DKR-KABUM-18-TSHA-009: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(4 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རིག་འཛིན་ཌཱ་ཀིའི་སྲོག་ཏིག་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུའི་བསྐྱེད་རྫོགས་ཀྱི་དམར་ཁྲིད་ཡེ་ཤེས་སྣང་བ་སྲོག་གི་རྒྱ་ཅན། | |||
|fulltitle=rig 'dzin DA ki'i srog tig rdo rje snying po don gyi thol glu'i bskyed rdzogs kyi dmar khrid ye shes snang ba srog gi rgya can | |||
|citation=[[Khyentse, Dilgo]]. ''Rig 'dzin DA ki'i srog tig rdo rje snying po don gyi thol glu'i bskyed rdzogs kyi dmar khrid ye shes snang ba srog gi rgya can''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 18: 33-49. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|tibgenre=Contemplative Guide Books and Instructional Manuals - khrid yig | |||
|terma=Yes | |||
|dkroutline=Six | |||
|associatedpeople=lha btsun nam mkha' 'jigs med | |||
|associatedpeopletib=ལྷ་བཙུན་ནམ་མཁའ་འཇིགས་མེད་ | |||
|cycle=rig 'dzin DA ki'i srog tig rdo rje snying po don gyi thol glu | |||
|cycletib=རིག་འཛིན་ཌཱ་ཀིའི་སྲོག་ཏིག་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ | |||
|language=Tibetan | |||
|volumenumber=018 | |||
|volnumtib=༡༨ | |||
|volyigtib=ཚ་ | |||
|totalvolumes=25 | |||
|textnuminvol=009 | |||
|pagenumbers=33-49 | |||
|totalpages=34 | |||
|beginfolioline=1a | |||
|endfolioline=17b2 | |||
|totalfolios=17 | |||
|multivolumework=No | |||
|rectonotes=khrid yig | |||
|versonotes=rdo rje snying po don gyi thol glu | |||
|colophontib=།ཅེས་ལྔ་བརྒྱའི་མུན་ཁྲོད་དུ་སྐྱེས་པའི་སོ་སྐྱེ་འཆིང་བ་ཀུན་ལྡན་གྱི་རྟོག་ངོར་གསལ་བའི་ཚིག་རིས་ལ་གསལ་བྱེད་ཀྱི་ཟིན་ཐོ་བྲི་བ་རང་ཉིད་ངལ་བའི་རྒྱུ་ཙམ་དུ་ཟད་ཀྱང༌། རིགས་བརྒྱའི་ཁྱབ་བདག་ཁྲག་འཐུང་ནམ་མཁའ་འཇིགས་མེད་དངོས་བྱོན་པདྨ་ཡེ་ཤེས་རྡོ་རྗེས་ཁྱོད་ཀྱི་དགོངས་གཏེར་དགོས་པ་དང་འབྲེལ་རིགས་སྤེལ་ཞེས་ཐུན་མིན་དགོངས་གཏད་ཀྱིས་ཡང་ཡང་བཀའ་བསྩལ་པ་རྗེས་སུ་སྒྲུབ་པའི་འདུན་པ་དང༌། འཕགས་པའི་ཡོན་ཏན་རྨད་དུ་བྱུང་བ་དུ་མས་ཐུགས་རྒྱུད་མཛེས་ཤིང་ཀུན་བཟང་བཀའ་བརྒྱུད་ཀྱི་ཤིང་རྟའི་ལམ་སྲོལ་ལ་གདོད་ནས་སྨོན་ལམ་གྱིས་འབྲེལ་བའི་ཟུར་མང་དྲུང་པ་མཆོག་སྤྲུལ་འཇིགས་མེད་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་ནན་ཏན་ཆེན་པོའི་གསུང་གིས་བསྐུལ་བ་དང༌། སྒྲུབ་བརྩོན་ཀུན་སྤངས་ཀརྨ་ཡེ་ཤེས་ཆོས་འཕེལ་ནས་ཀྱང་བསྙེན་སྒྲུབ་ཉམས་ལེན་མཛད་པའི་གསལ་འདེབས་ཙམ་དུ་གཏད་མེད་ཀྱི་སྨྱོན་པ་ཀུན་བཟང་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་ལམ་མིང་དངོས་བཀྲ་ཤིས་དཔལ་འབྱོར་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་སྦས་ཡུལ་དེ་ཉིད་དང་འདབས་འབྱོར་བའི་གུ་ཡངས་ཀྱི་གནས་སུ་བྲིས་པ་འདིས་ཀྱང་ཐེག་མཆོག་རྡོ་རྗེ་སྙིང་པོའི་ལམ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག། | |||
|colophonwylie=/ces lnga brgya'i mun khrod du skyes pa'i so skye 'ching ba kun ldan gyi rtog ngor gsal ba'i tshig ris la gsal byed kyi zin tho bri ba rang nyid ngal ba'i rgyu tsam du zad kyang*/_rigs brgya'i khyab bdag khrag 'thung nam mkha' 'jigs med dngos byon pad+ma ye shes rdo rjes khyod kyi dgongs gter dgos pa dang 'brel rigs spel zhes thun min dgongs gtad kyis yang yang bka' bstsal pa rjes su sgrub pa'i 'dun pa dang*/_'phags pa'i yon tan rmad du byung ba du mas thugs rgyud mdzes shing kun bzang bka' brgyud kyi shing rta'i lam srol la gdod nas smon lam gyis 'brel ba'i zur mang drung pa mchog sprul 'jigs med nam mkha' chos kyi rgya mtshos nan tan chen po'i gsung gis bskul ba dang*/_sgrub brtson kun spangs karma ye shes chos 'phel nas kyang bsnyen sgrub nyams len mdzad pa'i gsal 'debs tsam du gtad med kyi smyon pa kun bzang 'od gsal rdo rje thugs mchog rtsal lam ming dngos bkra shis dpal 'byor mkhyen brtse'i 'od zer du 'bod pas sbas yul de nyid dang 'dabs 'byor ba'i gu yangs kyi gnas su bris pa 'dis kyang theg mchog rdo rje snying po'i lam la bya ba mchog tu byed par gyur cig/ | |||
|pdflink=File:DKR-KABUM-18-TSHA-009.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅ །རིག་འཛིན་ཌཱ་ཀིའི་སྲོག་ཏིག་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུའི་བསྐྱེད་རྫོགས་ཀྱི་དམར་ཁྲིད་ཡེ་ཤེས་སྣང་བ་སྲོག་གི་རྒྱ་ཅན་ཞེས་བྱ་བ་བཞུགས་སོ།། | |||
༄༅། །ཀུན་འབྱུང་ཟག་པ་ཟད་པའི་དབྱིངས་ཀྱི་སྦུབས། །འོད་གསལ་སྣང་བཞི་མཐར་སོན་ཧེ་རུ་ཀཿ །རྡོ་རྗེ་ཁྲག་འཐུང་ནམ་མཁའ་འཇིགས་མེད་དང༌། དབྱེར་མེད་ཡེ་ཤེས་རྡོ་རྗེ་སྙིང་དབུས་རོལ། །བླ་མའི་བྱིན་རླབས་སྐྱ་རེངས་ཀྱིས། །ལེགས་བསུས་ཟབ་གསང་རྡོ་རྗེ་སྙིང༌། །བསྐྱེད་རྫོགས་ཉམས་ལེན་སྲོག་ཕུར་ཙམ། །ཉུང་ངུའི་ངག་གིས་རྣམ་པར་དབྱེ། །འཕགས་ཡུལ་པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན། འོད་གསལ་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པའི་རིག་འཛིན་ཆེན་པོ། ཐེག་མཆོག་རྫོགས་པ་ཆེན་པོའི་ཤིང་རྟ་པཎ་ཆེན་བི་མ་ལ་མི་ཏྲའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ཟློས་གར་རྟོགས་པའི་དབང་ཕྱུག་ལྷ་བཙུན་ཆེན་པོ་ནམ་མཁའ་འཇིགས་མེད་ཀྱི་རྡོ་རྗེའི་བྱིན་རླབས་བཙན་ཐབས་སུ་འཕོས་པ་ལས་རང་ཤར་བའི། རིག་འཛིན་བླ་མའི་སྲོག་སྒྲུབ་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ཉིད། ཇི་ལྟར་ཉམས་སུ་ལེན་པ་ལ་བསྙེན་སྒྲུབ་ཡན་ལག་བཞི་ལས། དང་པོ་ཉེ་བར་བསྙེན་པ་སྔོན་འགྲོའི་རིམ་པ་ལ། མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས། གདམས་ངག་གི་བཅུད་འཛིན་ནུས་ཤིང་རྡོ་རྗེའི་གསེང་ལམ་ལ་དད་བརྩོན་བློ་གྲོས་ཀྱི་སྒོ་དང་ལྡན་པའི་སློབ་མ་རྗེས་སུ་འཛིན་པ་ལ། ཐོག་མར་དབང་བཞི་མཐའ་རྟེན་དང་བཅས་པས་རྒྱུད་སྨིན་པར་བྱས་ཤིང༌། རྣམ་པར་དག་པའི་དམ་ཚིག་གིས་གཞི་བཟུང་སྟེ། ཇི་ལྟར་ཉམས་སུ་ལེན་པའི་རྣལ་འབྱོར་དུ་འཇུག་པ་ལ་སྔོན་འགྲོས་རྒྱུད་སྦྱང་བ་གལ་ཆེ་བས། དབེན་པའི་གནས་སུ་བསམ་གཏན་དང་མཐུན་པའི་སྤྱོད་ལམ་གྱིས་འཁོད་དེ། འདི་ལྟར་སྔོན་གྱི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱང་སངས་རྒྱས་སྒྲུབ་པའི་རྟེན་མི་ཡི་ལུས་ཁོ་ནར་བསྔགས། རྟེན་འདི་ནི་རྒྱུ་འབྲས་ཀྱི་ཐེག་པ་ཐམས་ཅད་ཀྱི་ལམ་གྱི་རྟེན་ཁྱད་པར་ཅན་ཡིན། འདི་རྙེད་པའི་རྒྱུ་ཡང་ཟག་བཅས་ཟག་མེད་ཀྱི་དགེ་བའི་རྒྱུ་ཁོ་ནས་ཐོབ་དགོས། དེ་ཡང་དགེ་བ་སྤྱོད་པའི་སྐྱེས་བུ་ནི་དཀའ་བས་ཕྱིས་དེ་འདྲའི་ལུས་ཤིན་ཏུ་ཐོབ་པར་དཀའ། ངན་སོང་གསུམ་ནི་གྲངས་ཀྱང་མང་ལ་སྡུག་བསྔལ་ཆེ། མཐོ་རིས་གསུམ་བདེ་འགྲོའི་རྟེན་ཡིན་ཀྱང་སྲིད་པའི་རྩ་བ་མ་ཆོད་ན་སླར་ཡང་ངན་འགྲོར་འཇུག་འགྲོ་བས། ལུས་རྟེན་ཐམས་ཅད་ཀྱི་རྩེ་མོ་དལ་འབྱོར་གྱི་མི་ལུས་ཡིན་པས་ཡིད་བཞིན་གྱི་ནོར་བུ་ལས་ལྷག །འཇིག་རྟེན་ན་ཨུ་དུམ་ཝ་རའི་མེ་ཏོག་འབྱུང་བ་ལས་ཀྱང་དལ་འབྱོར་མཚན་ལྡན་རྙེད་པར་དཀའ་བ་སོགས་དཔེ་དུ་མས་བསྟན་པ་འདི་ད་རེས་བདག་གིས་ཐོབ་ཀྱང༌། འདི་ནི་ནད་གདོན་བགེགས་སོགས་འགལ་རྐྱེན་དུ་མས་གཙེས། འཚོ་བའི་རྐྱེན་ཕལ་ཆེར་ཡང་འཆི་རྐྱེན་དུ་འགྱུར་བ་ཤིན་ཏུ་མང་བས་ཡུན་རིང་རྟག་མི་ཐུབ། གནས་གྲོགས་རྐྱེན་དུས་འདི་རུ་འཆི་ཞེས་ངེས་པ་མེད། འཆི་བའི་ཉིན་པར་ནོར་གྲོགས་དང་གནས་སྲོག་དང་བཅས་བཏང་སྟེ་ཆ་མེད་ཀྱི་ཡུལ་ཡ་ང་བའི་གནས་སུ་འགྲོ་དགོས། ལུས་གྲོག་སྟོང་དུ་བསྐྱལ། བཏགས་པའི་མིང་ཡལ། སེམས་གཏད་མེད་རྟེན་མེད་སྲིད་གསུམ་རིགས་དྲུག་ཏུ་ལས་རྗེས་སུ་སྐྱབས་མེད་མགོན་མེད་དུ་འཁྱམས་པ་ཨ་རེ་སྐྱོ། མགོ་སྟོང་སྙིང་མེད་ཚེ་འདིར་ཞེན་པ་རྣམས་བསམ་མནོ་ཐོངས་དང༌། སྔོན་འཁོར་འདས་གཉིས་སུ་རྒྱབ་གྱེས་པ་ནས་འདུས་བྱས་ཀྱི་སྣང་བ་ལ་རྟག་པ་ཡེ་མེད། ཕྱི་སྣོད་འཇིག་རྟེན་གནས་སྐབས་སུ་ཉིན་མཚན་དུས་བཞི། མཐར་མེ་བདུན་ཆུ་གཅིག་གིས་འཇིག །ནང་བཅུད་སྐྱེ་འགྲོའི་ཕུང་ཁམས་སྐྱེ་མཆེད་སྐྱེ་རྒ་ན་འཆི་ལ་འགྱུར། ཐམས་ཅད་འདུས་མཐའ་འབྲལ། བསགས་མཐའ་འཛད། བརྩིགས་མཐའ་འགྱེལ། །སྐྱེས་མཐའ་འཆི་བ་བཞིས་མ་བསྡུས་པ་མེད་པས་ཆོས་ལ་མྱུར་དུ་འཇུག་པ་གལ་ཆེ། ཆོས་ཀྱི་རྩ་བ་རྒྱུ་འབྲས་བསླུ་མེད་ལ་ཡིད་ཆེས་པ་སྟེ། རྒྱུ་དགེ་སྡིག་སོ་སོའི་འབྲས་བུ་བདེ་སྡུག་བསླུ་བ་མེད་པ་ལ་བརྟེན་ནས་རིགས་དྲུག་གི་བདེ་སྡུག་བསམ་མི་ཁྱབ་པ་འདི་བྱུང༌། ལས་རེ་རེའང་རྣམ་སྨིན། བྱེད་པ་རྒྱུ་མཐུན། མྱོང་བ་རྒྱུ་མཐུན། དབང་གི་འབྲས་བུ་སྟེ་བཞི་རེ་སྨིན་དགོས། སྔོན་གྱི་རྒྱལ་བ་སྲས་བཅས་ཀྱང་རྒྱུ་འབྲས་བླང་དོར་ཚུལ་བཞིན་མཛད་པས་མཐར་ཐུག་གི་འབྲས་བུ་མངོན་དུ་གྱུར། ད་ལྟ་བདག་ཅག་གི་སྟོན་པས་ཀྱང་རྒྱུ་འབྲས་བསླུ་བ་མེད་པའི་ཚུལ་ལས་བརྩམས་ཏེ་ཆོས་སྒོ་ཐམས་ཅད་བསྟན་པས་ན་ཉམས་ལེན་གྱི་སྙིང་པོ་འདི་ལག་ལེན་དུ་ཐེབས་པ་གལ་ཆེ། རྒྱུ་འབྲས་བསླུ་མེད་ལ་བསམ་ཞིང་གཞུང་བཞིན་སྤང་བླང་མ་ནོར་བས་དཔྱད་ན་འཁོར་བའི་བྱ་སྤྱོད་ཐམས་ཅད་ནི་ངན་སོང་གི་སྣོན་མ། དུག་ལྔ་ཆོས་བརྒྱད་ཀྱི་ཡོ་ལང༌། ལས་དགེ་སྡིག་ཕྱིན་ཅི་ལོག་ཏུ་སྤྱད་པ། མི་རྟག་ཅིང་འགྱུར་བ། མནར་ཞིང་མགོན་སྐྱབས་དང་བྲལ་བ། ཟླ་མེད་གཅིག་པུར་མྱོང་དགོས་པ། སྡུག་བསྔལ་གྱི་འབྱུང་གནས་སྡུག་བསྔལ་གྱི་རྟེན། བདེ་བའི་གོ་སྐབས་མེད་པ། སུ་དང་འགྲོགས་ཀྱང་མི་དགེ་བའི་གྲོགས། ལས་དང་བྱ་བ་ཐམས་ཅད་ངན་སོང་གི་སྣོན་མ། ཐར་པ་དང་བདེ་འབྱོར་དབང་མེད་དུ་འཕྲོག་པ་དམྱལ་བའི་གཏིང་རུམ་ཆེན་པོ་འདི་ལས་ངེས་འབྱུང་གི་བསམ་པས་ཐར་པ་ཡང་དག་པའི་ལམ་ལ་འཇུག་དགོས་སྙམ་དུ་ཡང་ཡང་བསམ། འཁོར་བའི་གནས་ངན་དེ་ལས་གྲོལ་ཞིང༌། ཞི་བསིལ་བདེ་ཆེན་ཐར་པའི་ལམ་གྱི་བཙན་ས་འཛིན་པ་ལ་རང་སྟོབས་ཀྱིས་མི་ནུས་རྒྱབ་དཔུང་དུ་སྐྱབས་ཁྱད་པར་ཅན་ལ་བརྟེན་དགོས་པས། རང་ཉིད་ཐ་མལ་དུ་གནས་པའི་མདུན་གྱི་ནམ་མཁར་འཇའ་ཟེར་གྱི་ཐིག་ལེ་འོད་ཕུང་གི་སྣང་བས་མཁའ་དབྱིངས་ཁྱབ་པར་འཕྲོས་པའི་ནང་དུ་ཕྱི་ལྟར་ན་དཀོན་མཆོག་གསུམ། ནང་ལྟར་རྩ་གསུམ། གསང་བ་སྐུ་གསུམ། ཐམས་ཅད་དོན་ལ་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་གཅིག་དུ་གདོད་ནས་ལྷུན་གྱིས་གྲུབ་པ་འཁོར་འདས་ཀྱི་སྤྲོ་གཞི་ཉིད། རྣམ་པ་སྐྱབས་ཡུལ་རྒྱ་མཚོའི་སྙིང་པོ་རིག་འཛིན་བླ་མ་ཀུན་འདུས་ཡིད་བཞིན་ནོར་བུའི་ཚུལ་དུ་བཞུགས་པ་ལ་ཡིད་ཆེས་ཀྱི་དད་མོས་རྩལ་དུ་སྤྲུགས་པས་བློ་གཏད་ལིང་འགེལ་གྱིས་སྐྱབས་སུ་འགྲོ་སྙམ་ཞིང༌། མ་རྒན་མཁའ་མཉམ་གྱི་སེམས་ཅན་འཁོར་བ་གཏིང་མཐའ་མེད་པར་བྱིང་བ་ལ། རང་ཉིད་གཅིག་པུར་ཐར་པ་འདོད་པའི་བློས་གར་ཡང་མི་ཕྱིན་པས། སྐྱབས་ཡུལ་ལ་དཔང་བཅོལ་ཏེ། འགྲོ་ཀུན་ཐར་པ་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་ལ་ཅིས་ཀྱང་དགོད་པར་བྱ། དེའི་ཆེད་དུ་མྱུར་ལམ་མཐར་ཐུག་ཟབ་མོ་བླ་མ་སྒྲུབ་པའི་རྣལ་འབྱོར་ལ་འཇུག་པར་བགྱི་སྙམ་པས། ཨ༔ ཆོས་དབྱིངས་འོད་གསལ་སོགས། སྐྱབས་སེམས་སྦྲེལ་མ་ཉིད་བྱ། མཐར་བདག་གཞན་སྐྱབས་ཡུལ་དང་བཅས་པ་རང་སྣང་སྒྱུ་མའི་ཆོ་འཕྲུལ་འཁོར་འདས་མཉམ་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་ཤེས་པས་ཆོས་ཉིད་ཕྱོགས་རིས་དང་བྲལ་བའི་དབྱིངས་སུ་ངལ་གསོ། སྐབས་འདིར་བསག་སྦྱོང་བླ་མའི་རྣལ་འབྱོར་བཅས་བྱ་བར་འདོད་ན་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། པད་ཟླ་ཉི་སྟེང་རང་རིག་ཨར་གསལ་བའི༔ འོད་ཟེར་འཕྲོ་འདུས་ཁམས་གསུམ་སྲིད་གསུམ་གྱི༔ སྣང་གྲགས་ཐམས་ཅད་རྡོ་རྗེ་སྙིང་པོའི་ཞིང༔ ཡེ་ཤེས་འོད་ལྔ་འཇའ་ཟེར་ཐིག་ལེ་འཁྲུགས༔ དེ་སྟེང་ཡི་གེ་ཧཱུྃ་གི་འཕྲོ་འདུས་ལས༔ རང་རིག་སྣང་སྟོང་རྡོ་རྗེ་སེམས་དཔའི་སྐུ༔ ངོ་བོ་གཅིག་ལ་རིགས་བརྒྱ་རིགས་ལྔ་སོགས༔ ནམ་མཁའི་ཁམས་གང་ཆོས་དབྱིངས་ཁྱབ་པར་གསལ༔ རྒྱུད་སྡེ་བཞི་དྲུག་ཐེག་པ་རིམ་དགུ་ཡི༔ སོ་སོའི་གནས་ནས་རྒྱལ་བའི་དཀྱིལ་འཁོར་གང༔ ཐམས་ཅད་གནས་གསུམ་འབྲུ་གསུམ་ཧཱུྃ་ཡིག་མཐར༔ ཡིག་བརྒྱའི་འཕྲོ་འདུས་སྒྲིབ་གསུམ་བག་ཆགས་སྦྱངས༔ སྟོབས་བཞིའི་གནད་དང་ལྡན་པས་བདུད་རྩི་འབེབས་སྦྱོང་ནི་དམིགས་གནད་སྤྱི་ལྟར་བྱས་ལ་ཡིག་བརྒྱ་ཇི་ལྟར་རིགས་པ་བཟླས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སོགས། མཐོལ་བཤགས་ཕུལ་བས་སྡིག་ལྟུང་དག་པའི་གནང་བ་བསྩལ་ནས་རང་ལ་ཐིམ་པར་མོས། བླ་མའི་རྣལ་འབྱོར་ནི། ཨ༔ མ་ཡེངས་མ་བཅོས་དྲན་རིག་ཆོས་སྐུའི་ངང༔ གསལ་སྟོང་དབྱེར་མེད་བླ་མ་སྐུ་གསུམ་གྱི༔ དག་པ་རབ་འབྱམས་རྒྱན་གྱི་འཁོར་ལོའི་གཞིར༔ རང་ལུས་འོད་སྣང་རྡོ་རྗེ་བཙུན་མོར་གསལ༔ སྤྱི་བོའི་གཙུག་ཏུ་པད་སྟེང་འཇའ་ཟེར་དང༔ འོད་ལྔའི་ཐིག་ལེ་འཁྲུགས་པའི་ཚོམ་བུའི་དབུས༔ རྩ་བའི་བླ་མ་ཡིད་བཞིན་ནོར་བུ་ལ༔ འདྲེན་མཆོག་བརྒྱུད་གསུམ་བླ་མའི་སྤྲིན་ཕུང་གཏིབས༔ སྐུ་གསུང་ཐུགས་ཀྱི་འོད་ཟེར་སྣང་སྲིད་ཁྱབ༔ སྣང་སྲིད་རྡུལ་ཕྲན་བདེ་གཤེགས་གཞལ་ཡས་ཁང༔ ལྷ་དང་བླ་མ་ཐུགས་རྗེའི་བྱིན་འོད་འཁྱིལ༔ ཐུགས་གསང་རྒྱན་གྱི་འཁོར་ལོ་དམ་པར་གྱུར༔ ཞེས་ཚོགས་རྟེན་གསལ་བཏབ་སྟེ༔ ཡན་ལག་བདུན་པ་ནི༔ གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང༔ ནས་ཕ་མཐར་བསྔོ༔ ཞེས་དམིགས་རིམ་རྗེས་སུ་དྲན་པས་བྱ། མཎྜལ་འབུལ་ན། ཨོཾ་ཨཱཿཧཱུྃ། ཆོས་དབྱིངས་མཉམ་ཉིད་ཆོས་སྐུའི་ཞིང་ཁམས་སུ། །རང་སྣང་མ་འགགས་ལོངས་སྐུ་རིགས་ལྔའི་ཞིང༌། །མཁའ་ཁྱབ་སྤྲུལ་སྐུའི་ཞིང་གི་བཀོད་པ་རྣམས། །ཀུན་བཟང་བདེ་ཆེན་མཆོད་པའི་སྤྲིན་དུ་འབུལ། ཨོཾ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། གསོལ་འདེབས་ནི། མདུན་གྱི་བླ་མ་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་ལ་ཡིད་ཆེས་ཀྱི་དད་པ་གཏིང་ནས་གཡོ་ཞིང་གདུང་བའི་ཤུགས་དང་བཅས་ཏེ། མདོ་རྒྱུད་ལུང་དང་མན་ངག་ཆུ་བོའི་འགོ༔ བཀའ་གཏེར་སྙན་བརྒྱུད་ངེས་དོན་ཡོངས་ཀྱི་མཛོད༔ ཐར་གླིང་འགྲོ་བ་འདྲེན་པའི་དེད་དཔོན་མཆོག༔ དྲིན་ཅན་རྩ་བའི་བླ་མར་གསོལ་བ་འདེབས༔ ཞེས་དང༌། སྤྲོ་ན་བརྒྱུད་པའི་གསོལ་འདེབས་དང༌། བླ་སྒྲུབ་དཀྱུས་ནས་འབྱུང་བའི་མཚན་སྔགས་ཀྱང་བཟླ། མཐར་དབང་ལེན་ནི། སྣང་གྲགས་ཐམས་ཅད་རྒྱལ་བའི་སྐུ་དང་གསུང༔ ཐུགས་ཀྱི་རྡོ་རྗེ་ཐིག་ལེ་འོད་ལྔའི་བཅུད༔ སྤྱི་མགྲིན་སྙིང་ག་ལྟེ་གསང་གནས་ལྔར་བབས༔ སྒོ་ལྔའི་འཛིན་སྣང་འོད་སྐུར་རྒྱ་རལ་ནས༔ འོག་མིན་རྡོ་རྗེ་གདན་གཞིར་དབང་བཞི་རྫོགས༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཅེས་མདུན་གྱི་བླ་མའི་གནས་ལྔའི་འོད་ཟེར་ཁ་དོག་ལྔ་ལྡན་རང་གི་གནས་ལྔར་ཞུགས་ཤིང་ཐིམ་པས་དབང་བཞི་ཐོབ། སྒྲིབ་བཞི་དག །ལམ་བཞི་སྒོམ་པ་ལ་དབང༌། འབྲས་བུ་སྐུ་བཞི་མངོན་དུ་གྱུར་ནས་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོར་གཉིས་སུ་མེད་པར་སངས་རྒྱས་པའི་མོས་པ་བྱའོ། །གཉིས་པ་ཉེ་བསྙེན་སྣང་གྲགས་རིག་པའི་འཁོར་ལོ་རིག་འཛིན་བླ་མའི་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་དུ་ལམ་ཁྱེར་བསྐྱེད་པའི་རིམ་པ་ནི། ཡར་མར་ཚེས་བཅུ་ལ་སོགས་པར་སྤྲོས་པ་ཅུང་ཟད་འདོད་ན་གཞུང་མཐུན་གྱི་བླ་མའི་སྐུ་འབག་རང་དང་མདུན་སྤྲོད་དུ་བཀྲམ་པའི་སྤྱན་སྔར་སྨན་རཀ་གཏོར་མ་ཉེར་སྤྱོད་བཅས་བཤམ། བསྙེན་སྒྲུབ་ལ་འཇུག་པའི་དང་པོར་དཀར་བགེགས་ཀྱི་གཏོར་མ། རྒྱལ་ཐོ་འཛུགས་པར་སྤྲོ་ན་རྒྱལ་ཆེན་བཞིའི་གཏོར་མ་གསེར་སྐྱེམས་བཅས་འདུ་བྱ། ཚོགས་ཀྱི་ཡོ་བྱད་ཀྱང་བཤམ། བསྡུ་ན་ནང་གི་རྣལ་འབྱོར་གཙོ་བོར་བཏོན་ཏེ། དེ་རིགས་མ་གྲུབ་ཀྱང་འགལ་བ་མེད། གང་ལྟར་ཡང་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས་ལས་བྱང་གི་སྐྱབས་སེམས་ནས་བརྩམས་དངོས་གཞིའི་བསྐྱེད་རིམ་ལ་འཇུག །དེ་ཡང་སྣོད་བཅུད་དག་ཆེན་ཡེ་ཤེས་ཀྱི་རོལ་པ་འོག་མིན་རྡོ་རྗེ་དབྱིངས་ཀྱི་ཞིང་འཇའ་ཟེར་ཐིག་ལེའི་སྣང་བ་མུ་མེད་དུ་བརྡལ་བའི་དབུས་སུ་པད་ཉི་ཞིང་ལྤགས་ཀྱི་གདན་ལ་རིག་འཛིན་བླ་མ་དཔལ་ཧེ་རུ་ཀཿ ནམ་མཁའ་འཇིགས་མེད་སྣང་སྟོང་སྒྱུ་མ་འཕོ་ཆེན་དྭངས་མའི་མཚན་དཔེ་ཅན། རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་ཆས་ཀྱིས་སྒེག་པ། ཕྱག་གཡས་མི་རྐང་གི་གླིང་བུ་དང༌། གཡོན་པས་བྷནྡྷ་བདུད་རྩིའི་བཅུད་ལྡན་ནམ་མཁའི་དབྱིངས་སུ་གཏོད་པའི་མཆན་དུ་རྡོ་རྗེའི་ཁཊྭཱཾ་ག་བསྒྲེང་པ། ཞབས་རྒྱལ་པོའི་རོལ་སྟབས་ཅན། སྐུ་ལ་སྟག་ཤམ་རུས་རྒྱན་ཐོད་སྐམ་གྱི་དབུ་རྒྱན་ཐལ་ཆེན་གྱི་ཚོམ་བུས་བྱུགས་པ། ཏིང་ངེ་འཛིན་གྱི་ཟིལ་དང་ལྡན་པས་ཧེ་རུ་ཀ་དངོས་སུ་བྱོན་པ་ལྟ་བུ་དྲན་པ་ཙམ་གྱིས་ཐ་མལ་གྱི་སྣང་བ་རང་འགགས་སུ་འགྲོ་བའི་རྡོ་རྗེའི་སྐུ་ཡི་གནས་ཐུགས་ཀར་ཞི་བ་བཞི་བཅུ་རྩ་གཉིས། དུང་ཁང་དུ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད། དཔྲལ་བར་སྐུ་རྡོ་རྗེ་འཇམ་དཔལ་གཤིན་རྗེ་སེར་ནག་གཡས་བེ་ཅོན། མགྲིན་པར་གསུང་རྡོ་རྗེ་པདྨ་དབང་དམར་ནག་པདྨ། ཐུགས་ཀར་ཐུགས་རྡོ་རྗེ་ཡང་དག་མཐིང་ནག་རྡོ་རྗེ། ལྟེ་བར་ཡོན་ཏན་ཆེ་མཆོག་ལྗང་སེར་རྡོ་རྗེ། གསང་བར་ཕྲིན་ལས་རྡོ་རྗེ་ཕུར་པ་ལྗང་ནག་ཕྱག་གཉིས་ཕུར་པ་འདྲིལ་བ། ཡན་ལག་བཞིར་མཆོད་བསྟོད་དང་དྲག་སྔགས་གཉིས་ཀ་མཐིང་ནག་ཐོ་བ་དང༌། མདུང་ཐུང༌། གཡོན་ཐམས་ཅད་ཐོད་ཁྲག་ཅན་གྱི་གཙོ་བོ་རྣམས་ཞལ་གཅིག་ཕྱག་གཉིས་ཡུམ་དང་བཅས་པ། འཁོར་རྣམས་ཉི་མ་དང་འོད་ཟེར་བཞིན་མོས་པས་དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ཏུ་གདོད་ནས་དག་པའི་རང་མདངས་རྣམ་པ་ཡེ་ཤེས་ཀློང་དགུ་ཞི་ཁྲོ་རྒྱལ་བ་འདུས་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ཤར་བའི་ངེས་ཤེས་དང་བཅས་ལེགས་པར་གསལ་བཏབ་ལ་སྤྱན་འདྲེན་སོགས་ལས་རིམ་རྫོགས་པར་སྦྱར། ལས་བྱང་གིས་བསྟན་དོན་ལྟར་དག་པ་དྲན། ཐུགས་ཡིད་གཅིག་ཏུ་བསྲེ་བའི་ང་རྒྱལ་བརྟན་པོ་ཡང་ཡང་སྦྱངས་པ་གལ་ཆེ། དམིགས་པའི་རིམ་པ་གཞུང་ལྟར་གསལ་མ་ནུས་ན་ཡང་རང་གི་ལུས་ཕུང་ཁམས། ངག་རླུང༌། སེམས་རྟོག་པའི་འཕྲོ་འདུ་ཅན་འདིས་གནས་ལུགས་ངོ་མ་ཤེས་པའི་ཟག་བཅས་སྡུག་བསྔལ་གྱི་ཕུང་པོར་འཛིན་པས་ལས་ཉོན་བསགས་པ་མ་གཏོགས། ཡིན་ལུགས་ངེས་པ་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་སྤྱི་གཟུགས་རིག་འཛིན་དཔལ་མགོན་བླ་མའི་ཡེ་ཤེས་ཀྱི་སྐུ། རྡོ་རྗེའི་གསུང༌། བདེ་བ་ཆེན་པོའི་ཐུགས་སུ་རྣམ་པར་དག་པའི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་ཆེ་མཆོག་དཔལ་དགུ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་དངོས་ཡིན་པས་ན། དེ་ཚིག་གིས་གསལ་འདེབས། ཡིད་ཀྱིས་དངོས་སུ་གྱུར་བའི་ངེས་ཤེས་འཕོ་འགྱུར་མེད་པའི་དག་སྣང་དུ་ཤར་ནུས་པ་བྱུང་ན་དེ་གའི་ངང་ནས་བླ་མ་དང་རང་ཉིད་བཟང་ངན་ཐ་མལ་གྱི་འཛིན་རྟོག་བཤིག་སྟེ་གཉིས་མེད་རང་རིག་ཁྱབ་བརྡལ་གྱི་དགོངས་པའི་གཟེར་འདེབས་པ་ལ་ཡོངས་གྲུབ་ཆེན་པོའི་མོས་གུས་ཞེས་པ་ཉམས་ལེན་གྱི་མཐར་ཐུག་ཡིན། དེ་ནས་བཟླས་པ་སྔགས་ཀྱི་རྣལ་འབྱོར་ལ་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་ནི། རིག་འཛིན་བླ་མའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡབ་ཡུམ་སྐུ་ཤིན་ཏུ་ཕྲ་བ་འོད་ཀྱི་རང་བཞིན་དྭངས་ལ་སྐྱེ་མཆེད་རྫོགས་པ། རྣམ་པ་མ་འགགས་ཆུ་ཟླའམ་འཇའ་ཚོན་ལྟ་བུའི་ཐུགས་སྲོག་འོད་ལྔའི་ཐིག་ཟླུམ་གྱི་སྙིང་པོར་ཨ་ཡིག་མཐིང་གསལ་མི་ཤིགས་ཡེ་ཤེས་རྡོ་རྗེའི་སྲོག་ཆེན་པོ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་འབྱུང་གནས། ཀུན་བཟང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཀ་དག་དབྱིངས་ཀྱི་ཡི་གེའི་ས་བོན་ཨ་ལས་ལྔ་ལྡན་འོད་ཀྱི་འཕྲོ་འདུས་འཁོར་འདས་ཀྱི་ཞིང་ཀུན་ཁྱབ། སངས་རྒྱས་ཀྱི་མཛད་པ་མཐའ་དག་བསྒྲུབས། སྣོད་བཅུད་ཁྱབ་བརྡལ་ཡེ་ཤེས་ཀྱི་རང་བཞིན་དུ་སད་པར་མོས་ལ་སྲོག་སྔགས་བཟླ་བའོ། །གཉིས་པ་སྒྲུབ་པ་ནི་ངོ་བོ་རིགས་ཀུན་ཁྱབ་བདག་བླ་མ་གཅིག་པུའི་རྡོ་རྗེའི་གསང་བ་གསུམ་གྱི་སྤྲོ་བསྡུ་ལས། རྣམ་པ་བརྒྱུད་གསུམ་རིག་འཛིན་བླ་མ་ཞི་ཁྲོ་ཡི་དམ་དཔལ་ཆེན་སྒྲུབ་སྡེ་བརྒྱད་གནས་གསུམ་དཔའ་བོ་ཌཱ་ཀི་ཆོས་སྲུང་བཅས་གང་འདུལ་ཅིར་ཡང་སྣང་ཞིང་སྟོན་པ་ལས། མཆོག་གི་ཡེ་ཤེས་ཀྱི་བྱིན་རླབས་ཐུན་མོང་གི་དངོས་གྲུབ་སྣ་ཚོགས་ལས་བཞིའི་ཕྲིན་ལས་སོགས་གང་འདོད་ཡིད་བཞིན་སྩོལ་ནུས་པ་ནོར་བུ་གཅིག་ལས་འདོད་དགུ་འབྱུང་བ་ལྟར་ཡིན་པས་བླ་མའི་ཐུགས་སྲོག་ལས་འཕྲོས་འོད་ཀྱིས་རེག་པས། སྣང་སྲིད་ལྷ་དང་བླ་མའི་འཁོར་ལོར་ཤར་བ་ཀུན་ཀྱང་སྐུ་རྡོ་རྗེའི་གར་སྟབས་ཡོམ་ཡོམ་ཤིག་ཤིག །གསུང་སྔགས་དང་གླུ་དབྱངས་རོལ་མོ་འུར་འུར། ཐུགས་ཡེ་ཤེས་ཟང་ཐལ་གྱི་དགོངས་པ་ས་ལེར་སད་པར་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་འབད་མེད་དུ་ཐོབ་པར་མོས་ལ་རྩ་སྔགས་བཟླ་བའོ། །གསུམ་པ་ལས་སྦྱོར་ནི། བླ་མའི་ཐུགས་ཀའི་ཨ་ལས་འོད་དཀར་གསལ་ཟླ་བ་དྭངས་པ་ལྟ་བུ་འཕྲོས། ནམ་མཁའི་དབྱིངས་སུ་ཁྱབ། འཇིགས་པ་བརྒྱད་སོགས་གནས་སྐབས་དང༌། གཟུང་འཛིན་གྱི་འཁྲུལ་པ་རྒྱུ་འབྲས་ཞི་བ་མཐར་ཐུག་གི་ཕྲིན་ལས་མཐར་ཕྱིན་པར་མོས་ལ་ཤཱནྟིཾ་ཀུ་རུ་སྦྱར་བ་བཟླ། དེས་འགྲེས་ཏེ་བླ་མའི་ཐུགས་སྲོག་གི་འོད་ཟེར་གསེར་བཙོ་མ་ལྟ་བུས་འབྱོར་བ་དྲུག་དང་ཟག་མེད་ཀྱི་ཡོན་ཏན་རྒྱས་པ། རྗེས་ཆགས་བདེ་སྟོང་གི་འོད་དམར་འཆར་ཀའི་ཟེར་ཐག་ལྟ་བུས་སྣོད་བཅུད་ཀྱི་དཔལ་དང་རླུང་སེམས་དབང་དུ་སྡུད་པ། དྲག་ཤུལ་མཚོན་ཆའི་འཇའ་ཟེར་ལྗང་ནག་གི་མེ་ལྕེས་བདུད་དགྲ་འཁྲུལ་རྒྱུ་ཐམས་ཅད་རྩད་ནས་གཅོད་པའི་དམིགས་འདུན་དང་བཅས་རྩ་སྔགས་ལ་ལས་སོ་སོའི་སྤེལ་ཚིག་སྦྱར་བ་བཟླ། གྲངས་བསྙེན་གཙོ་བོར་བྱེད་ན་བསྙེན་སྒྲུབ་གཉིས་ལ་རྩ་སྔགས་འབུམ་བཞི་རེ། ལས་སྦྱོར་ཁྲི་གཅིག་ཙམ་བཟླ་ཞིང༌། འབྲེལ་འཇོག་ཙམ་ལ་བདུན་ཕྲག་གསུམ། སྒྲུབ་པ་བདུན་གཅིག་ལས་སྦྱོར་ཉིན་གསུམ་ཙམ་བྱས་ཀྱང་རུང་ངོ༌། །དེ་དག་གི་ཚེ་བསྙེན་སྒྲུབ་ལ་འཇུག་པའི་ཐོག་མཐའ་དང༌། ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་པོ་ལ་ཚོགས་མཆོད་ཀྱང་བྱ་བ་གལ་ཆེ་ཞིང༌། བསྙེན་སྒྲུབ་གྲུབ་པའི་རྗེས་དཀྱིལ་འཁོར་ཚུལ་བཞིན་བཤམས་ཏེ་བདག་འཇུག་གིས་ལམ་དབང་ལེན་པའང་གྲུབ་ན་ལེགས་པ་སོགས་གསང་བ་སྤྱི་ལྟར་རོ། །གསུམ་པ་སྒྲུབ་པ་ཟབ་མོ་རྫོགས་པའི་རིམ་པ་ཀ་དག་ཟང་ཐལ་གྱི་རྣལ་འབྱོར་ཉམས་སུ་ལེན་པ་ལ་སེམས་རིག་ཤན་འབྱེད་ཞི་ལྷག་གི་རྣལ་འབྱོར་གྱིས་གེགས་སེལ། རིག་པ་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣལ་འབྱོར་གྱིས་བོགས་དབྱུང་བའི། དང་པོ་ལའང་གཉིས་ལས། དང་པོ་སེམས་མི་གནས་པ་གནས་པར་བྱེད་པའི་ཐབས་ནི། རྩ་བ་ལས། བློ་བྲལ་ཁྱབ་བརྡལ་སོགས་ནས་གནད་ཀྱང་མཐོང༔ ཞེས་པ་སྟེ་དབྱིངས་ཀ་དག་ཟང་ཐལ་གྱི་གནས་ལུགས་དངོས་སུ་རྟོགས་ན་འཁྲུལ་པ་གཞི་མེད་དུ་དག་ནས་ཡེ་གྲོལ་གྱི་དགོངས་པའི་ཀློང་དུ་གྲོལ་བར་ངེས་ན་ཡང༌། རིག་རྩལ་ཚོགས་དྲུག་གི་ཡུལ་ལ་ཤར་ཏེ་ཆགས་སྡང་རྨོངས་གསུམ་གྱིས་ཀུན་གཞི་ཉོན་ཡིད་ཀྱི་སྟེང་དུ་ལས་བསགས་པའི་འཁྲུལ་པས་ཁམས་གསུམ་རིགས་དྲུག་ཏུ་འཁྱམས་པའི་ཉེར་ལེན་ཐམས་ཅད་སེམས་ལ་ཐུག །སེམས་འདི་དག་པ་ལྷ་དང་བླ་མ། མ་དག་པ་དགྲ་གཉེན་གང་ལ་ཤར་ཡང་ཤར་སའི་གཞི་དེར་བལྟས་ནས་སེམས་བཟུང་བས། རྣམ་རྟོག་གི་ཕྲེང་བ་ལུ་གུ་རྒྱུད་ཅིག་ལ་སེམས་སུ་བཏགས་པར་གོ །རྣམ་རྟོག་དེ་དུས་གསུམ་གྱི་ཟླས་ཕྱེ་བས་དཔྱད་ན་སིལ་བུ་ཡིན། འདས་པ་ནི་དངོས་མེད། ད་ལྟ་བ་སྣང་ཙམ། མ་འོངས་པ་མ་སྐྱེས་པས་དེ་དག་གཅིག་ཏུ་ཇི་ལྟར་འབྲེལ། མཚན་ཉིད་མི་མཐུན་པས་འབྲེལ་ཡང་དོན་ཇི་ལྟར་བྱེད་དཔྱད་གཞིགས་དུ་མས་གཏན་ལ་ཕབ་པས་མེད་བཞིན་སྣང་བ་ཞིག་ལ་སེམས་སུ་སྒྲོ་བཏགས། དེ་གང་ལས་བྱུང་ན་ཆོས་ཉིད་རིག་པའི་རང་རྩལ་ལས་བྱུང༌། སེམས་ནི་དང་པོ་རི་གཟར་གྱི་འབབ་ཆུ་ལྟར་མི་བརྟན་པ་དྲག་ཏུ་འགྱུ་བ། གཉིས་པ་ལྷོ་སྤྲིན་ལྟར་བན་བུན་དུ་འགྱུ་བ། གསུམ་པ་ཆུ་ཀླུང་དལ་འབབ་ལྟར་ལྷོད་ཆགས་པ། བཞི་པ་རླབས་དང་བྲལ་བའི་རྒྱ་མཚོ་ལྟར་གཞི་ཐོག་ནས་མི་གཡོ་བ་རྣམས་ཀྱི་ཉམས་རིམ་གྱིས་འབྱུང་བས་བསྐྱངས། དེའི་ཚེ་བདེ་གསལ་མི་རྟོག་པའི་འཆར་སྒོ་བྱུང་ན་སྣང་སྟོང་བདེ་བ་ཆེན་པོའི་ལམ་དུ་ཁྱེར་ཏེ་རེ་དོགས་དང་བྲལ་བར་བྱས་པས། སེམས་སྐྱེ་འགག་གནས་བྲལ་ཆོས་ཉིད་སྟོང་པ་ཉིད་ལ་ངེས་པ་རྙེད་ན་དེ་ཀ་སྐྱོང་དུ་གཞུག །ད་དུང་ངོ་མ་འཕྲོད་ན་བྱུང་གནས་འགྲོ་གསུམ་གྱིས་སེམས་འཚོལ་ཞིབ་མོར་བཏང༌། ནམ་ཞིག་གནས་ཐོག་ཏུ་འཛིན་པ་ཟད་པ་རང་གྲོལ་ཀ་དག །འགྱུ་ཐོག་ཏུ་འབད་རྩོལ་མེད་པར་རང་ཤུགས་ལྡིང་འགྲོས། གནས་འགྱུ་གཉིས་མེད་གཞི་ཐིམ་ལ་སོང་ནས་ངོ་བོ་སྟོང་པ། རང་བཞིན་འོད་གསལ། ཐུགས་རྗེ་འགག་མེད་ཀྱི་ཡེ་ཤེས་སྒྲ་ཇི་བཞིན་སོ་སོ་རང་རིག་གིས་ཉམས་སུ་མྱོང་བས་རིག་པ་རང་མལ་གྱི་ཆོས་སྐུ། ཕྱལ་བ་བར་མེད་རྒྱ་ཡན། རང་བབ་རྣལ་མའི་བཞུགས་ཚུལ། ཟང་ཐལ་སྐྱེ་མེད་ཀྱི་རང་ངོ་ཉམས་སུ་མྱོང་བས་སྲིད་གསུམ་ཀ་དག་གི་དགོངས་པར་ངོ་འཕྲོད་པའོ། །གཉིས་པ་ནང་སེམས་ཐོག་ཏུ་འཇོག་པ་གནས་པ་བརྟན་པར་བྱེད་པའི་ཐབས་ནི། ཕྱོགས་སུ་མ་ལྷུང་སོགས། ལྷོད་དེ་གསལ༔ ཞེས་པ་ལ་གསུམ་ལས། དང་པོ་ཐག་གཅིག་ཐོག་ཏུ་བཅད་པ་སྟེ་འདི་ལྟར་ཕྱི་ཡུལ། བར་ལུས། ནང་སེམས་དང་བཅས་པ་གཞི་མེད་སྣང་སྟོང་ཆོ་འཕྲུལ་ཙམ་དུ་ཤར་བ་ལས་གདོད་ནས་བདེན་རྫུན་གྱི་མཐའ་ལས་འདས། དང་པོ་འཁྲུལ་མ་མྱོང༌། ད་ལྟར་འཁྲུལ་པ་ལ་མི་གནས། ཐ་མ་འཁྲུལ་མི་སྲིད་པ་སྲིད་གསུམ་ཀ་དག་གི་དགོངས་པ་ཆོས་ཉིད་རང་གི་འདུག་ཚུལ་ཚིག་གིས་བརྗོད་དུ་མེད་པ། བློས་བསམ་དུ་མེད་པ། དཔེས་མཚོན་དུ་མེད་པའི་ངང་དུ་ཀུན་རྫོབ་བག་ཆགས་རྣམ་རྟོག་གི་རྫུན་ཕུག་བརྡིབས་ཏེ་རང་ངོ་རང་གིས་ཤེས་པ་ནི་ཐག་ཆོད་པ་སྟེ། དེའི་སྐབས་ཕྱི་ཉིན་མཚན་དུ་སོང་བ་མི་ཚོར། ནང་ཏིང་འཛིན་གསལ་འགྲིབ་མི་ཚོར། མི་རྟོག་བག་ཉལ་གྱི་ངང་དུ་བྱིང་ན་དེ་གའི་ངང་དུ་མཉམ་པར་བཞག་པས་སྐབས་ཤིག་རྐྱེན་བཟང་ངན་ཞིག་གིས་བསྐུལ་ནས་ངེས་པར་འཕྲོ་འོང༌། འཕྲོ་མཁན་ཁ་ཡན་དུ་མ་ཤོར་བར་བསྐྱངས་པས་བྱིང་བའི་སྐྱོན་དག་པས་གསལ་སྟོང་མཉམ་ཉིད་དུ་གྲོལ། རྒོད་པ་ལ་སྐྱེ་མེད་རྡོ་རྗེའི་བཟླས་པ་སྐབས་དང་སྦྱར་ཏེ་རང་ངོ་སྐྱོང་བ་ཟབ། གཉིས་པ་ངོ་རང་ཐོག་ཏུ་སྤྲོད་པ་སྟེ། རང་རིག་ཟང་ཐལ་ཅི་ཡང་མ་གྲུབ་པ་སྟོང་ཆ་ནས་སངས་རྒྱས་ཆོས་སྐུ། རང་མདངས་འགག་མེད་ལོངས་སྐུ། རང་རྩལ་མ་ངེས་སྣ་ཚོགས་སྤྲུལ་སྐུ། ལྡོག་པ་ཐ་དད་ལས་ངོ་བོ་གཅིག་ཏུ་བསྡུས་པ་ངོ་བོ་ཉིད་སྐུ་སྟེ། སྲིད་ཞིའི་ཁམས་ཀྱི་ཆེ་བའི་ཡོན་ཏན་ལྷུན་རྫོགས་ཀྱི་གཤིས་ལུགས་ཞེན་འཛིན་མ་གྲོལ་བའི་ཨ་འཐས་ཀྱི་ཞི་གནས་ལྟིང་པོ་དང་མ་ནོར་བ་གཉིས་མེད་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ལམ་ཁྱེར་བྱ་བ་གལ་ཆེ། །གསུམ་པ་གདེང་གྲོལ་ཐོག་ཏུ་བཅའ་བ་ལ། དེ་ལྟར་བསྐྱངས་པས་ཤར་གྲོལ་གྱིས་ཞེན་འཛིན་གྱི་རྟོག་པ་དག་པ། ཅེར་གྲོལ་གྱིས་མི་རྟོག་པའི་རྣམ་རྟོག་དག་པ། རང་གྲོལ་གྱིས་ཚོར་བ་ངོ་མི་ཤེས་པའི་རྣམ་རྟོག་དག་པ། ཡོངས་གྲོལ་གྱིས་སྟོང་ཉིད་ངོ་མི་ཤེས་པའི་རྣམ་རྟོག་དག་པར་བསྐྱངས་པས་སངས་རྒྱས་ཀྱི་དགོངས་པ་མངོན་དུ་འགྱུར་བའོ། །གཉིས་པ་རིག་པ་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣལ་འབྱོར་གྱིས་བརྟན་པ་བོགས་དབྱུང་བ་ལ། ལྟ་སྒོམ་སྤྱོད་འབྲས་བཞི་ལས། དང་པོ་ལྟ་བ་གྲོང་ཁྱེར་རྒྱུན་གཅོད་ནི། སྣ་ཚོགས་ཡུལ་སྣང་སོགས། རུང་བ་ཤེས༔ ཞེས་པ་སྟེ་ཕྱི་ཡུལ་སྣང༌། ནང་ཕུང་ཁམས་སྐྱེ་མཆེད། གསང་བ་ཤེས་རིག་གི་ཆ་ལ་དེར་འཛིན་གྱི་བག་ཆགས་སྣ་ཚོགས་རྣམ་རྟོག་གི་བརྫུན་ཕུག་རྡིབ་སྟེ་གཟུང་འཛིན་རང་གྲོལ་གྱི་ངང་དུ་ཆགས་སྡང་རེ་དོགས་ཀྱི་མདུད་པ་ཞིག་པས། རང་རྩལ་གྱི་སྣང་ཆ་སྐུ་གསུམ་ལྷུན་གྲུབ་ཡེ་ཤེས་ཀྱི་རོལ་པ་ལྷའི་འཁོར་ལོར་དག་པའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཡིན་ལུགས་རྟོགས་པ་ནི་ལྟ་བའི་རྒྱལ་པོ་ཞེས་བྱའོ། །གཉིས་པ་སྒོམ་པའི་མན་ངག་རི་བོ་ཅོག་བཞག་ནི། དབང་པོ་མི་འགུལ་སོགས། ད་གདོད་ཤེས༔ ཞེས་པ་སྟེ་མ་བཅོས་དབྱིངས་རིག་གི་སྒོམ་པ་སོ་མའི་ངང་དུ་དབང་པོའི་དྭངས་མ་མིག་མི་འགུལ། ཕྱིར་མི་འཕྲོ། ནང་དུ་མི་སྡུད། ཡུལ་རྗེས་སུ་མི་འབྲང་བར་ཚོགས་དྲུག་གང་ཤར་འཛིན་མེད་ཀ་དག་ཆེན་པོའི་དབྱིངས་ལ་གཟིར་བས་སྣང་ཞེན་རང་སར་གྲོལ་ཏེ་ཇི་ལྟར་ཤར་ཡང་རིག་པའི་གསལ་འདེབས་ཀྱི་རྒྱན་དུ་འཆར་བས་ཕྱི་སྣང་བས་ནང་ཏིང་ངེ་འཛིན་གྱི་རྩལ་མ་བཀག །ནང་གི་རིག་པས་ཕྱི་སྣང་བའི་གོ་མི་བཀག །བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད་ཀྱང་ཡེངས་པ་ཐ་མལ་དུ་མ་ཤོར་བ་ནི་སྒོམ་པའི་རྒྱལ་པོ་ཞེས་བྱའོ། །གསུམ་པ་སྤྱོད་པ་ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ནི། ནང་གི་སེམས་ཀྱི་སོགས། བབ་ཀྱིས་ཤེས༔ ཞེས་པ་སྟེ་རང་གི་རིག་པ་འཛིན་མེད་ལ་ཕྱི་ཡི་སྣང་སྲིད་རང་གྲོལ་དུ་ཤར་ནས་གཡོ་འཁྲུག་མ་ནུས་པས་རེ་དོགས་ཁུང་རྡིབ་ཚེ་ཡུལ་སེམས་ཀྱི་སྤྱོད་པ་ཐམས་ཅད་ཡེ་ཤེས་གཅིག་ཏུ་དག་པས་སྤོང་སྒྱུར་གྱི་ལམ་བྱེད་གཞན་ལ་མ་ལྟོས་པར་དམིགས་བསམ་སྤྲོ་བསྡུ་བྲལ་བའི་ཐབས་མཁས་ཀྱིས་དབང་བསྒྱུར་བས་འོད་གསལ་སྒྱུ་མ་རང་གྲོལ་གྱི་རྣལ་འབྱོར་གྱི་སྤྱོད་པ་མཆོག་གི་སྐྱེལ་སོ་རུ་ཤེས་པར་བྱའོ། །བཞི་པ་འབྲས་བུ་ལྷུན་རྫོགས་ཆེན་པོ་ནི། དབྱིངས་ཀྱི་ངོ་བོ་ཆོས་སྐུ་སོགས། གནད་དུ་བསྣུན༔ ཞེས་པ་སྟེ་སྐུ་གསུམ་དབྱེར་མེད་མི་འགྱུར་རྡོ་རྗེའི་སྐུ་དང༌། དེ་དག་ཀྱང་གདོད་ནས་ལྷུན་གྲུབ་མངོན་པར་བྱང་ཆུབ་སྟེ་སྐུ་དང་ཡེ་ཤེས་ལྔ་ལྡན་རང་ངོ་ལྷུན་གྲུབ་ཀྱི་ཆོས་སུ་གྱུར་པས་ན་མ་དག་འཁྲུལ་པའི་ཁྱད་ཆོས་ཡེ་ནས་མི་དམིགས་པའི་དབྱིངས་སུ་བཙན་ས་ཟིན་པ་འབྲས་བུ་སྟེ། དེ་ལྟར་བསྟན་པ་དེ་དག་ཀྱང་རྣམ་པའི་ལྡོག་ཆས་དབྱེ་བ་ཙམ་ལས། དོན་ལ་ཐ་དད་དུ་མི་གནས་པ་ཆོས་དབྱིངས་བརྡལ་བ་ཆེན་པོ་གཅིག་གི་ངོ་བོར་གྱུར་པ་སྟེ་རྣལ་འབྱོར་དེ་དག་ཀྱང་རིམ་སྐྱེས་དང༌། ཐོད་རྒལ། གཅིག་ཅར་གྱི་འཇུག་ཚུལ་གང་ཟག་སོ་སོའི་ཁྱད་པར་ལས་མཐའ་གཅིག་ཏུ་ངེས་བཟུང་བྱར་མེད་དོ། །བཞི་པ་སྒྲུབ་པ་ཆེན་པོ་འོད་གསལ་ལྷུན་གྲུབ་ཀྱི་ཉམས་ལེན་ལ་དངོས་དང༌། མཐའ་རྟེན་གཉིས་ལས། དངོས་ལའང་གསུམ། གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་ནི། སྒྲོན་མའི་འོད་གསལ་སོགས། ཐལ་བྱུང་ཟད༔ ཅེས་པ་སྟེ་རྡོ་རྗེའི་ལུས་ལ་རྩ་རླུང་ཐིག་ལེ་ཡེ་ཤེས་ཀྱི་ཁམས་རྣམས་རྟེན་བརྟེན་པའི་ཚུལ་དུ་འབྲེལ་བ་ལས། སྐབས་འདིར་གནད་དུ་བསྣུན་བྱའི་ལམ་གྱི་གཙོ་བོ་འོད་གསལ་གནས་པའི་རྩ་ཁྱད་པར་བཞི་ལྡན་ཞེས་ཀ་ཏི་གསེར་གྱི་རྩ་ཆེན་དབུ་མ་དང་སྙིང་གི་དབུས་ན་ཀུན་བཟང་གཞིའི་ཐིག་ལེ་དར་དཀར་སྣལ་མ་ལྟ་བུ། ཚངས་བུག་ལ་བསྟན་པ་ཕྲ་ལ་འདྲིལ་བ་འཁོར་ལོ་བཞིའི་དབུས་ན་འོད་ལྔའི་ཐིག་ལེ་ཐིག་ཕྲན་གྱི་ཚུལ་དུ་གནས་པ། ཤེལ་སྦུག་ཅན་ནི་སྙིང་ནས་མིག་ཏུ་འབྲེལ་བ་རྡོ་རྗེ་ལུག་རྒྱུད་ཀྱི་རྟེན་བྱེད་པ་སྟེ། གཟོད་ནས་གནས་ཀྱང་ངོ་བོ་སྟོང་པ་ལ་ཀུན་གཞི་ཚོགས་བརྒྱད་ཀྱིས་བསྒྲིབས། རང་བཞིན་གསལ་བ་ལ་གདོས་བཅས་ཤ་ཁྲག་གིས་བསྒྲིབས། ཐུགས་རྗེའི་རིག་རྩལ་ལས་དང་བག་ཆགས་ཀྱིས་བསྒྲིབས་པ་མངོན་དུ་སད་པར་བྱ་བའི་ཕྱིར། ལུས་གནད་བཞུགས་སྟངས་གསུམ་བྱ། ངག་གནད་མི་སྨྲ་བར་རླུང་རིག་ཤིན་ཏུ་དལ་བ། སེམས་གཏད་མེད་ཀྱིས་སྒོ་ཡི་གནད་གཟིགས་སྟངས་གསུམ་གྱིས། ཡུལ་གནད་ནམ་མཁའ་སྤྲིན་བྲལ་དང་ཉི་ཟླ་ལ་བརྟེན་ཏེ་བསླབ་པས། ཉམས་ཀྱི་སྣང་བ་བཞི་པོ་རིམ་གྱིས་ཤར་ནས་རྩལ་རྫོགས་པར་བྱས་ཏེ་སྒོ་གསུམ་འོད་གསལ་དུ་གྲོལ་བའོ། །གཉིས་པ་ལམ་སྣང་བ་བཞིའི་ས་མཚམས་ནི། མངོན་སུམ་རྟོགས་པའི་སོགས། འཁྱིལ་བས་བདེ༔ ཞེས་པ་ལྟར་གནད་ཀྱིས་དབྱིངས་རིག་གཅུན་པས་རིག་རྩལ་ནམ་མཁའ་ལ་འཕུལ་ཏེ་དབྱིངས་སྣང་ལུ་གུ་རྒྱུད་དང་བཅས་དཀར་ཟ་ཟི་ཁྲ་ཁྲོ་དང༌། ཐིག་ལེ་སྟོང་སྒྲོན་སུམ་འབྲེལ་སོགས་མངོན་གྱུར་གྱི་སྒོ་རྒྱང་ཞགས་དང༌། ལྐོག་གྱུར་གྱི་སྒོ་སྙིང་ནས་གློ་བར་འབྲེལ་བའི་རྩལ་ལས་གཡོས་ཏེ་འཆར་ཞིང་རིག་པ་སྟོང་གསལ་འགག་མེད་དུ་འཆར་བས་ཡེ་ཤེས་སུམ་ཆ་ལ་དབང་ཞིང་རྟགས་ལུས་ངག་ལ་འཆར་ཡང་དགག་སྒྲུབ་མི་བྱ་ཞིང་སྐྱོང་བ་ཚོགས་ཀྱི་ལམ་མོ། །དེའི་ཚེ་ཤེས་ཉམས་བདེ་གསལ་མི་རྟོག་པ་སོགས་ཤར་ཡང་མི་བརྟན་ལ། སྣང་ཉམས་འོད་ལྔའི་སྣང་བ་རྩིབས་ཤར། གྱེན་འགྲེང༌། མདུང་རྩེ་དང་རེ་ལྡེའི་རྣམ་པ་དང༌། པདྨ་སྟོང་ལྡན། མཆོད་རྟེན་བརྩེགས་པ། ཐིག་ལེ་མེ་ལོང༌། འཁར་གཞོང༌། བསེ་ཕུབ་ཙམ། འོད་ཀྱང་ཡུལ་གྲུ་དང་གར་བལྟས་ཁྱབ་པར་གསལ། རིག་པ་ལ་ཉིན་མཚན་མེད། ལུས་ལ་གཉེར་མ་མེད། ཟས་སྐོམ་མི་འདོད། རང་སྣང་ལས་འབྲལ་མི་ཕོད། དགྲ་གཉེན་གྱི་འཁྲུལ་པ་ཞིག་སྟེ་ཕྱིའི་སྣང་བ། ནང་དུ་སྒྱུ་ལུས། གསང་བ་རླུང་སེམས་སྡོད་པས་འཁྲུལ་པའི་སྣང་བ་ནུབ་ནས་ཡེ་ཤེས་ཀྱི་སྣང་བ་འཆར་བ་ནི་ཉམས་གོང་འཕེལ་སྦྱོར་ལམ་མོ། །ཕྱི་ས་རྡོ་རི་བྲག་གི་སྣང་བ་ནུབ་ནས་ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་སྐུ་སོགས་དག་པའི་སྣང་བས་སྟོང་གསུམ་འཇིག་རྟེན་གྱི་ཁམས་གང་སྟེ། རིག་པ་དབྱིངས་ཀྱི་གཟེར་ཐེབས་ནས་ལམ་སྨིན་ཏེ་ལུས་ཟང་ཐལ་དུ་འགྲོ། ལྔ་ལྡན་སྐུ་རུ་སྨིན་པ་རིག་པ་ཚད་ཕེབས་ཏེ་མཐོང་ལམ་མོ། །གདོས་བཅས་ལུས་དང་སེམས་ཀྱི་སྤྲོས་པ་ཟད་དེ་སྔར་གྱི་རྟགས་རྣམས་སྐྱེ་མེད་ཀྱི་ངང་དུ་མྱ་ངན་འདས་པ་ཞེས། གདོས་བཅས་ལུས་ཀྱི་སྤྲོས་པ་ཟད་ནས་གཉིས་མེད་ཀུན་ཏུ་བཟང་པོའི་ཀློང་དུ་འདྲེས་ཏེ་ཆོས་ཅན་དང་ཆོས་ཉིད་ཀྱི་སྤྲོས་པ་ཟད་སར་འཁྱོལ་བསྒོམ་ལམ་ས་དགུ་སྟེ། སྐྱེ་འཇུག་ལ་དབང་ཐོབ་པའོ། །དེ་ལྟར་སྣང་བ་གསུམ་གྱི་སྐབས་རིག་པའི་ངོ་བོའི་སྣང་བ་ཆེར་གསལ་བ་དང༌། ཟད་པའི་སྐབས་ཕྱིར་འགྲིབ་པ་མེད་པ་ཆོས་ཉིད་གཅིག་ལ་འཕོ་འགྱུར་མེད་ཀྱང་ལམ་གྱི་སྣང་ཆ་མ་དག་འཁྲུལ་པའི་སྦུབས་བརྡོལ་པས་སྣང་བ་ཕྱི་གསལ་དུ་ཤར་ཏེ་འཕེལ་བ་དང༌། སྤྲོས་སྣང་གི་བག་ཆགས་ཆ་དང་བཅས་པ་དག་ནས་ཞེ་འདོད་མཐའ་དག་ཟད་པ་ངོ་བོ་ཀ་དག་གི་ཀློང་དུ་གྲོལ་བའི་གདེང་ཐོབ་པས་སྣང་བ་དབྱིངས་སུ་བསྡུས་ནས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་ཏེ། སྐུ་གསུམ་འདུ་འབྲལ་མེད་པ་རང་ལ་གནས་པ་དོན་གྱི་འོག་མིན་གྱི་གནས་སུ་བྱང་ཆུབ་པའོ། །གསུམ་པ་འབྲས་བུའི་མཐར་ཐུག་བསྟན་པ་ནི། ཟག་པ་འབྱུང་བ་སོགས། ཨ་ཏི་ཧོ༔ ཞེས་པ་སྟེ་དེ་ལྟར་ཉམས་སུ་ལེན་པའི་ཚེ་མི་འགུལ་བ་གསུམ་གྱིས་གཞི་བཅའ། སྡོད་པ་གསུམ་གྱིས་ཚད་བཟུང༌། ཐོབ་པ་གསུམ་གྱིས་གཟེར་བཏབ་སྟེ་ཉམས་སུ་བླངས་པས་ཆོས་ཉིད་ཕྱིན་ཅི་མ་ལོག་པ་རྟོགས་ནས་ཕྱི་ནང་གསང་བའི་ཟག་པ་ཟད་ནས་ལུས་འོད་སྐུ། ངག་ནཱ་ད། སེམས་ཆོས་སྐུའི་ཀློང་དུ་གཏན་སྲིད་ཟིན་ཏེ་ཡང་དག་པར་སངས་རྒྱས་པ་དང༌། མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་ཚད་མངོན་དུ་གྱུར་ནས་སྐུ་བཞི་ལྷུན་གྱིས་གྲུབ་པའི་དཔལ་ལ་རྟེན་འདིར་སྤྱོད་པའི་སྐལ་བཟང་དུ་ངེས་པར་འགྱུར་རོ། །གཉིས་པ་ཞར་བྱུང་མཐའ་རྟེན་མན་ངག་བཤད་པ་དང་མཇུག་བསྡུ་བ་ནི། བར་དོ། འཕོ་བ། གཅོད་ཡུལ་གསུམ་ལས་དང་པོ་བར་དོ་ལམ་ཁྱེར་ནི། རྒྱུ་འབྲས་མཐར་ཕྱིན་གྲོལ་སོགས། བཙན་ས་ཟིན༔ ཞེས་པ་སྟེ་རིག་པ་སྙིང་གར་གནས་དུས་གཞིའི་ཆོས་སྐུ། རྩ་དང་དབང་པོའི་སྒོར་ཤར་དུས་རྩལ་གྱི་ཆོས་སྐུ། དབྱིངས་ལ་འཆར་དུས་རོལ་པའི་ཆོས་སྐུ། དེ་གསུམ་དབྱེར་མེད་འབྲས་བུའི་ཆོས་སྐུ་སྟེ། དེའི་རང་མདངས་སྐྱེ་འཆི་བར་དོའི་སྣང་བ་གང་ཤར་ཡང་འཁྲུལ་གྲོལ་དབྱིངས་སུ་ནུབ་པའི་ཤེས་རིག་བཀྲ་ས་ལེ་བ་ཟང་ཁ་འདི་ལས་མ་གཡོས་པར་ལམ་དུ་བྱས་པས་རང་ཞི་རང་གྲོལ་དུ་གྱུར་པ་ནི་གནད་ཀྱི་སྙིང་པོ་ཡིན་ལ། གཞན་དུ་རང་བཞིན། བསམ་གཏན། རྨི་ལམ། འཆི་ཀ །ཆོས་ཉིད། སྲིད་པ་བར་དོའི་སྣང་བའི་རྣམ་གཞག་དང༌། དེ་དག་ཏུ་གྲོལ་ཚུལ། དེ་ལས་ཀྱང་སྲིད་པ་བར་དོར་འཁྱམས་ན་རང་བཞིན་སྤྲུལ་པའི་ཞིང་དུ་དབུགས་འབྱིན་པའི་གདམས་པ་བཅས་ཁྲིད་རིམ་སྤྱི་དང་བར་དོ་འཇའ་ཕུང་རང་གྲོལ་ལྟར་ཉམས་སུ་བླང་བར་བྱ་དགོས་སོ། །འདི་དག་གི་སྐབས་སུ་འོད་གསལ་དང་རྨི་ལམ་བཟུང་ན་སྙིང་དབུས་ཉི་ཟླའི་གྭའུའི་དབུས་སུ་བླ་མ་ཧེ་རུ་ཀཿདམར་པོ་ཡབ་ཡུམ་ཞལ་སྦྱོར་གྱི་ཐུགས་ཀར་འོད་ལྔའི་འཁོར་ལོའི་སྦུབས་སུ་ཨཿདམར་པོ་ཚེག་དྲག་ཅན་སྤུས་བྲིས་པ་ཙམ་ལ་ཤེས་པ་གཏད་དེ། ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿདང༌། ཨཱ་ལི་ཀཱ་ལི་སྤེལ་ཏེ་བཟླས་པའི་ངང་དུ་གཉིད་ལོག་པས་སྣང་བ་སེམས་ཉིད་ཟ་ཟི་བའི་སྐབས། མཆེད་པ་རྨི་ལམ་གསལ་བ། ཐོབ་པ་རྨི་ལམ་ཆོས་ཉིད་དུ་ངོ་ཤེས་པ། ཉེར་ཐོབ་གཉིད་ལོག་མ་ལོག་དབྱེ་བ་མེད་པ་ཆོས་ཉིད་དང་འདྲེས་པས་རྨི་ལམ་འབྱོངས་པ་སྟེ། དེའི་བར་དུ་སད་འབྱམས། བརྗེད་འབྱམས། སྟོང་འབྱམས། འཁྲུལ་འབྱམས་ཀྱི་གེགས་བསལ། གཞི་ལམ་འབྲས་བུའི་འོད་གསལ་གྱི་སྤུ་རིས་ཕྱེས་སྟེ་ངོས་ཟིན་དགོས་པའང་ཞར་ལ་འཕྲོས་པའོ། །གཉིས་པ་མྱུར་ལམ་འཕོ་བའི་མན་ངག་ནི། འཁྲུལ་པས་སྒྲོ་བཏགས་སོགས། མན་ངག་གཅེས༔ ཞེས་པ་སྟེ་མདུན་གྱི་ནམ་མཁར་མཁའ་སྤྱོད་འོད་ཀྱི་གཞལ་ཡས་ཁང་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ཆེན་པོའི་དབུས་སུ་ཧེ་རུ་ཀ་ཆེན་པོ་ནམ་མཁའ་འཇིགས་མེད་བླ་སྒྲུབ་གཞུང་ལྟར་གསལ་བའི་མདུན་དུ། རང་ཉིད་ཧེ་རུ་ཀ་གཅེར་བུ་རུས་རྒྱན་ཅན་ཕྱག་རྡོར་དྲིལ་འཛིན་པ་གསལ་བས་མདུན་གྱི་བླ་མ་ལ་མོས་གུས་རྩེ་གཅིག་པའི་ཡིད་ཀྱི་གསོལ་བ་དྲག་ཏུ་བཏབ་པ་དང་མདུན་གྱི་རིག་འཛིན་བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པ་དང་རང་གི་རྣམ་ཤེས་ཧྲཱིཿདམར་གྱི་རང་བཞིན་ཚངས་པའི་ལམ་ནས་རྒྱངས་ཀྱིས་ཐོན་ཏེ་རིག་འཛིན་བླ་མའི་ཐུགས་ཀར་སིབ་ཀྱིས་ཐིམ་པར་མོས་ལ་ཧིཀ་ཅེས་བརྗོད་ལ་འཕང༌། ཡང་ཀ་ཞེས་ཕྱིར་ཕབ། དེ་ལྟར་ཡང་ཡང་སྦྱངས་ཤིང་རྟགས་ཐོན་པར་བྱ། ཐུན་མཐར་བླ་མ་ཧེ་རུ་ཀའི་སྐུ་ལས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཕྱུང༌། རང་གི་སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེ་ཡི་དངོས་གྲུབ་ཐོབ་པར་བསམས་ལ། རྡོ་རྗེའི་བཟླས་པ་ཅུང་ཟད་བྱས་པས་ཚེ་གེགས་བར་ཆད་ཞི། མཐར་དགེ་བ་བསྔོ་ཞིང་སྨོན་ལམ་བྱའོ། །ནམ་ཞིག་དུས་ལ་བབ་ཚེ་དམིགས་པ་སྔ་མ་ལྟར་ལ་མཐར་བླ་མའི་ཐུགས་ཀ་ནས་དྭངས་མའི་འོད་ཟེར་ཁ་དོག་ལྔ་ལྡན་སྣམ་བུ་ལྟར་བརྐྱངས་ཏེ་མདུན་དུ་ཤར་གྱིས་བྱུང་བ་དང༌། རང་ཉིད་དཔའ་བོ་ཌཱ་ཀིའི་སྤྲིན་ཕུང་འབུམ་ཕྲག་དང་བཅས་ཡེ་ཤེས་རླུང་གི་འཁོར་ལོ་བསྐྱོད་ནས་བླ་མའི་ཐུགས་ཀར་ཐིམ་པར་བསམས་ལ་བརྗོད་བྲལ་ཏིང་ངེ་འཛིན་གྱི་ངང་དུ་མཉམ་པར་བཞག་པས་མཁའ་སྤྱོད་དག་པའི་ཞིང་དུ་དབུགས་འབྱིན་པའི་མན་ངག་བྱ་སླ་ལ་ཐབས་ཟབ་པས་དམིགས་སུ་བཤད་པའོ། །གསུམ་པ་གཅོད་ཡུལ་གདམས་པའི་གནད་གཟེར་ནི། སྣང་བའི་བདེ་སྡུག་སོགས། རྣམ་པར་འཕྲོ༔ ཞེས་པ་སྟེ་ཀུན་གཞིའི་རང་མདངས་ལས་གྲུབ་པའི་ཕྱི་སྣང་བ། ནང་དུག་ལྔ། བར་ལྷ་འདྲེའི་བདེ་སྡུག་གི་ཆོ་འཕྲུལ་མཐའ་ཡས་པ་རྣམས་ཡེ་གྲོལ་ཆོས་དབྱིངས་སྐྱེ་མེད་ཀ་དག་གི་དབྱིངས་ཤེས་རབ་ཕར་ཕྱིན་རྒྱལ་བའི་ཡུམ་གྱི་དགོངས་པའི་ཀློང་དུ་ཟད་སར་བསྐྱལ་ནུས་པའི་གདེང་བྱུང་ན་འགལ་རྐྱེན་དེ་དག་ལམ་གྱི་བོགས་འབྱིན་དུ་བྱེད་པའི་གདམས་ངག་གི་གསེང་ལམ་རྨད་དུ་བྱུང་བ་སྟེ། དེ་ཉིད་ཉམས་སུ་ལེན་པའི་གནས་ཀྱང་དུར་ཁྲོད་མཚོ་གླིང་བྲག་རིའི་ཁོངས་སོགས་ཡ་ང་བག་ཚ་ཁུ་འཕྲིག་སྐྱེ་བའི་གནས་སུ་རང་ཉིད་ཆོས་སྐུ་ཡུམ་ཆེན་རྡོ་རྗེ་ཕག་མོའི་འཁོར་དུ་སྣང་སྲིད་ཀྱི་དཔའ་བོ་མཁའ་འགྲོས་བསྐོར་ནས་ཧཱུྃ་སྒྲ་འབྲུག་སྟོང་ལྡིར་བ་ཙམ་གྱིས་འཁྲུལ་སྣང་གཏད་མེད་དུ་བཤིག །ཚོགས་བརྒྱད་འཁྲུལ་པའི་ལྷ་འདྲེ་ཡེ་ཤེས་ཀྱི་དབྱིངས་སུ་བསྒྲལ་བར་མོས་ལ་ལྟ་བའི་ངང་བསྐྱངས། ཐུན་མཚམས་ཀྱི་ཉམས་ལེན་དུ་རང་ལུས་གདོས་བཅས་ཤ་ཁྲག་སྦྲུལ་ཤུན་བརྗེས་པ་ལྟར་དོར་ཏེ་རང་རིག་དྭངས་མ་སྐད་ཅིག་གིས་རྡོ་རྗེ་ཕག་མོར་གསལ་བ་ནམ་མཁར་འཕགས། ནམ་མཁའི་དབྱིངས་སུ་གཙོ་མཆོག་རྡོ་རྗེ་ཕག་མོ་ལ་རིགས་བཞིའི་ཌཱ་ཀི་ཕྱོགས་མདོག་མཚམས་བཞིར་ཕྱེད་གཟུགས་ཅན་གྲི་ཐོད་འཛིན་པ་གར་བསྒྱུར་བའི་གསང་བ་ནས་བྱང་སེམས་བདུད་རྩི་དཀར་དམར་གྱི་རྒྱུན་བབས་པ་རང་གི་སྒྱུ་ལུས་དང་འདྲེས་པས། སྟོང་གསུམ་གང་བའི་མི་མགོའི་སྒྱེད་པུའི་སྟེང་དུ་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བསྐྱིལ་ཏེ། ཆོས་དབྱིངས་ཀྱི་ཁྱོན་གང་བ་བསྐལ་པ་མ་སྟོང་བར་གནས་པ་ཁ་དོག་དྲི་རོ་མི་ཟད་པའི་འདོད་ཡོན་ཅིར་ཡང་འཆར་བས། བརྒྱུད་གསུམ་རིག་འཛིན་བླ་མ། རྩ་གསུམ་རྒྱལ་བ་རབ་འབྱམས། ཆོས་སྲུང་དཔའ་བོ་ཌཱ་ཀི །མཁའ་ཁྱབ་རིགས་དྲུག་སེམས་ཅན། ཕྱི་ནང་གསང་བའི་སྡེ་བརྒྱད། ལན་ཆགས་བགེགས་རིགས་འབྱུང་པོ་ཐམས་ཅད་ལ་ཇི་ལྟར་བཞེད་པའི་ལོངས་སྤྱོད་དུ་ཕུལ་བས་མཉེས་ཤིང་ཚིམས། སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱུན་གྱིས་རིགས་དྲུག་བགེགས་རིགས་ཀུན་གྱི་སྒྲིབ་གཉིས་སྦྱངས་ཏེ་ཀུན་ཀྱང་དཔའ་བོ་ཌཱ་ཀིའི་རང་བཞིན་དུ་གྱུར། སྣང་སྲིད་བདེ་སྟོང་ཡེ་ཤེས་ཀྱི་འཁོར་ལོར་འབྱམས་ཀླས་པས་ཚོགས་རྫོགས། སྒྲིབ་པ་བྱང༌། བདག་གཞན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བསམ། མཐར་སྣང་སྲིད་འཁོར་འདས་ཐམས་ཅད་སེམས་ཉིད་ཡེ་ཤེས་ཀྱི་རོལ་རྩལ་འཁོར་གསུམ་དམིགས་མེད་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་བཞག་པས་དགེ་སྡིག །ལྷ་འདྲེ། བདེ་སྡུག སྐྱེ་ཤི། ཐམས་ཅད་རོ་མཉམ་ཆོས་ཉིད་ཀྱི་དགོངས་པའི་དབྱིངས་སུ་ཐག་ཆོད་དེ་ལམ་ཁྱེར་ནུས་པ་འབྱུང་ངོ༌། །དེ་ལྟར་སྔོན་དངོས་རྗེས་ཀྱིས་བསྟན་པ་རྣམས་ཚུལ་བཞིན་ཉམས་སུ་བླངས་པས་གང་ཟག་གཅིག་འཚང་རྒྱ་བའི་ལམ་ཡོངས་སུ་རྫོགས་པས་ན། འདི་ཉིད་ཁོ་ནས་ཀྱང་སྐྱེ་འཆི་བར་དོའི་འཁྲུལ་པ་སྐུ་གསུམ་གྱི་དབྱིངས་སུ་བསྐྱངས་ནས་རང་གྲོལ་གདོད་མའི་དབྱིངས་སུ་འཚང་རྒྱ་བ་ལ་ཐེ་ཚོམ་མེད་དེ། དོན་གྱི་གནད་སྔ་འགྱུར་བཀའ་གཏེར་གྱི་མན་ངག་ཚང་ལ་མ་ནོར་བར་བཞུགས་པ་རྣམས་དང་ཞལ་བསྡུར་བས་ཞུས་དག་འཕེར་བ་ལྟར་བཞུགས་ཤིང༌། ཚིག་གི་རིམ་པའང་བླ་མ་དང་ལྷག་པའི་ལྷས་གནང་བས་བྱིན་རླབས་ཀྱི་གོ་ཕྱེ་བའི་ངེས་ཤེས་དང་ལྡན་པས་ན། སྐལ་བཟང་མོས་པ་ཅན་དག་ལ་ཕན་པ་སྲིད་སྙམ་ནས་གཞུང་གི་དངོས་བསྟན་གྱི་དོན་རྣམས་ཚིག་ཉུང་ངུས་གསལ་བར་བྱས་པའོ། །རིག་འཛིན་ལྷ་དང་བླ་མས་བྱིན་བརླབས་པའི། །མཁའ་སྤྱོད་འབྲས་གཤོངས་བྲག་དཀར་བཀྲ་ཤིས་སྡིངས། །སྦས་པའི་གནས་ཕྱིན་བྱིན་རླབས་དབུགས་དབྱུང་ཆོས། །གསལ་བྱེད་བདུད་རྩིའི་ཐིག་ལེ་འདི་རྨད་བྱུང༌། །རབ་དཀར་དགེ་བས་རྩོད་དུས་མུན་པ་ནི། །ཡེ་ཤེས་སྣང་བས་ཐེག་དགུའི་ཟབ་ཆོས་འབྱེད། །འབྲེལ་ཚད་རྡོ་རྗེའི་དབྱིངས་སུ་ངལ་འཚོ་བའི། །དགེ་མཚན་བཀྲ་ཤིས་དཔལ་དུ་འབར་གྱུར་ཅིག །ཅེས་ལྔ་བརྒྱའི་མུན་ཁྲོད་དུ་སྐྱེས་པའི་སོ་སྐྱེ་འཆིང་བ་ཀུན་ལྡན་གྱི་རྟོག་ངོར་གསལ་བའི་ཚིག་རིས་ལ་གསལ་བྱེད་ཀྱི་ཟིན་ཐོ་བྲི་བ་རང་ཉིད་ངལ་བའི་རྒྱུ་ཙམ་དུ་ཟད་ཀྱང༌། རིགས་བརྒྱའི་ཁྱབ་བདག་ཁྲག་འཐུང་ནམ་མཁའ་འཇིགས་མེད་དངོས་བྱོན་པདྨ་ཡེ་ཤེས་རྡོ་རྗེས་ཁྱོད་ཀྱི་དགོངས་གཏེར་དགོས་པ་དང་འབྲེལ་རིགས་སྤེལ་ཞེས་ཐུན་མིན་དགོངས་གཏད་ཀྱིས་ཡང་ཡང་བཀའ་བསྩལ་པ་རྗེས་སུ་སྒྲུབ་པའི་འདུན་པ་དང༌། འཕགས་པའི་ཡོན་ཏན་རྨད་དུ་བྱུང་བ་དུ་མས་ཐུགས་རྒྱུད་མཛེས་ཤིང་ཀུན་བཟང་བཀའ་བརྒྱུད་ཀྱི་ཤིང་རྟའི་ལམ་སྲོལ་ལ་གདོད་ནས་སྨོན་ལམ་གྱིས་འབྲེལ་བའི་ཟུར་མང་དྲུང་པ་མཆོག་སྤྲུལ་འཇིགས་མེད་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་ནན་ཏན་ཆེན་པོའི་གསུང་གིས་བསྐུལ་བ་དང༌། སྒྲུབ་བརྩོན་ཀུན་སྤངས་ཀརྨ་ཡེ་ཤེས་ཆོས་འཕེལ་ནས་ཀྱང་བསྙེན་སྒྲུབ་ཉམས་ལེན་མཛད་པའི་གསལ་འདེབས་ཙམ་དུ་གཏད་མེད་ཀྱི་སྨྱོན་པ་ཀུན་བཟང་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་ལམ་མིང་དངོས་བཀྲ་ཤིས་དཔལ་འབྱོར་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་སྦས་ཡུལ་དེ་ཉིད་དང་འདབས་འབྱོར་བའི་གུ་ཡངས་ཀྱི་གནས་སུ་བྲིས་པ་འདིས་ཀྱང་ཐེག་མཆོག་རྡོ་རྗེ་སྙིང་པོའི་ལམ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-18-TSHA]] | [[Category:DKR-KABUM-Volume-18-TSHA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] | ||
Latest revision as of 09:11, 1 June 2024
Wylie title | rig 'dzin DA ki'i srog tig rdo rje snying po don gyi thol glu'i bskyed rdzogs kyi dmar khrid ye shes snang ba srog gi rgya can | |
---|---|---|
Location | dil mgo mkhyen brtse bka' 'bum Volume 18, Text 9, Pages 33-49 (Folios 1a to 17b2) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | ལྷ་བཙུན་ནམ་མཁའ་འཇིགས་མེད་ (lha btsun nam mkha' 'jigs med) | |
Citation | Khyentse, Dilgo. Rig 'dzin DA ki'i srog tig rdo rje snying po don gyi thol glu'i bskyed rdzogs kyi dmar khrid ye shes snang ba srog gi rgya can. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 33-49. Delhi: Shechen Publications, 1994. | |
Genre | Contemplative Guide Books and Instructional Manuals - khrid yig | |
Cycle | རིག་འཛིན་ཌཱ་ཀིའི་སྲོག་ཏིག་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ (rig 'dzin da ki'i srog tig rdo rje snying po don gyi thol glu) | |
Colophon |
།ཅེས་ལྔ་བརྒྱའི་མུན་ཁྲོད་དུ་སྐྱེས་པའི་སོ་སྐྱེ་འཆིང་བ་ཀུན་ལྡན་གྱི་རྟོག་ངོར་གསལ་བའི་ཚིག་རིས་ལ་གསལ་བྱེད་ཀྱི་ཟིན་ཐོ་བྲི་བ་རང་ཉིད་ངལ་བའི་རྒྱུ་ཙམ་དུ་ཟད་ཀྱང༌། རིགས་བརྒྱའི་ཁྱབ་བདག་ཁྲག་འཐུང་ནམ་མཁའ་འཇིགས་མེད་དངོས་བྱོན་པདྨ་ཡེ་ཤེས་རྡོ་རྗེས་ཁྱོད་ཀྱི་དགོངས་གཏེར་དགོས་པ་དང་འབྲེལ་རིགས་སྤེལ་ཞེས་ཐུན་མིན་དགོངས་གཏད་ཀྱིས་ཡང་ཡང་བཀའ་བསྩལ་པ་རྗེས་སུ་སྒྲུབ་པའི་འདུན་པ་དང༌། འཕགས་པའི་ཡོན་ཏན་རྨད་དུ་བྱུང་བ་དུ་མས་ཐུགས་རྒྱུད་མཛེས་ཤིང་ཀུན་བཟང་བཀའ་བརྒྱུད་ཀྱི་ཤིང་རྟའི་ལམ་སྲོལ་ལ་གདོད་ནས་སྨོན་ལམ་གྱིས་འབྲེལ་བའི་ཟུར་མང་དྲུང་པ་མཆོག་སྤྲུལ་འཇིགས་མེད་ནམ་མཁའ་ཆོས་ཀྱི་རྒྱ་མཚོས་ནན་ཏན་ཆེན་པོའི་གསུང་གིས་བསྐུལ་བ་དང༌། སྒྲུབ་བརྩོན་ཀུན་སྤངས་ཀརྨ་ཡེ་ཤེས་ཆོས་འཕེལ་ནས་ཀྱང་བསྙེན་སྒྲུབ་ཉམས་ལེན་མཛད་པའི་གསལ་འདེབས་ཙམ་དུ་གཏད་མེད་ཀྱི་སྨྱོན་པ་ཀུན་བཟང་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་ལམ་མིང་དངོས་བཀྲ་ཤིས་དཔལ་འབྱོར་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་སྦས་ཡུལ་དེ་ཉིད་དང་འདབས་འབྱོར་བའི་གུ་ཡངས་ཀྱི་གནས་སུ་བྲིས་པ་འདིས་ཀྱང་ཐེག་མཆོག་རྡོ་རྗེ་སྙིང་པོའི་ལམ་ལ་བྱ་བ་མཆོག་ཏུ་བྱེད་པར་གྱུར་ཅིག། | |
/ces lnga brgya'i mun khrod du skyes pa'i so skye 'ching ba kun ldan gyi rtog ngor gsal ba'i tshig ris la gsal byed kyi zin tho bri ba rang nyid ngal ba'i rgyu tsam du zad kyang*/_rigs brgya'i khyab bdag khrag 'thung nam mkha' 'jigs med dngos byon pad+ma ye shes rdo rjes khyod kyi dgongs gter dgos pa dang 'brel rigs spel zhes thun min dgongs gtad kyis yang yang bka' bstsal pa rjes su sgrub pa'i 'dun pa dang*/_'phags pa'i yon tan rmad du byung ba du mas thugs rgyud mdzes shing kun bzang bka' brgyud kyi shing rta'i lam srol la gdod nas smon lam gyis 'brel ba'i zur mang drung pa mchog sprul 'jigs med nam mkha' chos kyi rgya mtshos nan tan chen po'i gsung gis bskul ba dang*/_sgrub brtson kun spangs karma ye shes chos 'phel nas kyang bsnyen sgrub nyams len mdzad pa'i gsal 'debs tsam du gtad med kyi smyon pa kun bzang 'od gsal rdo rje thugs mchog rtsal lam ming dngos bkra shis dpal 'byor mkhyen brtse'i 'od zer du 'bod pas sbas yul de nyid dang 'dabs 'byor ba'i gu yangs kyi gnas su bris pa 'dis kyang theg mchog rdo rje snying po'i lam la bya ba mchog tu byed par gyur cig/ |
Footnotes
Other Information
- DKR-KABUM-18-TSHA-009
- Tibetan Publications
- Tibetan Texts
- dil mgo mkhyen brtse bka' 'bum
- rig 'dzin DA ki'i srog tig rdo rje snying po don gyi thol glu
- Contemplative Guide Books and Instructional Manuals - khrid yig
- Khyentse, Dilgo
- lha btsun nam mkha' 'jigs med
- DKR-KABUM-Volume-18-TSHA
- Khyentse Lineage Project