DKR-KABUM-13-PA-022: Difference between revisions
WikiBot2015 (talk | contribs) No edit summary |
m (Text replacement - "Khyentse Metadata" to "Text") |
||
(7 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |||
< | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རྟ་ཁྱུང་འབར་བའི་བསྙེན་ཐོ་རིན་ཆེན་སྒྲོན་མེ། | |||
|fulltitle=rta khyung 'bar ba'i bsnyen tho rin chen sgron me | |||
|citation=[[Khyentse, Dilgo]]. ''Rta khyung 'bar ba'i bsnyen tho rin chen sgron me''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 13: 324-344. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |||
|author=Khyentse, Dilgo | |||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |||
|sourcerevealer='jigs med gling pa | |||
|sourcerevealertib=འཇིགས་མེད་གླིང་པ་ | |||
|tibgenre=Recitation Manual - bsnyen yig, Records - tho | |||
|terma=No | |||
|dkroutline=Five | |||
|cycle=bla ma drag po rta khyung 'bar ba | |||
|cycletib=བླ་མ་དྲག་པོ་རྟ་ཁྱུང་འབར་བ་ | |||
|parentcycle=klong chen snying gi thig le | |||
|parentcycletib=ཀློང་ཆེན་སྙིང་གི་ཐིག་ལེ་ | |||
|language=Tibetan | |||
|volumenumber=013 | |||
|volnumtib=༡༣ | |||
|volyigtib=པ་ | |||
|totalvolumes=25 | |||
|textnuminvol=022 | |||
|pagenumbers=324-344 | |||
|totalpages=42 | |||
|beginfolioline=1a | |||
|endfolioline=21b5 | |||
|totalfolios=21 | |||
|multivolumework=No | |||
|rectonotes=bsnyen tho | |||
|versonotes=klong snying drag po rta khyung | |||
|colophontib=།ཞེས་ཀུན་མཁྱེན་འཇིགས་མེད་བསྟན་པའི་ཉི་མའི་གསུང་གི་བརྩམ་གཞིར་སོང་བས་ཚིག་སྣ་བསྡུས་ཆེས་ཏེ། བློ་དམན་གྱི་གོ་དཀའ་ཕྱིར་ཞལ་གསལ་དུ་སྤྲོས་ཞེས་གྲུབ་ཆེན་སྐུ་ཕྲེང་བཞི་པ་འཇིགས་མེད་ཀུན་བཟང་ཐུབ་བསྟན་ཕྲིན་ལས་དཔལ་བཟང་གི་ཞབས་རིམ་པ་དད་མོས་ལྡན་པ་དགེ་སློང་སངས་རྒྱས་ནས་ཡང་ཡང་བསྐུལ་ངོར་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་ལྷོ་འབྲུག་རྒྱལ་ཁབ་ཀྱི་བྱེ་བྲག་རྟ་བབ་བདེ་ཆེན་རྩེར་རང་གི་གོ་ཚོད་ཅི་ནུས་སུ་གཟུ་ལུམ་སྤང་ཏེ་དད་མོས་ཀྱིས་བྲིས་པའི་དགེ་བས་འབྲེལ་ཚད་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཡེ་ཤེས་བྱ་ཁྱུང་རྒན་འདུས་སྔ་འགྱུར་གྱི། །སྔགས་རྒན་བཀའ་གཏེར་ཤིང་རྟ་རྡོ་རྒན་གསུང༌། །སྔགས་རྒན་མང་བརྡུང་ཆོས་རྒན་ལྷའི་རྔ་རྒན། །ཁམས་རྒན་གྱིས་བརྡུང་ཕྱོགས་ལས་རྣམ་རྒྱལ་ཤོག། | |||
|colophonwylie=/zhes kun mkhyen 'jigs med bstan pa'i nyi ma'i gsung gi brtsam gzhir song bas tshig sna bsdus ches te/_blo dman gyi go dka' phyir zhal gsal du spros zhes grub chen sku phreng bzhi pa 'jigs med kun bzang thub bstan phrin las dpal bzang gi zhabs rim pa dad mos ldan pa dge slong sangs rgyas nas yang yang bskul ngor 'jigs med mkhyen brtse'i 'od zer gyis lho 'brug rgyal khab kyi bye brag rta bab bde chen rtser rang gi go tshod ci nus su gzu lum spang te dad mos kyis bris pa'i dge bas 'brel tshad slob dpon chen po sangs rgyas gnyis pas rjes su 'dzin pa'i rgyur gyur cig_/ye shes bya khyung rgan 'dus snga 'gyur gyi/_/sngags rgan bka' gter shing rta rdo rgan gsung*/_/sngags rgan mang brdung chos rgan lha'i rnga rgan/_/khams rgan gyis brdung phyogs las rnam rgyal shog/ | |||
|pdflink=File:DKR-KABUM-13-PA-022.pdf | |||
}} | |||
{{Header}} | |||
<h1 style="font-size: 24px !important;">Tibetan Text</h1> | |||
<onlyinclude> | <onlyinclude> | ||
{{TibP|༄༅། །རྟ་ཁྱུང་འབར་བའི་བསྙེན་ཐོ་རིན་ཆེན་སྒྲོན་མེ་བཞུགས་སོ།<br><br> | |||
༄༅། །བླ་མ་བདེ་བ་ཆེན་པོར་མཆོད། །རྟ་ཁྱུང་འབར་བའི་ཟིན་ཐོ་ལ། །ཕྱི་སྒྲུབ་བླ་མའི་རྣལ་འབྱོར་ལས། །འདི་ལྟ་བུའི་མན་ངག་ནི་བསྐྱེད་རིམ་གྱི་གནད༔ རྫོགས་རིམ་གྱི་བཅུད༔ གནས་ལུགས་ཀྱི་ཚང༔ མན་ངག་གི་མདུད་ཡིན་པས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་ཞལ་བསྡུར་ཀྱང་གནད་འདི་ལས་ཟབ་པ་འབྱུང་མི་སྲིད་པའི་ཟབ་རྒྱ་ཡིན་པས་སྐལ་བཟང་རྣམས་ཀྱི་སྙིང་ལ་གཅེས་པར་ཟུངས་ཤིག༔ ཅེས་དང༌། རིག་འཛིན་འདུས་པའི་བསྙེན་ཡིག་ལས། སྒྲུབ་པ་ཐམས་ཅད་ཀྱི་ནང་ནས་བླ་མ་སྒྲུབ་པ་མཆོག་ཏུ་གསུངས་ཤིང༌། ཁྱད་པར་སློབ་དཔོན་ཆེན་པོ་ནི་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་ཡིན་པས་ཉིད་ཀྱི་ཞལ་ནས། ང་མཐོང་སངས་རྒྱས་ཐམས་ཅད་མཐོང༔ ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཞེས་གསུངས་པ་ལ་བསླུ་བ་མེད་པ་མངོན་སུམ་ཚད་མའོ། །ཞེས་གསུངས་པ་ལྟར་སྐབས་འདིའི་བསྒྲུབ་བྱའི་ལྷ་ནི་རྩ་བ་གསུམ་ལས། ཆོས་འདི་རིག་འཛིན་བླ་མའི་སྒྲུབ་སྐོར་ཡིན་པས་རང་རེ་ཕྱོགས་བཅུའི་སངས་རྒྱས་སུས་ཀྱང་མ་ཐུལ་བའི་དམུ་རྒོད་སྙིགས་མའི་སེམས་ཅན་སངས་རྒྱས་དངོས་བྱུང་གི་ཞལ་མཐོང་གསུང་ཐོས་པའི་སྐལ་བ་མེད་པ་ལ། རྒྱལ་བའི་ཕྲིན་ལས་མི་ཡི་གཟུགས་སུ་བྱོན་པའི་བླ་མ་རྣམས་ཀྱིས་ཞལ་བསྟན་ཆོས་གསུངས་ནས་འབྲས་བུའི་ས་ལ་མཚམས་སྦྱོར་བའི་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པས་བླ་མ་ལ་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག་ཅིང་ཐུགས་རྗེའི་ཤུགས་མྱུར་བ་དང༌། ལྷག་པར་གུ་རུ་རིན་པོ་ཆེའི་གདུལ་བྱ་ཁྱད་པར་ཅན་བོད་ཡུལ་ཡིན་ཞིང་དུས་ཀྱི་ཐ་མའི་བོད་འབངས་ལ་ལྷག་པར་ཐུགས་བརྩེ། བྱིན་གྱིས་རློབ་པའི་ཞལ་བཞེས་བསླུ་མེད་ཀྱིས་རྗེས་སུ་བཟུང་བས་ན་དེ་ཉིད་བསྒྲུབས་པས་རྟགས་མཚན་མྱུར་དུ་འཆར་བ་དང༌། གཏེར་ཆོས་ཐམས་ཅད་ཀྱི་གཙོ་བོ་བླ་རྫོགས་ཐུགས་གསུམ་དུ་གསུངས་པ་ལྟར་ཡིན་ཞིང་ཁྱད་པར་བླ་མ་སྒྲུབ་པ་འདི་སངས་རྒྱས་བྱང་སེམས་སྐུ་དངོས་ཀྱིས་འདུལ་མ་ནུས་པ་བླ་མས་འདུལ་བར་མཛད་ཅིང༌། བླ་མ་དགེ་བའི་བཤེས་གཉེན་གྱི་ཚུལ་གྱིས་སངས་རྒྱས་ཀྱི་མཛད་པ་མཛད་ནུས་པས་བྱིན་རླབས་ཚན་ཆེ་ལ་དངོས་གྲུབ་ཀྱང་མྱུར། བླ་མ་སྒྲུབ་པ་དེ་ལ་ཕྱི་གསོལ་འདེབས། ནང་སྐུ་གསུམ། གསང་བ་རླུང་སེམས་དབྱེར་མེད། ཡང་གསང་བླ་མ་དྲག་པོའི་སྒྲུབ་ཚུལ་བཞི་ལས་འདི་ནི་ཡང་གསང་བླ་མ་དྲག་པོ་ཕྲིན་ལས་ཀྱི་སྐོར་ཡིན། དེའི་དགོས་པ་དུས་ཀྱི་ཐ་མ་ཆོས་བྱེད་ཡོངས་ལ་བར་ཆད་བྱུང་ན་དྲག་པོའི་ལྷ་སྔགས་ཀྱིས་སྐྱོབ་པའི་རྟེན་འབྲེལ་ཡོད་པའི་རྒྱུ་མཚན་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཐོག་མར་དར་བའི་སྐབས་མཁན་ཆེན་ཞི་བ་འཚོ་སོགས་ཀྱིས་ཞི་བའི་ཕྲིན་ལས་ཀྱིས་མ་ཐུལ་བ་ལྟར་མཛད་ནས་གུ་རུ་རིན་པོ་ཆེའི་དབང་དྲག་གི་ཕྲིན་ལས་ཀྱིས་མི་དང་མི་མིན་ཐམས་ཅད་བཏུལ་ནས་བོད་ཐུགས་རྗེ་ཆེན་པོའི་གདུལ་ཞིང་དོན་ལ་གནས་པའི་བཀའ་དྲིན་གྱིས་ད་ལྟ་བདག་ཅག་སྙིགས་དུས་ཀྱི་གདུལ་བྱ་འགལ་རྐྱེན་མང་བའི་སྐབས་བླ་མ་དྲག་པོའི་ལྷ་སྔགས་ཀྱིས་ཞི་བས་མི་ཐུལ་བས་དྲག་སྒྲུབ་དགོས་པའི་རྒྱུ་མཚན་དཔལ་འདུས་ལས། གུ་རུའི་ཐུགས་སྒྲུབ་བསྐུལ་བས་བར་ཆད་མེད་ཅིང༌། བཀྲ་ཤིས་དངོས་གྲུབ་ཀྱི་མཚན་མ་གཞན་ལས་ཆེ་བ་ནི། དེ་ཚེ་གཉེན་པོ་སྟོབས་ཀྱི་ལྷ༔ ཕལ་གྱིས་ཐུལ་བར་མི་འགྱུར་བས༔ ཕྱི་ལྟར་བྱང་སེམས་ནང་རིག་འཛིན༔ གསང་བ་དྲག་གཏུམ་འབར་བའི་ལྷ༔ ཞེས་གསུངས་པ་ལྟར་ཞི་རྒྱས་ཕྲིན་ལས་ཀྱིས་རྗེས་སུ་འཛིན་པས་གདུལ་དཀའ་ཞིང་རྒྱུད་མ་རུང་པའི་བདུད་དང་རུ་ཏྲའི་ཚོགས་ལ་དབང་དང་དྲག་པོའི་ཕྲིན་ལས་ཀྱིས་ཚར་བཅད་དེ་འདུལ་བའི་ཕྱིར་ཁྲོ་བོའི་སྐུར་བཞེངས་པ་ཡིན་པས་ཕྲིན་ལས་རྣོ་ལ་མྱུར། དེའང་གུར་དྲག་ཕལ་ཆེར་བེ་ཧར་འདུལ་དུས་ཀྱི་ལོ་རྒྱུས་དང་འབྲེལ་ཀྱང༌། འདི་ནི་གདུག་པ་ཀླུ་འདུལ་མཛད་པ་དང་འབྲེལ་བའི་གུར་དྲག་ཡིན་ཏེ། འདི་ཉིད་ཀྱི་སྒྲུབ་རྟེན་རྫས་གཏེར་ཕུར་པ་གནམ་ལྕགས་ཐོག་རྒོད་བསམ་ཡས་ཧས་པོ་རི་ནས་གཏེར་དུ་བཞེས་པའི་ལོ་རྒྱུས་ལས་གཏེར་སྲུང་རྡོ་རྗེ་ལེགས་པས། ཕུར་པ་མེ་སྟག་འཕྲོ་བ་ཞིག་ཕྱིན་ནས་འདི་སློབ་དཔོན་ཆེན་པོའི་མལ་གྲོའི་ཀླུ་བཏུལ་བའི་ཕུར་པ་ཡིན་ཟེར། ཆོས་འདི་བྱིན་རླབས་ཤིན་ཏུ་མྱུར་བས་དམ་སྲིའི་བར་ཆད་བཟློག་ཅིང་ཚེ་འཕྲང་སེལ། ཀོ་སྒོམ་ཆོས་ཉིད་ཀྱིས་བསྙེན་པ་བྱས་པའི་ཚེ། སྦལ་པ་ཞིག་གིས་ཁ་གདངས་ནས་བཞད་པའི་ཚུལ་གྱིས་ཕྱག་བྱེད་པ་ལན་གསུམ། བྱ་སྐྱ་ཀ་ཞིག་མཚོ་ནང་དུ་འཇུག་ནས་སྦྲུལ་གྱི་འཇུག་མ་ནས་བཟུང་སྟེ་བཏོན་པའི་མགོ་ལ་མེ་འབར་བ་སོགས་བྱུང་ནས་ཀླུ་གཉན་ལ་ཤིན་ཏུ་གནོད་པར་དོགས་པས་འཇིགས་ཏེ་བཞག་པ་ཡིན་ཟེར། འདིའི་ཆོས་དང་རྫས་གཏེར་གཉིས་ཀ་གདུག་པ་ཀླུའི་གཉེན་པོར་གྱུར་པ་ཡིན། ཞེས་སོགས་ཀྱིས་ཤེས། དབུ་གཙུག་ནས་རྟ་ཁྱུང་གི་ཞལ་གཉིས་ཕྱུང་བའང་ངོ་བོ་གུ་རུ་ཉིད་རྣམ་པ་ཀླུ་ཡི་གཤེད་མའམ་གཉེན་པོ་ཆེད་དུ་བསྔགས་པའི་ལྷ་རྟ་མགྲིན་དང་དབྱེར་མེད་པ་དང་སྐུར་བཞེངས་པའི་བརྡར་སྣང༌། དུག་སྦྲུལ་བཅུ་གཉིས་ཀྱི་གདན་དང་གཡོན་པའི་ཕྱག་མཚན་མེ་ཁྱུང་དང༌། ཀླུ་ཆེན་བརྒྱད་སྦྲུལ་གྱི་རྣམ་པས་སྐུ་ལ་བརྒྱན་པས། བ་སྤུ་ལས་ཁྱུང་གི་ཚྭ་ཚྭ་འཕྲོ་བ་རྣམས་ཀྱི་ཤེས། རྫས་གཏེར་གྱི་ལོ་རྒྱུས་དེའི་རྟ་ཁྱུང་ཆོས་བཀའ་འདི་ཀུན་མཁྱེན་གྱི་དགུང་གྲངས་རེ་དྲུག་གི་བར་ཆད་ཀྱི་འཕྲང་སེལ་ཆེད་གུ་རུ་རིན་པོ་ཆེའི་ལྷ་སྔགས་འདི་ལྟ་བུ་རྣམ་པར་བཞེངས་པས་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པའི་ཆེད་བྱུང་ཞིང༌། རྟ་ཁྱུང་གི་ཆོས་སྐོར་འདི་ཐུན་མོང་གི་གདུལ་བྱའི་སྤྱོད་ཡུལ་དུ་དེ་ལྟར་སྣང་བའི་དོན་ལ་དགོངས་པ་ཙམ་ལས། དེ་གོང་རྟ་ཁྱུང་གི་ལྷ་སྔགས་འདི་ཉིད་ཀྱི་རྣམ་པ་མེད་སྙམ་དོགས་པ་སེལ་ལོ། །ཨཱརྻ་པ་གླིང་གིས་སེ་ཕུང་ལ་གནས་པའི་ཀླུས་བོད་ཀྱི་ལྷ་འདྲེ་བསྐུལ་ནས་བསམ་ཡས་བརྩིག་ཏུ་མ་སྟེར་བའི་དབང་གིས་ས་འདུལ་ལ་སྤྱན་དྲངས་པར་བཤད་དེ། སྡེ་བརྒྱད་རྒྱལ་པོ་སོགས་དུག་གསུམ་རང་རྒྱུད་དུ་སྤྱོད་པའི་ཕོ་མོ་མ་ནིང་གི་རྒྱུད་གསུམ་འབྱུང་པོའི་ནང་ན་གཏི་མུག་ནི་ཉོན་མོངས་ཀུན་གྱི་རྩ་བ་ཡིན་པས་དེའི་རང་གཟུགས་ཀླུ་ནུས་སྟོབས་སོགས་ཚན་ཆེ་ཞིང༌། འཛམ་གླིང་གི་མི་རྒྱ་མཚོའི་དབུས་སུ་ས་ཆུ་ལ་གནས་པས། གདོན་ཁྲོལ་ལས། བྱོལ་སོང་གདུག་པ་ཀླུ་ཡི་རིགས༔ འབྱུང་བ་ཀུན་ལ་གནས་བཅས་ཤིང༔ ཞེས་གསུངས་པ་ལྟར་ནམ་མཁར་གནས་པའི་གཉན་གྱི་རིགས༔ ས་ལ་དབང་བྱེད་ས་བདག་སོགས༔ གནམ་ས་བར་སྣང་ཐམས་ཅད་ཀླུ་གཉན་ས་བདག་གསུམ་གྱི་མ་ཁྱབ་པ་མེད་པས་འདི་ཉིད་ལས། མདོར་ན་སྣོད་ཀྱི་འཇིག་རྟེན་ཀུན༔ ཁྱོད་དང་མ་འབྲེལ་གང་ཡང་མེད༔ སོགས་གསུངས་ལ། མལ་གྲོའི་ཀླུ་འདུལ་ཕྱིར་གུ་རུ་རིན་པོ་ཆེའི་ཀླུ་འདུལ་གྱི་ཏིང་ངེ་འཛིན་ལ་བཞུགས་པས་ཀླུ་བཅུན་པའི་ཚེ། ཀླུ་ཡིས་ཆོས་རྒྱལ་ཁྲི་སྲོང་བསྐུལ་ཏེ་བསམ་ཡས་བརྩིགས་པའི་སྡོང་གྲོགས་བྱེད་པར་ཁས་བླང་བས་གུ་རུ་རིན་པོ་ཆེའི་དགོངས་པ་ཀློད་པ་མངའ་བདག་གིས་གསོལ་བ་བཏབ་པས་གུ་རུ་རིན་པོ་ཆེའི་ཁྱུང་གི་སྐུར་བཞེངས་པའི་སྤྲུལ་པ་བསྡུས་ཏེ་ཀླུའི་ལུས་ངག་དམ་ལ་ཐོག་ཀྱང་ཡིད་དམ་ལ་མ་ཐོག་པས་དུས་མཐར་ཀླུ་གདོན་གྱིས་གནོད་པ་མང་བར་གསུངས་པ་ལྟར་སྡེ་བརྒྱད་ལས་གདུལ་དཀའ་ཤོས་ཀླུ་རྒྱུད་ཡིན་ཏེ་གཟུགས་མཛེས་པའི་ལུས་ལ་ཆགས་སེམས་ཀྱི་ཞུགས་ནས་ཀླུས་མི་གཏོང་བ་དང༌། ཀླུ་གདོལ་པའི་རིགས་རྟ་གདོང་གི་ལྕགས་རི་ལ་གནས་པ་རྣམས་ཁྱུང་ཕལ་པས་ཟོས་པས་ཞེ་སྡང་གི་སྙིང་ལ་མེ་འབར་ནས་ཁྱུང་གི་ལུས་བསྲེགས། སྙིང་ལྕགས་གོང་མེ་འབར་བར་ལྟ་བུར་གྱུར་ཏེ་རྒྱ་མཚོའི་བྱེ་མའི་ནང་ཞེ་སྡང་གིས་རྒྱུགས་པས་ལྕགས་རིའི་ནགས་ཀྱང་མེ་འབར་བར་གསུངས་པ་དང༌། ཀླུ་གདོལ་པའི་རིགས་དང་འགྲས་པས་སྐྱེ་བ་བདུན་གྱི་བར་དུ་གནོད་པ་བསྐྱལ་ཏེ་མི་བཏང་བ་ཕྱག་རྡོར་དྲེགས་འདུལ་གྱི་རྒྱུད་ལས་གསུངས་པ་བཞིན་གླེན་པ་ཀླུ་ཞེས་ཞེ་གནག་པའི་རྒྱལ་པོར་གྲགས་སོ། །དེའི་ཕྱིར་འདི་ནི་ལོག་འདྲེན་འདུལ་བའི་ལྷ་སྔགས་ཀྱི་མཆོག་ཏུ་གྲུབ་ཅིང་གཙོ་བོའི་གདུལ་བྱ་ལ་བསམ་ནས་དེ་ལྟར་བཤད་ཀྱི། རྒྱལ་བསེན་དམ་སྲི་གཞན་གྱི་གཉེན་པོ་སྟོབས་ཀྱི་ལྷ་ཕུལ་དུ་བྱུང་བ་ཡིན་ཏེ། གནོད་བྱེད་སྡེ་བརྒྱད་ཐལ་བར་བརླག༔ ཅེས་དང༌། རྫས་ཕུར་གྱི་གཏེར་འབྱུང་དུ། ཆོས་འདི་བྱིན་རླབས་ཤིན་ཏུ་མྱུར་བས་དམ་སྲིའི་བར་ཆད་བཟློག །ཚེ་འཕྲང་བསལ། ཞེས་པའི་ཆོས་འབྱུང་ཐད། དམ་སྲི་རས་གོས་ཅན་གྱི་ཀུན་མཁྱེན་གྱི་སྐུ་ཚེ་ལ་བར་ཆད་རྩོམ་པར་ཆས་པ་དགོངས་པས་གཟིར་བས་གླག་ལྟ་མ་ནུས་པས་ཟིལ་གྱིས་མནན་པའི་དེ་མ་ཐག །གུ་རུའི་ཞལ་བསྟན་ནས་ལྷ་སྔགས་འདི་དགོངས་ཀློང་ལས་བརྡོལ་ཏེ་གཏན་ལ་ཕབ་ནས་ལས་ཅན་རྣམས་ལ་སྤེལ་བའི་ལོ་རྒྱུས་བཞིན་རང་རེ་རྗེས་འཇུག་རྣམས་ལ་ཚེ་ཆོས་ཀྱི་བར་ཆད་སེལ་ཞིང་དངོས་གྲུབ་ཐོབ་པར་མཚོན་ནུས་ཤིང༌། ལྷག་པར་སློབ་དཔོན་རྒྱུད་ཀྱི་ལྷ་སྲུང་ཟེར་བའི་དཔེ་ལྟར་ཀུན་མཁྱེན་བླ་མ་ཉིད་ཀྱི་སྐུ་ཚེའི་གེགས་འཕྲང་བསལ་བའི་རྟེན་འབྲེལ་གྱིས་རང་ཅག་ཆོས་བརྒྱུད་འཛིན་པ་རྣམས་ལ་ཤིན་ཏུ་ཤིས་པའི་ཟབ་ཆོས་ཁྱད་པར་ཅན་ནོ། །དེ་ཡང་བོད་ཀྱི་ལྷ་འདྲེ་འདུལ་བའི་ཕྱིར་གུ་རུ་ཉིད་རྡོ་རྗེ་གྲོ་ལོད་ཀྱི་སྐུར་བཞེངས་ནས་དབང་དུ་བསྡུས་ཤིང་དམ་ལ་བཏགས་ནས་ཕྱི་མའི་དོན་དུ་དེ་ཉིད་ཀྱི་ལྷ་སྔགས་ཀྱི་སྒྲུབ་ཐབས་མང་པོ་གཏེར་དུ་སྦས་པས་དམ་སྲི་འབྱུང་པོ་འདུལ་བ་ལ་སྒོས་སུ་བསྔགས་པ་རྡོ་རྗེ་གྲོ་ལོད་ཡིན་ལ། འདི་ཡང་རྡོ་རྗེ་གྲོ་ལོད་ཀྱི་བྱེ་བྲག་ཡིན་པར་འཇིགས་བྱེད་རྡོ་རྗེ་གྲོ་བོ་ལོད༔ ཅེས་སོ། །གྲོ་ལོད་ཅེས་པ་ལེགས་སྦྱར་ལ་ཀྲོ་དྷ་ལོ་ཀོཏྟ་ར་ཞེས་པ་ཟུར་ཆག་སྟེ། སྒྲ་བསྒྱུར་ན། ཁྲོ་བོ་འཇིག་རྟེན་མཆོག་ཟེར་བ་ཡིན་གསུང་དོན་དུ་ཁྲོ་བོ་ཀུན་གྱི་སྤྱི་རྗེ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འདུལ་བའི་གཉེན་པོ་ཟླ་མེད་མཆོག་ཏུ་མཚོན་པའི་མཚན་འཇིག་རྟེན་འདས་མ་འདས་ཐམས་ཅད་ཀྱི་ཁྲོ་བོའི་ཚོགས་རྗེར་བྱོན་ཅིང་འགྲུབ་སླ་བྱིན་རླབས་ཚན་ཆེ་བས་འཆོལ་བའི་ཁྲོ་རྒྱལ་ཞེས་གྲགས་པའོ། །འདིར་སྐུ་གུར་དྲག །གསུང་རྟ་མགྲིན། ཐུགས་མཁའ་ལྡིང་ལྟར་བསྐྱེད་པ་བསྟོད་པའི་གཞུང་དུ་གསལ་ཏེ། སྐུ་གསུང་ཐུགས་བསམ་གྱི་མི་ཁྱབ་པའི་དབུ་གསུམ་ལྡན་པ། ཞེས་གསང་སྙིང་ལས་གསུངས་པས་ཕྱོགས་འདྲ་ཞིང་ཞེས་པ་ནི། རིག་འཛིན་བླ་མ་ནི་གདུལ་བྱ་མཆོག་དམན་མཐའ་དག་ལ་སྣང་བས་ཕྲིན་ལས་ཕྱོགས་རེར་མ་གྱུར་ཅིང༌། བླ་མའི་གཟུགས་སྐུའི་རྣམ་པས་སངས་རྒྱས་ཀྱི་མཛད་པ་སྒྲུབ་ནུས་པ་དེ་ཉིད་དྲག་པོའི་སྐུར་བཞེངས་ཀྱང་དོན་དམ་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ་ཡིན་ཕྱིར་སྐུ་རྫུ་འཕྲུལ་ཆེན་པོས་འདུལ་བ་ཡིན་ལ། གསུང་རྡོ་རྗེའི་མཁའ་ཁྱབ་པདྨ་དྲག་པོ་རྟ་མགྲིན་གྱི་རྟ་སྐད་ཐེང་གསུམ་བགྲོགས་པས་ཟབ་རྒྱས་ཀྱི་ཆོས་སྒོ་ཐམས་ཅད་མཚོན་པ་ལྷ་འདིའི་གསུང༌། ཐུགས་གསང་བདག་གིས་ཡེ་ཤེས་སྤྲུལ་པ་ཁྱུང་ཡིན་ཞིང་དེའི་སྲིད་རྩ་གཏི་མུག་གི་ཀླུ་སྲིན་འདུལ་བྱེད་ཕོ་ཉ་ཡིན་ཕྱིར་མཁྱེན་བརྩེའི་དགོངས་པ་མྱུར་བ་མཚོན་པའི་ཐུགས་ཏེ་རིགས་གསུམ་གཅིག་བསྡུས་སུ་བསྔགས་པས་སངས་རྒྱས་ཀུན་དང་གསང་གསུམ་དབྱེར་མེད་དུ་གསུང་ངམ་སྙམ། གུར་དྲག་ནི་ལྷ་སྔགས་ཀྱི་དངོས་བསྟན་ལམ་གྱི་གཙོ་བོ་ཡིན་པས་རྩ་བའི་ལྷ། གུ་རུའི་སྤྲུལ་གཞི་དང༌། གུ་རུ་དྲག་དམར་པདྨའི་རིགས་ཡིན་པས་རྟ་མགྲིན་མཚོན་བྱེད་རྟ་ཞལ་གཙུག་ན་ཡོད་པ་རིགས་བདག །བཀའ་བརྒྱད་སྐབས་ཆེ་མཆོག་གི་དབུ་གཙུག་ཏུ་ཁྱུང་ཆེན་ལྡིང་བ་ཆེ་བཙན་འགྲན་བྲལ་དུ་མཚོན་པ་བཞིན་བྱ་ཁྱུང་དབང་དྲག་གི་ཕྲིན་ལས་ཀྱིས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་གྱི་ཚུལ་དུ་བྱས་ཀྱང་རུང་བ་འདྲ། ཡང་ན་འདི་པདྨ་གསུང་གི་སྒྲུབ་བཀའ་ཡིན་པས་རྟ་མགྲིན་གསུང་རྡོ་རྗེ། ནམ་མཁའ་ལྡིང་ཐུགས་ཀྱི་ལྷ་གཉིས་ནི་སྐབས་འདིའི་བསྒྲུབ་བྱའི་ལྷ་སྟེ། སངས་རྒྱས་ཀྱི་གསང་བ་མཐར་ཐུག་ཡེ་ཤེས་ཆོས་ཀྱི་སྐུ་ཡིན་ཡང་དེ་ནི་སངས་རྒྱས་རང་གི་སོ་སོ་རང་རིག་གི་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཉིད། གཞན་སྣང་དུ་གསང་བ་དེ་མཚོན་ཅིང་སྟོན་བྱེད་ནི་བརྩེ་བའི་སྙིང་རྗེའི་བདག་ཉིད་གསུང་རྡོ་རྗེ་སྒྲ་ཚིག་གི་ཚུལ་དུ་སྣང་བ་སྟེ། དེ་གཉིས་རྣམ་པ་ཙམ་ལས་དོན་ལ་ཐ་མི་དད་པ་མཁྱེན་བརྩེའི་ཡེ་ཤེས་གཅིག་གི་བདག་ཉིད་ཡིན་པའི་ཕྱིར། དེའི་རྟེན་སྐུ་ནི་ཤུགས་བསྟན་དུ་སྒྲུབ་པ་སྟེ། མདོར་ན་སྐུ་གསུང་ཐུགས་རྣམ་པ་ཐམས་ཅད་པའི་བདག་ཉིད་སངས་རྒྱས་ཀུན་གྱི་གསང་བ་མི་ཟད་རྒྱན་གྱི་འཁོར་ལོ་འབྲས་བུའི་མཐར་ཐུག་ཏུ་མཚོན་པ་གང༌། བདག་ཅག་གདུལ་བྱ་དམན་པ་རྣམས་ལ་སངས་རྒྱས་ཀྱི་བྱིན་རླབས་སྟེར་བ་པོ་བླ་མ་ཁོ་ན་ཡིན་པའི་ཕྱིར་དེའི་རྣམ་པ་ལྟར་བསྒྲུབས་ན་འགྲུབ་ཐག་ཉེ་ཞིང་མོས་གུས་སྐྱེ་སླ་ཞིང༌། དེ་ཡང་དྲག་པོ་ལྟར་བསྒྲུབས་ན་སྙིགས་དུས་རྒྱལ་བསེན་དམ་སྲིའི་བར་ཆད་འདུལ་བའི་གཉེན་པོ་མཆོག་ཏུ་ཆེ་བའི་ཕྱིར་གུ་རུ་ནི་བསྒྲུབ་བྱེད་རིག་འཛིན་གྱི་ཚུལ་དུ་འཕྲུལ་བ་སྟེ་དེས་ན་བསྒྲུབ་བྱེད་རྟ་ཁྱུང་ཉིད་སྒྲུབ་བྱའི་ངོ་བོར་སོན་པས། བསྒྲུབ་བྱ་ཉིད་སོ་སོའི་རྣམ་པར་བཞེངས་པ་ཡིན་པས་དོན་ལ་སྒྲུབ་བྱ་སྒྲུབ་བྱེད་ཐ་མི་དད་པ་སྟེ། བཀའ་ཐང་ལས། སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོ་ཏཱ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་པདྨ་འབྱུང་གནས་སྐུ༔ མཚོན་ཚུལ་ཙམ་ལས་གསུམ་དུ་སྣང་གྱུར་ཀྱང༔ དོན་ལ་དབྱེར་མེད་སོ་སོར་ཐ་མི་དད༔ ཅེས་གསུངས་པའི་ཕྱིར་རོ། །རྣམ་པའི་དབྱེ་བས་བསྒྲུབ་བྱ་སྒྲུབ་བྱེད་དུ་མཛད་པའི་དགོས་པ་ཡང་རིག་འཛིན་གཏེར་བདག་གླིང་པའི་བླ་མ་དྲག་པོའི་ལོ་རྒྱུས་ལས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ པདྨ་ང་བསྒོམ་མཆོད་དང་སུས་སྒྲུབ་པ༔ ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་ལ༔ གསོལ་བཏབ་དགོས་འདོད་ངང་གིས་འབྱུང་བ་བཞིན༔ རྒྱལ་བ་རྒྱ་མཚོས་བྱིན་རློབ་བུ་བཞིན་སྐྱོང༔ དམ་ཅན་མཁའ་འགྲོ་དངོས་གྲུབ་ཆར་ལྟར་འབེབས༔ སྣང་སྲིད་དྲེགས་པས་ཅི་བཅོལ་ལས་རྣམས་སྒྲུབ༔ ཕྲིན་ལས་ལྷུན་གྲུབ་མཐའ་ཡས་སེམས་ཅན་སྒྲོལ༔ དེ་དག་ཐམས་ཅད་བདག་ཉིད་བསྟེན་ལས་འབྱུང༔ ཐེ་ཚོམ་སྤོངས་ལ་འབད་པས་ཉམས་སུ་ལོངས༔ བསླུས་ན་པད་འབྱུང་ཞན་ནོ་རྗེ་འབངས་རྣམས༔ ཞེས་གསུངས་པའི་རྒྱུ་མཚན། བསྒྲུབ་བྱའི་སྐུ་རྟ་ཁྱུང་ལ་མཁྱེན་བརྩེ་ནུས་པའི་སྟོབས་ཀྱིས་སྤྲ་བ་སྐམ་པོ་ལ་མེའི་ནུས་པ་ཡོད་པ་ཆོས་ཉིད་ཡིན་ཡང་སྒྲུབ་པ་པོའི་སྒྲུབ་བྱེད་ཀྱི་ཚུལ་བསྟན་གུ་རུ་དྲག་པོ་མེ་ཤེལ་གྱི་ནོར་བུ་ལྟ་བུས་མཚམས་མ་སྦྱར་ན་སྲེག་བྱེད་ཀྱི་མེ་དངོས་སུ་མི་འབྱུང༌། དེ་གཉིས་མཉམ་པར་སྦྱར་ནས་བྱིན་རླབས་མི་འབྱུང་བའི་རང་དབང་མེད་པའི་རྒྱུ་རྐྱེན་རྟེན་འབྲེལ་ཐམས་ཅད་ཚོགས་པས་སྒྲུབ་པའི་དྲག་སྒྲུབ་འདི་ཉིད་སྤྲ་བ་མེ་ཤེལ་ལ་བཅུག་ནས་མེ་ཐབས་མཁས་ཀྱི་སྒྲུབ་པས་དཀའ་ངལ་གྱིས་ཡུན་རིང་དུ་འབད་རྩོལ་ཆེས་མི་དགོས་པར་ཡུད་ཙམ་ནས་མེ་འབྱུང་བ་བགེགས་ཀྱི་སྤྲ་བ་སྐམ་པོ་སྦྱོང་བ་ལ་ཆེས་རྣོ་བ་ཡིན་ནོ། །དེ་སྐད་དུ་ཡང་ལམ་ཟབ་ལས། ཉི་མའི་འོད་ཟེར་རབ་ཚ་ཡང༌། །མེ་ཤེལ་མེད་པར་མེ་མི་འབྱུང༌། །དེ་བཞིན་སངས་རྒྱས་བྱིན་རླབས་ཀྱང༌། །བླ་མ་མེད་པར་འབྱུང་མི་སྲིད། །ཅེས་གསུངས་སོ། །བསྒྲུབ་བྱ་སྒྲུབ་བྱེད་ཀྱི་བཤད་ཚུལ་འདི་རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལ་བརྟེན་ནོ་ཞེས་གསུངས་པ་ཡང་རྒྱུད་དེ་ཉིད་ལས། སྟོན་བྱེད་གཙོ་དང་སྡུད་བྱེད་འཁོར༔ བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ཀུན༔ རང་ལས་ལོགས་སུ་མ་ཡིན་ཏེ༔ ཞེས་གསུངས་པས་ན་བསྒྲུབ་གཞི་ཡེ་ཤེས་ཀྱི་ལྷ་རྟ་མགྲིན། ལས་ཀྱི་ལྷ་ཁྱུང་གུར་དྲག་སོགས་སྡེ་བརྒྱད་འདུལ་བྱེད་རྣམས་སྟོབས་ནུས་ཆེ་བའི་བཤད་ཚུལ་གྱི་རྣམ་གྲངས་ཡིན་པའི་ཕྱིར། དོན་གནད་སྙིང་པོ་རིགས་ཀུན་གྱི་ཁྱབ་བདག་གི་བླ་མ་དྲག་པོ་རྟ་ཁྱུང་འབར་བ་ཞེས་མཚན་གྱིས་བསྟན་པ་ལྟར་གུ་རུ་ཉིད་བསྒྲུབ་བྱའི་གཙོ་བོ་ཡིན་པ་ནི་བཤད་ཅི་དགོས་པས་མདོར་ན་མེ་ལོང་གཅིག་ཏུ་གཟུགས་བརྙན་དུ་མ་ཤར་བ་བཞིན་ལྷ་ཐམས་ཅད་གུ་རུའི་ཡེ་ཤེས་ཀྱི་རོལ་བར་ཐག་བཅད་དེ་དེ་ཉིད་ལ་ཀུན་འདུས་ནོར་བུའི་ལུགས་སུ་ཤེས་པས་བློ་གཏད་བྱ་བ་ནི་གནད་ཀྱི་སྙིང་པོ་ཡིན་ནོ། །དུམ་བུ་དང་པོ་ལོ་རྒྱུས་ཀྱི་སྐོར་ཚོའོ། །སྒྲུབ་ཐབས་ཀྱི་ཐོག་མཐའི་ལས་གཞུང་ད་ལྟ་ཀུན་གྱི་ཁ་རྒྱུག་འདི། །ཆོས་འདིའི་བཀའ་བབ་ཏུ་ཀུན་མཁྱེན་འཇིགས་གླིང་དང༌། །རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་ཡབ་སྲས་ཀྱིས་ཆེད་དུ་བསྔགས་ཤིང༌། །མཁྱེན་རྟོགས་བསམ་གྱི་མི་ཁྱབ་པའི་བདག་ཉིད་ཀྱི་སྐྱེས་བུ་རྒྱ་རོང་ནམ་མཁའ་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པ་ཁྱད་འཕགས་ཡིན་མོད་ཀྱི་གཏེར་གཞུང་གི་ཚིག་ཟིན་དངོས་རིག་འདུས་ཀྱི་དཀྱུས་བཞིན་བྱེད་པ་ཉིད་ཡིན་ཏེ། ཞི་ཁྲོ་ངན་སོང་སྦྱོང་བའི་ཚོགས་མཆོད་དུས། བཞེངས་ཤིག་རིག་འཛིན་འདུས་པའི་ལྷ༔ སོགས་ལ་འདོན་པ་བསྒྱུར་མི་དགོས་པ་རྒྱུ་མཚན་དང་བཅས་ཏེ་ཀུན་མཁྱེན་ཉིད་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་མཚོན་ཚིག་ཕྲད་རིག་འཛིན་ཞེས་པ། ཞི་ཁྲོ་ཞེས་བསྒྱུར་བའང་རྟོག་བརྟགས་གོ་བ་ཆུང་བ་རྣམས་ལ་དགོངས་པ་སྟེ། དངོས་དོན་ལྷོངས་པའི་བློ་ཆེན་ལ་ལྷུན་གྲུབ་རིག་འཛིན་སངས་རྒྱས་ཉག་གཅིག་ཡིན་པས། དེ་ལས་གཞན་པའི་རྒྱལ་བ་ཞི་ཁྲོ་མེད་པའི་ཕྱིར་ཚིག་བསྒྱུར་ཡང་མི་དགོས་སོ། །ཞེས་གསུངས་པ་ལྟར་རིག་འཛིན་ཞེས་པ་གར་བྱུང་དུ་རྟ་ཁྱུང་ཞེས་བསྒྱུར་བ་སོགས་དགོས་པ་མ་གོ །ཞེས་གསུངས་པ་ཀུན་མཁྱེན་གྱི་ལུགས་འདིའི་རྩ་གསུམ་ཐམས་ཅད་ངོ་བོ་བླ་མ་རིག་འཛིན་གྱི་སྒྲུབ་པའི་དགོངས་དོན་བློ་ཆེན་སྐལ་པ་རབ་ཀྱི་སྤྱོད་ཡུལ་དང་རྒྱ་རོང་རིན་པོ་ཆེས་དང་པོའི་ལས་ཅན་གྱི་མོས་ངོར་འཆར་བདེ་བ་ལ་གཙོ་བོར་གསུངས་པས་དོན་ལ་འགལ་འདུར་མི་གནས་སྙམ་མོ། །བསྙེན་པ་མཚམས་བཅད་དམ་དུ་བྱ༔ ཞེས་པ་ནི་ལུས་མཚམས་བཅད། ངག་སྨྲ་བཅད། སེམས་གཞན་དུ་མ་ཡེངས་བ་རྣམས་གལ་ཆེ་བ་བསྙེན་པའི་གནད་བྱང་གི་མཆན་ལས། མཚམས་ཇི་ཙམ་རིང་ངག་སྨྲ་བཅད་དམ་པས་དམིགས་པ་སེམས་མ་ཡེངས་པ་ཁོ་ན་གཙོ་ཆེ་ཞིང་གསུངས་པ་ལྟར་རོ། །མཚམས་བཅད་པ་བར་ཆད་མི་འཇུག་པའི་ཕྱིར་ཡིན་པས་སྲུང་འཁོར་གྱི་དམིགས་པ་གནད་གལ་ཆེ་བའི་ཕྱིར། གདོན་ཁྲོལ་ལས། རྡོ་རྗེ་སྲུང་བའི་གུར་གྱིས་དཀྲིགས༔ ཞེས་དང་ལས་གཞུང་གི་མཚམས་གཅོད་ལྟར་རིག་འཛིན་གྱི་བསྙེན་ཡིག་ལས་སྲུང་འཁོར་གྱི་གཙོ་བོར་རང་སེམས་སྐྱེ་འགག་མེད་པའི་མཚམས་བཅད་ལ་བགེགས་བདེན་མེད་དུ་ཤེས་པར་བྱ། དེ་ཙམ་བློས་མ་ནུས་ན་སྣ་ཚོགས་རྡོ་རྗེའི་གུར་ལྕགས་རྨོག་ཁ་སྦུབ་པ་ལྟ་བུ་བསྒོམ། ཀུན་རྫོབ་ཀྱི་སྲུང་གུར་དང་དེའི་ཚིག་དོན་ལ་ཇི་ལྟར་རྟོན་ན་རྣམ་རྟོག་ནི་གློ་བུར་བའི་བགེགས་ཡིན་ལ། ཆོས་ཉིད་ཀྱི་དོན་གདོད་ནས་རྡོ་རྗེའི་ཁམས་སུ་འགྱུར་བ་མེད་པའི་དོན་རྟོགས་སོ། །དོན་དམ་སྲུང་འཁོར་ཞེས་གསུངས་པ་ཀུན་རྫོབ་དང་དོན་དམ་པའི་སྲུང་བ་རྒྱུན་དུ་གཅེས། སྤྱིར་རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པ་མཆོག་སྒྲུབ་ཀྱི་ལྷ་དང༌། རྟ་ཁྱུང་འདི་ཐུན་མོང་གི་ལས་སྒྲུབ་ཀྱི་ལྷའི་བྱེ་བྲག་གི་དགོངས་པ་ལྟར་སྣང་ཡང༌། ཧྲཱིཿ རྣམ་ཐར་གསུམ་ལྡན་སྟོང་པ་ཉིད་སོགས་ལྟར་སྒྲུབ་ཐབས་འདི་ལ་འཆི་སྲིད་ཆོས་སྐུར་སྦྱོང་བྱེད་དེ་ཏིང༌། མ་རྟོགས་འཁྲུལ་པ་སོགས་ཀྱིས་བར་དོ་ལོངས་སྐུའི་སྦྱོང་བྱེད་ཀུན་སྣང༌། ནམ་མཁས་གར་ཁྱབ་སོགས་སྐྱེ་བ་སྤྲུལ་སྐུར་སྦྱོང་བྱེད་ཕྱག་རྒྱ་གཅིག་པ་རྒྱུ་ཡི་ཐུགས་སྲོག་ཧྲཱིཿ རགས་པ་སྣོད་བཅུད་ལྷ་བསྐྱེད་ཀྱི་རིག་འཛིན་ཏེ་མཆོག་སྒྲུབ་ཀྱི་གནད་ཆེ་བ་རྣམས་དངོས་བསྟན་དུ་ཚང་བས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའང་བྱར་ཡོད་པས་སྒྲུབ་ཚུལ་གྱི་ཟབ་གནད་ལ་མཁས་ན་མཆོག་དངོས་ལ་སྦྱོར་ནུས། སྣོད་བཅུད་མ་དག་སྣང་བའི་གཉེན་པོ་ལྷ་སྐུའི་རྣམ་པ་གསལ་བ་ལས་བྱང་དུ་གསལ་བ་ལྟར་དང༌། ཞེན་པའི་གཉེན་པོ་དག་དྲན་ནི། ཐུགས་རྗེས་སེམས་ཅན་ལ་ཆགས་པས་སྐུ་མདོག་དམར་པོ། ཐིག་ལེ་ཉག་གཅིག་གི་རང་བཞིན་རྩ་བའི་ཞལ་གཅིག །གོང་སྨོས་ལྟར་དབང་དྲག་གི་ལས་གཉིས་མཛད་པས་རྟ་ཁྱུང་གི་ཞལ་གཉིས་བྱུང་བ། དུས་གསུམ་གཟིགས་པས་སྤྱན་གསུམ་སྐྱེ་ཤི་རྩད་གཅོད་མཆེ་བ་གཙིགས་པ། སྣང་སྲིད་ཟིལ་གྱིས་གནོན་པས་གསང་གོས་དང་ཕོད་ཚོན། ཕ་རོལ་ཕྱིན་དྲུག་རྫོགས་པས་རུས་རྒྱན། རྡོ་རྗེའི་ང་རྒྱལ་གྱིས་དཔའ་བས་སྟག་ཤམ། སེམས་བྱུང་ལྔ་བཅུ་སྲོག་བྲལ་དུ་གྱུར་པས་མགོ་ཕྲེང་མནབ་པ། འདིར་གསང་ཕོད་ཀྱི་སྟེང་ན་སྟག་ཤམ་རུས་རྒྱན་སོགས་གསོལ་བ་མཛེས་འདྲ། བྲིས་ཆ་རྙིང་པ་འགར་ནི་གསང་ཕོད་ཀྱི་ནང་དུ་རུས་རྒྱན་མནབ་པ་བྱས་སྣང༌། ཡེ་ཤེས་ལྔའི་ཐོད་སྐམ་གྱིས་དབུ་བརྒྱན་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རལ་པ་གྱེན་དུ་བརྫེས་པ། འཁྲུལ་སྣང་གི་བྲག་རི་འཇོམས་པས་ཕྱག་མཚན་རྡོ་རྗེ་གུར་དྲག་ཁ་ཅིག་ལ་ཕྱག་མཚན་གསེར་རྡོར་བྱེད་ཀྱང༌། འདིར་གནམ་ལྕགས་ཀྱི་རྡོ་རྗེ་རྡོ་གྲུབ་དབང་གཞུང་དུ་འབྱུང་ཞིང༌། རྭ་དགུ་པ་ཡང་དེས་བཤད་དེ། རྭ་གདེངས་མེ་འབར་བྱའོ། །ཕྲིན་ལས་ཐོགས་པ་མེད་པའི་བརྡར་གཡོན་མེ་ཁྱུང༌། དེའང་སྡིགས་མཛུབ་ཕྱིར་བསྟན་གྱི་མེ་ཁྱུང་ཕྲ་ཐབས་སུ་འགྱེད་པ་ནི་ཟིན་བྲིས་རྙིང་པ་ཞིག་ཏུ་བཤད། སྣང་སྟོང་གི་མཐའ་གནོན་པས་ཞབས་གཉིས་གཡོན་བརྐྱང་གིས་བགྲད་པ་རྣམ་རྟོག་གི་མཚོན་ཆ་ལས་རྒྱལ་བས་ཁྱུང་གི་གོ་ཆ་འདི་རྟ་མགྲིན་གསང་སྒྲུབ་ལྟར་མགྲིན་པ་ནས་ལོང་བུའི་བར་བྱས་ན་བདེ། བཟོད་པར་དཀའ་བའི་ཡེ་ཤེས་ཀྱི་སྣང་བ་རྣོན་པོ་སྤྲོ་བས། སྟོབས་ཀྱི་འོད་ཟེར་མེ་རུ་འབར༔ ཞེས་པ་ལྟར། མེ་ཕུང་གི་ཀློང་ན་བརྗིད་པ། ལུང་འདིས་རྡོ་རྗེ་མེའི་ཏིང་ངེ་འཛིན་གྱི་རང་གི་སྒོ་གསུམ་ལ་ནུས་པ་བསྐྱེད་ཚུལ་ཤེས་གསུངས་པ་ལྷ་ཡི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྣམ་པ་མེ་ཟེར་རྣོན་པོའི་ཚུལ་དུ་འཕྲོ་ཞིང་འབར་བས་མེ་ཡི་ནུས་པས་ཇི་ཙམ་འབར་བཞིན་ཚིམས་པ་མེད་པ་བུད་ཤིང་ཐམས་ཅད་བསྲེགས་པ་བཞིན་ཡེ་ཤེས་ཀྱི་མེས་མཚན་རྟོག་ཐམས་ཅད་བསྲེགས་བཞིན་ཡེ་ཤེས་ཀྱི་སྣང་བ་ཤུགས་ཆེར་སོང་སྟེ་རྒྱུ་སྒོ་གསུམ་ཐ་མལ་གྱི་ཞེན་རྟོག །འབྲས་བུ་ནད་གདོན་སྒྲིབ་པའི་ཚོགས་བསྲེགས། སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཡེ་ཤེས་འབར་བ་མེ་ཡི་གཟི་འོད་འབར་ཞིང་འཁྲུགས་པའི་བདག་ཉིད་དུ་སྒོམ་པ་ཡིན་ནམ་སྙམ། རིག་པ་ཡེ་ཤེས་ཀྱི་ཁྲོ་བོས་གཏི་མུག་ལས་གྱུར་བའི་རྟེན་འབྲེལ་ཡན་ལག་རྣམས་གནོན་བའི་གོ་སྐབས་བརྩམས་པས་སྦྲུལ་གདན་ལ་འགྱིང་བའི་སྦྲུལ་རྣམས་ཀྱི་མཇུག་མ་ནང་དང༌། མགོ་བོ་ཕྱིར་བསྟན་དུ་བསྣོལ་བའི་མགོ་རྣམས་ཞབས་ཀྱིས་བརྫིས་པ་ཡིག་རྙིང་ཞིག་ཏུ་སྣང་བ་བདེ་བར་མངོན་ཡང༌། རྡོ་གྲུབ་དབང་ཆོག་ལས་མགོ་བོ་ནང་དུ་བསྣོལ་བར་བཤད་པས་དཔྱད། འཁོར་བའི་སྐྱོན་གྱིས་མ་གོས་ཐབས་ཤེས་འབྲེལ༔ ཞེས་པས་པདྨ་ཉི་ཟླའི་གདན་ནོ། །ཚོགས་བརྒྱད་ལས་གྱུར་མ་རིག་གདོན༔ ཀླུ་ཆེན་བརྒྱད་པོ་ཞེས་པ་ཕྱོགས་མཚམས་སུ་འགོད་གསུངས། སྐུ་མདོག་སོགས་ཀླུ་ཆོག་སྤྱིའི་སྐབས་དང་འདྲ་འམ་སྙམ་པས། ཐམས་ཅད་ཀྱང་སྣང་བ་ཡུལ་ཅན་ཐབས། ཡུལ་སྟོང་ཉིད་ཤེས་རབ། དེ་གཉིས་དབྱེར་མེད་ལྷ་ཡབ་ཡུམ་སྦྱོར་བའི་དོན་གྱི་གནད་རྟོགས་ན་ཡུལ་དབང་ཤེས་གསུམ་འདུས་སྟེ་རེག་པས་ལས་བསགས་མི་ནུས་པས་གཏི་མུག་འཁྲུལ་པའི་འཇིགས་པ་ལས་སྐྱོབ་པའི་བརྡར་ཀླུ་ཐམས་ཅད་ཐལ་སྦྱར་ཅན་དུ་བཤད་དོ། །དེའང་ཀུན་གཞིའི་རྨོངས་ཆ་ལས་མཆེད་པའི་གློ་བུར་ཚོགས་བརྒྱད་ཀྱི་རླུང་སེམས་མཐའ་དག་ཟང་ཐལ་རིག་པའི་ཁྲོ་བོའི་བཀའ་འབངས་སམ་གཞན་དབང་གྱུར་པའི་བརྡ་རྟགས་སོ། །གནས་གསུམ་བྱིན་རླབས་ཀྱི་ལྷ་རྣམས་རིགས་དང་སྐུ་མདོག་གི་དབྱེ་བས་ཁྱད་མེད་པ་འདྲའང་བརྟག་གསུང་པ་མ་གོ །འཇམ་དཔལ་གྱི་སྤྱི་བོར་ཨོཾ། པདྨའི་མགྲིན་པར་ཨཱཿ ཡང་དག་གི་ཐུགས་ཀར་ཧཱུྃ་གསུམ་ནི་རྣམ་དག་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ས་བོན་ཡིན་ཀྱང༌། ངོ་བོ་ཐམས་ཅད་གསུང་ཡི་གེའི་གཟུགས་སུ་བསྒོམ་པ་གསུང་ཆོས་ཀྱི་ཕྱག་རྒྱ། ཡེ་ཤེས་ཀྱི་ཕྱག་རྒྱ་རྔ་ཡབ་གླིང་སོགས་སྐུ་གསུམ་གྱི་ཞིང་ན་བཞུགས་པའི་ཡེ་ཤེས་སེམས་དཔའ། ལས་རྒྱ་ལྕགས་ཀྱུ་སོགས་ཚད་མེད་བཞིའི་ཕྱག་རྒྱའི་རྣམ་པ་ཅན་གྱི་འོད་ཟེར་གྱིས་ཡེ་ཤེས་པའི་ཐུགས་རྒྱུད་བསྐུལ་ནས་སྐུ་དམ་རྒྱ་དམ་ཚིག་པ་ལ་གཉིས་མེད་དུ་བསྟིམ་པས་ཕྱག་རྒྱ་ཞེས་པ་རྒྱས་བཏབ་པ་ལས་མི་འདའ་བའི་དོན་ཡིན་པས་གདོད་ནས་དམ་ཡེ་གཉིས་མེད་ཀྱི་གནས་ལུགས་གསལ་འདེབས་ཕྱིར་ཕྱག་རྒྱ་བཞི་དང་དམ་ཡེ་དབྱེར་མེད་དུ་བསྲེས་ཏེ་བསྟིམ་པའོ། །མཆོད་པའི་ཚིག་རྐང་དང་པོའི། དབང་པོ་དྲུག་ལ་ཉེར་སྤྱོད་རྫས༔ ཞེས་ཡིད་དུ་འོང་བའི་གཟུགས། སྙན་འཇེབས་ཀྱི་སྒྲ། ཞིམ་པོའི་དྲི། མངར་པོའི་ཟས། འཇམ་པོའི་རེག་བྱ་ཕྱི་ལྷ་རྫས་ཀྱི་འདོད་ཡོན། སྒོ་ལྔའི་རྣམ་ཤེས་ཀྱི་རྟེན་དབང་པོའི་མེ་ཏོག །ཚིལ་ཆེན་གྱི་རྒྱུ་མ་དང་ཤ། དེའི་སྙིགས་བད་མཁྲིས་གྱུར་པས་ཚིལ་གསུར་གྱི་སྤོས། རྐང་ཞུན་གྱི་འབྲས་བུ་ཞུ་བ་ལས་ལུས་ཀྱི་བཀྲག་མདངས་འབྱུང་བས་ཞུན་གྱི་མར་མེ། ཤ་ཁྲག་ཏུ་སྨིན་པས་ཕུང་ཁམས་གསོ་བའི་ཕྱིར་ཤ་ཁྲག་གི་ཞལ་ཟས་ཏེ་དྲག་པོའི་འདོད་ཡོན། སྣང་སྟོང་གི་གཟུགས། གཞོམ་མེད་ནཱ་དའི་སྒྲ། འཕོ་མེད་ཚུལ་ཁྲིམས་ཀྱི་དྲི། དགའ་བ་བཞིའི་རོ། འབར་འཛག་གཏུམ་མོའི་རེག་བྱ་ཆོས་དབྱིངས་བདེ་བ་ཆེན་པོའི་ཡེ་ཤེས་འདྲེན་པ་གསང་བའི་འདོད་ཡོན་དྲུག་དང༌། གཉིས་པ་ཡུལ་དང་ཡུལ་ཅན་མཉམ་པར་རོལ༔ དེ་རྣམས་བདེ་བའི་རོལ་པར་རྟོག་པ་བསྟན་ཞིང༌། སྦྱོར་སྒྲོལ་ཚོགས་ཀྱི་འཁོར་ལོས་མཆོད༔ གསུམ་པ་རྩ་བརྒྱད་སྟོང་སྦྱར་གྱི་སྨན་བཟའ་བཅའ་བཏུང་བའི་དམ་རྫས་ལ་འདོད་ཡོན་གྱི་ཟེར་འཕྲོ་བའི་གཏེར་རམ། ཁམས་གསུམ་གྱི་ཞེན་རྟོག་དབྱིངས་སུ་བསྒྲལ་བའི་རྒྱུད་དྲུག་རྣམ་དག་གི་རཀྟ། བཞི་པའི་དོན་ལ་བདེ་ཆེན་རིག་མའི་འདོད་ཡོན་སྤྲོས་ནས་ཡབ་ཡུམ་རྗེས་ཆགས་ཀྱིས་ལྟ་བ་གཟུགས། སྦྱོར་བ་ཧ་སིད་ཀྱི་སྒྲ། བདེ་བས་ཚིམས་པའི་དྲི། ཞུ་བདེ་མྱོང་བའི་རོ། མཁའ་གསང་ནང་དཀར་དམར་རེག་པས་སྙོམ་འཇུག་གི་ཕྱི་ནང་གི་ཆོས་ཀུན་བདེ་སྟོང་དུ་ཤར་བའི་གསང་བའི་ཚོགས་ཀྱིས་མཆོད་པ་འབུལ་བ་ཡང་ཡོད་པར་མངོན་པས་དེའི་དུས་སུ་བདེ་བས་ཐབས་བྱས་པའི་ལྷན་སྐྱེས་ཀྱི་དེ་ཁོ་ཉིད་ལ་བློ་བཞག་པས་འཁོར་འདས་ཀྱི་འཛིན་རྟོག་གི་བདུད་དགྲ་སྒྲོལ་བའི་མཆོད་པའང་ཡིན་ཞིང༌། དེ་ཉིད་དག་པའི་སྣོད་བཅུད་དུ་ཤར་བའི་ང་རྒྱལ་སྐྱོང་བ་ནི་བསྐྱེད་རིམ་གྱི་ལམ་གནད་ཟབ་པ་ཞིག་སྟེ། ལས་སྒྲུབ་པ་ལའང་འདི་ཡོད་ན་རྣམ་ཁྱད་ཆེའོ། །བསྟོད་པའི་དོན་སྐུ་ཕྱག་རྒྱའི་རྒྱན་ཆས་ཀྱིས་མཛེས་པས་སྒེག་པ། དྲག་ཤུལ་གྱི་སྟོབས་དང་ལྡན་པས་དཔའ་བ། ཁྲོ་གཉེར་གྱིས་འཇིགས་སུ་རུང་བས་མི་སྡུག་པའི་ཉམས་ཅན་གཏུམ་དྲག་དམར་ནག་བླ་མ་དྲག་པོའི་སྐུ། བདེ་ཆེན་གྱི་ཆགས་ཤིང་དགྱེས་པའི་ཧ་ཧའི་སྒྲས་དགོད་པ་ཧི་ཧིའི་རྟ་སྐད་ཐོས་པ་ཙམ་གྱིས་དྲེགས་པ་ཅན་འདར་ཞིང་ཞུམ་པས་གཤེ་བ། ཧེ་ཧིན་ཧོ་ཧི་སོགས་ཀྱི་སྒྲ་སྒྲོགས་པས་མ་མོ་མཁའ་འགྲོ་དབང་དུ་སྡུད་ཅིང་བྲན་དུ་བཀོལ་བའི་དཔལ་གྱི་རྟ་སྐད་ཀྱི་གསུང་དང་ལྡན་པའི་དཔལ་རྟ་མགྲིན་ཡིན་པ་དང༌། གདུལ་དཀའ་གཏི་མུག་གི་སེམས་ཅན་རྗེས་སུ་འཛིན་པའི་སྙིང་རྗེ། ཞི་དྲག་གི་ལས་ཅི་ཡང་སྒྲུབ་པས་རྔམས་པ་ལྟར་སྟོན་ཀྱང་དོན་ལ་སྲིད་ཞིའི་མཐའ་ལས་འདས་པའི་ཆོས་ཉིད་ཞི་བའི་དབྱིངས་སུ་ཐིམ་པ་དོན་དམ་ཡེ་ཤེས་ཀྱི་ཁྱུང་གི་ཐུགས་མཚོན་པ་སྟེ། དེ་གསུམ་ཀས་བླ་མ་དྲག་པོའི་ཞེ་སྡང༌། རྟ་མགྲིན་གྱིས་འདོད་ཆགས། ཁྱུང་གིས་གཏི་མུག་གི་ལོག་འདྲེན་འདུལ་བའི་གཉེན་པོའི་སྐུར་བཞེངས་པ་ལ་བསྟོད་པའོ། །དུམ་བུ་གཉིས་པ་ལྷ་བསྐྱེད་ལ་སོགས་པའི་སྐོར་རོ། །ཐུགས་ཀའི་སྔགས་ཕྲེང་ཞལ་ནང་བསྟན་དུ་དབང་ཆོག་རྡོ་རྗེ་ཕ་ལམ་ལས་ནི་ཞལ་ནི་དང་པོ་གང་ནས་ཀློག་པའི་ཕྱོགས་ལ་བསྟན་པ་དེ་མིན་གྱི་ལེབ་ངོས་མ་ཡིན་ནོ། །བསྙེན་ཡིག་ཏུ་སྔགས་འཁོར་གྱི་གཟུགས་སྒྲ་ལ་དམིགས་པ་གཙོ་བོར་གསུངས་ཏེ། དེ་དག་ལ་སེམས་ཇི་ཙམ་གོམས་པ་དེ་ཙམ་དུ་སྔགས་ཀྱི་བྱིན་རླབས་རླུང་སེམས་ལ་ཞུགས་ནས་བཟླས་བརྗོད་ཀྱི་ནུས་པ་སྐྱེ་བས་ཐོག་མར་དེ་ལ་བསླབ་དགོས་ཏེ། སྔགས་འཁོར་དང་ལྷ་ལ་གསལ་སྣང་སྦྱོང་ན་རྫིང་གི་ཕུ་ཆུ་བསྐྱིལ་བ་ལྟ་བུ་ཞེས་རྫིང་གཅིག་ཏུ་ཆུ་ཆུད་ཟོས་མ་སོང་བར་བསགས་ན་མྱུར་དུ་ཁེང་བ་ལྟར་ལྷ་སྔགས་ལ་གསལ་སྣང་གི་ཞི་གནས་བསྒྲུབས་ཏེ་སེམས་གཞན་དུ་མི་འགྲོ་བར་རྩེ་གཅིག་ཏུ་གནས་པས་དངོས་གྲུབ་ཀྱི་མཚན་མ་མྱུར་དུ་ཐོབ་པ་དང་འོད་ཟེར་སྤྲོ་བསྡུ་ལ་སྒྲུབ་པ་རྫིང་ཆུ་ཡུར་བར་འདྲེན་པ་ལྟ་བུ་ཞེས་རྫིང་ཆུའི་ཁོང་ནས་ཞིང་སར་བཀྲམ་པ་སོགས་ལས་བྱེད་དགོས་པ་ལྟར་ཏིང་འཛིན་སྔ་མའི་གསལ་སྣང་བརྟན་པ་མེ་ཤུགས་དྲག་འབར་བ་ལ་བཟླས་བརྗོད་རླུང་ལྟ་བུས་བསྐུལ་ནས་དངོས་གྲུབ་བཟའ་བཏུང་ལྟ་བུ་གཡོ་བཀོལ་གྱིས་བརྩམ་དགོས་པས་ན་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་བར་ཆད་འདུལ་བ་སོགས་ཏིང་ངེ་འཛིན་ཁོ་ནས་སྒྲུབ་ནུས་པའི་གཏིང་ཐོབ་པ་དང༌། སྔ་མ་ལྷ་སྔགས་ཀྱི་གསལ་སྣང་བརྟན་པོ་མ་ཐོབ་པར་ཕྱི་མ་སྤྲོ་བསྡུ་སོགས་བྱས་ཀྱང་རྫིང་ན་མེད་པ་ཡུར་བར་ཆུ་འདྲེན་པས་རྫིང་གི་ཆུ་བསྐམ་ཞིང་ལོ་ཐོག་སོགས་ལ་ཕན་པ་མེད་པ་ལྟར་ཏིང་འཛིན་དང་པོ་ཡིད་ཡུལ་དུ་མི་འཆར་བ་དང་དངོས་གྲུབ་རྒྱུད་ལ་འདྲེན་མི་ནུས་པར་འགྱུར་བའི་ཕྱིར་ལྷ་སྐུའི་ཕྱག་རྒྱ་ལ་གསལ་སྣང་བརྟན་པོས་ཏིང་འཛིན་གྱི་གཞི་སྒྲུབ་པ་གལ་ཆེ། ཁྱད་པར་ད་ལྟ་བདག་ཅག་རྣམས་ལ་ལྷ་ཉིད་སྔགས་ཀྱི་གཟུགས་སུ་བསྟན་པས་བཟླ་བྱའི་སྔགས་ཉིད་དབྱིངས་རིག་གཉིས་མེད་བླ་མ་དྲག་པོ་རྟ་ཁྱུང་འབར་བའི་ཡེ་ཤེས་ཉིད་རྣམ་པ་སྔགས་སུ་བཞེངས་པ། བཟླས་པ་ཙམ་གྱི་བྱིན་རླབས་དང་དངོས་གྲུབ་དབང་མེད་དུ་རྒྱུད་ལ་འདྲེན་ནུས་པའི་ཡེ་ཤེས་སྲོག་གི་སྙིང་པོ། བླ་མ་དྲག་པོ་དངོས་དང་རྣམ་དབྱེར་མེད་པའི་མཐུ་སྟོབས་ནུས་པའི་བདག་ཉིད་ཅན་དུ་ངེས་ཤེས་བསྐྱེད་ལ་བཟླས་པས། རང་རྒྱུད་ཀྱི་ལས་ཉོན་སྒྲིབ་པའི་ཚོགས་བཟླས་པ་ཙམ་གྱིས་ཤིང་སྐམ་ལ་མེ་མཆེད་པ་ལྟར་ཡུད་ཙམ་གྱིས་སྦྱངས་ཏེ། སྔགས་འདི་ལྷ་ཡི་གཟུགས་སུ་གནས་གྱུར་ནས་ཞལ་བསྟན་པ། བྱིན་གྱིས་རླབས་པའི་རྟགས་མཚན་འབྱུང་བས་ན་ལྷ་སྔགས་གཉིས་རྒྱུད་ཐ་དད་དུ་མི་བཟུང་བར་ངོ་བོ་དབྱེར་མེད་དང༌། དེ་གཉིས་རང་རིག་གཉུག་མའི་ཆོས་ཉིད་དང་ཐ་དད་བཟང་ངན་མེད་པར་གདོད་ནས་འདུ་འབྲལ་མེད་པར་བཞུགས་པས་ལོགས་སུ་ཚོལ་མི་དགོས་པར་ཤེས་པ་རབ་མྱོང་ཐོག་ཏུ་བཞག་པ་དང༌། དེ་ཙམ་མ་བྱུང་ཀྱང་དོན་དེ་ལ་མོས་པ་བརྟན་པོ་བསྐྱེད་དེ་སེམས་བཟོ་མེད་ཀྱི་རང་ངོ་བལྟ་བ་ནི་དགོངས་པ་མི་འགྱུར་བའི་གཟེར་ཞེས་ཤིན་ཏུ་གནད་ཆེ། མན་ངག་འདི་དང་ལྡན་ན་བསྒྲུབ་བྱ་དུར་ཁྲོད་ཀྱི་འདྲེ་ངན་ལྕགས་ཁམས་ལྟ་བུ་བསྒྲུབས་ཀྱང་དགོངས་པ་ཆོས་ཉིད་ཀྱི་ཏིང་འཛིན་གསེར་འགྱུར་གྱི་རྩི་ལྟ་བུས་ཐེབ་པས་མཆོག་གི་དངོས་གྲུབ་རིན་པོ་ཆེའི་ཁམས་མི་འབྱུང་བའི་ཐབས་མེད་པ་ཡིན་པ་ཡང་ཡང་གསུངས་སོ། །དེས་ན་ཟང་ཐལ་རིག་པའི་ཡེ་ཤེས་ཀྱི་སྣང་ཆ་ལྷར་འཆར། སྐུ་གསུམ་འབྲས་བུའི་ཡོན་ཏན་ངོ་བོའི་གཤིས་ཀློང་དུ་གདོད་ནས་རྫོགས་པའི་ཡིན་ལུགས་ཚུར་མཐོང་གི་གདུལ་བྱའི་དོན་དུ་ལྷ་སྐུ་ཞལ་ཕྱག་གི་རྣམ་པ་ཐབས་མཁས་ཀྱི་མཛད་པ་ཤར་བ་དེའི་རང་བཞིན་ལས་སྣོད་བཅུད་རྒྱུད་གསུམ་མ་འདས་པར་ཤེས་པའི་གནས་ལུགས་ལ་བློ་བཞག་ནུས་ན་དག་རྫོགས་སྨིན་གསུམ་གྱི་གནད་གཅིག་ཏུ་རྫོགས་པའི་ཟབ་ཏིག་ཐུན་མོང་མ་ཡིན་པའོ། །དེ་ནས་འོད་ཟེར་སྤྲོ་བསྡུས་སངས་རྒྱས་ཀྱི་མཛད་པ་སྤྱིར་རྩལ་སྦྱངས་བ་དང༌། སྒོས་མཛད་ཀླུ་འདུལ་གྱི་དགོངས་པ་ལ་བསླབ་པ་གཉིས་ལས། དང་པོ་ནི། སྔགས་འཁོར་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༌། ཁྱད་པར་ཟངས་མདོག་དཔལ་རིར་གུ་རུ་རིན་པོ་ཆེའི་རིག་འཛིན་ཌཱ་ཀིའི་ཚོགས་དང་བཅས་པ་བཞུགས་པའི་ཐུགས་རྒྱུད་བསྐུལ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་འོད་ཟེར་གྱི་རྣམ་པར་བསྡུས་ནས་བདག་དོན་ཡེ་ཤེས་འབེབས་པ་དང༌། ཡང་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་རྣམས་ཀྱི་གཟུང་འཛིན་འཁྲུལ་པའི་ཟུག་རྔུ་མཐའ་དག་བསལ། སྣོད་བཅུད་ཐམས་ཅད་རིག་འཛིན་དྲག་པོའི་དཀྱིལ་འཁོར་དུ་སྦྱང་བར་བསམས་ནས་གཞན་དོན་ཕྲིན་ལས་ཀྱི་རྟེན་འབྲེལ་བསྒྲིགས་པ་སྟེ། བསྙེན་པའི་གནད་བྱང་ལས། འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱ༔ ཞེས་རྩ་ཐོར་ཡོད་པས་ཆད་དུ་མི་རུང༌། ཀླུ་གདོན་སོགས་ཀྱི་སྡུག་བསྔལ་དང་གནོད་སེམས་ཞི་བའི་དམིགས་པ་འབུར་དོད་བྱེད་ན་ཕྱི་མ་གཞན་དོན་ཕྲིན་ལས་ཀྱི་དམིགས་པ་འདིའི་ཁོངས་སུ་བཅུག་པས་འགྲུབ། གཉིས་པ་ནི། སྔགས་ཀྱི་འོད་ཟེར་མེ་སྟག་ལྟ་བུ་དང༌། སྐུའི་ཆ་ཐམས་ཅད་ནས་ཁྱུང་གི་ཚོགས་འཕྲོས་པའི་འོད་ཀྱིས་གནོད་བྱེད་ཐམས་ཅད་རྫས་ལ་མེ་མཆེད་ལྟར་ཚིག་པར་བསམ་པ་གཏེར་གཞུང་མཆན་བུར་གསུངས་ཏེ། འདིའི་དོན་སྔགས་ལས་འབར་བའི་འོད་ཟེར་དང་ཁྱུང་གི་ཚྭ་ཚྭ་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་གང༌། ནད་གདོན་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་སྦྱངས་ཏེ། བ་སྤུའི་སྒོ་ནས་ཕྱིར་འཕྲོས། ལོག་འདྲེན་རྣམས་ཀྱི་ལུས་བུད་ཤིང་བཞིན་བསྲེགས་པར་བསམ་ཞེས་ཟིན་བྲིས་རྙིང་པར་འབྱུང་བ་མེ་དམིགས་ཀྱིས་དང་པོར་ལུས་གདོན། དེ་ནས་གནས་གདོན། མཐར་སྟོང་གསུམ་གྱི་བར་གྱི་བགེགས་སྦྱང་བའི་མེ་དམིགས་སྐོར་གསུམ་གཏེར་ཁ་གཞན་དུ་ཡང་འབྱུང་བས་ལེགས་ཁྱད་ཡོད་ཀྱང༌། མཆན་བུའི་སྐུའི་ཆ་ཐམས་ཅད་ལས། ཞེས་པ་ལས་གཞུང་གི་བ་སྤུའི་བུ་ག་ཐམས་ཅད་ཀྱང༔ ཁྱུང་གི་ཚྭ་ཚས་གཏམས་ཤིང་འཕྲོ༔ ཞེས་པ་ལྟར་དམིགས་པ་བྱ་རྒྱུ་མངོན་པས། ཟིན་བྲིས་རྙིང་པ་དང་གཞུང་གཉིས་མི་མཐུན་པས་དོགས་པ་ཕྲའུ་ཡོད་གསུངས་སམ་སྙམ། འདིའི་སྟེང་ཞལ། གོ་ཆ། ཕྱག་མཚན་བཅས་བྱ་ཁྱུང་གིས་མཛད་ཅིང༌། ལྷག་པར་སྒོས་མཛད་གཙོ་བོ་དེས་བསྒྲུབས་པས་ཁྱུང་གི་དམིགས་པ་རྩལ་འདོན་པར་སྣང་སྟེ་འཇིག་རྟེན་སྨན་སྔགས་ཀྱིས་སྦྱོང་རྒྱུར་སོགས་ལ་མི་ལྟོས་པར་ཀླུའི་དུག་ལྗོན་ཟ་ནུས་པའི་མཆོག་ནམ་མཁའ་ལྡིང་ཡིན་པས་དེ་དང་སྒོ་བསྟུན་པ་སྟེ། རྟ་མགྲིན་ཁམས་གསུམ་རོལ་བའི་གཏོར་ཟློག་ཏུ། བྱ་ཁྱུང་འབར་བས་ཀླུ་གཉན་རྒུམ་བུར་ཐུ༔ ཞེས་སོ། །ཁྱུང་གི་ཁ་དོག་ལ་གཡོན་པའི་ཕྱག་མཚན་ཐད་མེ་ཁྱུང་དམར་པོ་ཞེས་བསྙེན་ཡིག་ཏུ་གསུངས་པ་གདོན་འགྲོལ་ལས། བྱ་ཁྱུང་ནག་པོའི་ཁྲ་ཐབས་གཏོང༔ ཞེས་འབྱུང་བ་རྒྱ་རོང་རིན་པོ་ཆེས། སྲེག་བྱེད་ཁྲོ་ཆུང་ཞུན་མའི་ལུས་ཅན། ཞེས་གསུངས་པ་ལྟར་མཐིང་དམར་ལྕགས་སྲེག་གི་མདོག་ལྟ་བུར་བྱས་ན་འགྲིགས་པར་མངོན། སླར་ཡང་དབུ་གཙུག་རྟ་ཞལ་གྱི་འཚེར་སྐད་དྲག་པོ་བྱུང་བས་སྲིད་པ་གསུམ་གྱི་འབྱུང་པོའི་གནས་ཐམས་ཅད་ཤིག་ཤིག་ཡོམ་ཡོམ་བྱེད་ཅིང༌། ཕྱོགས་སྐྱོང་བཅུ་སྡེ་དང་བཅས་པའི་ལུས་སེམས་ཆེར་གཡོ་སྙིང་རྩ་སྒུལ། དཔའ་ཟིལ་ཆག །དྲན་པ་མྱོས། བྱ་སྤུ་རླུང་ཁྱེར་ལྟར་རང་དབང་བརྟན་པ་དང་བྲལ་ཏེ། དབང་གི་འོད་དམར་ལྕགས་ཀྱུས་ཞབས་འོག་ཏུ་བཀུག་ནས་འགུལ་མི་ནུས་པར་བསམ་ལ་གཟིར། དེའང་གནོད་བྱེད་དངོས་བྱ་ཁྱུང་གིས་བསད་བསྲེགས་བྱེད་ཅིང༌། དེ་དག་གི་གབ་ཁུང་ལྟ་བུའི་བསྡོང་ཟླ་དང་རྒྱབ་བརྟེན་ཕྱོགས་སྐྱོང་ཁོང་གཏོགས་རྣམས་རྟ་མགྲིན་གྱིས་དབང་དུ་སྡུད་པའི་དབང་དྲག་སྦྲགས་མ་ཡིན་ནམ་སྙམ། འདི་ལྟར་ན་རྣམ་སྣང་མངོན་བྱང་འགྲེལ་པར་ཁྲོ་གཉེར་ཅན་གྱི་རྒྱབ་ཏུ་མཐུ་ཆེན་ཐོབ་འགོད་པ་ནི་དཔུང་བྱ་བའི་ཕྱིར་རོ། །ཞེས་པའི་རིགས་པ་ལྟར། ཀླུ་འདུལ་གྱི་ལས་བྱེད་དངོས་བྱ་ཁྱུང་དང༌། དེའི་དཔུང་གྲོགས་རྟ་མགྲིན། གུར་དྲག་གཉིས་ཀྱི་རྩ་བའི་ལྷར་བྱེད་དམ་དཔྱད། གདོན་འགྲོལ་དུས། བཟླས་པའི་ཚེ་ཁྱུང་དམིགས་མི་བྱེད་པར་རྟ་སྐད་ཀྱིས་འཇིག་རྟེན་གཡོ་ཞིང་བསྒུལ་བས། འོད་ཟེར་གྱིས་ཀླུ་གདོན་ཞབས་འོག་ཏུ་དྲངས་ཏེ་ཟིལ་གྱི་གནོན་པ་ཙམ་བྱེད་པ་དབུའི་ཡིག་ཆུང་གི་དོན་དུ་མངོན་པས་དཀྱུས་དང་མི་འདྲ་ཡང༌། དེ་ནི་ཞི་བས་བརྔན་དང་དྲག་པོས་གཟིར༔ ཞེས་སོགས་ལྟར་ཀླུ་གསོ་བ་དང༌། འཁོན་གཅུགས་སྦྱོང་བའི་ལས་རིམ་དང་འབྲེལ་བས་དང་པོ་ནས་མནན་བསྲེག་མི་བྱེད་པ་ཡིན་པ་བསམ་སྟེ། སྤྱིར་བཏང་དམིགས་བསལ་ལྟ་བུའི་ཁྱད་དོ། །རྒྱལ་བསེན་ལྟ་བུ་སྒོས་སུ་འདུལ་ན། ཁྱུང་གི་ཚྭ་ཚྭས་ལོག་འདྲེན་བསྲེགས༔ ཞེས་པའི་ལོག་འདྲེན་གྱི་མཚན་གཞིར་རྒྱལ་བསེན་བཞག་པས་ཆོག་སྟེ་སྲི་ཀེག་དང༌། ཐེལ་འགོང༌། རྦད་འདྲེ་སོགས་གཞན་ལའང་དེས་འགྲེས་སྦྱོར་ཞིང་སྟེང་གདོན་འདུལ་བའི་དམིགས་པ་བསྙེན་ཡིག་གི་མཆན་དུ་བལྟའོ། །བགེགས་རྣམས་བསད་གཟིར་བྱས་ཏེ་ས་གསུམ་ལས་རྣམ་པར་རྒྱལ་བའི་ང་རྒྱལ་ཡུན་རིང་དུ་བཟུང་བའི་མཐར་གནོད་བྱ་ལ་གནོད་བྱེད་གཉེན་པོར་སྣང་བའི་སྤྲོས་པ་ཐམས་ཅད་རྨི་ལམ་གཉིད་ཀྱི་ཀློང་དུ་རང་གྲོལ་བ་བཞིན་གདོད་ནས་རྣམ་དག་རིག་པའི་ངང་དུ་བསྲེས་ཏེ། དེའི་ངང་ལ་མཉམ་པར་བཞག་ཅིང༌། དེ་ཉིད་ཀྱི་རང་མདངས་རིག་འཛིན་བླ་མ་དྲག་པོའི་དཀྱིལ་འཁོར་དུ་ལམ་མེ་བའི་རྒྱུན་སྐྱོང་བ་ནི་ལྷུན་གྲུབ་རིག་འཛིན་དགོངས་པས་དམར་འབྱིན་བྱེད་ཚུལ་ཡིན་ཏེ་ལས་གཞུང་གི་སྣོད་བཅུད་སྦྱང་བ་སོགས་ན་བསྙེན་ཡིག་ལས། གདོན་ཀྱང་རང་སེམས་འཁྲུལ་བའི་རྩལ༔ སོགས་རྩ་འགྲེལ་དུ་སྦྱར་བའི་ལུགས་སོ། །དེ་ལྟར་ནད་གདོན་སོགས་མ་དག་པའི་དངོས་སྣང་དངོས་འཛིན་ཐམས་ཅད་ཆོས་དབྱིངས་ཞི་བ་ཆེན་པོའི་ཀློང་དུ་ན་བུན་ཡལ་བ་ལྟར་དེངས་བས་ཀ་དག་གི་རིག་པ་གཅེར་བུ་སོང་བ་ཉིད་ཧུར་ཕྱུང་སྟེ་སྒོམ་པ་ནི་གནས་ལུགས་དོན་གྱི་ཀུན་བཟང་པདྨ་འབྱུང་གནས་ཞལ་བལྟ་ཚུལ་དང༌། རྟ་སྐད་ཐེང་གཅིག་གི་དགོངས་པས། རྡོ་རྗེ་ནམ་མཁའ་ལྡིང་གི་ངེས་དོན་མཐར་ཐུག་པ་ཡིན་ཞིང༌། བར་ཆད་ཀྱིས་ནམ་ཡང་གཞོམ་དུ་མེད་པ་ཆོས་ཉིད་ཀྱི་ལྟ་བའི་བཙན་རྫོང་འཛིན་ཚུལ་ཟབ་པའང་ཡིན་ནོ། །བཟླས་སྔགས་ཀྱི་དོན་ནི། ཨོཾ་ཨཱཿཧཱུྃ་ནི་རྡོ་རྗེ་གསུམ་གྱི་ས་བོན་གྱི་ཐོག་དྲངས་ཏེ་བཛྲ་ནི་མཚན་རྟོག་གི་སྤྲོས་པས་མི་ཕྱེད་པའི་ཆོས་སྐུ་སྣང་མཐའ་དང༌། མ་ཧཱ་ནི་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་བདེ་ཆེན་གྱི་ཡོན་ཏན་དང་ལྡན་པ་ལོངས་སྐུ་ཐུགས་རྗེ་ཆེན་པོ། གུ་རུ་ནི་དེ་ཉིད་གདུལ་བྱ་ཐུན་མོང་ཐུན་མིན་ཀུན་ཕྱོགས་སུ་མ་ལྷུང་བའི་ཕྲིན་ལས་ཀྱི་འདུལ་བའི་སྤྲུལ་སྐུའི་ཚུལ་དུ་བྱོན་པ་པདྨ་འབྱུང་གནས། ཨརྩིག་ནི་ཤིན་ཏུ་ཁྲོ་བ། ནིརྩིག་ནི་རབ་ཏུ་ཁྲོས་པ་ཞེས་དགོངས་འདུས་རྣམ་བཤད་ལས་གསུངས་པས་ཆོས་ཉིད་ཀྱི་རང་ངོ་སྤང་བྱ་དང་ལྷན་ཅིག་གཟོད་ནས་མི་གནས་པ་ཆོས་སྐུ་ངང་གིས་ཁྲོས་པ་ལ་ཤིན་ཏུ་ཁྲོས་པ། སྟོང་ཆ་ཤེས་རབ་ཀྱི་རྩལ་ཁྲོ་བོའི་རྣམ་པར་བསྟན་པས་གདུག་པ་ཅན་འདུལ་ཕྱིར་ཐུགས་རྗེའི་ཤུགས་ཀྱིས་ཁྲོས་པ། ལོངས་སྐུ་རང་སྣང་གི་གཙོ་བོ་སྤྱིར་སེམས་ཅན་ཐམས་ཅད་བྱེ་བྲག་གི་གདུལ་བྱ་བདུད་དང་རུ་ཏྲ་སོགས་འདུལ་ཕྱིར་ཐུགས་སྙིང་རྗེ་ཆེན་པོའི་གར་དགུས་བརྗིད་པའི་ཁྲོ་བོ་ལྟར་བཅོས་པ་སྤྲུལ་སྐུའི་ཁྲོ་བོ་སྟེ་གཟུགས་སྐུ་གཉིས་རྣམ་པ་དང༌། ངོ་བོ་གཉིས་ཀ་ཁྲོ་བོར་བསྟན་པས་རབ་ཏུ་ཁྲོས་པ་སྟེ། སྐུ་གསུམ་དབྱེར་མེད་པའི་སྐུ་གསུང་ཐུགས་རྟ་གུར་ཁྱུང་གསུམ་འདྲིལ་བའི་སྔགས་དངོས་ནི། ཨོཾ་ནི་རིགས་ཀྱི་ཁྱབ་བདག་ཡེ་ཤེས་ལྔ་ལྡན་ཉིད་གསུང་རྡོ་རྗེ་པདྨ་གར་དབང༌། ཧྲཱིཿ རྟ་མགྲིན་དེ་ཉིད་དྲག་པོའི་སྐུར་བསྟན་པ། ཧཱུྃ་དེ་ལས་ཆེར་ཁྲོས་ཤིང་འཆོལ་བའི་ཕྲིན་ལས་མྱུར་རྣོན་ཅན་གུར་དྲག །ཁྲོཾ་ལས་ཀྱི་ཕོ་ཉ་ཁྱུང་ཅེས་པ་ལ་ངོས་བཟུང་དགོས་ཏེ། གདོན་ཁྲོལ་དུ་ཡང་ཡང་འབྱུང༌། ཕཊ་ཁྲོ་རྒྱལ་གསུམ་གྱི་ནུས་སྟོབས་ཀྱིས་མི་མཐུན་ཕྱོགས་ཐམས་ཅད་གཏོར་ཤིག་ཅེས་དང་ལྷག་མ་གུ་རུ་དྲག་པོའི་སྔགས་སོ། །མདོར་ན་རིག་འཛིན་སྤྱི་སྙིང་དང་གུར་དྲག་རྟ་ཁྱུང་གཅིག་དྲིལ་ཏེ། རིག་འཛིན་འདུས་པའི་སྐབས་སུ་སྒྲུབ་པ་པོའི་རྒྱུད་ལྷ་སྔགས་ཡེ་ཤེས་ཀྱིས་བྱིན་གྱིས་བརླབ་པས་དངོས་གྲུབ་ཀྱིས་སྣང་རྒྱུད་དུ་བྱེད་ཕྱིར་བཛྲ་གུ་རུའི་བསྙེན་པ། དངོས་གྲུབ་དངོས་སུ་སྒྲུབ་པའི་ནུས་པ་བསྐྱེད་བྱེད་སྒྲུབ་སྔགས་རིག་འཛིན་སྤྱི་སྙིང༌། ལས་སྦྱོར་ནི་བསྙེན་སྒྲུབ་གཉིས་ལས་སྒྲུབ་པའི་རྗེས་འབྲེལ་དུ་སྦྱོར་ཆོག་པས་འདིར་ལས་སྒྲུབ་ཀྱི་ལྷ་ཡིན་པས་སྒྲུབ་སྔགས་རིག་འཛིན་སྤྱི་སྙིང་དང་དམིགས་བསལ་རྟ་གུར་ཁྱུང་གསུམ་ཕྲིན་ལས་ཀྱི་ལྷ་ཀུན་འདྲིལ་དུ་སྦྱར་བས་རིག་འཛིན་སྤྱི་སྙིང་བསྙེན་པ། རྟ་གུར་ཁྱུང་གསུམ་སྒྲུབ་པ། ཕཊ་ལས་སྦྱོར་ཏེ་སྔགས་འདི་ཙམ་ནི་བསྙེན་སྒྲུབ་ལས་གསུམ་གཅིག་དྲིལ་དུ་གོ་རུང་ངོ་སྙམ། དེ་རྣམས་ལ་ཏིང་འཛིན་རྣམ་གསུམ་དང་དག་དྲན་སོགས་བསྐྱེད་པ་ལྷ་ཡི་ཏིང་ངེ་འཛིན་གྱི་གཟེར། སྔགས་དོན་དང་ལྷ་སྔགས་དབྱེར་མེད་དུ་བཤད་པ་སོགས་སྙིང་པོ་སྔགས་ཀྱི་གཟེར། ལྷ་སྔགས་ཐམས་ཅད་ཆོས་ཉིད་གཅིག་གི་རོལ་པར་ལམ་དུ་ཁྱེར་ཚུལ་རྣམས་དགོངས་པ་མི་འགྱུར་བའི་གཟེར། འོད་ཟེར་སྤྲོ་བསྡུའི་སྐོར་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ཡིན་ཚུལ་ཡང་ཤེས་པར་བྱ་སྟེ་སླའོ། །དུམ་བུ་གསུམ་པ་ཛཔ་དགོངས་ཀྱི་སྐོར་ཚོའོ། །དུས་ནམ་ཡང་གུ་རུ་རིན་པོ་ཆེ་མཁྱེན་སྙམ་པའི་མོས་གུས་དུང་ངེ་བ་དང༌། རིག་འཛིན་ཧེ་རུ་ཀའི་ཞིང་སྐུའི་སྣང་ཞེན་མི་འབྲལ་བ་སྲོག་ལྟར་གཅེས། སྐབས་ཅི་རིགས་པར་འདི་ཉིད་ཀྱི་ཐུགས་དམ་བསྐུལ་བའི་གསོལ་འདེབས་གྲངས་བསགས་བྱེད་ན་དབང་གི་གནད་ཡིག་ལྟར་ཚིག་བདུན་གསོལ་འདེབས་ལ་བྱས་ཤིང༌། བསམ་པ་མྱུར་འགྲུབ་ཀྱང་ཤིན་ཏུ་འབྱོར་བས་ཐུན་མཚམས་སུ་ཡང་དམིགས་པ་རྒྱུན་མི་གཅོད་པ་ཡང་ཡང་གསལ་སྣང་བསྐྱེད་དེ་ཏིང་ངེ་འཛིན་ཁ་གསོ་བ་ལ་སློབ་ཞེས་མཁས་གྲུབ་གཏེར་སྟོན་ཆེན་པོ་མངའ་རིས་པཎ་ཆེན་སྐུ་མཆེད་གཉིས་ཀྱིས་གསུངས་ཏེ། ཕྱི་གཙུབ་ཤིང་གི་མེ་སྒྲུབ་པ་ལ་ངལ་བསོ་མེད་པར་འབད་རྩོལ་དགོས་པ་བཞིན་དུ་ནང་བསམ་གཏན་གྱི་མེ་ལའང་འདྲ་བས་གནད་ཆེ་བར་གོ །ནད་གདོན་མར་ལྟ་བུར་འགའ་ཞིག་བཟླས་བརྗོད་ཀྱི་མེ་མཐུ་ཆུང་དང་ཡུན་ཐུང་ངུ་ཞིག་གིས་བཞུ་བར་ནུས་མོད། ལྕགས་ལྟ་བུ་འགའ་ཞིག་བཞུ་བ་ལ་སྟོབས་ལྡན་དང་ཡུན་བསྲིང་བ་དགོས་པས་ངང་ཐུང་མི་བྱ། གདོན་དང་པོར་སློང་རྟགས་སུ་ན་ཚ་སོགས་ཤུགས་ཆེ་རུ་འགྲོ་བ་དང༌། ཉམས་རྨིས་རྩུབ་པ་དང༌། བར་དུ་ཆུམ་རྟགས་སུ་གདོན་དཔའ་སྙིང་ཆག་སྟེ་འཚུབ་སྣང་ཞི་ཞིང་གུས་འདུད་སོགས་འགྱུར་བ། ཐ་མ་ཐུལ་རྟགས་བཀའ་ཉན་སྲོག་སྙིང་ཕུལ་བ། ནད་གདོན་ལས་གྲོལ་བ་སོགས་སོ་སོར་འོང་བ་བཤད་པའི་རྣམ་དབྱེ་འབྱེད་དགོས། རེ་དོགས་མང་ན་བགེགས་འཇུག་ཅིང་གདོན་བྱིངས་ཆེ་ན་དང་པོ་ཐུལ་རྟགས་འབྱུང་བ་ལ་མངོན་རློམས་ཞུགས་ན་སླར་གནོད་ཚབ་ཆེར་བྱེད་པ་སོགས་རྟགས་མཚན་ཕྱིན་ཅི་ལོག་གི་མགོ་སྐོར་འོང་བ་ཡང་བཤད་པས་རྟགས་བཟང་ངན་ཅི་བྱུང་ཡང་རེ་དོགས་དང་དགའ་བྲོད་འཇིགས་ཞུམ་གང་ཡང་མ་ཤོར་བར་ནམ་མཁའ་མདུང་བསྐོར་ལྟར་བྱ། ཉམས་དང་རྣམ་རྟོག་ཆེར་འཕྲོ་བ། གོང་དུ་དྲངས་པའི། གདོན་ཀྱང་རང་སེམས་འཁྲུལ་པའི་རྩལ༔ སོགས་ལྟར་གང་ཤར་རིག་པའི་རང་རྩལ་དང༌། རང་སྣང་ཡེ་ཤེས་ཀྱིས་འཁོར་ལོར་རྩལ་སྦྱང་བྱ་ཞིང༌། ཐོག་བརྫིས་ཀྱི་བརྟུལ་ཞུགས་ཀྱང་རྒྱགས། དེ་ཙམ་དུ་མ་ཟད། དངོས་འཛིན་གྱི་མེ་རོ་སྐད་ཅིག་ཀྱང་མི་སློང་བར་མཉམ་བཞག་ཏུ་ལྷའི་གསལ་སྣང་དང་རྗེས་ཐོབ་ཀྱི་སྤྱོད་ཡུལ་ཐམས་ཅད་སྒྱུ་མ་ལྟ་བུའི་དཔེ་བཅུའི་ཚུལ་ལྟར་ཤེས་པའི་རྣལ་འབྱོར་གྱིས་སྣང་བའི་དངོས་ཞེན་ཟིལ་གྱིས་གནོན་པ། འོག་མིན་བགྲོད་པར་ལམ་ཁྱེར་ཤེས་པ་བཅུ་གསུངས་པའི་གནད་དོན་ཡིན། རིག་འཛིན་བསྙེན་ཡིག་ཏུ་མཚམས་ཀྱི་ཀུན་སྤྱོད་གཏོར་མཆོད་ཕོངས་མེད་དུ་འབུལ་བ་སྦྱིན་པ། དམ་བཅའ་རིས་སུ་མི་བོར་བ་ཚུལ་ཁྲིམས། དཀའ་སྤྱད་བྲེ་གཞོག་གི་དབང་དུ་མི་གཏོང་བ་བཟོད་པ། སོས་དལ་དུ་སྐད་ཅིག་ཀྱང་མི་གཏོང་བ་བརྩོན་འགྲུས། ལྷའི་གསལ་སྣང་གིས་ཐ་མལ་གྱིས་འཛིན་རྟོག་ལ་མི་གཡེང་པ་བསམ་གཏན། ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤེས་པ་ཤེས་རབ་སྟེ་ཕར་ཕྱིན་དྲུག་དང་སྦྱར་ནས་གསུངས་པ་དང༌། གབ་བྱང་ལས་ཀུན་བཟང་སྤྱོད་པ་ལྔས་བསྙེན་སྒྲུབ་ཀྱི་གནས་དང་ཡོ་བྱད་ལྷ་སྔགས་གྲོགས་དམ་ཚིག་སོགས་རྣམ་པར་དག་དགོས་པ་བསྟན་ཅིང༌། འོག་མིན་བགྲོད་པར་ལྷ་སྔགས་དང་སྒྲུབ་ཐབས་སྟེར་བའི་བླ་མ་ལ་མོས་གདུང་རྒྱུན་མི་གཅོད་པ་དང༌། ཏིང་ངེ་འཛིན་གྱི་མཐུན་རྐྱེན་སྒྲུབ་པ། མི་མཐུན་ཕྱོགས་འདོར་བ། སྤྱོད་ལམ་ཀུན་ཏུ་ཏིང་འཛིན་མི་གཏོང་བ། ཡི་དམ་མི་སྤོང་བ། སྣོད་མིན་ལ་སྒོམ་སྤྱོད་ཀྱི་གསང་བ་མི་སྟོན་པའི་དམ་ཚིག་དྲུག་གསུངས་པས་མཚོན་བསྙེན་དུས་ཀྱི་སྤང་བླང་སྟོན་པའི་སྐོར་རྣམས་བཤགས་སྦྱང་གཏོང་བ་ཁ་སྐོང་ཞི་བའི་སྦྱིན་སྲེག་བྱེད་ན་ཡེ་ཤེས་མེ་ལྕེ་སྦྱོར། ལྷ་སྔགས་ལས་བྱུང་བའི་དྲོད་ཚད་རྙེད་པ་ལ་རྟག་འགྲུས་ཀྱི་བརྩོན་འགྲུས་གཉིས་པོ་འཛོམས་དགོས་པས་བསྙེན་མཚམས་བསྡམ་པ་ངེས་པར་དགོས་ཤིང༌། ཕྱིས་སུའང་ལྷའི་ཐུགས་རྒྱུད་འཁུལ་བ་དང༌། བྱིན་རླབས་ཀྱི་རྒྱུན་གསོ་ཞིང་གོང་དུ་འཕེལ་བ་སོགས་ཀྱི་ཆེད་དུ་ཆགས་མེད་ཀྱི་དམ་བཅའ་བཟུང༌། དེར་མ་ཟད་གདོན་ཐུལ་རྟགས་དང་ལྷ་ཉེ་བའི་མཚན་མ་ཅི་རིགས་མཐོང་ནས་རང་ལ་བར་ཆད་ཀྱིས་མི་ཚུགས་སྙམ་པ་ཡོད་དེ། གཡུལ་དུ་མཚོན་ཆས་མི་ཆོམས་པ་ལ་གོ་ཆ་ཡོད་པས་མི་ཆོག །ལུས་ལ་གྱོན་པ་དགོས་པ་ལྟར་བཟླས་བསྒོམ་མི་གཡེལ་བ་གལ་ཆེ། བསྙེན་པ་རྫོགས་ནས་གསང་རྫོགས་ཀྱི་རྒྱུད་ལས་གསུངས་པ་ལྟར་འོད་ཟེར་སྤྲོ་བསྡུས་ལྡེ་ཁ་བསྒྱུར་ཚུལ་དང༌། སྔགས་ལ་སྤེལ་ཚིག་གང་འདོད་སྦྱར་བ་ཙམ་གྱིས་ལས་སྣ་ཚོགས་ཤིག་འགྲུབ་ལ་བསྐྱེད་རིམ་སྤྲིང་ཡིག་བྱེད་ན་ཕྱོགས་བཅུའི་གདོན་ཚོགས་ལ་སྤྲིང་བ་ལྷ་མ་ཡིན་གྱི་གཏོར་སྦྱར་ན་འཐད་དོ། །ལྷག་བསམ་དག་པས་དེ་ལྟ་བུའི་ཚུལ་གྱིས་བསྟན་འགྲོའི་དོན་རྒྱ་ཆེར་སྤྱོད་པའམ་ཨོ་རྒྱན་རིན་པོ་ཆེ་མཛད་ཕྲིན་གྱིས་འཕྲོ་བསྐྱང་བར་འགྱུར་བས་ལེགས་མོད་ཀྱི་སྐལ་ལྡན་མཆོག་ནི་ཚེ་ཐུང་འདིར་ལས་སྒྲུབ་ཀྱི་ནང་དུ་མགོ་མི་འཁོར་བར་མཐོང་བའི་ཆོས་ལ་རིག་འཛིན་གྱི་ས་བགྲོད་པའམ་དེ་མ་བྱུང་ཡང་ཕྱི་མ་ཟངས་མདོག་དཔལ་རིར་ཐོགས་མེད་དུ་འགྲོ་བའི་གསང་ལམ་དམ་པར་བཟུང་ནས་དངོས་གྲུབ་མཆོག་གི་འབྱོར་བ་རྒྱས་པར་བྱེད་དོ། །དུམ་བུ་བཞི་པ་རྗེས་སྤྱོད་སོགས་ཀྱི་སྐོར་ཚོའོ། །ལར་ཀློང་ཆེན་སྔ་ཕྱིའི་ཆོས་འདི་དག་དགོངས་གཏེར་གྱི་རྒྱལ་པོ་ཡིན་ཏེ། སྔ་མ་གཞན་དུ་ཤེས། ཕྱི་མ་ཆོས་ཀྱི་བབ་ལུགས་ཀྱི་སྒྲོམ་ནས་འོད་གསལ་སྙིང་ཐིག་ལམ་གནད་ཀྱི་ཕྱུག་པའི་གཟེར་བུ་ཐེབ་ངེས་པ་རྟོགས་བརྗོད་ཆུ་ཟླའི་ནང་བཞུགས་ཏེ་བལྟ་ཤེས་ན་ཡ་མཚན་པོ་ཡོད། གཏེར་ཁ་སོ་སོར་བཀའ་བབ་ཀྱི་སྒོས་ཁྱད་རེ་ཡོད་པ་ལས། ཀུན་མཁྱེན་ཕྱི་མ་འདི་རྫོགས་ཆེན་སྙིང་ཐིག་རིག་འཛིན་བླ་མའི་སྒྲུབ་སྐོར་གྱི་བཀའ་བབས་སུ་ལུང་བསྟན་བཀའ་རྒྱས་བསྟན་པ་ལྟར་ཉིད་ཀྱིས་གསུངས་ཏེ། འདིའི་ཐུགས་རྗེ་ཆེན་པོ་དང༌། བཀའ་བརྒྱད་སེང་གདོང་སོགས་བླ་མའི་གསང་སྒྲུབ། རིག་འཛིན་ཐུགས་སྒྲུབ། རིག་འཛིན་ཡུམ་བཀའི་གསང་སྒྲུབ་སོགས་ཟེར་བ་དེ་ཡིན་ནོ། །ཡང་རྗེ་འདིས་དགོངས་འདུས་རྣམ་བཤད་རྩོམ་དུས་དབུ་གཙུག་ནས་རྟ་སྐད་འཚེར་བ། གུ་རུ་རིན་པོ་ཆེའི་པདྨ་དབང་ཆེན་ཞེས་མཚན་བཏགས་པ། མཐེ་བོང་ཐུགས་སྲོག་ཧྱ་ཡིས་མཚན༔ ཞེས་པ་མཁའ་འགྲོས་ངོ་སྤྲད་པ། རྟ་མགྲིན་གྱི་རྣལ་འབྱོར་ལ་བརྩོན་པའི་སྐབས་སུ་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཉིད་ཀྱི་བདེན་དོན་གཟིགས་པར་གསུངས་པ་སོགས་ཀྱི་རྒྱུ་མཚན་ལས་རྟ་མགྲིན་གྲུབ་པའི་དཔའ་བོར་ཤེས་སོ། །ཀློང་སྙིང་འདིར་གུར་དྲག་མཐིང་དམར་གཉིས་གསུངས་པའི་དྲག་མཐིང་བླ་མ་བཀའ་བརྒྱད་དུ་བྱས་པ་དང་དྲག་དམར་རྟ་ཁྱུང་གཉིས་དང་སྦྲག་ནས་གསུངས་ལ། བྱ་སླ་ཁྱེར་བདེ་བྱིན་རླབས་ཆེ༔ ཞེས་ལྟ་བུའི་ཕྱི་མ་སྟེ། པདྨ་གསུང་ལ་རྩལ་འདོན་ན་ལྷག་པར་ཡང་དེ་ཟབ་བོ། །དེ་ལྟར་ན་རིག་འཛིན་ཆོས་འདིའི་དགོངས་གཏེར་གྱི་བླ་མ་རིག་འཛིན་རྟ་མགྲིན་དང་སྦྲགས་པའི་སྒྲུབ་གཞུང་ཞིག་ཉམས་སུ་ལེན་རྒྱུ་བྱུང་ན་རྣོ་ནུས་གཞན་དང་མི་འདྲ་ཞིང༌། རྟ་མགྲིན་ཁམས་གསུམ་རོལ་པ་སོགས་ཀྱང་རིག་འཛིན་ཐུགས་སྒྲུབ་ཀྱི་སྐོར་ཡིན་ཡང༌། །དེ་ལྟར་གུ་རུ་ནི་ཞི་དྲག་གང་གི་མིང་འདོགས་མི་བྱེད་ཀྱི། ཁྱད་པར་བླ་མ་དྲག་པོ་རྟ་མགྲིན། ཁྱུང་ཐམས་ཅད་གཅིག་དྲིལ་དུ་དེ་རྣམས་རྫོགས་པ་ལ་རྟ་ཁྱུང་འབར་བ་འདི་རང་ཕུལ་དུ་བྱུང་བར་མཐོང་ངོ༌། །དེས་ན་ལས་གཞུང་དང་གནད་ཡིག་གཉིས་ཀར། ཤིན་ཏུ་ཡང་ཟབ་ཐུགས་ཀྱི་གཏེར། ཞེས་གུ་རུ་ཉིད་ཀྱིས་ཟབ་པར་བསྔགས་པས། ཕ་མེས་ཀྱི་རྡོ་རྗེ་ལག་བརྒྱུད་ཙམ་མ་ཡིན་པར་བརྒྱུད་པ་དང་ཆོས་ཀྱི་རྒྱུས་ལ་བྱང་བར་བྱས་ན་དད་པས་ཁམས་སོས་པར་འགྱུར་རོ། །རྗེ་བཙུན་བོད་འབངས་འགྲོ་ལ་ལྷག་པར་བརྩེ། ད་དུང་བོད་འདིར་གདུལ་བྱའི་ལྷག་མ་མཆིས། འདི་ལྟར་སྤྱན་འདྲེན་སྦྱོར་བ་བཤམས་ནུས་ན། པདྨའི་འཛུམ་ཞལ་མྱུར་དུ་མཇལ་བར་ངེས། རྟ་ཁྱུང་འབར་བའི་བསྙེན་ཐོ་རིན་པོ་ཆེ་སྒྲོན་མེ་ཞེས་བྱ་བ་བྱ་རྒན་ཚོགས་པའི་ནགས་རྒན་མར། རྡོ་རྒན་གྱིས་བྲིས་པ། སྔགས་རྒན་མང་པོས་བརྡུང་རྒྱུ་རྔ་རྒན་དུ་གྱུར་ཅིག །ལྕགས་ཕག་ཁྲུམས་ཟླར་བྱས་པ། སྤྲིང་ཡིག་བྱེད་ན། སྟེང་དུ་ཕྱག་རྟགས་འོག་ཏུ་སྤྲིང་ཡིག་འབྲི། ཕྱག་རྟགས་ནི་ཕྱག་མཚན་གཉིས་པའམ། བསྡུ་ན་རྡོ་རྗེ་རྭ་གདེངས་མེ་འབར་གཅིག་ཏུ་བྱ། སྒོ་གོང་ངམ་གནོད་པའི་ཕྱོགས་སུ་བསྟན་ནོ། །ཞེས་ཀུན་མཁྱེན་འཇིགས་མེད་བསྟན་པའི་ཉི་མའི་གསུང་གི་བརྩམ་གཞིར་སོང་བས་ཚིག་སྣ་བསྡུས་ཆེས་ཏེ། བློ་དམན་གྱི་གོ་དཀའ་ཕྱིར་ཞལ་གསལ་དུ་སྤྲོས་ཞེས་གྲུབ་ཆེན་སྐུ་ཕྲེང་བཞི་པ་འཇིགས་མེད་ཀུན་བཟང་ཐུབ་བསྟན་ཕྲིན་ལས་དཔལ་བཟང་གི་ཞབས་རིམ་པ་དད་མོས་ལྡན་པ་དགེ་སློང་སངས་རྒྱས་ནས་ཡང་ཡང་བསྐུལ་ངོར་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་ལྷོ་འབྲུག་རྒྱལ་ཁབ་ཀྱི་བྱེ་བྲག་རྟ་བབ་བདེ་ཆེན་རྩེར་རང་གི་གོ་ཚོད་ཅི་ནུས་སུ་གཟུ་ལུམ་སྤང་ཏེ་དད་མོས་ཀྱིས་བྲིས་པའི་དགེ་བས་འབྲེལ་ཚད་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཡེ་ཤེས་བྱ་ཁྱུང་རྒན་འདུས་སྔ་འགྱུར་གྱི། །སྔགས་རྒན་བཀའ་གཏེར་ཤིང་རྟ་རྡོ་རྒན་གསུང༌། །སྔགས་རྒན་མང་བརྡུང་ཆོས་རྒན་ལྷའི་རྔ་རྒན། །ཁམས་རྒན་གྱིས་བརྡུང་ཕྱོགས་ལས་རྣམ་རྒྱལ་ཤོག། །། | |||
}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | |||
</ | <headertabs/> | ||
== Footnotes == | |||
<references/> | |||
==Other Information== | |||
{{Footer}} | |||
[[Category:DKR-KABUM-Volume-13-PA]] | [[Category:DKR-KABUM-Volume-13-PA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Latest revision as of 08:09, 1 June 2024
Wylie title | rta khyung 'bar ba'i bsnyen tho rin chen sgron me | |
---|---|---|
Location | dil mgo mkhyen brtse bka' 'bum Volume 13, Text 22, Pages 324-344 (Folios 1a to 21b5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇིགས་མེད་གླིང་པ་ ('jigs med gling pa) | |
Citation | Khyentse, Dilgo. Rta khyung 'bar ba'i bsnyen tho rin chen sgron me. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 13: 324-344. Delhi: Shechen Publications, 1994. | |
Genre | Recitation Manual - bsnyen yig · Records - tho | |
Cycle | བླ་མ་དྲག་པོ་རྟ་ཁྱུང་འབར་བ་ (bla ma drag po rta khyung 'bar ba) | |
Parent Cycle | ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le) | |
Colophon |
།ཞེས་ཀུན་མཁྱེན་འཇིགས་མེད་བསྟན་པའི་ཉི་མའི་གསུང་གི་བརྩམ་གཞིར་སོང་བས་ཚིག་སྣ་བསྡུས་ཆེས་ཏེ། བློ་དམན་གྱི་གོ་དཀའ་ཕྱིར་ཞལ་གསལ་དུ་སྤྲོས་ཞེས་གྲུབ་ཆེན་སྐུ་ཕྲེང་བཞི་པ་འཇིགས་མེད་ཀུན་བཟང་ཐུབ་བསྟན་ཕྲིན་ལས་དཔལ་བཟང་གི་ཞབས་རིམ་པ་དད་མོས་ལྡན་པ་དགེ་སློང་སངས་རྒྱས་ནས་ཡང་ཡང་བསྐུལ་ངོར་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་ལྷོ་འབྲུག་རྒྱལ་ཁབ་ཀྱི་བྱེ་བྲག་རྟ་བབ་བདེ་ཆེན་རྩེར་རང་གི་གོ་ཚོད་ཅི་ནུས་སུ་གཟུ་ལུམ་སྤང་ཏེ་དད་མོས་ཀྱིས་བྲིས་པའི་དགེ་བས་འབྲེལ་ཚད་སློབ་དཔོན་ཆེན་པོ་སངས་རྒྱས་གཉིས་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཡེ་ཤེས་བྱ་ཁྱུང་རྒན་འདུས་སྔ་འགྱུར་གྱི། །སྔགས་རྒན་བཀའ་གཏེར་ཤིང་རྟ་རྡོ་རྒན་གསུང༌། །སྔགས་རྒན་མང་བརྡུང་ཆོས་རྒན་ལྷའི་རྔ་རྒན། །ཁམས་རྒན་གྱིས་བརྡུང་ཕྱོགས་ལས་རྣམ་རྒྱལ་ཤོག། | |
/zhes kun mkhyen 'jigs med bstan pa'i nyi ma'i gsung gi brtsam gzhir song bas tshig sna bsdus ches te/_blo dman gyi go dka' phyir zhal gsal du spros zhes grub chen sku phreng bzhi pa 'jigs med kun bzang thub bstan phrin las dpal bzang gi zhabs rim pa dad mos ldan pa dge slong sangs rgyas nas yang yang bskul ngor 'jigs med mkhyen brtse'i 'od zer gyis lho 'brug rgyal khab kyi bye brag rta bab bde chen rtser rang gi go tshod ci nus su gzu lum spang te dad mos kyis bris pa'i dge bas 'brel tshad slob dpon chen po sangs rgyas gnyis pas rjes su 'dzin pa'i rgyur gyur cig_/ye shes bya khyung rgan 'dus snga 'gyur gyi/_/sngags rgan bka' gter shing rta rdo rgan gsung*/_/sngags rgan mang brdung chos rgan lha'i rnga rgan/_/khams rgan gyis brdung phyogs las rnam rgyal shog/ |