DKR-KABUM-17-TSA-026: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-17-TSA-026
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:10, 1 June 2024

Wylie title rang byung pad+ma'i snying thig las: yum bka' mkha' 'gro'i phrin las dngos grub myur ster DKR-KABUM-17-TSA-026.pdf
Location dil mgo mkhyen brtse bka' 'bum
Volume 17, Text 26, Pages 165-179 (Folios 1a to 15b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People ཡེ་ཤེས་མཚོ་རྒྱལ་ (ye shes mtsho rgyal)
Citation Khyentse, Dilgo. Rang byung pad+ma'i snying thig las yum bka' mkha' 'gro'i phrin las dngos grub myur ster. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 17: 165-179. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle རང་བྱུང་པདྨ་སྙིང་ཐིག་ (rang byung pad+ma snying thig)
Colophon

ཡེ་ཤེས་ཀྱི་ཌཱ་ཀིའི་དབང་ཕྱུག་གི་ཕྲིན་ལས་ཀྱི་རིམ་པ་འདིའང་བཛྲ་གུ་ཧྱ་དྷཱ་ཀི་པདྨ་དྷརྨ་སུ་ཁས་དད་གདུང་མོས་གུས་ཆེན་པོས་རྗེས་སུ་བསྐུལ་བ་བཞིན་གསང་འཛིན་ཡེ་ཤེས་ཀྱི་མཁའ་འགྲོ་མས་གསང་བ་གསུམ་གྱི་བྱིན་རླབས་ཀྱི་བདུད་རྩིས་བསྐྱངས་པས་བླ་མེད་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་གསང་མཛོད་ལ་ཡིད་ཆེས་ཀྱི་སྤོབས་པ་ཅུང་ཟད་དགེ་བའི་ཡོ་གིའི་གཟུགས་བརྙན་པདྨ་འོད་གསལ་མདོ་སྔགས་གླིང་པ་བདེ་ཆེན་དགྱེས་པ་རྩལ་གྱིས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དངོས་སུ་བཞུགས་པར་གྲགས་པའི་སྤུང་ཐང་བདེ་བ་ཆེན་པོའི་གཙུག་ལག་ཁང་དུ་བླ་མ་བདེ་མཆོག་འཁོར་ལོའི་ཚོགས་སྒྲུབ་ཀྱི་སྐབས་སུ་གཏན་ལ་ཕབ་པ་གྲོང་ཁྱེར་གསུམ་གྱི་ཡིད་ཅན་མཐའ་དག་གནས་གསུམ་མཁའ་འགྲོ་རྒྱ་མཚོས་རྗེས་སུ་འཛིན་པའི་སྐལ་བཟང་མངོན་དུ་གྱུར་ཏེ་ལྷན་སྐྱེས་བདེ་བ་ཆེན་པོའི་ཐིག་ལེར་མངོན་པར་བྱང་ཆུབ་པའི་རྒྱུ་ཁོ་ནར་གྱུར་ཅིག།

ye shes kyi DA ki'i dbang phyug gi phrin las kyi rim pa 'di'ang badz+ra gu h+ya d+hA ki pad+ma d+harma su khas dad gdung mos gus chen pos rjes su bskul ba bzhin gsang 'dzin ye shes kyi mkha' 'gro mas gsang ba gsum gyi byin rlabs kyi bdud rtsis bskyangs pas bla med rdo rje theg pa'i smin grol gyi gsang mdzod la yid ches kyi spobs pa cung zad dge ba'i yo gi'i gzugs brnyan pad+ma 'od gsal mdo sngags gling pa bde chen dgyes pa rtsal gyis dpal 'khor lo sdom pa'i dkyil 'khor dngos su bzhugs par grags pa'i spung thang bde ba chen po'i gtsug lag khang du bla ma bde mchog 'khor lo'i tshogs sgrub kyi skabs su gtan la phab pa grong khyer gsum gyi yid can mtha' dag gnas gsum mkha' 'gro rgya mtshos rjes su 'dzin pa'i skal bzang mngon du gyur te lhan skyes bde ba chen po'i thig ler mngon par byang chub pa'i rgyu kho nar gyur cig/

[edit]
རང་བྱུང་པདྨའི་སྙིང་ཐིག་ལས༔ ཡུམ་བཀའ་མཁའ་འགྲོའི་ཕྲིན་ལས་དངོས་གྲུབ་མྱུར་སྟེར་བཞུགས༔


ལྷན་སྐྱེས་དབྱིངས་ཀྱི་ཡུམ་ལ་འདུད༔ དེ་ཉིད་སྒྲུབ་པའི་ཐབས་རྨད་བྱུང༔ མཚོ་རྒྱལ་ཐུགས་ཀྱི་ཐིག་ལེའི་བཅུད༔ ངོ་མཚར་དངོས་གྲུབ་མྱུར་སྟེར་བསྟན༔ ས་མ་ཡ༔ ནུབ་ཏུ་ཁ་བལྟས་བྲག་དམར་ཕུག༔ མེ་ཏོག་དམར་པོ་སྐྱེས་པའི་གླིང༔ གཡེང་དང་འདུ་འཛི་བྲལ་བ་རུ༔ རྩེ་གཅིག་སྒྲུབ་པའི་ས་སྡེ་བཙུགས༔ རང་བྱུང་བྷཉྫ་སྨན་འབྲུ་དང༔ རིན་ཆེན་གྱིས་བཀང་མེ་ལོང་ནི༔ སིནྡྷཱུའི་རྡུལ་བྱུག་ཆོས་བྱུང་བསྣོལ༔ དགའ་འཁྱིལ་ཧ་རི་ནི་ས་དང༔ བྃ་མཚན་སྟེང་དུ་ཤེལ་རྡོ་བཞག༔ དར་དམར་གུར་ཕུབ་མཆོད་པ་དང༔ སྨན་རཀ་གཏོར་ཚོགས་བག་དྲོ་བཤམས༔ བདེ་བའི་སྟན་ལ་བག་ཕེབས་ཏེ༔ ངེས་འབྱུང་ཡིད་ཆེས་དད་མོས་ཀྱིས༔ ན་མོ༔ གདོད་ནས་སྐྱེ་འགག་གནས་བྲལ་བའི༔ ཡེ་ཤེས་ཆེན་པོའི་ཕྱག་རྒྱའི་གཟུགས༔ ཤེས་རབ་ཕར་ཕྱིན་མཚོ་རྒྱལ་ཡུམ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཨཿ འཁོར་འདས་ཆོས་ཀུན་བདེ་ཆེན་མཁར༔ གནས་ཀྱང་མ་རྟོགས་འཁྲུལ་པའི་འགྲོ༔ ཡེ་ཤེས་མཁའ་འགྲོའི་ཀློང་གྲོལ་ཕྱིར༔ ཕྱོགས་རིས་བྲལ་བའི་སེམས་མཆོག་བསྐྱེད༔ ཧོཿ ཡེ་ཤེས་དབྱིངས་ཀྱི་དྷཱ་ཀི་མ༔ རང་ངོ་ཤེས་པས་ཕྱག་འཚལ་ཞིང༔ སྣང་སྲིད་རྒྱན་གྱི་མཆོད་སྤྲིན་འབུལ༔ བློས་བྱས་འཁྲུལ་པའི་ལས་ཀུན་བཤགས༔ ཡོན་ཏན་ལྷུན་རྫོགས་རྗེས་ཡི་རང༔ གསང་ཆེན་རྡོ་རྗེའི་ཆོས་འཁོར་བསྐོར༔ སྐྱེ་འཆི་མེད་ཀློང་བཞུགས་གསོལ་འདེབས༔ འགྲོ་ཀུན་དབྱིངས་སུ་གྲོལ་གྱུར་ཅིག༔ ཧཱུྃ་ཧྲཱིཿ སྣང་སྲིད་ཆོས་སྐུ་ཡུམ་གྱི་མཁར༔ འདུ་འབྲལ་མེད་པའི་དཀྱིལ་འཁོར་ལ༔ གློ་བུར་རྟོག་འཁྲུལ་བར་ཆད་བགེགས༔ སྐྱེ་འགག་བྲལ་བའི་དབྱིངས་སུ་དེངས༔ སྔགས་ཐུན་རོལ་མོ་བཅས་པས་བསྐྲད༔ ཧཱུྃ་ཧྲཱིཿ སྣོད་བཅུད་མཁའ་འགྲོའི་དཀྱིལ་འཁོར་ཆེ༔ སྐུ་གསུམ་ཐུགས་གསུང་སྐུ་ཡི་དལ༔ བདེ་ཆེན་དགྱེས་མ་ཆོས་ཀྱི་དབྱིངས༔ འཕོ་འགྱུར་མེད་པའི་ཕྱག་རྒྱས་བཅིང༔ བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ ཧྲཱི་ཕཻཾ༔ ཀ་དག་དབྱིངས་ཀྱི་དཀྱིལ་འཁོར་ནས༔ རྣམ་ཐར་གསུམ་གྱི་བདག་ཉིད་ཅན༔ རྡོ་རྗེ་བཙུན་མོ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཕོབ་དངོས་གྲུབ་སྩོལ༔ བདེ་ཆེན་ལྷུན་གྲུབ་དཀྱིལ་འཁོར་ནས༔ ཁ་སྦྱོར་ཡན་ལག་བདུན་གྱི་བདག༔ རིགས་ཀྱི་ཡུམ་ལྔ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཕོབ་དངོས་གྲུབ་སྩོལ༔ ཐུགས་རྗེ་ཀུན་ཁྱབ་ཕོ་བྲང་ནས༔ འགྲོ་འདུལ་ཡེ་ཤེས་མཁའ་འགྲོ་མ༔ མཚོ་རྒྱལ་ཌཱ་ཀིའི་གཙོ་མོར་བཞེངས༔ གནས་འདིར་བྱིན་ཕོབ་དངོས་གྲུབ་སྩོལ༔ རི་རབ་སུམ་ཅུ་རྩ་གཉིས་ཀྱི༔ རྡུལ་དང་མཉམ་པའི་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པ་དབྱིངས་ནས་བཞེངས༔ གནས་འདིར་བྱིན་ཕོབ་དངོས་གྲུབ་སྩོལ༔ སྣ་ཚོགས་ཡུམ་གྱུར་ཤེས་རབ་མ༔ གསང་སྔགས་རྒྱུད་སྡེའི་གཉེར་འཛིན་ཀུན༔ སྐྱེ་མེད་དབྱིངས་ནས་སྐུར་བཞེངས་ཚེ༔ རྡོ་རྗེའི་གར་སྟབས་ཅིར་ཡང་སྒྱུར༔ སྙན་པའི་གླུ་དབྱངས་ཀྱུ་རུ་རུ༔ ཌཱ་རུ་ཅང་ཏེ་ཁྲོ་ལོ་ལོ༔ དྲིལ་བུ་གཡེར་ཁ་སི་ལི་ལི༔ མེ་ཏོག་སྤོས་སྤྲིན་ཐིབས་སེ་ཐིབ༔ གནས་འདི་བདེ་ཆེན་ཞིང་དུ་བསྒྱུར༔ སྒྲུབ་པ་པོ་ཡི་ཉམས་རྟོགས་སྤོར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ལྷན་སྐྱེས་རྡོ་རྗེའི་ས་ཐོབ་མཛོད༔ བཛྲ་ཛྙཱ་ན་ཌཱ་ཀི་ནི་མཎྜ་ལ་ས་པ་རི་ཝཱ་ར་ཨེ་ཨ་རལླི་ཕེཾ་ཕེཾ༔ ས་མ་ཡ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་རྒྱུད་ཀྱི་ཆོས༔ གདོད་ནས་རྣམ་དག་བདེ་ཆེན་གར༔ རང་བྱུང་མཆོད་པའི་ཕྱག་རྒྱ་རུ༔ འབད་པ་མེད་པར་ལྷུན་གྱིས་རྫོགས༔ ཨོཾ་སརྦ་མ་ཧཱ་སུ་ཁ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཨཱཿཧཱུྃ༔ ཨཿ གདོད་ནས་སྐྱེ་མེད་དེ་བཞིན་ཉིད༔ ཆོས་ཀུན་ཐིག་ལེ་གཅིག་ཏུ་བརྡལ༔ དངོས་འཛིན་མཚན་མ་ལས་འདས་པའི༔ སྨྲ་བསམ་བརྗོད་པ་བྲལ་བར་བཞུགས༔ དྷརྨ་དྷཱ་ཏུ་ཨཿ རང་བྱུང་ཀུན་ཁྱབ་ཐུགས་རྗེའི་གདངས༔ མ་རྟོགས་འགྲོ་ལ་ཁྱབ་པར་འཇུག༔ སྲིད་ཞི་ལས་འདས་མཉམ་པ་ཉིད༔ ཀུན་ཁྱབ་ཀུན་ལས་འདས་པའོ༔ མ་ཧཱ་ཀ་རུ་ཎི་ཀ་ཧོ༔ བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེ༔ དངོས་མེད་དངོས་པོར་སྣང་བའི་ཚུལ༔ ཨ་ཡིག་ནམ་མཁའི་ཁ་དོག་ཅན༔ དབྱིངས་ལ་དབྱིངས་ཀྱི་རྒྱན་དུ་ཤར༔ བོ་དྷི་ཙིཏྟ་ཨ༔ ཡི་གེ་ཆེན་པོའི་ཆོ་འཕྲུལ་ལས༔ སྣོད་བཅུད་དྷཱུ་མ་ཐ་ལའི་ཞིང༔ ཨོ་རྒྱན་རང་བྱུང་དུར་ཁྲོད་ཆེ༔ དབྱིབས་དང་རྒྱན་བཀོད་བློ་ལས་འདས༔ བདེ་ཆེན་འཕོ་འགྱུར་མེད་པ་ཡི༔ ཞིང་ཁམས་ཆེན་པོར་ལྷུན་གྱིས་རྫོགས༔ ཡེ་ཤེས་མཁའ་འགྲོ་དགྱེས་པའི་ཞིང༔ གཞལ་མེད་ཁང་མཛེས་ལྟ་ན་སྡུག༔ གྲུ་བཞི་སྒོ་བཞི་རྒྱན་བཀོད་དང༔ དབུས་ཕྱུར་རྡོ་རྗེ་ནོར་བུའི་ཏོག༔ ཡེ་ཤེས་སྣང་བ་ཚད་མེད་འཕྲོ༔ བདེ་དྲོད་འོད་ཕུང་འབར་བ་ཡི༔ ཕོ་བྲང་ཆེན་པོའི་ལྟེ་བ་རུ༔ འོད་དམར་ཆོས་འབྱུང་བསྣོལ་བའི་དབུས༔ པདྨ་འདབ་བཞིའི་ལྟེ་བ་རུ༔ ཨ་ཡིག་ཡོངས་གྱུར་བཅོམ་ལྡན་འདས༔ ཡེ་ཤེས་མཚོ་རྒྱལ་ཟླ་བའི་མདོག༔ གཞོན་ཚུལ་བཅུ་དྲུག་ལང་ཚོ་ཅན༔ སྐེད་ཕྲ་ནུ་འབུར་བྷ་ག་རྒྱས༔ རིགས་ལྔས་དབུ་བརྒྱན་ལྕང་ལོའི་ཐོད༔ སྐུ་རྒྱབ་ཁེབ་པའི་ཕྱེད་པ་ཡི༔ མཐོན་མཐིང་ཐོར་ཚུགས་མཐིང་ཀའི་རྩེར༔ རིན་ཆེན་ནོར་བུའི་ཏོག་གིས་མཛེས༔ སྒེག་འཛུམ་སྤྱན་གསུམ་གཡོ་ཞིང་འཕྲུལ༔ ཞལ་ནས་ཕཻཾ་དང་ཧྲཱིཾ་སྒྲ་སྒྲོགས༔ ཕྱག་གཡས་ཐོད་པའི་ཅང་ཏེའུས༔ མཁའ་སྤྱོད་ཌཱ་ཀི་འབུམ་ཕྲག་སྡུད༔ གཡོན་པས་བདེ་སྐྱོང་ཐུགས་ཀར་གཏོད༔ ས་སྤྱོད་མཁའ་འགྲོ་འབུམ་ཕྲག་སྡུད༔ མཆན་ཁུང་རྡོ་རྗེ་ཁ་ཊྭཱཾ་གས༔ ས་འོག་སྤྱོད་པའི་མཁའ་འགྲོ་སྡུད༔ རིན་ཆེན་རུས་པའི་རྒྱན་གྱིས་སྒེག༔ ཞབས་ཟུང་བརྐྱང་བསྐུམ་གར་སྟབས་ཀྱིས༔ པདྨ་ཟླ་བའི་སྟེང་ན་འགྱིང༔ བདེ་ཆེན་ཡེ་ཤེས་འོད་ཟེར་གྱི༔ སྣང་བ་འབྱམས་ཀླས་ཀློང་ན་རོལ༔ འདབ་བཞིར་ཤར་དུ་མནྡཱ་ར༔ ལྷོ་རུ་ཀཱ་ལ་སིདྡྷི་རྩལ༔ ནུབ་ཏུ་ཤཱཀྱ་དེ་ཝ་དང༔ བྱང་དུ་བཀྲ་ཤིས་ཁྱེ་འདྲེན་རྣམས༔ མཐིང་སེར་དམར་དང་ལྗང་གུའི་མདོག༔ བུད་མེད་གཞོན་ཚུལ་ལང་ཚོ་རྒྱས༔ རྡོ་རྗེ་རིན་ཆེན་པདྨ་དང༔ སྣ་ཚོགས་རྡོ་རྗེས་མཚན་པ་ཡི༔ གྲི་གུག་གཡོན་ཀུན་བྷནྡྷ་བསྣམས༔ དར་དང་རིན་ཆེན་རུས་རྒྱན་བཀླུབས༔ བརྐྱང་བསྐུམ་པད་ཟླའི་སྟེང་ན་འགྱིང༔ རང་མདོག་བདེ་དྲོད་འོད་ཕུང་འཕྲོ༔ ཆོས་འབྱུང་ཕྱི་རོལ་ཐུགས་འཁོར་སྟེང༔ མཁའ་སྤྱོད་མཁའ་འགྲོ་བརྒྱད་ཀ་མཐིང༔ གསུང་འཁོར་ས་སྤྱོད་ཌཱ་ཀི་དམར༔ སྐུ་འཁོར་ས་འོག་སྤྱོད་བརྒྱད་དཀར༔ ཀུན་ཀྱང་གཞོན་ནུ་མྱོས་མའི་གཟུགས༔ ཞབས་ཟུང་གར་གྱིས་པད་ཟླར་འགྱིང༔ ཕྱག་གཉིས་ཌཱ་དྲིལ་རུས་རྒྱན་དང༔ རིན་ཆེན་ཐོར་ཚུགས་དར་སྣས་བརྒྱན༔ སྒོ་མཚམས་ཕྱག་རྒྱ་བཞིའི་མཁའ་འགྲོ༔ ཕྱོགས་མདོག་ཕྱེད་གཟུགས་གཙོ་དང་མཚུངས༔ ཕྱག་རྒྱ་བཞི་དང་གྲི་ཐོད་ཅན༔ རང་རང་འཁོར་ཚོགས་འབུམ་གྱིས་བསྐོར༔ སྣང་སྟོང་སྒྱུ་མ་ཆེན་པོའི་གར༔ རབ་འབྱམས་ཞིང་ཀུན་ཁྱབ་པར་སྟོན༔ སྣང་གྲགས་རིག་པ་སྐུ་གསུང་ཐུགས༔ རྡོ་རྗེའི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཕུང་ཁམས་ཉོན་མོངས་ཡེ་ཤེས་ཀྱི༔ འཁོར་ལོར་རྫོགས་པའི་དབང་བསྐུར་རོ༔ བཛྲ་ཛྙཱ་ན་ཀཱ་ཡ་ཨོཾ༔ བཛྲ་ཛྙཱ་ན་ཝཱཀ་ཨཱཿ བཛྲ་ཛྙཱ་ན་ཙིཏྟ་ཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿ ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་རྡོ་རྗེ་བཙུན་མོའི་ཞིང༔ མཁའ་ཁྱབ་སྐུ་དང་ཡེ་ཤེས་འཕྲོ༔ བསམ་མི་ཁྱབ་པའི་གནས་མཆོག་ནས༔ ཨ་མ་ཡེ་ཤེས་མཚོ་རྒྱལ་མ༔ སྤྲོས་བྲལ་ཀ་དག་ཀློང་ནས་གཤེགས༔ དེ་བཞིན་གཤེགས་པ་རིགས་ལྔ་ཡི༔ ཞིང་ནས་རིགས་ཀྱི་འཁོར་ལོས་བསྒྱུར༔ དབྱིངས་ཕྱུག་ཡུམ་ཆེན་ལྔའི་གཙོ་མོ༔ ཨ་མ་ཡེ་ཤེས་མཚོ་རྒྱལ་སྤྱོན༔ མཁའ་ཁྱབ་འགྲོ་བའི་དོན་མཛད་ཚེ༔ སངས་རྒྱས་པདྨ་དགྱེས་པའི་ཡུམ༔ གསང་ཆེན་ལམ་སྤྱོད་ཕོ་ཉ་མོ༔ ཨ་མ་མཚོ་རྒྱལ་གཤེགས་སུ་གསོལ༔ ཨེ་མ་ཁྱེད་ནི་ཀུན་ལ་ཁྱབ༔ གང་གི་ཕྱོགས་སུ་མ་ལྷུང་བའི༔ ཡེ་ཤེས་ནམ་མཁའ་ལྟ་བུའི་གཟུགས༔ བློ་ལས་འདས་པའི་དེ་ཁོ་ན༔ གདོད་ནས་མ་སྐྱེས་རྡོ་རྗེའི་དབྱིངས༔ འགག་མེད་རང་བྱུང་གྲུབ་པའི་རྒྱལ༔ གང་དུ་བལྟས་པ་དེ་ལྟར་སྣང༔ དམིགས་མེད་ཐུགས་རྗེ་ཀུན་ལ་ཁྱབ༔ རྣོ་མྱུར་ཕྲིན་ལས་གློག་ལྟར་འཁྱུགས༔ མཉམ་ཉིད་བདེ་ཆེན་རོལ་པར་བཞེངས༔ ལྔ་ལྡན་དུས་ཀྱི་ཐ་མའི་སྐྱབས༔ གུ་རུ་ཡབ་ཡུམ་གཉིས་ལས་མེད༔ བུ་གཅིག་མ་ལ་འབོད་པ་བཞིན༔ བསྐུལ་ན་རྡོ་རྗེའི་ཞལ་བཞེས་བཞིན༔ སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ རྡོ་རྗེའི་བྱིན་ཆེན་བཙན་ཐབས་འཕོས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ས་ལམ་ཡོན་ཏན་གོང་དུ་སྤོར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཁྱེད་དང་གཉིས་མེད་བྱིན་གྱིས་རློབས༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་མཎྜ་ལ་བཛྲ་ས་མ་ཡ་ཛཿཛཿ གདོད་ནས་དམ་ཚིག་ཡེ་ཤེས་པ༔ གཉིས་སུ་མེད་པའི་ལྷ་མཆོག་ལ༔ འདུ་འབྲལ་མེད་པའི་དེ་ཁོ་ན༔ རང་ངོ་ཤེས་པས་དགྱེས་བཞུགས་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ་ཧྲཱིཿ སྣང་བའི་དངོས་ཀུན་གཟུང་འཛིན་གྱི༔ སྲེད་ལེན་དབྱིངས་སུ་ཞི་བ་ལས༔ གང་ཤར་བདེ་ཆེན་རོལ་མོའི་སྤྲིན༔ ཡུལ་ལ་དབང་པོས་ཉེར་སྤྱོད་པའི༔ མཆོད་ཡོན་ལྷ་ཡི་བདུད་རྩིའི་སྐྱེམས༔ ཞབས་བསིལ་ཡན་ལག་བརྒྱད་ལྡན་ཆབ༔ མཚར་སྡུག་རིན་ཆེན་མེ་ཏོག་ཚལ༔ ལྷན་སྐྱེས་སྦྱར་བའི་སྤོས་སྤྲིན་ལྡང༔ མུན་སེལ་སྒྲོན་མེའི་འོད་ཀྱི་ཞིང༔ དྲི་ཞིམ་བྱུག་པའི་དགའ་བས་སིམ༔ རོ་བརྒྱའི་བཟའ་བཅའ་བལྡག་གཞིབ་ཟས༔ སྙན་འཇེབས་དབྱངས་ཀྱི་རོལ་མོ་བཅས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མཆོད༔ བཞེས་ནས་འདོད་དགུའི་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་མ་ཧཱ་པཱུ་ཛ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ༔ ཧཱུྃ་ཧྲཱིཿ དཔལ་ཆེན་ཌཱ་ཀིའི་དབང་ཕྱུག་མར༔ རང་བྱུང་དྲག་པོའི་ཉེ་བར་སྤྱོད༔ དབང་པོའི་མེ་ཏོག་འདར་ཞིང་འཕྲིགས༔ ཞུན་ཆེན་ཚིལ་གསུར་མི་སྡུག་དྲི༔ རོ་རས་ཚིལ་ཆེན་སྦྱར་བའི་མེ༔ མཁྲིས་སྣའི་དྲི་ཡི་སྐུ་མཉེ་དང༔ ཤ་རུས་དམར་གྱི་ཟས་སྣ་བཀྲམ༔ རྐང་གླིང་ཐོད་པའི་རྔ་བཤུག་གླུས༔ བསྐུལ་ཏེ་ཡེ་ཤེས་ཌཱ་ཀི་མཆོད༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་ས་པ་རི་ཝཱ་ར་མ་ཧཱ་རཱུ་ཏྲ་རཱུ་པ་ཤབྡ་གནྡྷེ་ར་ས་ཤྨ་ཤ་ན་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་སྨན༔ རྒྱུད་དྲུག་དབྱིངས་སྒྲོལ་རཀྟའི་སྐྱེམས༔ ཚོགས་དྲུག་རང་གྲོལ་བ་ལིཾ་ཏ༔ དམ་ཚིག་རྫས་ཀྱིས་མཁའ་འགྲོ་མཆོད༔ ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནི་མཎྜ་ལ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ་ཧྲཱིཿ ཡེ་ཤེས་དབྱིངས་སུ་བདག་རྟོག་བསྒྲལ༔ ཆོས་ཀུན་བདེ་སྟོང་མཉམ་པར་སྦྱོར༔ མཆོད་བྱ་མཆོད་བྱེད་ཐམས་ཅད་ཀྱང༔ རིག་སྟོང་རྡོ་རྗེའི་དབྱིངས་སུ་དག༔ དྷརྨ་དྷཱ་ཏུ་ཨཿ ཧཱུྃ་ཧྲཱིཿ ཆོས་ཀུན་རང་གྲོལ་དེ་བཞིན་ཉིད༔ མི་ཕྱེད་རྡོ་རྗེ་དབྱིངས་ཀྱི་ལྷ༔ བློ་འདས་ཆོས་སྐུའི་ཡུམ་ཆེན་མོ༔ རང་ངོ་ཤེས་པའི་ཡིད་ཀྱིས་བསྟོད༔ བདེ་སྟོང་འཕོ་འགྱུར་མེད་པ་ལས༔ འགག་མེད་སྒྱུ་འཕྲུལ་དྲྭ་བའི་གར༔ དཀྱིལ་འཁོར་རྒྱ་མཚོ་འབྱུང་བའི་གནས༔ མཁའ་འགྲོ་དྲྭ་བ་སྡོམ་ལ་བསྟོད༔ ཡེ་ཤེས་ཆེན་པོ་གསང་བའི་མཛོད༔ ཐིག་ལེ་གཅིག་གི་ངོ་བོ་ལ༔ གཉིས་མེད་རྟོགས་པའི་ཕག་ཞལ་ཅན༔ རིགས་ཀྱི་ཌཱ་ཀིར་ཤར་ལ་བསྟོད༔ སྲིད་ཞི་ཀུན་ཁྱབ་ཡེ་ཤེས་ལས༔ གང་འདུལ་མཛད་པ་ཕྲིན་ལས་ཀྱིས༔ འགྲོ་ཀུན་བདེ་ཆེན་དབྱིངས་སྦྱོར་མཛད༔ སྒྲུབ་མཆོག་རྗེས་སུ་འཛིན་ལ་བསྟོད༔ ཆོས་རྣམས་ཐམས་ཅད་འབྱུང་བའི་གནས༔ བདེ་ཆེན་དགྱེས་མ་སྔགས་རྒྱུད་ཀྱི༔ གཉེར་འཛིན་གནས་ཡུལ་ཞིང་སྐྱོང་བའི༔ ཌཱ་ཀི་རྒྱ་མཚོ་ཀུན་ལ་བསྟོད༔ མཁའ་འགྲོའི་ཐུགས་ཀར་པད་ཉིའི་སྟེང༔ རྡོ་རྗེ་ཁྲོས་མ་མུན་པའི་མདོག༔ གྲི་ཐོད་བརྐྱང་བསྐུམ་གར་རོལ་པ༔ རྒྱན་མེད་གཅེར་བུའི་ཐུགས་དབུས་སུ༔ ཉི་ཟླའི་གྭའུར་ཐུགས་སྲོག་ཨཿ ཆོས་ཀུན་འབྱུང་བའི་གནས་ཆེན་པོའི༔ སྔགས་ལས་བྱུང་བའི་འོད་ཟེར་གྱིས༔ སྣང་སྲིད་དག་པ་མཁའ་སྤྱོད་ཞིང༔ ཐམས་ཅད་དཔའ་བོ་ཌཱ་ཀི་རུ༔ ཤར་བའི་རྡོ་རྗེའི་གླུ་གར་སྒྲས༔ ཞིང་ཀུན་གཡོ་ཞིང་བདེ་ཆེན་ཞུ༔ རྒྱལ་ཀུན་ཐུགས་རྗེའི་རྩལ་གཡོས་ཏེ༔ སྣང་གྲགས་རིག་པ་ལྷ་དང་སྔགས༔ ཆོས་ཉིད་དབྱིངས་ཀྱི་དགོངས་ཀློང་ནས༔ སྣ་ཚོགས་འོད་ཟེར་དྭངས་མ་དང༔ ཨ་ཧཾ་སྔགས་སྒྲ་རིག་སྟོང་གི༔ ཡེ་ཤེས་གཅིག་གི་དགོངས་པ་ཡིས༔ མཆོག་ཐུན་ཕྲིན་ལས་ཀུན་གྲུབ་གྱུར༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་ས་ར་ཛ་ཡ་སརྦ་སིདྡྷི་ཧཱུྃ༔ བསྙེན་པ་དབྱིངས་ཀྱི་ཡུམ་ལ་བྱ༔ གཡོ་མེད་དགོངས་པའི་གཟེར་གྱིས་གདབ༔ སླར་ཡང་འོད་ཟེར་འཕྲོ་འདུའི་སྤྲིན༔ རིགས་བཞི་མཁའ་འགྲོའི་སྐུ་ལ་ཐིམ༔ ཡེ་ཤེས་སེམས་དཔའ་རིགས་བཞི་ཡི༔ མཁའ་འགྲོའི་ཐུགས་སྲོག་འབྲུ་བཞིས་མཚན༔ ཧ་རི་ནི་ས་ལས་བྱུང་འོད༔ དཀར་སེར་དམར་ལྗང་ལྷ་སྔགས་ཀྱི༔ སྤྲོ་བསྡུས་ལས་ཀུན་ལྷུན་གྲུབ་པའི༔ བྱིན་རླབས་དངོས་གྲུབ་ཀུན་ཐོབ་གྱུར༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ སྒྲུབ་པས་སྣོད་བཅུད་ཌཱ་ཀིའི་ཞིང༔ ལྷ་སྔགས་ཡེ་ཤེས་ཉིད་དུ་སྦྱོར༔ དཀྱིལ་འཁོར་ལྷ་ཡི་འོད་ཟེར་གྱིས༔ སྒོ་མཚམས་བརྒྱད་བསྐུལ་དེ་དག་གིས༔ འོད་ཟེར་སྤྲོ་བསྡུས་ཐུན་མོང་དང༔ ཁྱད་པར་ཕྲིན་ལས་བཞི་གྲུབ་གྱུར༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ༔ སྐབས་སུ་མོས་གུས་གདུང་ཤུགས་བསྐྱེད༔ བསྙེན་པའི་དབྱངས་ཀྱིས་ཐུགས་དམ་བསྐུལ༔ མ་དབྱིངས་ཀྱི་མཁའ་འགྲོ་མཁར་ཆེན་བཟའ༔ སྔོན་བོད་ཡུལ་ཆོས་བཞིན་སྤྱོད་པའི་ཚེ༔ ཕ་སངས་རྒྱས་ཀུན་དངོས་པདྨ་འབྱུང༔ ཡུམ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་ལྕམ༔ ཁྱེད་སངས་རྒྱས་ཀུན་དང་དགོངས་མཉམ་ཀྱང༔ ཚུའ་གདུལ་བྱའི་སྣང་ངོར་སློབ་དཔོན་ཚུལ༔ རྗེ་འབངས་ཚོགས་ཀུན་ལ་དགྱེས་ཞལ་བསྟན༔ གསུང་ཆོས་ཀྱི་འཁོར་ལོ་བར་མེད་བསྐོར༔ ཐུགས་དགོངས་ཀློང་སྟོན་འཁོར་དབྱེར་མེད་མཛད༔ སྐུ་རྫུ་འཕྲུལ་གསུང་མཆོག་ཆོས་ཀྱི་སྒོ༔ དུས་ཉི་མ་རེ་ལ་ངོ་མཚར་རེ༔ དེ་ཐམས་ཅད་བསྟན་པ་ཙམ་གྱིས་གྲོལ༔ བོད་གངས་ཅན་ཟེར་ཡང་འོག་མིན་ཞིང༔ དཔལ་བསམ་ཡས་གྲགས་ཀྱང་མཁའ་འགྲོའི་གླིང༔ ཕོ་ཐམས་ཅད་རྡོ་རྗེའི་རིག་པ་འཛིན༔ མོ་ཐམས་ཅད་ཡེ་ཤེས་མཁའ་འགྲོ་མ༔ ལས་ཅི་མཛད་བསྟན་དང་འགྲོ་བའི་གསོས༔ དུས་ཉིན་ཞག་རེ་རེའི་ཁོངས་སུ་ཡང༔ མ་སེམས་ཅན་ཐམས་ཅད་སངས་རྒྱས་བསྒྱུར༔ སྲིད་འཁོར་བ་དོང་ནས་སྤྲུགས་པ་དེས༔ བོད་རི་གླིང་ཐམས་ཅད་གནས་དང་ཡུལ༔ གངས་བྲག་རི་མཚོ་ཀུན་གཏེར་གྱིས་གཏམས༔ ལྗོངས་ལྔ་དང་གླིང་ཀུན་སྒྲུབ་པའི་གནས༔ དུས་སྙིགས་མ་ལྔ་ཡི་ཁུག་པ་རེར༔ མགོན་སྤྲུལ་པ་རེ་རེས་ཆོས་སྒོ་རེ༔ དུས་གཡོ་འཁྲུགས་ཞི་བའི་མཛད་པ་རེས༔ འབངས་བདག་སོགས་སྐྱོང་བར་ཞལ་གྱིས་བཞེས༔ གསུང་བདེན་ཚིག་རྡོ་རྗེའི་ལུང་བསྟན་པ༔ དུས་དེང་སང་བར་དུ་མངོན་སུམ་བྱུང༔ ཕ་མཆོག་གིས་བུ་གཅིག་རྗེས་བརྩེ་བཞིན༔ ཚེ་འདི་ཕྱིའི་སྐྱིད་སྡུག་གཉེར་ཁ་འཛིན༔ ཐུགས་བརྩེ་བ་ཆེན་པོའི་ཡེ་ཤེས་དེས༔ སྐད་ཅིག་ཀྱང་ཡོལ་མེད་ཅེར་གྱིས་གཟིགས༔ བྱིན་བཙན་ཐབས་འབེབས་པའི་རྣོ་མྱུར་དེ༔ གཏན་ཡོལ་བ་མེད་པ་ཐོག་དང་འདྲ༔ དཔལ་ངོ་མཚར་ཕྲིན་ལས་རྨད་བྱུང་བའི༔ སྒོ་འབྱེད་པའི་བྱེད་པོ་མ་གཅིག་ཁྱོད༔ དོན་འཕགས་བཞིའི་འབྱུང་གནས་ཤེར་ཕྱིན་ཡུམ༔ ཚུལ་བོད་ཁམས་སྐྱོང་བའི་ཨ་མ་རྗེ༔ འགྲོ་གདུལ་དཀའ་འདུལ་ལ་སྒྲོལ་མ་དངོས༔ མཆོག་ཐུན་མོང་དངོས་གྲུབ་ཀུན་གྱི་བདག༔ བུ་བདག་ལ་དགོས་པའི་དུས་བྱུང་བས༔ བྱམས་སྙིང་རྗེས་སྐྱོང་བའི་དུས་ལ་བབ༔ སྟོབས་ལུས་རྩལ་མ་རྫོགས་བྱིས་པ་ལ༔ ཐུགས་བྱམས་པའི་སྤྱན་གྱིས་ལྷག་པར་གཟིགས༔ གནས་ངན་སོང་འཁོར་བའི་འཇིགས་ལས་སྐྱོབས༔ ལས་དམན་དང་ལོག་པའི་གཡང་ལས་སྒྲོལ༔ ནད་མཚོན་ཆ་མུ་གེ་འཁྲུགས་རྩོད་སྐྱོབས༔ སེམས་དཀར་པོ་དགེ་བའི་ཕྱོགས་སུ་བསྒྱུར༔ རྒྱུད་ངེས་འབྱུང་སྐྱོ་ཤས་སྙིང་རྗེ་བསྐྱེད༔ བློ་དམ་པའི་ཆོས་ལ་ཐོས་བསམ་དང༔ སྒོམ་རྟོགས་པའི་ཉི་མ་སྙིང་ལ་ཤར༔ ཡིད་ཐ་སྙད་དཔྱོད་པའི་རྟོག་གེ་ཡི༔ ཚིག་ཡིད་དཔྱོད་རྗེས་སུ་མི་འབྲང་བར༔ དོན་མཐའ་བྲལ་དབུ་མ་ཆེན་པོའི་དབྱིངས༔ མ་ཁྱོད་ཞལ་མཇལ་བར་བྱིན་གྱིས་རློབས༔ དེས་འཁྲུལ་རྟོག་དྲྭ་བ་རྩད་ནས་ཆོད༔ དགྲ་བདག་འཛིན་འགོང་པོ་རྩད་ནས་ཆོད༔ ལམ་འཕགས་པའི་སྤང་རྟོགས་ཡོན་ཏན་རྒྱས༔ ཆོས་ཐེག་ཆེན་ལྟ་སྒོམ་རྟོགས་པར་མཛོད༔ མ་མཁའ་ཁྱབ་ལུས་ཅན་ཐམས་ཅད་ཀྱང༔ དོན་གནས་ལུགས་མ་རྟོགས་འཁྲུལ་པས་བསླུས༔ མིག་ལོང་བ་ལྟ་བུའི་ཕ་མ་ལ༔ བྱམས་སྙིང་རྗེ་ཕྱོགས་མེད་འབྱོང་བར་མཛོད༔ བློ་རང་འདོད་ཡིད་བྱེད་བྲལ་བ་ཡིས༔ ཆོས་རྣམ་དཀར་ཚོགས་གཉིས་བསགས་ཚད་ཀུན༔ འགྲོ་ཀུན་ལ་ཕངས་མེད་སྦྱིན་ནུས་པའི༔ སྙིང་སྟོབས་དང་ལྡན་པའི་སེམས་དཔར་མཛོད༔ དད་མོས་གུས་མེ་ལྟར་རབ་འབར་བས༔ རྗེ་བླ་མ་སྐུ་བཞིའི་དབང་ཕྱུག་གི༔ དོན་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་དུ༔ དབང་བཞི་པོ་ཆིག་རྫོགས་བསྩལ་དུ་གསོལ༔ ཡིད་དག་པའི་སྣང་བས་སྲོག་སྙིང་ལས༔ ཆོས་བསྐྱེད་རྫོགས་ལམ་ཀུན་གཅེས་པར་བཟུང༔ ལྷ་བླ་མར་སྲོག་ལྟར་བཙའ་བ་ཡི༔ གྲོགས་དམ་ཚིག་རྣམ་དག་སྲུང་ཞིང་བརྟན༔ སྣོད་བཅུད་ཀུན་རྣམ་དག་གདན་གསུམ་ལྷའི༔ ཐུགས་ཡེ་ཤེས་རོལ་བར་འཆར་བ་ཡི༔ བསྐྱེད་བཟླས་པའི་རྣལ་འབྱོར་ཚད་དུ་ཕྱིན༔ དབྱིངས་ཆོས་སྐུའི་འཁོར་ལོ་ཆེན་པོར་ཤར༔ ལུས་རྡོ་རྗེའི་རྩ་རླུང་ཐིག་ལེའི་ཁམས༔ ཐུགས་གསུང་དང་སྐུ་ཡི་འཁོར་ལོ་གསུམ༔ ལམ་བདེ་གསལ་མི་རྟོག་ཡེ་ཤེས་ཆེ༔ སྐུ་གསུམ་གྱི་དེ་ཉིད་མངོན་དུ་གྱུར༔ ཐབས་རྡོ་རྗེའི་མྱུར་ལམ་ཕོ་ཉའི་མཐུས༔ དོན་ལྷན་སྐྱེས་ཡེ་ཤེས་མངོན་སུམ་འདྲེན༔ ས་བཅུ་ཀུན་དྷཱུ་ཏིའི་དབྱིངས་རྫོགས་པའི༔ བྱིན་བཙན་ཐབས་ཕོབ་ཅིག་རྗེ་བཙུན་མ༔ རྟོགས་དཀའ་བ་རྡོ་རྗེ་ནམ་མཁའི་དཀྱིལ༔ ཚིག་བསམ་བརྗོད་བྲལ་བའི་དེ་ཁོ་ན༔ ཆོས་ཀུན་གྱི་སྲོག་ལ་དབང་ཐོབ་པའི༔ དབྱིངས་རིག་པ་རྩལ་གྱི་དབང་ཆེན་བསྐུར༔ གཞི་མ་དག་སྐྱེ་འཆི་བར་དོ་ཀུན༔ ལམ་ཟབ་མོའི་རྣལ་འབྱོར་རྨད་བྱུང་བས༔ འབྲས་མི་སློབ་སྐུ་གསུམ་རྒྱལ་ས་དེ༔ རྟེན་འདི་རུ་མངོན་དུ་གྱུར་མཛོད་ཅིག༔ ཕ་རྫོགས་པའི་སངས་རྒྱས་པདྨ་འབྱུང༔ མ་རྒྱལ་ཀུན་ཡུམ་ཆེན་མཚོ་རྒྱལ་གཉིས༔ སྐྱེ་འདི་དང་ཚེ་རབས་ཐམས་ཅད་དུ༔ མགོན་རིགས་ཀྱི་བདག་པོར་ཐོབ་པ་ཡིས༔ ཞལ་དགྱེས་འཛུམ་རྨི་ལམ་དུ་ཡང་མཇལ༔ གསུང་བདུད་རྩིའི་ཆོས་སྒྲ་ངོམས་མེད་སྤྱོད༔ ཐུགས་དགོངས་ཀློང་གཅིག་ཏུ་འདྲེས་པ་ཞིག༔ རྟེན་འདི་རུ་མཛོད་ཅིག་ཨ་མ་རྗེ༔ ལུས་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ༔ དུས་ནམ་མཁའ་ཇི་སྲིད་བརྟན་པ་ཡི༔ དཔལ་འཕོ་བ་ཆེན་པོའི་ཡེ་ཤེས་གཟུགས༔ མ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས༔ ཆོས་བརྒྱད་ཁྲི་བཞི་སྟོང་ཚིག་དང་དོན༔ མི་བརྗེད་པའི་གཟུངས་ཀྱིས་རྟོགས་ཤིང་སྡུད༔ ལམ་གང་འདུལ་འགྲོ་ལ་སྟོན་ནུས་པའི༔ ལྷ་རྡོ་རྗེ་དབྱངས་ཅན་ཁྱེད་ལྟར་མཛོད༔ འཁོར་མྱང་འདས་གཉིས་མེད་ཆོས་སྐུར་ཟླུམ༔ བློ་འཁྲུལ་རྟོག་རྫུན་ཕུག་དབྱིངས་སུ་རྡིབ༔ རྩལ་རང་སྣང་རིས་མེད་ཕྱམ་བརྡལ་བས༔ མ་གྲུབ་པའི་རྒྱལ་མོ་ཁྱེད་ལྟར་མཛོད༔ ཕྱི་ཡབ་གཅིག་བླ་མ་དགྱེས་པའི་ལྕམ༔ ནང་སྲིད་ཞིའི་འཇིགས་འཕྲོག་མྱུར་མ་དཔལ༔ དོན་དབྱིངས་ཆེན་ཀུན་ཏུ་བཟང་མོ་ཁྱོད༔ བློ་གཏད་ས་མ་ནོར་བདག་སྐྱོངས་ཤིག༔ ཐུགས་བརྩེ་བའི་གདུང་ཤུགས་མ་བསྙེལ་བར༔ བྱམས་སྙིང་རྗེས་རྩེ་གཅིག་བདག་ལ་གཟིགས༔ མ་ཧཱ་ཛྙཱ་ན་ཌཱ་ཀི་ཤྭ་ར་སརྦ་སིདྡྷི་ཧཱུྃ༔ ཐུན་མཚམས་གདུང་བའི་དབྱངས་སྙན་པོས༔ བསྐུལ་ལ་གསོལ་བ་ཡང་ཡང་གདབ༔ ས་མ་ཡ༔ རྡོ་རྗེའི་གནས་ཡུལ་དུར་ཁྲོད་དུ༔ རྣལ་འབྱོར་ཕོ་མོ་ཚོགས་པའི་ཚེ༔ ལྟ་སྒོམ་ཏིང་འཛིན་བོགས་དབྱུང་ཕྱིར༔ ཐབས་ཤེས་ཚོགས་ཀྱི་དམ་རྫས་རྣམས༔ ཞིང་ངམ་གཅན་གཟན་ལྤགས་སྟེང་བཀྲམ༔ ལུས་ལ་རོ་སོལ་ཐལ་ཆེན་བྱུག༔ ནུབ་ཏུ་ཁ་བལྟས་ཌཱ་དྲིལ་དང༔ རུས་རྒྱན་ཁ་ཊྭཱཾ་བྷཉྫ་ཐོགས༔ གླུ་གར་འདོད་པའི་རྩེ་འཇོ་བཅས༔ རྡོ་རྗེའི་ཚོགས་ཀྱི་འདུ་བར་སྤྱོད༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ ཆོས་ཀུན་སྒྱུ་མར་རིག་པའི་གདངས༔ སྒྱུ་མ་རྡོ་རྗེ་བཙན་པོ་ཡི༔ སྣང་སྲིད་བདེ་བ་ཆེན་པོར་ཤར༔ བདེ་བའི་རོལ་མོ་འབྱམས་ཀླས་པའི༔ རྃ་གིས་མ་དག་དངོས་ཀུན་བསྲེགས༔ མཆོག་གི་བདེ་ཆེན་མེ་ལྟར་འབར༔ ཡྃ་གིས་མཚན་འཛིན་དངོས་ཀུན་གཏོར༔ འོད་གསལ་ཡེ་ཤེས་ཀུན་ཏུ་བརྡལ༔ ཁྃ་གིས་བག་ཆགས་དྲི་ཀུན་བཀྲུས༔ འཛག་མེད་དགའ་བཞིའི་རོ་ཡིས་མྱོས༔ རྃ་ཡྃ་ཁྃ༔ ཨོཾ་གྱིས་ཐབས་ཤེས་དམ་ཚིག་རྫས༔ བདེ་སྟོང་འདུ་འབྲལ་མེད་པ་བྱས༔ ཨཱཿཡིས་དངོས་ཀུན་ཡེ་ཤེས་ཀྱི༔ རྒྱན་གྱི་རོལ་པ་བསམ་ལས་འདས༔ ཧཱུྃ་གིས་གཟུང་འཛིན་སྣོད་བཅུད་རྒྱུད༔ དག་མཉམ་བདེ་བ་ཆེན་པོའི་སྐུ༔ ཚོགས་ཁང་མཁའ་སྤྱོད་མཁའ་འགྲོའི་གླིང༔ དཔའ་བོ་ཌཱ་ཀི་འདུ་བའི་ཞིང༔ རྣལ་འབྱོར་ཕོ་མོ་ཧེ་རུ་ཀ༔ ཐབས་ཤེས་ལྕམ་དྲལ་གཅིག་ཏུ་ཚོགས༔ དམ་རྫས་ཡེ་ཤེས་བདུད་རྩི་སྟེ༔ རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན༔ སྣང་སྤྱོད་བདེ་བ་ཆེན་པོ་རུ༔ གདོད་ནས་ལྷུན་གྱིས་གྲུབ་བཞིན་ཤར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ བདེ་བ་ཆེན་པོ་ཧེ་རུ་ཀས༔ དྲག་པོ་ཆེན་པོ་བཏུལ་བའི་ཚེ༔ རུ་ཏྲ་ཁྱོ་ཤུག་གདན་དུ་བྱས༔ ཕོ་ཉ་བྲན་དང་བཅས་པ་ཀུན༔ གསང་གསུམ་རྡོ་རྗེའི་དབྱིངས་སུ་བསྒྲལ༔ བདེ་ཆེན་དགྱེས་མར་རོལ་པ་ཡིས༔ ཕོ་ཉ་མཁའ་དང་མཉམ་པར་སྤྲོས༔ རི་རབ་སུམ་ཅུ་རྩ་གཉིས་ཀྱི༔ རྡུལ་དང་མཉམ་པའི་མཁའ་འགྲོ་མ༔ རྡོ་རྗེའི་རྒྱུད་ཀྱི་གླུ་ལེན་ཞིང༔ གསང་མཆོག་བདེ་བའི་སྤྱོད་པ་ཡིས༔ འཛམ་གླིང་རྡོ་རྗེ་ཐེག་པ་ཡི༔ འདུལ་ཞིང་སངས་རྒྱས་ཀུན་གྱིས་བསྔགས༔ དངོས་གྲུབ་འབྱུང་བའི་གནས་གྱུར་པའི༔ རྡོ་རྗེའི་ཐ་ཚིག་མ་བསྙེལ་བར༔ འདིར་གཤེགས་ཚོགས་ཀྱི་འདུ་བར་སྤྱོན༔ ཀུན་ཀྱང་དགྱེས་པའི་གཟི་བྱིན་བསྐྱེད༔ རྡོ་རྗེའི་བྲོ་གར་ལམས་སེ་ལམ༔ ཨ་ཧཾ་བདེ་གླུ་ཀྱུ་རུ་རུ༔ བདེ་སྟོང་དགོངས་ཉམས་འུ་རུ་རུ༔ མཆོག་ཐུན་དངོས་གྲུབ་ཤ་ར་ར༔ བགེགས་དང་ལོག་འདྲེན་འདུལ་ཞིང་བྱོན༔ ཕྱི་ནང་བར་ཆད་སེལ་ཞིང་བྱོན༔ སྣང་སྲིད་དབང་དུ་འདུས་ཤིང་བྱོན༔ ཉམས་རྟོགས་ཡེ་ཤེས་སྤོར་ཤིང་བྱོན༔ འདིར་གཤེགས་ཚོགས་ལ་བྱིན་ཆེན་ཕོབ༔ ཡེ་ཤེས་མཆོག་གིས་སྨིན་པར་མཛོད༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕཻཾ་ཕཻཾ༔ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཨོཾ༔ སྣང་བ་སྣོད་ཀྱི་ཀ་པཱ་ལར༔ སྲིད་པ་བཅུད་ཀྱི་ཚོགས་གཏོར་བཤམས༔ བླང་དོར་མེད་པའི་དམ་ཚིག་རྫས༔ གཙང་དམེ་བྲལ་བའི་མཆོད་པ་ཆེ༔ རང་བཞིན་ལྷུན་གྲུབ་ཆེན་པོ་འདི༔ དྷཱུ་མ་ཐ་ལ་ཨོ་ཌི་ཡ༔ ཛ་ལེནྡྷ་ར་ཨརྦུ་ཏ༔ པུལླི་ར་མ་རྭ་མེ་ཤྭ༔ དེ་ཝཱི་ཀོ་ཊཱ་གོ་དྷ་ཝར༔ མཱ་ལ་ཝ་སྟེ་མཁའ་སྤྱོད་གནས༔ གནས་དང་ཉེ་གནས་བརྒྱད་བཞུགས་པའི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ ཉམས་ཆག་ཉེས་པའི་ཚོགས་ཀུན་བཤགས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རབ་ཏུ་དགའ་དང་དྲི་མེད་ཀྱི༔ ས་ཡི་སྤང་རྟོགས་མཐར་སོན་མཛོད༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ ཨཱཿ ཡེ་ཤེས་རྩ་ལྔའི་ཀ་པཱ་ལར༔ ཐིག་རླུང་སེམས་ཀྱི་ཚོགས་གཏོར་བཤམས༔ རྒྱུ་འབྲས་དགའ་བཞིའི་འགྲོ་འོང་གི༔ བདེ་སྟོང་ཆེན་པོའི་མཆོད་པའི་སྤྲིན༔ འཁྲུལ་རྟོག་ཟིལ་གནོན་ཏིང་ངེ་འཛིན༔ འཛག་མེད་ཞུ་བདེའི་ཆོ་འཕྲུལ་འདི༔ ཀཱ་མ་རཱུ་པ་ཨོ་ཌ་སྟེ༔ ཏྲི་ཤཾ་ཀུ་དང་ཀོ་ས་ལ༔ ཀ་ལིངྐ་དང་ལམ་པཱ་ཀ༔ ཞིང་དང་ཉེ་བའི་ཞིང་རྣམ་དྲུག༔ ཀཉྩི་ཀ་དང་ཧི་མཱ་ལ༔ ཚནྡྷོ་ཉེ་བའི་ཚནྡྷོ་ལ༔ བཞུགས་པའི་ས་སྟེང་སྤྱོད་པ་ཡི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མར༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ ཉམས་ཆག་ཉེས་པའི་ཚོགས་ཀུན་བཤགས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འོད་བྱེད་འོད་འཕྲོ་སྦྱངས་དཀའི་ས༔ མངོན་གྱུར་སྤང་རྟོགས་ཡོངས་རྫོགས་མཛོད༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ ཧཱུྃ༔ ཤེས་རབ་པདྨའི་ཀ་པཱ་ལར༔ ཐབས་མཆོག་རྡོ་རྗེའི་ཚོགས་གཏོར་བཤམས༔ གཉིས་མེད་སྦྱོར་བའི་སྒྱུ་རྩལ་གྱིས༔ རླུང་ཡིད་སྙོམས་འཇུག་སྒྲིབ་པའི་ཚོགས༔ ཨ་ཝ་དྷཱུ་ཏིའི་དབྱིངས་བཅོམ་པའི༔ གསང་བ་ཆེན་པོའི་མཆོད་པ་འདི༔ པྲེ་ཏ་པཱུ་རི་གྲྀ་ཧ་དེ༔ སཽ་རཥྚ་དང་སུརྞ་དྭི༔ འདུ་དང་ཉེ་བའི་འདུ་བ་བཞི༔ ནཱ་ག་ར་དང་སིན་དྷཱུའི་གྲོང༔ མ་རུ་ཀུ་ལུ་ཏ་འཐུང་སྤྱོད༔ ཉེ་བའི་འཐུང་སྤྱོད་རྣམ་བཞི་ལ༔ བཞུགས་པའི་ས་འོག་སྤྱོད་པ་ཡི༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མར༔ འདོད་ཡོན་ལོངས་སྤྱོད་ཚོགས་མཆོད་འབུལ༔ ཉམས་ཆག་ཉེས་པའི་ཚོགས་ཀུན་བཤགས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ རིང་དུ་སོང་དང་མི་གཡོ་བ༔ ལེགས་པའི་བློ་གྲོས་ཆོས་སྤྲིན་གྱི༔ ས་བཅུའི་སྤང་རྟོགས་ཡོངས་རྫོགས་མཛོད༔ ག་ཎ་ཙཀྲ་པཱུ་ཛ་ཧོཿ ཧོཿ སྣང་བ་སྒྱུ་འཕྲུལ་དྲྭ་བ་ཡི༔ སྟོང་དབྱིངས་བདེ་ཆེན་དྲྭ་བ་སྡོམ༔ བདེན་གཉིས་དབྱེར་མེད་ཆོས་ཀྱི་དབྱིངས༔ དག་པ་ཆེན་པོའི་ཏིང་འཛིན་གྱིས༔ ཉེར་སྤྱོད་ཕྱི་ཡི་མཆོད་པས་བསྐང༔ རྡོ་རྗེའི་འདོད་ཡོན་ནང་མཆོད་འབུལ༔ མཉམ་སྦྱོར་གསང་བའི་མཆོད་པ་དང༔ དཔལ་གྱི་འབྱོར་དྲུག་གྲུབ་པའི་རྫས༔ རྡོ་རྗེའི་རིག་མ་ངོ་མཚར་དང༔ རྨད་བྱུང་སྨན་གཏོར་རཀྟ་སོགས༔ སྤྲོས་བྲལ་དབྱིངས་ནས་ཅིར་སྣང་བ༔ ཀུན་བཟང་རྒྱན་གྱི་རོལ་མོ་ཆེ༔ གཟུང་འཛིན་བློ་བྲལ་ཆེན་པོ་འདིས༔ བླ་མ་ཡེ་ཤེས་མཁའ་འགྲོ་མའི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང༔ ཡི་དམ་རིགས་ལྔའི་མཁའ་འགྲོ་མ༔ ཞི་ཁྲོ་རབ་འབྱམས་ཐུགས་དམ་བསྐང༔ སྤྲུལ་སྐུ་གང་འདུལ་མཁའ་འགྲོ་མའི༔ རྣམ་འཕྲུལ་བསམ་ཡས་ཐུགས་དམ་བསྐང༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་དག༔ ཡེ་ཤེས་དགོངས་པ་མངོན་གྱུར་མཛོད༔ ཧོཿ རྡོ་རྗེ་ཕུང་པོའི་ཐབ་ཁུང་དུ༔ གཏུམ་མོའི་ཨ་ཡི་ཡེ་ཤེས་མེའི༔ བཟའ་བཏུང་བཅུད་ཀུན་ལྷུན་གྲུབ་ཀྱིས༔ གདན་གསུམ་མཁའ་འགྲོའི་ལྷ་ཚོགས་མཆོད༔ དྭངས་མའི་ཞུ་བདེས་དགྱེས་ཚིམས་ཏེ༔ རྨད་བྱུང་ཚོགས་གཉིས་ཡོངས་རྫོགས་ཤོག༔ ཐབས་ཀྱི་བཟའ་བ་ཤེས་རབ་བཏུང༔ ཚིམས་པར་རོལ་པས་གཟི་བྱིན་བསྐྱེད༔ ཤེས་རབ་པདྨའི་ཟེའུ་འབྲུའི་དབུས༔ བདེ་བའི་ཟིལ་དངར་འཕྲོ་བ་ཡི༔ ཁཱ་ཁ་མུ་ཁའི་རྩ་ཡི་རྩེ༔ རྡོ་རྗེ་གསང་བའི་བུ་གར་སྦྱོར༔ བསྐྱེད་པའི་ལྷན་སྐྱེས་དེ་ཁོ་ན༔ རྡོ་རྗེ་ནམ་མཁའི་དཀྱིལ་འཁོར་བལྟ༔ ཨེ་ཝཾ་དྷརྨ་དྷཱ་ཏུ་ཨ་ཧོ་ཧཾ་མ་ཧཱ་སུ་ཁ་སྟྭཾ༔ ཚོགས་ཀྱི་ལྷག་མས་མཆོད་པ་ནི༔ བཤུག་གླུས་འབོད་ཅིང་ཞིང་གིས་གཡབ༔ ཕཻཾ་ཕཻཾ་ཧྲཱིཾ་གིས་སྤྱན་དྲངས་ནས༔ ཧྲཱིཿ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི༔ མཐའ་སྐྱོང་དུར་ཁྲོད་བརྒྱད་ལ་སོགས༔ གནས་པའི་དབང་ཕྱུག་གིང་ལངྐ༔ ཕོ་ཉ་སུམ་བརྒྱ་དྲུག་ཅུ་དང༔ མགྱོགས་མ་བཞི་དང་འབར་མ་བརྒྱད༔ མ་བདུན་སྲིང་བཞི་གིང་ཁྱོ་ཤུག༔ མཁའ་འགྲོ་སོ་གཉིས་ཕོ་ཉ་མ༔ འབུམ་ཕྲག་ཡངས་པའི་དྷཱ་ཀི་ནི༔ བསམ་མི་ཁྱབ་པ་ཐམས་ཅད་ཀྱིས༔ དཔལ་གྱི་ཕམ་ཕབ་འདི་བཞེས་ལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ ས་དང་ལམ་གྱི་གེགས་འཕྲང་སྒྲོལ༔ ནད་རིམས་འབྱུང་པོའི་གནོད་པ་སྲུངས༔ འདོད་པའི་དོན་ཀུན་སྒྲུབ་པ་ལ༔ མ་སྲིང་གྲོགས་མོའི་ཚུལ་ལྟ་བུའི༔ བརྩེ་གདུང་བྱམས་པས་རྟག་སྐྱོངས་ཤིག༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཡེ་ཤེས་ཌཱ་ཀིའི་དཀྱིལ་འཁོར་ཆེར༔ ཚོགས་ཀྱི་འདུ་བར་ལོངས་སྤྱད་པས༔ ཉམས་ཆག་ཀུན་ཞི་ཡེ་ཤེས་རྒྱས༔ རྡོ་རྗེའི་ལམ་མཐར་ཕྱིན་པར་ཤོག༔ ཧཱུྃ་ཧཱུྃ༔ ཡུལ་གྱི་མིང་ནི་རྔ་ཡབ་གླིང༔ ཟངས་མདོག་དཔལ་གྱི་རི་བོའི་རྩེར༔ པདྨ་འོད་ཀྱི་ཞིང་ཁམས་སུ༔ ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གཉིས༔ སྐྱེ་འཆི་མེད་པའི་སྐུར་བཞེངས་ནས༔ སྐུ་གསུམ་ཞིང་དང་སྤྲུལ་བསྒྱུར་གྱིས༔ ཕྱོགས་བཅུའི་ཞིང་དང་ཁྱད་པར་དུ༔ བོད་ཁམས་འདུལ་བའི་དུས་ལ་བབ༔ སྙིགས་མ་ལྔ་བདོའི་སེམས་ཅན་རྣམས༔ རེ་ས་སྐྱབས་གནས་ཁྱེད་ལས་མེད༔ གདུང་ཤུགས་མོས་པས་འབོད་ལགས་ན༔ གློག་ལྟར་མྱུར་བའི་ཡེ་ཤེས་ཀྱིས༔ མོས་པའི་བུ་ལ་བྱིན་གྱིས་རློབས༔ སྐུ་གསུང་ཐུགས་ཀྱི་དབང་མཆོག་བསྐུར༔ ཟུང་འཇུག་སྐུ་དང་ཡེ་ཤེས་ཀྱིས༔ གཉིས་སུ་མེད་པར་མཛད་དུ་གསོལ༔ ཧཱུྃ་བྷྱོ༔ ཆོས་ཉིད་ཞི་ལས་མ་གཡོས་ཀྱང༔ ཆོས་ཅན་འབར་བ་ཆེན་པོའི་ཚུལ༔ བསྟན་པའི་བཀའ་སྲུང་མཐུ་བོ་ཆེ༔ ཨོ་རྒྱན་པདྨ་ཡབ་ཡུམ་གྱི༔ བཀའ་དང་དམ་ལ་གནས་པ་ཀུན༔ སྨན་རཀ་གཏོར་མའི་མཆོད་པ་བཞེས༔ སྔོན་གྱི་ཐ་ཚིག་དེང་བསྐུལ་ན༔ འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྤེལ༔ གསང་སྔགས་སྙིང་པོའི་བསྟན་པ་དར༔ འཇིག་རྟེན་ཁམས་ཀུན་བདེ་ལེགས་ཤིང༔ དམ་ཚིག་ལྡན་པའི་རྣལ་འབྱོར་སྐྱོངས༔ བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་སརྦ་ཀརྨ་ཀུ་རུ་ཧོཿ ཧཱུྃ་བྷྱོ༔ བླ་མ་བདེ་བ་ཆེན་པོ་ཡི༔ བཀའ་སྡོད་བརྟན་མ་ཆེན་མོ་རྣམས༔ བོད་ཁམས་སོ་ཁ་སྲུང་མཛད་ཕྱིར༔ བདུད་དང་གནོད་སྦྱིན་སྨན་མོའི་ཚུལ༔ ཡ་མ་སྐྱོང་མ་ལ་སོགས་པ༔ ཡེ་ཤེས་འཇིག་རྟེན་ལས་ཀྱི་ཚུལ༔ མ་མོ་མཁའ་འགྲོའི་ཚོགས་རྣམས་ཀུན༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ རྡོ་རྗེའི་དམ་ལས་མ་འདའ་བར༔ གངས་ཅན་མཐའ་མིའི་གནོད་པ་སྲུངས༔ རྩ་རླུང་ཐིག་ལེའི་འདུ་བ་སྙོམས༔ མ་མོ་འཁྲུགས་པའི་དལ་ཡམས་སྲུངས༔ བདེན་དོན་གནས་སུ་དག་པ་ཡིས༔ འཁོར་བ་ལུགས་ལྡོག་ཕྲིན་ལས་མཛོད༔ མ་མ་དྷཱ་ཀི་ལོ་ཀ་པཱ་ལ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱིཿ སྣོད་བཅུད་པདྨ་ཧེ་རུ་ཀའི༔ ལྷ་སྔགས་ཕྱག་རྒྱའི་རོལ་པར་སད༔ དབང་ཆེན་པདྨ་རྟ་མཆོག་གི༔ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི༔ རྡོ་རྗེའི་གླུ་བྲོ་རྔམ་པ་ཡིས༔ བར་ཆད་དམ་སྲི་དགྲ་བགེགས་ཀུན༔ རྡོ་རྗེའི་རི་རབ་འབར་བས་གནོན༔ ལྡང་མེད་རྒྱ་མཚོའི་ཀློང་དུ་སྐྱུར༔ བྱང་ཆུབ་སེམས་མཆོག་མ་སྐྱེས་བར༔ ཡུམ་ལྔའི་ཕྱག་རྒྱས་རྒྱས་བཏབ་བོ༔ སྟྭཾ་བྷ་ཡ་ནན༔ ཧཱུྃ༔ ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང༔ གཤེགས་བཞུགས་མཚན་མ་མི་དམིགས་ཀྱང༔ ཐུགས་རྗེའི་ཡུལ་ལ་འཇུག་པའི་ཤུགས༔ ནམ་ཡང་དུས་ལས་མི་ཡོལ་བས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ རྡོ་རྗེ་བཞི་ཡི་དབང་བསྐུར་སྩོལ༔ ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱིས༔ ས་ལམ་ཡོན་ཏན་རྩོལ་མེད་རྫོགས༔ དོན་གཉིས་ལྷུན་གྱིས་གྲུབ་པ་ཡི༔ མཆོག་ཐུན་དངོས་གྲུབ་བསམ་ཡས་སྩོལ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་ཀཱ་ཡ་ཝཱཀ྄་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ བདག་ཅག་མ་རིག་རྨོངས་པས་ནོངས༔ ལམ་མཆོག་ཞུགས་ཀྱང་འགལ་འཁྲུལ་སྤྱོད༔ ཆོ་ག་ལྷག་ཆད་ཏིང་འཛིན་བྱིངས༔ རྟོག་འཁྲུལ་རྒོད་སོགས་ཉེས་ཀུན་བཤགས༔ ཡི་གེ་བརྒྱ་པ་གང་མང་བརྗོད༔ བསམ་ཡས་དཀྱིལ་འཁོར་ལྷ་སྔགས་དང༔ ཏིང་འཛིན་སྤྲོས་པ་མཐའ་དག་ཀྱང༔ མཐའ་བྲལ་ནམ་མཁའ་ལྟ་བུ་ཡི༔ དབྱིངས་ཀྱི་ཐིག་ལེ་གཅིག་ཏུ་ཐིམ༔ ཨ་ཨ་ཨ༔ སླར་ཡང་འོད་གསལ་འགག་མེད་པས༔ ཅིར་སྣང་ཡེ་ཤེས་མཁའ་འགྲོའི་དལ༔ བདག་མེད་བདེ་བ་ཆེན་པོ་ཡི༔ རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ༔ བཛྲ་ཀཱ་ཝཱ་ཙི་རཀྵ་ཧཱུྃ༔ མཚན་བཅས་ལྷ་སྔགས་ཏིང་འཛིན་གྱི༔ རྨད་བྱུང་བསོད་ནམས་ཚོགས་ཆེན་དང༔ མཚན་མེད་ཡེ་ཤེས་རོལ་པ་ཆེ༔ ཟུང་འཇུག་རྡོ་རྗེའི་ལམ་བརྩོན་པའི༔ འབྲས་བུས་ལུས་ཅན་ཐམས་ཅད་ཀུན༔ བླ་མ་ཡེ་ཤེས་དྷཱ་ཀི་ནིས༔ ཚེ་རབས་ཀུན་ཏུ་རྗེས་བཟུང་སྟེ༔ སྲིད་ལས་ངེས་འབྱུང་བློ་བརྩོན་ལྡན༔ སྨིན་གྲོལ་རྒྱུད་གྲོལ་དམ་ཚིག་དག༔ སྐྱེ་འཆི་བར་དོ་སྐུ་གསུམ་གྱི༔ མཁའ་འགྲོའི་ཀློང་རྫོགས་འཕོས་པའི་ཚེ༔ མ་གཅིག་ཕྱག་གིས་མཁྲིག་མ་ནས༔ བཟུང་སྟེ་མཁའ་སྤྱོད་དཔལ་གྱི་རིར༔ པད་འབྱུང་ཡབ་ཡུམ་དྲུང་སྐྱེལ་ནས༔ དཔའ་བོ་ཌཱ་ཀིའི་བརྩེ་དགའ་ཡིས༔ རྡོ་རྗེའི་ས་ལམ་ཡོངས་རྫོགས་ཏེ༔ བདེ་ཆེན་དབྱིངས་སུ་བྱང་ཆུབ་ཤོག༔ ཨོཾ༔ བླ་མ་ཡེ་ཤེས་མཁའ་འགྲོ་མས༔ བཙན་ཐབས་དགོངས་པའི་བྱིན་བརླབས་པས༔ འཁོར་འདས་ཀ་དག་ཆེན་པོའི་ཀློང༔ ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཡུམ་ཆེན་ཌཱ་ཀི་རིགས་ལྔ་ཡིས༔ རྗེས་བཟུང་རིག་འཛིན་རྣམ་བཞི་ཡི༔ རྡོ་རྗེའི་ས་ལམ་ཡོངས་རྫོགས་ནས༔ དངོས་གྲུབ་འདོད་དགུའི་བཀྲ་ཤིས་ཤོག༔ སྣ་ཚོགས་ཡུམ་ཆེན་སྤྲུལ་པའི་སྐུས༔ འདུ་འབྲལ་མེད་པར་རྗེས་བཟུང་ནས༔ རྡོ་རྗེ་ཐེག་པའི་ལྟ་སྒོམ་སྤྱོད༔ ཉམས་འོག་ཆུད་པའི་བཀྲ་ཤིས་ཤོག༔ གནས་སྐབས་ཞི་རྒྱས་དབང་དྲག་གི༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་མྱུར༔ མཐར་ཐུག་རྡོ་རྗེ་བཙུན་མོ་དང༔ དབྱེར་མེད་བྱང་ཆུབ་བཀྲ་ཤིས་ཤོག༔ དེ་ལྟར་མཁའ་འགྲོ་ཀུན་འདུས་པའི༔ ཕྲིན་ལས་མཆོག་ལ་བརྩོན་པ་ཡིས༔ ཚེ་དཔལ་ཤེས་རབ་ཉམས་རྟོགས་འཕེལ༔ ལམ་མཐར་ཕྱིན་པར་གདོན་མི་ཟ༔ པད་འབྱུང་ཡབ་ཡུམ་ཐུགས་བསྐྱེད་ཀྱིས༔ དུས་མཐར་བསྟན་འགྲོའི་བཙས་གྱུར་ཅིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཡེ་ཤེས་ཀྱི་ཌཱ་ཀིའི་དབང་ཕྱུག་གི་ཕྲིན་ལས་ཀྱི་རིམ་པ་འདིའང་བཛྲ་གུ་ཧྱ་དྷཱ་ཀི་པདྨ་དྷརྨ་སུ་ཁས་དད་གདུང་མོས་གུས་ཆེན་པོས་རྗེས་སུ་བསྐུལ་བ་བཞིན་གསང་འཛིན་ཡེ་ཤེས་ཀྱི་མཁའ་འགྲོ་མས་གསང་བ་གསུམ་གྱི་བྱིན་རླབས་ཀྱི་བདུད་རྩིས་བསྐྱངས་པས་བླ་མེད་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་གསང་མཛོད་ལ་ཡིད་ཆེས་ཀྱི་སྤོབས་པ་ཅུང་ཟད་དགེ་བའི་ཡོ་གིའི་གཟུགས་བརྙན་པདྨ་འོད་གསལ་མདོ་སྔགས་གླིང་པ་བདེ་ཆེན་དགྱེས་པ་རྩལ་གྱིས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དངོས་སུ་བཞུགས་པར་གྲགས་པའི་སྤུང་ཐང་བདེ་བ་ཆེན་པོའི་གཙུག་ལག་ཁང་དུ་བླ་མ་བདེ་མཆོག་འཁོར་ལོའི་ཚོགས་སྒྲུབ་ཀྱི་སྐབས་སུ་གཏན་ལ་ཕབ་པ་གྲོང་ཁྱེར་གསུམ་གྱི་ཡིད་ཅན་མཐའ་དག་གནས་གསུམ་མཁའ་འགྲོ་རྒྱ་མཚོས་རྗེས་སུ་འཛིན་པའི་སྐལ་བཟང་མངོན་དུ་གྱུར་ཏེ་ལྷན་སྐྱེས་བདེ་བ་ཆེན་པོའི་ཐིག་ལེར་མངོན་པར་བྱང་ཆུབ་པའི་རྒྱུ་ཁོ་ནར་གྱུར་ཅིག། །།
[edit]

skya__rang byung pad+ma'i snying thig las:_yum bka' mkha' 'gro'i phrin las dngos grub myur ster bzhugs:


skya__lhan skyes dbyings kyi yum la 'dud:_de nyid sgrub pa'i thabs rmad byung:_mtsho rgyal thugs kyi thig le'i bcud:_ngo mtshar dngos grub myur ster bstan:_sa ma ya:_nub tu kha bltas brag dmar phug:_me tog dmar po skyes pa'i gling:_g.yeng dang 'du 'dzi bral ba ru:_rtse gcig sgrub pa'i sa sde btsugs:_rang byung b+hany+dza sman 'bru dang:_rin chen gyis bkang me long ni:_sin+d+hU'i rdul byug chos byung bsnol:_dga' 'khyil ha ri ni sa dang:_ba~M mtshan steng du shel rdo bzhag:_dar dmar gur phub mchod pa dang:_sman raka gtor tshogs bag dro bshams:_bde ba'i stan la bag phebs te:_nges 'byung yid ches dad mos kyis:_na mo:_gdod nas skye 'gag gnas bral ba'i:_ye shes chen po'i phyag rgya'i gzugs:_shes rab phar phyin mtsho rgyal yum:_rang ngo shes pas skyabs su mchi:_aH_'khor 'das chos kun bde chen mkhar:_gnas kyang ma rtogs 'khrul pa'i 'gro:_ye shes mkha' 'gro'i klong grol phyir:_phyogs ris bral ba'i sems mchog bskyed:_hoH_ye shes dbyings kyi d+hA ki ma:_rang ngo shes pas phyag 'tshal zhing:_snang srid rgyan gyi mchod sprin 'bul:_blos byas 'khrul pa'i las kun bshags:_yon tan lhun rdzogs rjes yi rang:_gsang chen rdo rje'i chos 'khor bskor:_skye 'chi med klong bzhugs gsol 'debs:_'gro kun dbyings su grol gyur cig:_hU~M hrIH_snang srid chos sku yum gyi mkhar:_'du 'bral med pa'i dkyil 'khor la:_glo bur rtog 'khrul bar chad bgegs:_skye 'gag bral ba'i dbyings su dengs:_sngags thun rol mo bcas pas bskrad:_hU~M hrIH_snod bcud mkha' 'gro'i dkyil 'khor che:_sku gsum thugs gsung sku yi dal:_bde chen dgyes ma chos kyi dbyings:_'pho 'gyur med pa'i phyag rgyas bcing:_badz+ra dz+nyA na rak+Sha [1$0000280]b+h+rU~M[1$0000300]:_hrI phaiM:_ka dag dbyings kyi dkyil 'khor nas:_rnam thar gsum gyi bdag nyid can:_rdo rje btsun mo dbyings nas bzhengs:_gnas 'dir byin phob dngos grub stsol:_bde chen lhun grub dkyil 'khor nas:_kha sbyor yan lag bdun gyi bdag:_rigs kyi yum lnga dbyings nas bzhengs:_gnas 'dir byin phob dngos grub stsol:_thugs rje kun khyab pho brang nas:_'gro 'dul ye shes mkha' 'gro ma:_mtsho rgyal DA ki'i gtso mor bzhengs:_gnas 'dir byin phob dngos grub stsol:_ri rab sum cu rtsa gnyis kyi:_rdul dang mnyam pa'i mkha' 'gro ma:_'bum phrag yangs pa dbyings nas bzhengs:_gnas 'dir byin phob dngos grub stsol:_sna tshogs yum gyur shes rab ma:_gsang sngags rgyud sde'i gnyer 'dzin kun:_skye med dbyings nas skur bzhengs tshe:_rdo rje'i gar stabs cir yang sgyur:_snyan pa'i glu dbyangs kyu ru ru:_DA ru cang te khro lo lo:_dril bu g.yer kha si li li:_me tog spos sprin thibs se thib:_gnas 'di bde chen zhing du bsgyur:_sgrub pa po yi nyams rtogs spor:_mchog dang thun mong dngos grub stsol:_lhan skyes rdo rje'i sa thob mdzod:_badz+ra dz+nyA na DA ki ni maN+Da la sa pa ri wA ra e a ral+li pheM pheM:_sa ma ya ho:_oM AHhU~M:_phyi nang snod bcud rgyud kyi chos:_gdod nas rnam dag bde chen gar:_rang byung mchod pa'i phyag rgya ru:_'bad pa med par lhun gyis rdzogs:_oM sarba ma hA su kha pU dza me g+ha sa mu dra s+pha ra Na AHhU~M:_aH_gdod nas skye med de bzhin nyid:_chos kun thig le gcig tu brdal:_dngos 'dzin mtshan ma las 'das pa'i:_smra bsam brjod pa bral bar bzhugs:_d+harma d+hA tu aH_rang byung kun khyab thugs rje'i gdangs:_ma rtogs 'gro la khyab par 'jug:_srid zhi las 'das mnyam pa nyid:_kun khyab kun las 'das pa'o:_ma hA ka ru Ni ka ho:_bde stong zung 'jug phyag rgya che:_dngos med dngos por snang ba'i tshul:_a yig nam mkha'i kha dog can:_dbyings la dbyings kyi rgyan du shar:_bo d+hi tsit+ta a:_yi ge chen po'i cho 'phrul las:_snod bcud d+hU ma tha la'i zhing:_o rgyan rang byung dur khrod che:_dbyibs dang rgyan bkod blo las 'das:_bde chen 'pho 'gyur med pa yi:_zhing khams chen por lhun gyis rdzogs:_ye shes mkha' 'gro dgyes pa'i zhing:_gzhal med khang mdzes lta na sdug:_gru bzhi sgo bzhi rgyan bkod dang:_dbus phyur rdo rje nor bu'i tog:_ye shes snang ba tshad med 'phro:_bde drod 'od phung 'bar ba yi:_pho brang chen po'i lte ba ru:_'od dmar chos 'byung bsnol ba'i dbus:_pad+ma 'dab bzhi'i lte ba ru:_a yig yongs gyur bcom ldan 'das:_ye shes mtsho rgyal zla ba'i mdog:_gzhon tshul bcu drug lang tsho can:_sked phra nu 'bur b+ha ga rgyas:_rigs lngas dbu brgyan lcang lo'i thod:_sku rgyab kheb pa'i phyed pa yi:_mthon mthing thor tshugs mthing ka'i rtser:_rin chen nor bu'i tog gis mdzes:_sgeg 'dzum spyan gsum g.yo zhing 'phrul:_zhal nas phaiM dang hrIM sgra sgrogs:_phyag g.yas thod pa'i cang te'us:_mkha' spyod DA ki 'bum phrag sdud:_g.yon pas bde skyong thugs kar gtod:_sa spyod mkha' 'gro 'bum phrag sdud:_mchan khung rdo rje kha T+wAM gas:_sa 'og spyod pa'i mkha' 'gro sdud:_rin chen rus pa'i rgyan gyis sgeg:_zhabs zung brkyang bskum gar stabs kyis:_pad+ma zla ba'i steng na 'gying:_bde chen ye shes 'od zer gyi:_snang ba 'byams klas klong na rol:_'dab bzhir shar du man+dA ra:_lho ru kA la sid+d+hi rtsal:_nub tu shAkya de wa dang:_byang du bkra shis khye 'dren rnams:_mthing ser dmar dang ljang gu'i mdog:_bud med gzhon tshul lang tsho rgyas:_rdo rje rin chen pad+ma dang:_sna tshogs rdo rjes mtshan pa yi:_gri gug g.yon kun b+han+d+ha bsnams:_dar dang rin chen rus rgyan bklubs:_brkyang bskum pad zla'i steng na 'gying:_rang mdog bde drod 'od phung 'phro:_chos 'byung phyi rol thugs 'khor steng:_mkha' spyod mkha' 'gro brgyad ka mthing:_gsung 'khor sa spyod DA ki dmar:_sku 'khor sa 'og spyod brgyad dkar:_kun kyang gzhon nu myos ma'i gzugs:_zhabs zung gar gyis pad zlar 'gying:_phyag gnyis DA dril rus rgyan dang:_rin chen thor tshugs dar snas brgyan:_sgo mtshams phyag rgya bzhi'i mkha' 'gro:_phyogs mdog phyed gzugs gtso dang mtshungs:_phyag rgya bzhi dang gri thod can:_rang rang 'khor tshogs 'bum gyis bskor:_snang stong sgyu ma chen po'i gar:_rab 'byams zhing kun khyab par ston:_snang grags rig pa sku gsung thugs:_rdo rje'i dkyil 'khor lhun gyis grub:_phung khams nyon mongs ye shes kyi:_'khor lor rdzogs pa'i dbang bskur ro:_badz+ra dz+nyA na kA ya oM:_badz+ra dz+nyA na wAka AH_badz+ra dz+nyA na tsit+ta hU~M:_oM hU~M trAM hrIHaH_a b+hi Shiny+tsa hU~M:__hU~M hrIH_chos dbyings rdo rje btsun mo'i zhing:_mkha' khyab sku dang ye shes 'phro:_bsam mi khyab pa'i gnas mchog nas:_a ma ye shes mtsho rgyal ma:_spros bral ka dag klong nas gshegs:_de bzhin gshegs pa rigs lnga yi:_zhing nas rigs kyi 'khor los bsgyur:_dbyings phyug yum chen lnga'i gtso mo:_a ma ye shes mtsho rgyal spyon:_mkha' khyab 'gro ba'i don mdzad tshe:_sangs rgyas pad+ma dgyes pa'i yum:_gsang chen lam spyod pho nya mo:_a ma mtsho rgyal gshegs su gsol:_e ma khyed ni kun la khyab:_gang gi phyogs su ma lhung ba'i:_ye shes nam mkha' lta bu'i gzugs:_blo las 'das pa'i de kho na:_gdod nas ma skyes rdo rje'i dbyings:_'gag med rang byung grub pa'i rgyal:_gang du bltas pa de ltar snang:_dmigs med thugs rje kun la khyab:_rno myur phrin las glog ltar 'khyugs:_mnyam nyid bde chen rol par bzhengs:_lnga ldan dus kyi tha ma'i skyabs:_gu ru yab yum gnyis las med:_bu gcig ma la 'bod pa bzhin:_bskul na rdo rje'i zhal bzhes bzhin:_sgrub pa'i gnas 'dir gshegs su gsol:_rdo rje'i byin chen btsan thabs 'phos:_phyi nang gsang ba'i bar chad sol:_sa lam yon tan gong du spor:_mchog dang thun mong dngos grub stsol:_khyed dang gnyis med byin gyis rlobs:_oM dz+nyA na DA ki ni maN+Da la badz+ra sa ma ya dzaHdzaH_gdod nas dam tshig ye shes pa:_gnyis su med pa'i lha mchog la:_'du 'bral med pa'i de kho na:_rang ngo shes pas dgyes bzhugs gsol:_sa ma ya tiSh+Tha lhan:_hU~M hrIH_snang ba'i dngos kun gzung 'dzin gyi:_sred len dbyings su zhi ba las:_gang shar bde chen rol mo'i sprin:_yul la dbang pos nyer spyod pa'i:_mchod yon lha yi bdud rtsi'i skyems:_zhabs bsil yan lag brgyad ldan chab:_mtshar sdug rin chen me tog tshal:_lhan skyes sbyar ba'i spos sprin ldang:_mun sel sgron me'i 'od kyi zhing:_dri zhim byug pa'i dga' bas sim:_ro brgya'i bza' bca' bldag gzhib zas:_snyan 'jebs dbyangs kyi rol mo bcas:_ye shes mkha' 'gro'i lha tshogs mchod:_bzhes nas 'dod dgu'i dngos grub stsol:_oM sarba dz+nyA na d+hA ki ni sa pa ri wA ra ar+g+haM nas shab+da ma hA pU dza sa mu dra s+pha ra Na sa ma ye AHhU~M:_hU~M hrIH_dpal chen DA ki'i dbang phyug mar:_rang byung drag po'i nye bar spyod:_dbang po'i me tog 'dar zhing 'phrigs:_zhun chen tshil gsur mi sdug dri:_ro ras tshil chen sbyar ba'i me:_mkhris sna'i dri yi sku mnye dang:_sha rus dmar gyi zas sna bkram:_rkang gling thod pa'i rnga bshug glus:_bskul te ye shes DA ki mchod:_oM dz+nyA na DA ki ni sa pa ri wA ra ma hA rU tra rU pa shab+da gan+d+he ra sa sh+ma sha na pU dza hoH_hU~M hrIH_rtsa brgyad yan lag stong sbyar sman:_rgyud drug dbyings sgrol rak+ta'i skyems:_tshogs drug rang grol ba liM ta:_dam tshig rdzas kyis mkha' 'gro mchod:_oM sarba dz+nyA na d+hA ki ni maN+Da la ma hA a mr-i ta rak+ta ba liM ta khA hi:_hU~M hrIH_ye shes dbyings su bdag rtog bsgral:_chos kun bde stong mnyam par sbyor:_mchod bya mchod byed thams cad kyang:_rig stong rdo rje'i dbyings su dag:_d+harma d+hA tu aH_hU~M hrIH_chos kun rang grol de bzhin nyid:_mi phyed rdo rje dbyings kyi lha:_blo 'das chos sku'i yum chen mo:_rang ngo shes pa'i yid kyis bstod:_bde stong 'pho 'gyur med pa las:_'gag med sgyu 'phrul drwa ba'i gar:_dkyil 'khor rgya mtsho 'byung ba'i gnas:_mkha' 'gro drwa ba sdom la bstod:_ye shes chen po gsang ba'i mdzod:_thig le gcig gi ngo bo la:_gnyis med rtogs pa'i phag zhal can:_rigs kyi DA kir shar la bstod:_srid zhi kun khyab ye shes las:_gang 'dul mdzad pa phrin las kyis:_'gro kun bde chen dbyings sbyor mdzad:_sgrub mchog rjes su 'dzin la bstod:_chos rnams thams cad 'byung ba'i gnas:_bde chen dgyes ma sngags rgyud kyi:_gnyer 'dzin gnas yul zhing skyong ba'i:_DA ki rgya mtsho kun la bstod:_mkha' 'gro'i thugs kar pad nyi'i steng:_rdo rje khros ma mun pa'i mdog:_gri thod brkyang bskum gar rol pa:_rgyan med gcer bu'i thugs dbus su:_nyi zla'i gwa'ur thugs srog aH_chos kun 'byung ba'i gnas chen po'i:_sngags las byung ba'i 'od zer gyis:_snang srid dag pa mkha' spyod zhing:_thams cad dpa' bo DA ki ru:_shar ba'i rdo rje'i glu gar sgras:_zhing kun g.yo zhing bde chen zhu:_rgyal kun thugs rje'i rtsal g.yos te:_snang grags rig pa lha dang sngags:_chos nyid dbyings kyi dgongs klong nas:_sna tshogs 'od zer dwangs ma dang:_a haM sngags sgra rig stong gi:_ye shes gcig gi dgongs pa yis:_mchog thun phrin las kun grub gyur:_oM dz+nyA na DA ki ni sa ra dza ya sarba sid+d+hi hU~M:_bsnyen pa dbyings kyi yum la bya:_g.yo med dgongs pa'i gzer gyis gdab:_slar yang 'od zer 'phro 'du'i sprin:_rigs bzhi mkha' 'gro'i sku la thim:_ye shes sems dpa' rigs bzhi yi:_mkha' 'gro'i thugs srog 'bru bzhis mtshan:_ha ri ni sa las byung 'od:_dkar ser dmar ljang lha sngags kyi:_spro bsdus las kun lhun grub pa'i:_byin rlabs dngos grub kun thob gyur:_oM dz+nyA na DA ki ni ha ri ni sa sarba sid+d+hi hU~M:_sgrub pas snod bcud DA ki'i zhing:_lha sngags ye shes nyid du sbyor:_dkyil 'khor lha yi 'od zer gyis:_sgo mtshams brgyad bskul de dag gis:_'od zer spro bsdus thun mong dang:_khyad par phrin las bzhi grub gyur:_oM dz+nyA na DA ki ni shAn+tiM puSh+TiM wA shaM mA ra ya phaT:_skabs su mos gus gdung shugs bskyed:_bsnyen pa'i dbyangs kyis thugs dam bskul:_ma dbyings kyi mkha' 'gro mkhar chen bza':_sngon bod yul chos bzhin spyod pa'i tshe:_pha sangs rgyas kun dngos pad+ma 'byung:_yum ye shes mkha' 'gro mtsho rgyal lcam:_khyed sangs rgyas kun dang dgongs mnyam kyang:_tshu' gdul bya'i snang ngor slob dpon tshul:_rje 'bangs tshogs kun la dgyes zhal bstan:_gsung chos kyi 'khor lo bar med bskor:_thugs dgongs klong ston 'khor dbyer med mdzad:_sku rdzu 'phrul gsung mchog chos kyi sgo:_dus nyi ma re la ngo mtshar re:_de thams cad bstan pa tsam gyis grol:_bod gangs can zer yang 'og min zhing:_dpal bsam yas grags kyang mkha' 'gro'i gling:_pho thams cad rdo rje'i rig pa 'dzin:_mo thams cad ye shes mkha' 'gro ma:_las ci mdzad bstan dang 'gro ba'i gsos:_dus nyin zhag re re'i khongs su yang:_ma sems can thams cad sangs rgyas bsgyur:_srid 'khor ba dong nas sprugs pa des:_bod ri gling thams cad gnas dang yul:_gangs brag ri mtsho kun gter gyis gtams:_ljongs lnga dang gling kun sgrub pa'i gnas:_dus snyigs ma lnga yi khug pa rer:_mgon sprul pa re res chos sgo re:_dus g.yo 'khrugs zhi ba'i mdzad pa res:_'bangs bdag sogs skyong bar zhal gyis bzhes:_gsung bden tshig rdo rje'i lung bstan pa:_dus deng sang bar du mngon sum byung:_pha mchog gis bu gcig rjes brtse bzhin:_tshe 'di phyi'i skyid sdug gnyer kha 'dzin:_thugs brtse ba chen po'i ye shes des:_skad cig kyang yol med cer gyis gzigs:_byin btsan thabs 'bebs pa'i rno myur de:_gtan yol ba med pa thog dang 'dra:_dpal ngo mtshar phrin las rmad byung ba'i:_sgo 'byed pa'i byed po ma gcig khyod:_don 'phags bzhi'i 'byung gnas sher phyin yum:_tshul bod khams skyong ba'i a ma rje:_'gro gdul dka' 'dul la sgrol ma dngos:_mchog thun mong dngos grub kun gyi bdag:_bu bdag la dgos pa'i dus byung bas:_byams snying rjes skyong ba'i dus la bab:_stobs lus rtsal ma rdzogs byis pa la:_thugs byams pa'i spyan gyis lhag par gzigs:_gnas ngan song 'khor ba'i 'jigs las skyobs:_las dman dang log pa'i g.yang las sgrol:_nad mtshon cha mu ge 'khrugs rtsod skyobs:_sems dkar po dge ba'i phyogs su bsgyur:_rgyud nges 'byung skyo shas snying rje bskyed:_blo dam pa'i chos la thos bsam dang:_sgom rtogs pa'i nyi ma snying la shar:_yid tha snyad dpyod pa'i rtog ge yi:_tshig yid dpyod rjes su mi 'brang bar:_don mtha' bral dbu ma chen po'i dbyings:_ma khyod zhal mjal bar byin gyis rlobs:_des 'khrul rtog drwa ba rtsad nas chod:_dgra bdag 'dzin 'gong po rtsad nas chod:_lam 'phags pa'i spang rtogs yon tan rgyas:_chos theg chen lta sgom rtogs par mdzod:_ma mkha' khyab lus can thams cad kyang:_don gnas lugs ma rtogs 'khrul pas bslus:_mig long ba lta bu'i pha ma la:_byams snying rje phyogs med 'byong bar mdzod:_blo rang 'dod yid byed bral ba yis:_chos rnam dkar tshogs gnyis bsags tshad kun:_'gro kun la phangs med sbyin nus pa'i:_snying stobs dang ldan pa'i sems dpar mdzod:_dad mos gus me ltar rab 'bar bas:_rje bla ma sku bzhi'i dbang phyug gi:_don rdo rje bzhi yi dkyil 'khor du:_dbang bzhi po chig rdzogs bstsal du gsol:_yid dag pa'i snang bas srog snying las:_chos bskyed rdzogs lam kun gces par bzung:_lha bla mar srog ltar btsa' ba yi:_grogs dam tshig rnam dag srung zhing brtan:_snod bcud kun rnam dag gdan gsum lha'i:_thugs ye shes rol bar 'char ba yi:_bskyed bzlas pa'i rnal 'byor tshad du phyin:_dbyings chos sku'i 'khor lo chen por shar:_lus rdo rje'i rtsa rlung thig le'i khams:_thugs gsung dang sku yi 'khor lo gsum:_lam bde gsal mi rtog ye shes che:_sku gsum gyi de nyid mngon du gyur:_thabs rdo rje'i myur lam pho nya'i mthus:_don lhan skyes ye shes mngon sum 'dren:_sa bcu kun d+hU ti'i dbyings rdzogs pa'i:_byin btsan thabs phob cig rje btsun ma:_rtogs dka' ba rdo rje nam mkha'i dkyil:_tshig bsam brjod bral ba'i de kho na:_chos kun gyi srog la dbang thob pa'i:_dbyings rig pa rtsal gyi dbang chen bskur:_gzhi ma dag skye 'chi bar do kun:_lam zab mo'i rnal 'byor rmad byung bas:_'bras mi slob sku gsum rgyal sa de:_rten 'di ru mngon du gyur mdzod cig:_pha rdzogs pa'i sangs rgyas pad+ma 'byung:_ma rgyal kun yum chen mtsho rgyal gnyis:_skye 'di dang tshe rabs thams cad du:_mgon rigs kyi bdag por thob pa yis:_zhal dgyes 'dzum rmi lam du yang mjal:_gsung bdud rtsi'i chos sgra ngoms med spyod:_thugs dgongs klong gcig tu 'dres pa zhig:_rten 'di ru mdzod cig a ma rje:_lus skye 'chi med pa rdo rje'i sku:_dus nam mkha' ji srid brtan pa yi:_dpal 'pho ba chen po'i ye shes gzugs:_ma khyed rang lta bur byin gyis rlobs:_chos brgyad khri bzhi stong tshig dang don:_mi brjed pa'i gzungs kyis rtogs shing sdud:_lam gang 'dul 'gro la ston nus pa'i:_lha rdo rje dbyangs can khyed ltar mdzod:_'khor myang 'das gnyis med chos skur zlum:_blo 'khrul rtog rdzun phug dbyings su rdib:_rtsal rang snang ris med phyam brdal bas:_ma grub pa'i rgyal mo khyed ltar mdzod:_phyi yab gcig bla ma dgyes pa'i lcam:_nang srid zhi'i 'jigs 'phrog myur ma dpal:_don dbyings chen kun tu bzang mo khyod:_blo gtad sa ma nor bdag skyongs shig:_thugs brtse ba'i gdung shugs ma bsnyel bar:_byams snying rjes rtse gcig bdag la gzigs:_ma hA dz+nyA na DA ki shwa ra sarba sid+d+hi hU~M:_thun mtshams gdung ba'i dbyangs snyan pos:_bskul la gsol ba yang yang gdab:_sa ma ya:__rdo rje'i gnas yul dur khrod du:_rnal 'byor pho mo tshogs pa'i tshe:_lta sgom ting 'dzin bogs dbyung phyir:_thabs shes tshogs kyi dam rdzas rnams:_zhing ngam gcan gzan lpags steng bkram:_lus la ro sol thal chen byug:_nub tu kha bltas DA dril dang:_rus rgyan kha T+wAM b+hany+dza thogs:_glu gar 'dod pa'i rtse 'jo bcas:_rdo rje'i tshogs kyi 'du bar spyod:_hU~M:_rdo rje lta bu'i ting 'dzin gyis:_chos kun sgyu mar rig pa'i gdangs:_sgyu ma rdo rje btsan po yi:_snang srid bde ba chen por shar:_bde ba'i rol mo 'byams klas pa'i:_ra~M gis ma dag dngos kun bsregs:_mchog gi bde chen me ltar 'bar:_ya~M gis mtshan 'dzin dngos kun gtor:_'od gsal ye shes kun tu brdal:_kha~M gis bag chags dri kun bkrus:_'dzag med dga' bzhi'i ro yis myos:_ra~M ya~M kha~M:_oM gyis thabs shes dam tshig rdzas:_bde stong 'du 'bral med pa byas:_AHyis dngos kun ye shes kyi:_rgyan gyi rol pa bsam las 'das:_hU~M gis gzung 'dzin snod bcud rgyud:_dag mnyam bde ba chen po'i sku:_tshogs khang mkha' spyod mkha' 'gro'i gling:_dpa' bo DA ki 'du ba'i zhing:_rnal 'byor pho mo he ru ka:_thabs shes lcam dral gcig tu tshogs:_dam rdzas ye shes bdud rtsi ste:_rigs lnga ye shes lnga'i rang bzhin:_snang spyod bde ba chen po ru:_gdod nas lhun gyis grub bzhin shar:_oM AHhU~M:_hU~M:_sngon gyi bskal pa'i dang po la:_bde ba chen po he ru kas:_drag po chen po btul ba'i tshe:_ru tra khyo shug gdan du byas:_pho nya bran dang bcas pa kun:_gsang gsum rdo rje'i dbyings su bsgral:_bde chen dgyes mar rol pa yis:_pho nya mkha' dang mnyam par spros:_ri rab sum cu rtsa gnyis kyi:_rdul dang mnyam pa'i mkha' 'gro ma:_rdo rje'i rgyud kyi glu len zhing:_gsang mchog bde ba'i spyod pa yis:_'dzam gling rdo rje theg pa yi:_'dul zhing sangs rgyas kun gyis bsngags:_dngos grub 'byung ba'i gnas gyur pa'i:_rdo rje'i tha tshig ma bsnyel bar:_'dir gshegs tshogs kyi 'du bar spyon:_kun kyang dgyes pa'i gzi byin bskyed:_rdo rje'i bro gar lams se lam:_a haM bde glu kyu ru ru:_bde stong dgongs nyams 'u ru ru:_mchog thun dngos grub sha ra ra:_bgegs dang log 'dren 'dul zhing byon:_phyi nang bar chad sel zhing byon:_snang srid dbang du 'dus shing byon:_nyams rtogs ye shes spor shing byon:_'dir gshegs tshogs la byin chen phob:_ye shes mchog gis smin par mdzod:_oM dz+nyA na DA ki ni sa pa ri wA ra e h+ye hi:_e a ral+li hrIM hrIM phaiM phaiM:_sa ma ya hoH_sa ma ya s+t+waM:_oM:_snang ba snod kyi ka pA lar:_srid pa bcud kyi tshogs gtor bshams:_blang dor med pa'i dam tshig rdzas:_gtsang dme bral ba'i mchod pa che:_rang bzhin lhun grub chen po 'di:_d+hU ma tha la o Di ya:_dza len+d+ha ra arbu ta:_pul+li ra ma rwa me shwa:_de wI ko TA go d+ha war:_mA la wa ste mkha' spyod gnas:_gnas dang nye gnas brgyad bzhugs pa'i:_'bum phrag yangs pa'i mkha' 'gro ma:_'dod yon longs spyod tshogs mchod 'bul:_nyams chag nyes pa'i tshogs kun bshags:_phyi nang gsang ba'i bar chad sol:_mchog dang thun mong dngos grub stsol:_rab tu dga' dang dri med kyi:_sa yi spang rtogs mthar son mdzod:_ga Na tsakra pU dza hoH_AH_ye shes rtsa lnga'i ka pA lar:_thig rlung sems kyi tshogs gtor bshams:_rgyu 'bras dga' bzhi'i 'gro 'ong gi:_bde stong chen po'i mchod pa'i sprin:_'khrul rtog zil gnon ting nge 'dzin:_'dzag med zhu bde'i cho 'phrul 'di:_kA ma rU pa o Da ste:_tri shaM ku dang ko sa la:_ka ling+ka dang lam pA ka:_zhing dang nye ba'i zhing rnam drug:_kany+tsi ka dang hi mA la:_tshan+d+ho nye ba'i tshan+d+ho la:_bzhugs pa'i sa steng spyod pa yi:_'bum phrag yangs pa'i mkha' 'gro mar:_'dod yon longs spyod tshogs mchod 'bul:_nyams chag nyes pa'i tshogs kun bshags:_phyi nang gsang ba'i bar chad sol:_mchog dang thun mong dngos grub stsol:_'od byed 'od 'phro sbyangs dka'i sa:_mngon gyur spang rtogs yongs rdzogs mdzod:_ga Na tsakra pU dza hoH_hU~M:_shes rab pad+ma'i ka pA lar:_thabs mchog rdo rje'i tshogs gtor bshams:_gnyis med sbyor ba'i sgyu rtsal gyis:_rlung yid snyoms 'jug sgrib pa'i tshogs:_a wa d+hU ti'i dbyings bcom pa'i:_gsang ba chen po'i mchod pa 'di:_pre ta pU ri gr-i ha de:_sau raSh+Ta dang sur+Na dwi:_'du dang nye ba'i 'du ba bzhi:_nA ga ra dang sin d+hU'i grong:_ma ru ku lu ta 'thung spyod:_nye ba'i 'thung spyod rnam bzhi la:_bzhugs pa'i sa 'og spyod pa yi:_'bum phrag yangs pa'i mkha' 'gro mar:_'dod yon longs spyod tshogs mchod 'bul:_nyams chag nyes pa'i tshogs kun bshags:_phyi nang gsang ba'i bar chad sol:_mchog dang thun mong dngos grub stsol:_ring du song dang mi g.yo ba:_legs pa'i blo gros chos sprin gyi:_sa bcu'i spang rtogs yongs rdzogs mdzod:_ga Na tsakra pU dza hoH_hoH_snang ba sgyu 'phrul drwa ba yi:_stong dbyings bde chen drwa ba sdom:_bden gnyis dbyer med chos kyi dbyings:_dag pa chen po'i ting 'dzin gyis:_nyer spyod phyi yi mchod pas bskang:_rdo rje'i 'dod yon nang mchod 'bul:_mnyam sbyor gsang ba'i mchod pa dang:_dpal gyi 'byor drug grub pa'i rdzas:_rdo rje'i rig ma ngo mtshar dang:_rmad byung sman gtor rak+ta sogs:_spros bral dbyings nas cir snang ba:_kun bzang rgyan gyi rol mo che:_gzung 'dzin blo bral chen po 'dis:_bla ma ye shes mkha' 'gro ma'i:_dkyil 'khor lha tshogs thugs dam bskang:_yi dam rigs lnga'i mkha' 'gro ma:_zhi khro rab 'byams thugs dam bskang:_sprul sku gang 'dul mkha' 'gro ma'i:_rnam 'phrul bsam yas thugs dam bskang:_nyams chag rtog sgrib dbyings su dag:_ye shes dgongs pa mngon gyur mdzod:_hoH_rdo rje phung po'i thab khung du:_gtum mo'i a yi ye shes me'i:_bza' btung bcud kun lhun grub kyis:_gdan gsum mkha' 'gro'i lha tshogs mchod:_dwangs ma'i zhu bdes dgyes tshims te:_rmad byung tshogs gnyis yongs rdzogs shog:_thabs kyi bza' ba shes rab btung:_tshims par rol pas gzi byin bskyed:_shes rab pad+ma'i ze'u 'bru'i dbus:_bde ba'i zil dngar 'phro ba yi:_khA kha mu kha'i rtsa yi rtse:_rdo rje gsang ba'i bu gar sbyor:_bskyed pa'i lhan skyes de kho na:_rdo rje nam mkha'i dkyil 'khor blta:_e waM d+harma d+hA tu a ho haM ma hA su kha s+t+waM:_tshogs kyi lhag mas mchod pa ni:_bshug glus 'bod cing zhing gis g.yab:_phaiM phaiM hrIM gis spyan drangs nas:_hrIH_ye shes mkha' 'gro'i dkyil 'khor gyi:_mtha' skyong dur khrod brgyad la sogs:_gnas pa'i dbang phyug ging lang+ka:_pho nya sum brgya drug cu dang:_mgyogs ma bzhi dang 'bar ma brgyad:_ma bdun sring bzhi ging khyo shug:_mkha' 'gro so gnyis pho nya ma:_'bum phrag yangs pa'i d+hA ki ni:_bsam mi khyab pa thams cad kyis:_dpal gyi pham phab 'di bzhes la:_phyi nang gsang ba'i bar chad sol:_sa dang lam gyi gegs 'phrang sgrol:_nad rims 'byung po'i gnod pa srungs:_'dod pa'i don kun sgrub pa la:_ma sring grogs mo'i tshul lta bu'i:_brtse gdung byams pas rtag skyongs shig:_oM uts+tshiSh+Ta ba liM ta khA hi:_ye shes DA ki'i dkyil 'khor cher:_tshogs kyi 'du bar longs spyad pas:_nyams chag kun zhi ye shes rgyas:_rdo rje'i lam mthar phyin par shog:_hU~M hU~M:_yul gyi ming ni rnga yab gling:_zangs mdog dpal gyi ri bo'i rtser:_pad+ma 'od kyi zhing khams su:_o rgyan pad+ma thod phreng rtsal:_mkha' 'gro ye shes mtsho rgyal gnyis:_skye 'chi med pa'i skur bzhengs nas:_sku gsum zhing dang sprul bsgyur gyis:_phyogs bcu'i zhing dang khyad par du:_bod khams 'dul ba'i dus la bab:_snyigs ma lnga bdo'i sems can rnams:_re sa skyabs gnas khyed las med:_gdung shugs mos pas 'bod lags na:_glog ltar myur ba'i ye shes kyis:_mos pa'i bu la byin gyis rlobs:_sku gsung thugs kyi dbang mchog bskur:_zung 'jug sku dang ye shes kyis:_gnyis su med par mdzad du gsol:_hU~M b+h+yo:_chos nyid zhi las ma g.yos kyang:_chos can 'bar ba chen po'i tshul:_bstan pa'i bka' srung mthu bo che:_o rgyan pad+ma yab yum gyi:_bka' dang dam la gnas pa kun:_sman raka gtor ma'i mchod pa bzhes:_sngon gyi tha tshig deng bskul na:_'gal rkyen kun sol mthun rkyen spel:_gsang sngags snying po'i bstan pa dar:_'jig rten khams kun bde legs shing:_dam tshig ldan pa'i rnal 'byor skyongs:_bcol ba'i las kun sgrub par mdzod:_oM shrI badz+ra d+harma pA la sarba karma ku ru hoH_hU~M b+h+yo:_bla ma bde ba chen po yi:_bka' sdod brtan ma chen mo rnams:_bod khams so kha srung mdzad phyir:_bdud dang gnod sbyin sman mo'i tshul:_ya ma skyong ma la sogs pa:_ye shes 'jig rten las kyi tshul:_ma mo mkha' 'gro'i tshogs rnams kun:_bshal chu'i bdud rtsi 'di bzhes la:_rdo rje'i dam las ma 'da' bar:_gangs can mtha' mi'i gnod pa srungs:_rtsa rlung thig le'i 'du ba snyoms:_ma mo 'khrugs pa'i dal yams srungs:_bden don gnas su dag pa yis:_'khor ba lugs ldog phrin las mdzod:_ma ma d+hA ki lo ka pA la ba liM ta khA hi:_hrIH_snod bcud pad+ma he ru ka'i:_lha sngags phyag rgya'i rol par sad:_dbang chen pad+ma rta mchog gi:_dkyil 'khor lha tshogs thams cad kyi:_rdo rje'i glu bro rngam pa yis:_bar chad dam sri dgra bgegs kun:_rdo rje'i ri rab 'bar bas gnon:_ldang med rgya mtsho'i klong du skyur:_byang chub sems mchog ma skyes bar:_yum lnga'i phyag rgyas rgyas btab bo:_s+t+waM b+ha ya nan:_hU~M:_chos dbyings bde ba chen po'i klong:_gshegs bzhugs mtshan ma mi dmigs kyang:_thugs rje'i yul la 'jug pa'i shugs:_nam yang dus las mi yol bas:_sku gsung thugs kyi dkyil 'khor nas:_rdo rje bzhi yi dbang bskur stsol:_ye shes chen po'i byin rlabs kyis:_sa lam yon tan rtsol med rdzogs:_don gnyis lhun gyis grub pa yi:_mchog thun dngos grub bsam yas stsol:_oM dz+nyA na DA ki ni kA ya wAka? tsit+ta sarba sid+d+hi pha la hoH_bdag cag ma rig rmongs pas nongs:_lam mchog zhugs kyang 'gal 'khrul spyod:_cho ga lhag chad ting 'dzin byings:_rtog 'khrul rgod sogs nyes kun bshags:_yi ge brgya pa gang mang brjod:_bsam yas dkyil 'khor lha sngags dang:_ting 'dzin spros pa mtha' dag kyang:_mtha' bral nam mkha' lta bu yi:_dbyings kyi thig le gcig tu thim:_a a a:_slar yang 'od gsal 'gag med pas:_cir snang ye shes mkha' 'gro'i dal:_bdag med bde ba chen po yi:_rang bzhin nyid du lhun gyis grub:_badz+ra kA wA tsi rak+Sha hU~M:_mtshan bcas lha sngags ting 'dzin gyi:_rmad byung bsod nams tshogs chen dang:_mtshan med ye shes rol pa che:_zung 'jug rdo rje'i lam brtson pa'i:_'bras bus lus can thams cad kun:_bla ma ye shes d+hA ki nis:_tshe rabs kun tu rjes bzung ste:_srid las nges 'byung blo brtson ldan:_smin grol rgyud grol dam tshig dag:_skye 'chi bar do sku gsum gyi:_mkha' 'gro'i klong rdzogs 'phos pa'i tshe:_ma gcig phyag gis mkhrig ma nas:_bzung ste mkha' spyod dpal gyi rir:_pad 'byung yab yum drung skyel nas:_dpa' bo DA ki'i brtse dga' yis:_rdo rje'i sa lam yongs rdzogs te:_bde chen dbyings su byang chub shog:_oM:_bla ma ye shes mkha' 'gro mas:_btsan thabs dgongs pa'i byin brlabs pas:_'khor 'das ka dag chen po'i klong:_ye sangs rgyas pa'i bkra shis shog:_yum chen DA ki rigs lnga yis:_rjes bzung rig 'dzin rnam bzhi yi:_rdo rje'i sa lam yongs rdzogs nas:_dngos grub 'dod dgu'i bkra shis shog:_sna tshogs yum chen sprul pa'i skus:_'du 'bral med par rjes bzung nas:_rdo rje theg pa'i lta sgom spyod:_nyams 'og chud pa'i bkra shis shog:_gnas skabs zhi rgyas dbang drag gi:_tshar gcod rjes 'dzin phrin las myur:_mthar thug rdo rje btsun mo dang:_dbyer med byang chub bkra shis shog:_de ltar mkha' 'gro kun 'dus pa'i:_phrin las mchog la brtson pa yis:_tshe dpal shes rab nyams rtogs 'phel:_lam mthar phyin par gdon mi za:_pad 'byung yab yum thugs bskyed kyis:_dus mthar bstan 'gro'i btsas gyur cig:_sa ma ya:_rgya rgya rgya:_brda thim:_ye shes kyi DA ki'i dbang phyug gi phrin las kyi rim pa 'di'ang badz+ra gu h+ya d+hA ki pad+ma d+harma su khas dad gdung mos gus chen pos rjes su bskul ba bzhin gsang 'dzin ye shes kyi mkha' 'gro mas gsang ba gsum gyi byin rlabs kyi bdud rtsis bskyangs pas bla med rdo rje theg pa'i smin grol gyi gsang mdzod la yid ches kyi spobs pa cung zad dge ba'i yo gi'i gzugs brnyan pad+ma 'od gsal mdo sngags gling pa bde chen dgyes pa rtsal gyis dpal 'khor lo sdom pa'i dkyil 'khor dngos su bzhugs par grags pa'i spung thang bde ba chen po'i gtsug lag khang du bla ma bde mchog 'khor lo'i tshogs sgrub kyi skabs su gtan la phab pa grong khyer gsum gyi yid can mtha' dag gnas gsum mkha' 'gro rgya mtshos rjes su 'dzin pa'i skal bzang mngon du gyur te lhan skyes bde ba chen po'i thig ler mngon par byang chub pa'i rgyu kho nar gyur cig/__//

Footnotes

Other Information