཇུག་ཏུ། ཝཱཀ྄་ཨ་བྷི་ཥིཉྩ་ཨཱཿ བུམ་པ་སྙིང་གར་བཞག་སྟེ། ཐུགས་ཡེ་ཤེས་ཀྱི་དབང་དང་བཅུད་འདུས་པའི་བུམ་པ་སྙིང་གར་གཏུགས་ཤིང་བུམ་བཅུད་མྱང་བས་འཕོ་གྱུར་དང་བྲལ་བའི་རྡོ་རྗེའི་ཐུགས་ཀྱི་ཚེ་ལ་དབང་ཐོབ་པར་གྱུར་ཅིག །བཅོམ་ལྡན་འཆི་མེད་ཚེ་ཡི་ལྷ། །གོས་དཀར་ཡུམ་དང་མཉམ་སྦྱོར་བའི། །ཐུགས་ཀྱི་བྱིན་ཆེན་རབ་ཕོབ་ལ། །ཡིད་ལ་ཚེ་དབང་བསྐུར་དུ་གསོལ། སྔགས་མཇུག་ཏུ། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། རྡོ་རྗེ་གསུམ་གྱི་གསང་བ་དང་གཉིས་སུ་མེད་པར་རྒྱས་འདེབས་པའི་སླད་དུ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་དང༌། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་རྡུལ་ལྟར་སྤྲོས་པས། བླ་ཚེ་ཆད་ཉམས་ཡར་བ་དང་འབྱུང་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ལུས་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེའི་ཚེའི་བཅུད་ལེན་དུ་འགྱུར་བའི་མོས་པ་མཛོད། སློབ་དཔོན་གྱི་ལག་གཡོན་དུ་ཚེ་བུམ་དང་གཡས་པས་ཚེ་མདའ་གཡབ་ཅིང༌། ཧྲཱིཿ བདེ་བ་ཅན་གྱི་ཞིང་ཁམས་ནས། །ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་རྣམས། །འདིར་འདུས་སྐལ་ལྡན་བུ་ལ་སྩོལ། །ཛཔ྄་བཟླ། །ལྷོ་ཕྱོགས་གྲུ་འཛིན་ཕོ་བྲང་ནས། །ལོངས་སྐུ་སྤྱན་རས་གཟིགས་མགོན་གྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་རྣམས། །འདིར་འདུས་སྐལ་ལྡན་བུ་ལ་སྩོལ། །ཨོཾ་ཨཱཿཧཱུྃ། ཨ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨ་བྷི་ཥིཉྩ་ཨ་ཨཿ །ཟངས་མདོག་དཔལ་རིའི་གནས་མཆོག་ནས། །སྤྲུལ་སྐུ་ཚེ་དབང་རིག་འཛིན་གྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་རྣམས། །འདིར་འདུས་སྐལ་ལྡན་བུ་ལ་སྩོལ། །ཨོཾ་ཨཱཿཧཱུྃ། ཨ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཧ་བྷི་ཥིཉྩ་ཨ་ཨཿ །ཉམས་དང་ཟད་དང་འཐོར་བ་དང༌། །གདོན་བགེགས་ལྷ་འདྲེས་བརྐུས་པ་ཡི། །ཚེ་ཁུག་སྲོག་གི་ཀ་བ་ཚུགས། །ཉམས་པ་སོར་ཆུད་ཚེ་བྱིན་ཕོབ། །ལྷ་མོའི་ཚེ་དང་བསོད་ནམས་དཔལ། །འབྱུང་བ་ལྔ་ཡི་བཅུད་རྣམས་དང༌། །བདེ་བར་གཤེགས་པའི་བྱིན་རླབས་རྣམས། །སྐལ་ལྡན་བུ་ལ་བསྩལ་དུ་གསོལ། །སྔགས་བརྗོད་ཅིང་ཚེ་འགུགས། ཐབས་ཤེས་ཀྱི་ཚེ་སྤེལ་བའི་རྫས་བཟའ་བཏུང་གི་ཚུལ་དུ་བྱིན་པས་བདེ་སྟོང་གཉིས་མེད་རྡོ་རྗེའི་ཡེ་ཤེས་ཀྱི་ཚེ་ལ་དབང་ཐོབ་པར་མོས་མཛོད། ཚེ་རིལ་དང་ཚེ་ཆང་སྦྱིན་ལ། ཧྲཱིཿ ལྷ་སྔགས་ཡེ་ཤེས་རོལ་པའི་རྩལ། །བདུད་རྩིའི་བཅུད་ལེན་དམ་རྫས་འདི། །སྐལ་ལྡན་བུ་ལ་བྱིན་པ་ཡིས། །འཁོར་འདས་ཀུན་ལ་དབང་བསྒྱུར་ཤོག །རྩ་སྔགས་བརྗོད། ཚེ་མདའ་གནས་ལྔར་གཏུགས་ལ། །གཞོམ་དུ་མེད་པའི་གོ་ཆ་ཡིས། །ཚེ་ཡི་བར་ཆད་ཀུན་བསྲུངས་ཏེ། །མི་ཆོད་མི་ཤིགས་བདེན་སྲ་བརྟན། །རྡོ་རྗེའི་གུར་དུ་ཚེ་སྦའོ། །སྔགས་མཇུག་ཏུ་བཛྲ་རཀྵ་བཏགས། ཆོས་ཀུན་སེམས་ཀྱི་འཁྲུལ་སྣང་སྟེ། །གསལ་བ་མ་རྙེད་ཀ་ནས་དག །སྟོང་པའི་དབྱིངས་སུ་ཚེ་སྦས་ཤིང༌། །འཕོ་འགྱུར་མེད་པར་རྒྱས་བཏབ་བོ། །ཞེས་རྫོགས་པ་ཆེན་པོའི་གནས་ལུགས་ཀྱི་ངང་ལ་དར་གཅིག་མཉམ་པར་བཞག །དབང་གི་ཡེ་ཤེས་བསྐྱེད་པའི་ཕྱིར་ཤིས་པ་བརྗོད་ཅིང༌། དམ་ཚིག་ཁས་བླང་མཎྜལ། ལུས་འབུལ་དགེ་བསྔོ་བཅས་བྱའོ། །སློབ་དཔོན་གྱིས་རྗེས་རིམ་མཐར་དབྱུང་བས་གྲུབ་པའོ། །འཕོ་འགྱུརྃ་སྲིད་པའི་བདུད་བཞིའི་དཔུང༌། །རྡོ་རྗེའི་མཚན་གྱིས་རྨིག་མེདྃ་དུ། །བཅོམ་ནས་ཐེགྃ་མཆོྃག་བསྟནྃ་པའིྃ་རྒྱན། །རིང་འཚོའི་རྒྱལྃ་མཚྃན་བརྗིད་འདི་རྨད། ཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ཕྲིན་དབང་གི་ལེའུ་ཚན་ནོ།། །།}} | ||
</onlyinclude> | </onlyinclude> |
Revision as of 16:34, 11 November 2022
Wylie title | rdo rje'i rgya can las/ tshe dpag med gsang sgrub 'chi bdag bdud 'joms kyi las byang dbang chog dang bcas pa 'chi med rdo rje'i go cha | |
---|---|---|
Location | dil mgo mkhyen brtse bka' 'bum Volume 5, Text 25, Pages 161-169 (Folios 1a to 9a4) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th) | |
Citation | Khyentse, Dilgo. rdo rje'i rgya can las tshe dpag med gsang sgrub 'chi bdag bdud 'joms kyi las byang dbang chog dang bcas pa 'chi med rdo rje'i go cha. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 161-169. Delhi: Shechen Publications, 1994. | |
Genre | Activity Manual - las byang · Empowerment Ritual - dbang chog - dbang skur · Longevity Rituals - tshe sgrub · Sadhanas - Evocation Ritual - sgrub thabs | |
Cycle | རྡོ་རྗེའི་རྒྱ་ཅན་ (rdo rje'i rgya can) | |
Parent Cycle | དག་སྣང་རྒྱ་ཅན་ (dag snang rgya can) | |
Deity | tshe dpag med | |
Colophon |
།འཕོ་འགྱུརྃ་སྲིད་པའི་བདུད་བཞིའི་དཔུང༌། །རྡོ་རྗེའི་མཚན་གྱིས་རྨིག་མེདྃ་དུ། །བཅོམ་ནས་ཐེགྃ་མཆོྃག་བསྟནྃ་པའིྃ་རྒྱན། །རིང་འཚོའི་རྒྱལྃ་མཚྃན་བརྗིད་འདི་རྨད། ཚེ་སྒྲུབ་འཆི་བདག་བདུད་འཇོམས་ཀྱི་ཕྲིན་དབང་གི་ལེའུ་ཚན་ནོ།། | |
/'pho 'gyura~M srid pa'i bdud bzhi'i dpung*/_/rdo rje'i mtshan gyis rmig meda~M du/_/bcom nas thega~M mcho~Mg bstana~M pa'i~M rgyan/_/ring 'tsho'i rgyala~M mtsha~Mn brjid 'di rmad/_tshe sgrub 'chi bdag bdud 'joms kyi phrin dbang gi le'u tshan no// |
Footnotes
Other Information
- DKR-KABUM-05-CA-025
- Tibetan Publications
- Tibetan Texts
- dil mgo mkhyen brtse bka' 'bum
- rdo rje'i rgya can
- dag snang rgya can
- tshe dpag med
- Activity Manual - las byang
- Empowerment Ritual - dbang chog - dbang skur
- Longevity Rituals - tshe sgrub
- Sadhanas - Evocation Ritual - sgrub thabs
- Khyentse, Dilgo
- Dalai Lama, 5th
- DKR-KABUM-Volume-05-CA
- Khyentse Lineage Project