DKR-KABUM-10-THA-024: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-024
No edit summary
m (Text replacement - "Khyentse Metadata" to "Text")
 
(3 intermediate revisions by 2 users not shown)
Line 1: Line 1:
{{WyliePageHeader}}
{{Text
 
|classification=Tibetan Publications
<div class="wylie-content"
|subclass=Tibetan Texts
 
|sectionheading=No
|fulltitletib=བླ་ཕུར་ཐུགས་ཀྱི་ཐིག་ལེ་ལས༔ ཕྲིན་ལས་རྒྱས་པ་དཔལ་ཆེན་དགྱེས་གླུ།
|fulltitle=bla phur thugs kyi thig le las: phrin las rgyas pa dpal chen dgyes glu
|citation=[[Khyentse, Dilgo]]. ''Bla phur thugs kyi thig le las: phrin las rgyas pa dpal chen dgyes glu''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 102-113. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=Kangyur Rinpoche
|sourcerevealertib=ཀློང་ཆེན་ཡེ་ཤེས་རྡོ་རྗེ་
|tibgenre=Activity Practices - las tshogs, Sadhanas - Evocation Ritual - sgrub thabs
|terma=Yes
|dkroutline=Three
|deity=rdo rje phur pa
|cycle=bla phur thugs kyi thig le
|cycletib=བླ་ཕུར་ཐུགས་ཀྱི་ཐིག་ལེ་
|language=Tibetan
|volumenumber=010
|volnumtib=༡༠
|volyigtib=ཐ་
|totalvolumes=25
|textnuminvol=024
|pagenumbers=102-113
|totalpages=24
|beginfolioline=1a
|endfolioline=12b6
|totalfolios=12
|multivolumework=No
|rectonotes=phrin rgyas
|versonotes=bla phur thugs thig
|colophontib=ཅེས་པའང་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་ཟབ་གཏེར་གྱི་ཉིང་ཁུ་སྤ་གྲོ་སྟག་ཚང་རྡོ་རྗེའི་བྲག་གི་ཀེའུ་ཚང་ནས་གསང་གཏེར་དུ་བཞེས་པའི་བླ་ཕུར་ཐུགས་ཀྱི་ཐིག་ལེ་ལ་དབང་གི་རྩ་ཐོ་ཙམ་ལས་གཏན་ལ་ཕབ་མ་མཛད་པས་དབང་འཇུག་བདེ་ཞིག་གལ་ཆེ་བས་ཁྱེད་ནས་འབྲི་བར་འོས་ཞེས་རྗེ་བླ་མའི་གསང་ཡུམ། སྐུ་གསུང་ཐུགས་ཀྱི་སྲས་ལྕམ་དྲལ་རྣམས་ནས་རྟེན་དང་བཅས་ཏེ་བཀའ་ནན་བསྩལ་བ་ལྟར་སྙིང་བཅགས་ཞུས་པ་དབང་ཟིན་སྟ་གོན་དངོས་གཞི་བཅས་གསུངས་པ། ལས་བྱང་རྒྱས་ཙམ་ཞིག་མ་བྱུང་ཐབས་མེད་སེམས་པ་བཞིན་ལྕགས་སྤྲེལ་ཆུ་སྟོད་ཟླ་བའི་ཚེས་བཅུར་ལྷོ་མོན་སྤ་གྲོ་སྟག་ཚང་དཔལ་ཕུག་ཏུ་ག་ཎ་ཙཀྲ་འབུམ་ཕྲག་དང༌། སྣང་གསལ་གྱི་མཆོད་པ་ཆིག་འབུམ་བཅས་འབུལ་སྐབས་གནས་དུས་ཆོས་གྲོགས་ཀྱི་རྟེན་འབྲེལ་བཟང་པོའི་མཚམས་སྦྱར་ཏེ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བྲིས་པ་འདིས་ཀྱང་སྙིགས་དུས་བསྟན་འགྲོ་ལ་ཕན་པའི་དབུགས་འབྱིན་ཁྱད་པར་ཅན་ཐོབ་པའི་རྒྱུར་མཚོ་སྐྱེས་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།  རྗེས་འཇུག་རྣམས་ཀྱི་ཉམས་ལེན་ནི། རྗེ་བླ་མའི་རྡོ་རྗེའི་གསུང་ཕྲིན་ལས་དཔལ་ཆེན་རང་རྫོགས་ཉིད་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པ་ཁོ་ན་གཅེས་སོ།  །འདི་ལ་བརྒྱུད་འདེབས་སྨན་མཆོད་བསྐང་བ་སོགས་རྗེ་བླ་མའི་གསུང་སྦྱར་བར་བྱའོ།།  །དགེའོ།།
|colophonwylie=ces pa'ang mkhas shing dngos grub brnyes pa'i rdo rje slob dpon chen po klong chen ye shes rdo rje'i zab gter gyi nying khu spa gro stag tshang rdo rje'i brag gi ke'u tshang nas gsang gter du bzhes pa'i bla phur thugs kyi thig le la dbang gi rtsa tho tsam las gtan la phab ma mdzad pas dbang 'jug bde zhig gal che bas khyed nas 'bri bar 'os zhes rje bla ma'i gsang yum/_sku gsung thugs kyi sras lcam dral rnams nas rten dang bcas te bka' nan bstsal ba ltar snying bcags zhus pa dbang zin sta gon dngos gzhi bcas gsungs pa/_las byang rgyas tsam zhig ma byung thabs med sems pa bzhin lcags sprel chu stod zla ba'i tshes bcur lho mon spa gro stag tshang dpal phug tu ga Na tsakra 'bum phrag dang*/_snang gsal gyi mchod pa chig 'bum bcas 'bul skabs gnas dus chos grogs kyi rten 'brel bzang po'i mtshams sbyar te pad+ma gar dbang 'od gsal mdo sngags gling pas bris pa 'dis kyang snyigs dus bstan 'gro la phan pa'i dbugs 'byin khyad par can thob pa'i rgyur mtsho skyes rgyal ba sras dang bcas pas byin gyis brlab tu gsol/__rjes 'jug rnams kyi nyams len ni/_rje bla ma'i rdo rje'i gsung phrin las dpal chen rang rdzogs nyid byin rlabs kyi gzi byin ma nyams pa kho na gces so/__/'di la brgyud 'debs sman mchod bskang ba sogs rje bla ma'i gsung sbyar bar bya'o//__/dge'o//
|pdflink=File:DKR-KABUM-10-THA-024.pdf
}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
 
{{TibP|༄༅། །བླ་ཕུར་ཐུགས་ཀྱི་ཐིག་ལེ་ལས༔ ཕྲིན་ལས་རྒྱས་པ་དཔལ་ཆེན་དགྱེས་གླུ་བཞུགས། །
skya__bla phur thugs kyi thig le las:_phrin las rgyas pa dpal chen dgyes glu bzhugs/_/
<br>
 
༄༅། །ཁྲག་འཐུང་ཡོངས་རྫོགས་ལྷ་ལ་འདུད༔ བདག་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་གཟུགས༔ དཀྱིལ་འཁོར་བདག་པོ་གཉིས་སུ་མེད༔ རྡོ་རྗེ་ཕུར་པའི་རྒྱུད་ལུང་དང༔ མན་ངག་ཀུན་གྱི་བཀའ་ཡང་བབ༔ ཤིན་ཏུ་ཟབ་པའི་མཐར་ཐུག་ནི༔ བླ་མ་ཡི་དམ་དབྱེར་མེད་དུ༔ སྒྲུབ་པའི་གསེང་ལམ་རྨད་བྱུང་བ༔ ངོ་མཚར་ཆེན་པོའི་ཟབ་རྒྱའི་ཆོས༔ སྒྲུབ་པའི་རིམ་པ་རྨད་བྱུང་བསྟན༔ ས་མ་ཡ༔ འདི་ལ་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་ཤིས་ཤིང་དབེན་པའི་གནས༔ ཡིད་དང་མཐུན་པའི་དག་ཏུ་ནི༔ བསྒྲུབ་པའི་རྟེན་རྣམས་ཚོགས་བྱས་ཏེ༔ ཐོག་མར་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཧེ་རུ་ཀ་དཔལ་བླ་མ་རྗེ༔ དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་རིམ་པ་ནི༔ ཧོ༔ མ་རྟོགས་ཐ་མལ་འཁྲུལ་པའི་འགྲོ༔ ཡེ་ཤེས་དབྱིངས་སུ་སྒྲོལ་བའི་ཕྱིར༔ དཔལ་ཆེན་ལྷ་སྔགས་ཏིང་འཛིན་གྱིས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ གསུམ་པ་ཡན་ལག་བདུན་འབུལ་བ༔ ཧོ༔ སྐྱེ་མེད་ཆོས་སྐུའི་དབྱིངས་ཉིད་ལས༔ མ་གཡོས་ཡེ་ཤེས་འགག་མེད་རྩལ༔ དཔལ་ཆེན་རྡོ་རྗེ་ཕུར་པ་ཡི༔ རྩ་གསུམ་ལྷ་ལ་གུས་ཕྱག་འཚལ༔ ཀུན་བཟང་མཆོད་པ་རྒྱ་མཚོའི་མཆོད༔ སྡིག་ལྟུང་འགལ་འཁྲུལ་ཐམས་ཅད་བཤགས༔ འཁོར་འདས་དགེ་ལ་རྗེས་ཡི་རང༔ ཟབ་རྒྱས་ཆོས་ཀྱི་སྨིན་གྲོལ་ཕྱིར༔ རྡོ་རྗེའི་གསང་གསུམ་རྟག་བཞུགས་གསོལ༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ༔ འགྲོ་ཀུན་སྲིད་ཞི་ལས་གྲོལ་ཤོག༔ བཞི་པ་འགལ་རྐྱེན་བགེགས་བསལ་བ༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་པར་འདྲེན༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་ན༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་བཅུའི༔ ཀླད་པ་ཚལ་པ་བརྒྱ་རུ་ཁོལ༔ དེ་བས་དམ་ལ་མ་འདའ་བར༔ བྱིན་པའི་གཏོར་མ་འདི་ཁྱེར་ལ༔ རྒྱ་མཚོ་ཆེན་པོའི་ཕ་མཐར་དེངས༔ ཧཱུྃ་བཞིའི་སྔགས་དང་སྤུ་གྲི་བརྗོད༔ ཐུན་དང་དམིགས་པས་གཟིར་སྟེ་བསྐྲད༔  ལྔ་པ་སྲུང་བས་མཚམས་བཅད་ནི༔ ཧཱུྃ༔ སྤྲུལ་པའི་ཕོ་ཉ་སྤྲོ་བསྡུ་ཡིས༔ སྣང་སྲིད་ཕུར་པའི་ཞིང་དུ་གྱུར༔ ཀུན་ཀྱང་དགོངས་པ་མི་གཡེལ་བས༔ ལྷ་སྔགས་ཡེ་ཤེས་དབྱེར་མེད་པའི༔ རང་བྱུང་དཀྱིལ་འཁོར་ཆེན་པོར་ཤར༔ ཨོཾ་བཛྲ་རཀྵ་རཀྵ་བྷྲཱུྃ༔  དྲུག་པ་བརྡ་སྒོ་ཕྱག་འཚལ་བ་ནི༔ ཧཱུྃ༔ སྣོད་བཅུད་གདོད་ནས་དཀྱིལ་འཁོར་ལྷ༔ རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ༔ དག་པའི་སྣོད་བཅུད་སྒོ་དབྱེ་ཞིང༔ གཉིས་མེད་མཉམ་པའི་བརྡ་ཕྱག་འཚལ༔ སརྦ་མཎྜལ་བྷྲཱུྃ་པྲ་བེ་ཤ་ཡ་ཕཊ྄༔ ན་མོ་ན་མ་མི༔  བདུན་པ་བྱིན་ཆེན་དབབ་པའི་ཕྱིར༔ གདུང་བའི་ཤུགས་བསྐྱེད་སྤོས་རོལ་བཅས༔ དར་དང་ཞིང་གི་གཡབ་དོར་ཞིང༔ རྐང་གླིང་རོལ་མོ་དབྱངས་དང་བཅས༔ ཧཱུྃ༔ ཆོས་དབྱིངས་རང་བྱུང་བརྡལ་བ་ཆེ༔ ཡེ་ཤེས་དཀྱིལ་འཁོར་ལྷ་ཡི་དལ༔ འགག་མེད་གཟུགས་ཀྱི་སྐུར་བཞེངས་ལ༔ དབང་བསྐུར་བྱིན་ཕོབ་རྟགས་མཚན་སྟོན༔ བརྒྱུད་གསུམ་བླ་མ་རིག་འཛིན་ཚོགས༔ དགོངས་བརྒྱུད་རིག་པའི་རྩལ་བསྐྱེད་ལ༔ རྟོགས་པ་དོན་བརྒྱུད་ཆོས་ཀྱི་སྐུའི༔ བྱིན་ཆེན་ཕོབ་ལ་དབང་བསྐུར་ཅིག༔ གྲུ་གསུམ་མཐིང་ནག་ཨེ་ཡི་ཀློང༔ ངེས་པ་ལྔ་དང་ལོངས་སྤྱོད་རྫོགས༔ རྡོ་རྗེ་གཞོན་ནུ་དཀྱིལ་འཁོར་ལྷས༔ གནས་འདིར་བྱིན་ཕོབ་རྟགས་མཚན་སྟོན༔ ཕྱོགས་བཅུ་དག་པའི་ཞིང་ཁམས་ནས༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་དང༔ ཕྲ་ཕྱག་སྒོ་མའི་ཚོགས་བཅས་ཀྱིས༔ བྱིན་ཕོབ་དབང་བསྐུར་དངོས་གྲུབ་སྩོལ༔ ཟླ་གམ་སྐུ་གསུང་ཐུགས་དབྱིངས་ནས༔ སྤྲུལ་པའི་སྲས་མཆོག་ཉི་ཤུ་གཅིག༔ སྒྲོལ་བྱེད་ཡཀྵ་ཀྲོ་དྷ་ཡིས༔ ཁམས་གསུམ་དབྱིངས་སྒྲོལ་བྱིན་ཆེན་ཕོབ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྒོ་སྐྱོང་ཕུར་སྲུང་དབང་མོ་སོགས༔ གནས་ཡུལ་མཁའ་འགྲོ་ཆོས་སྐྱོང་གིས༔ ཕྲིན་ལས་ཐོགས་མེད་བྱིན་ཕོབ་ཅིག༔ རྩ་གསུམ་ལྷ་ཚོགས་མ་ལུས་ཀུན༔ རྡོ་རྗེའི་སྐུ་ཡི་གར་སྟབས་བསྒྱུར༔ རང་བྱུང་སྔགས་སྒྲ་ཕཻཾ་ཧྲཱིཾ་ཛ༔ བདེ་སྟོང་གཟི་བྱིན་ཆེར་བསྐྱེད་ལ༔ མེ་ཏོག་ཆར་དང་སྤོས་སྤྲིན་ངད༔ ས་གསུམ་ཁྱབ་པར་མཛད་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་རྣམས་ལ་དབང་བཞི་དབང་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ས་པ་རི་ཝཱ་ར་ཛྙཱ་ན་ཨ་བཻ་ཤ་ཡ་ཨ་ཨ༔ ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཕཻཾ་ཕཻཾ་ཕཻཾ༔  བརྒྱད་པ་མཆོད་པ་བྱིན་རླབས་ནི༔ ཧཱུྃ་ཧྲཱིཿ སྣོད་བཅུད་རྣམ་དག་འོག་མིན་ཞིང༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེར༔ ཕྱི་ནང་གསང་བ་བླ་མེད་པའི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་མཎྜ་ལ་ཧཱུྃ་ཕཊ྄༔ སོ་སོར་ལན་གསུམ་བརྗོད་དེ་སྤེལ༔ ས་མ་ཡ༔  གཉིས་པ་དངོས་ཀྱི་ལས་རིམ་ལ༔ དང་པོ་ཏིང་འཛིན་རྣམ་གསུམ་བསྒོམ༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ རྡོ་རྗེ་སྟོང་པ་ཉིད་ཀྱི་དབྱིངས༔ འཁོར་དང་མྱ་ངན་འདས་པའི་སྲོག༔ ཀུན་ལ་ཁྱབ་ཅིང་ཀུན་ལས་འདས༔ ཐམས་ཅད་བྱེད་པོ་ང་ཉིད་དོ༔ དེ་ལྟར་མ་རྟོགས་ཡིད་ཅན་རྣམས༔ འཁྲུལ་པ་ལུ་གུ་རྒྱུད་དུ་འཁྱམས༔ སྙིང་རྗེའི་དེ་ཀུན་བསྒྲལ་བྱའི་ཕྱིར༔ ཀུན་སྣང་ཐུགས་རྗེ་མཁའ་ཁྱབ་བརྡལ༔ སྟོང་པའི་སྲོག་ནི་སྙིང་རྗེའི་ཕྱིར༔ ཟུང་འཇུག་མི་གནས་ཡེ་ཤེས་ཆེ༔ ཧཱུྃ་ཡིག་སྲོག་གི་གོ་རུ་བསྒོམ༔ ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔ གཉིས་པ་སྣོད་བཅུད་ལྷར་བསྐྱེད་ནི༔ རྒྱུ་ལས་ཨེ་ཡཾ་རཾ་སུཾ་བྷྲཱུྃ༔ ཁ་དོག་ལྔ་ལྡན་ཡུམ་ལྔའི་དབྱིངས༔ རྡོ་རྗེ་བཙུན་མོའི་མཁའ་རུ་ཤར༔ རྡོ་རྗེ་རྡུལ་འཐས་བརྡལ་བའི་སྟེང༔ དུར་ཁྲོད་བརྒྱད་དང་པདྨ་ཉི༔ ཕྱི་རོལ་སྲུང་བའི་གུར་གྱིས་གཏམས༔ ནང་དུ་སྣ་ཚོགས་རྡོ་རྗེའི་ལྟེར༔ རིན་ཆེན་ལས་གྲུབ་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞིའི་བརྩེགས་པ་ཅན༔ ནང་དུ་ཐོད་པ་སྐམ་རློན་རྙིད༔ མེ་འབར་དུད་འཐུལ་ཤུགས་གླུ་ལེན༔ གནམ་ལྕགས་གཟེར་བཏབ་ཁྲག་ཀྱང་འཛག༔ ཕ་གུ་དྲྭ་བ་ཕྱེད་འཕྱང་འཕྲུལ༔ པུ་ཤུའི་སྟེང་དུ་ཞིང་གི་འཕན༔ རོ་སྐྲའི་རྔ་ཡབ་ཙིཏྟའི་ཏོག༔ རྒྱུ་མའི་དྲྭ་ཕྱེད་འཕྱང་འཕྲུལ་ལ༔ གཡེར་ཁའི་སྒྲ་ལས་ཆོས་ཀྱང་སྟོན༔ དབུས་ཕྱུར་མ་ཧཱ་རུ་ཏྲ་ཡི༔ ཐོད་པས་ཐོག་ཕུབ་རྩེ་མོ་རུ༔ རྡོ་རྗེ་ནོར་བུའི་འོད་ཟེར་འཕྲོ༔ གཞལ་ཡས་ནང་གི་ལྟེ་བ་རུ༔ གནམ་ལྕགས་འཁོར་ལོ་རྩིབས་བཅུའི་མཐར༔ ཐོད་པ་སྐམ་པོའི་མུ་ཁྱུད་ཟླུམ༔ དབུས་སུ་གྲུ་གསུམ་རྣམ་ཐར་གསུམ༔ མཚོན་པའི་ཟླ་གམ་མདུན་གཡས་གཡོན༔ རྡོ་རྗེའི་བྲག་ཆེན་ལྷ་ཆེན་པོ༔ ཁྱོ་ཤུག་བསྣོལ་བའི་སྟེང་ཉིད་དུ༔ ཧཱུྃ་ཡིག་ཐོག་ལྟར་བབ་པ་ཉིད༔ སྤྲོ་བསྡུས་གནམ་ལྕགས་རྡོ་རྗེར་གྱུར༔ དེ་ཉིད་ཡོངས་གྱུར་བཅོམ་ལྡན་འདས༔ རྡོ་རྗེ་གཞོན་ནུ་དཔལ་ཆེན་པོ༔ མཐིང་ནག་ནམ་མཁའ་དྭངས་མའི་མདོག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ཐིང་ནག༔ སྒེག་པ་རྔམས་ཤིང་འཇིགས་སུ་རུང༔ སྤྱན་དགུ་བགྲད་ཅིང་སྡང་མིག་གཟིར༔ རྫི་སྨིན་སྨ་ར་མེ་བཞིན་འབར༔ མཆེ་གཙིགས་ལྗགས་འདྲིལ་ཧཱུྃ་དང་ཕཻཾ༔ ང་རོ་དྲག་པོའི་རྒོད་ཅིང་གཤེ༔ ཐོད་སྐམ་ལྔས་བརྒྱན་རལ་པ་བརྫེས༔ ཐོར་ཚུགས་རྡོ་རྗེའི་ཏོག་གིས་མཚན༔ ཕྱག་དྲུག་གཡས་ཀྱི་དང་པོ་གཉིས༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་གདེང༔ གཡོན་པས་མེ་དཔུང་ཁ་ཊྭཱཾ་གསོར༔ ཐ་གཉིས་རི་རབ་ཕུར་འདྲིལ་བས༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་འཁྱུད༔ སྐུ་ཆེ་ཡན་ལག་རགས་པ་ལ༔ དཔལ་དང་དུར་ཁྲོད་ཆས་ཐམས་ཅད༔ རྫོགས་པས་བསྐལ་པའི་མེ་དབུས་འགྱིང༔ ཡུམ་ཆེན་རྔམས་པ་ཁྲོ་སྒེག་མཛེས༔ གཡས་པ་ཨུཏྤལ་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་ཁྲག་གཡས་ཞལ་སྟོབ༔ གཞོན་སྒེག་ནུ་འབུར་བྷ་ག་རྒྱས༔ གཅེར་བུ་གཟིག་ཤམ་ཐོད་སྐམ་ཕྲེང༔ རུས་པའི་རྒྱན་མཛེས་རལ་པ་འཕྱང༔ ཐོད་སྐམ་དབུ་རྒྱན་ཞབས་གཡས་བརྐྱང༔ གཡོན་བསྐུམ་དཔལ་གྱི་སྐུ་ལ་འཁྲིལ༔ བདེ་སྟོང་མཉམ་པ་ཆེན་པོར་སྦྱོར༔ ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས༔ རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ༔ འཆོལ་བའི་ཁྲོ་རྒྱལ་སྐུར་བཞེངས་པ༔ འཇིགས་མཛད་རྡོ་རྗེ་གྲོ་བོ་ལོད༔ དམར་སྨུག་གཏུམ་རྔམས་ཨཾ་གཙིགས་བསྡམ༔ སྤྱན་གསུམ་ཟླུམ་འཁྱིལ་སྨར་སྨིན་འབར༔ རབ་བྱུང་ཆ་ལུགས་རུས་རྒྱན་དང༔ མི་མགོའི་དོ་ཤལ་འཕྱང་ཞིང་གཡོ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གདེང༔ གཡོན་པས་གནམ་ལྕགས་ཕུར་པ་གཟིར༔ ཞབས་གཉིས་དོར་སྟབས་མཆིལ་ལྷྭམ་བཅས༔ པད་ཉི་རྒྱལ་བསེན་བརྫིས་པ་ཡི༔ སྟག་ཆེན་གྲུས་མའི་སྟེང་ན་འགྱིངས༔ སྐུ་ལ་རྡོ་རྗེ་མེ་དཔུང་དང༔ ཧཱུྃ་རཾ་ཕཊ྄་ཀྱི་ཚྭ་ཚྭ་འཕྲོ༔ གཙོ་བོ་ཡབ་ཡུམ་བདེ་སྟོང་གི༔ སྦྱོར་མཚམས་བྱང་ཆུབ་སེམས་ཀྱི་སྤྲིན༔ ཧཱུྃ་ཡིག་བཅུ་སྤྲོས་འཁོར་ལོའི་རྩིབས༔ འཁོད་པ་ཁྲོ་རྒྱལ་བཅུ་རུ་གྱུར༔ སྟེང་དུ་ཧཱུྃ་ཀར་སྒྲ་འབྱིན་སྔོ༔ ཕྲ་མེན་ཕག་དང་སྨིགས་བུའི་མགོ༔ ཤར་དུ་རྣམ་རྒྱལ་སྙེམས་མ་དཀར༔ ཕྲ་མེན་སྟག་དང་བྱ་རྒོད་མགོ༔ ཤར་ལྷོ་དབྱུག་སྔོན་སྡེར་མོ་སྔོ༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ ལྷོ་རུ་གཤིན་རྗེ་དུར་ཁྲོད་མཐིང༔ ཕྲ་མེན་ཤ་བ་འུག་པའི་མགོ༔ ལྷོ་ནུབ་མི་གཡོ་གཏུན་ཁུང་ནག༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ ནུབ་ཏུ་རྟ་མགྲིན་གཏུམ་མོ་དམར༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ནུབ་བྱང་འདོད་རྒྱལ་མདའ་སྙེམས་དམར༔ ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ བྱང་ཕྱོགས་བདུད་རྩི་རླུང་འབྱིན་ལྗང༔ ཕྲ་མེན་སེང་གེ་ཕ་ཝང་མགོ༔ བྱང་ཤར་འདོད་རྒྱལ་གསོད་བྱེད་ནག༔ ཕྲ་མེན་དོམ་དང་སྲེ་མོང་མགོ༔ འོག་ཕྱོགས་སྟོབས་ཆེན་བསྐྱོད་དུད་ཁ༔ ཕྲ་མེན་དྲེད་དང་བྱི་བའི་མགོ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཀྱི༔ ཕྲིན་ལས་དོན་རྟགས་ཕུར་པ་འདྲིལ༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཕྱོགས་སྐྱོང་ཕོ་མོའི་གདན་ལ་འགྱིང༔ ཕྲ་མེན་ཉི་ཤུ་གཅེར་བུ་ལ༔ སྦྲུལ་དང་རུས་པའི་རྒྱན་དང་བཅས༔ ལྕགས་ཀྱུ་ཕུར་འདྲིལ་གར་གྱིས་རྒྱུན༔ ཡེ་ཤེས་མེ་འོད་ཀློང་ན་གསལ༔ ཟླ་གམ་གསུམ་ལ་སྐུ་གསུང་ཐུགས༔ གཙོ་བོའི་གནས་ལྔར་སྲས་མཆོག་ལྔ༔ སྐུ་སྟོད་ཞལ་གསུམ་ཕྱག་ཀྱང་དྲུག༔ དཀར་དམར་མཐིང་སེར་ལྗང་ནག་གཟུགས༔ གཡས་གཉིས་དགྲ་སྟྭ་ཁ་ཊྭཱཾ་དང༔ གཡོན་གཉིས་འཁོར་ལོ་རྡོ་རྗེ་ནོར༔ པདྨ་རྒྱ་གྲམ་གཏུན་ཤིང་བཅས༔ མཐའ་གཉིས་ཀུན་ཀྱང་ཕུར་པ་འདྲིལ༔ སྐུ་སྨད་གནམ་ལྕགས་ཕུར་པའི་དབལ༔ ཉམས་པའི་སྙིང་བཏབ་སྐུ་ཡི་ཁྱོན༔ དུར་ཁྲོད་དཔལ་ཆས་ཡོངས་སུ་རྫོགས༔ ཆུ་སྲིན་ཁ་ནས་སྡིག་སྦྲུལ་ལྕགས༔ མེ་ཟེར་ཁྲོ་ཆུའི་ཁ་ཕྲུ་འདེབས༔ སྒོ་བཞིར་སྐྱ་ག་པུ་ཤུད་དང༔ སྲིན་བྱ་ཁྲ་ཡི་མགོ་ཅན་བཞི༔ དཀར་སེར་དམར་ལྗང་གཡས་རང་རྟགས༔ གཡོན་པས་ཕུར་འདྲིལ་ཞབས་གར་སྟབས༔ གཅེར་བུ་ཁྲོ་མོའི་ཆས་དང་ལྡན༔ མུན་རན་ཨེ་ཝཾ་མཱ་ཡ་ལས༔ ཤྭ་ན་བདག་ཉིད་ས་བདག་བཞི༔ མཐུ་དང་རྫུ་འཕྲུལ་གློག་ལས་མྱུར༔ རང་རང་རྒྱན་དང་ཕྱག་མཚན་འཛིན༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས༔ གཙོ་དང་འཁོར་གྱི་ཚུལ་སྣང་ཡང༔ དོན་ལ་དབྱིངས་རིག་གཉིས་མེད་པ༔ གཙོ་མཆོག་རྒྱལ་པོ་ཉིད་དུ་རྫོགས༔ ལྷ་ཚོགས་ཀུན་གྱི་གནས་གསུམ་དུ༔ རྡོ་རྗེའི་ཡིག་འབྲུ་དཀར་དམར་མཐིང༔ མཚོན་པའི་སྤྲོ་བསྡུས་སྐུ་གསུང་ཐུགས༔ སངས་རྒྱས་ཀུན་དང་གཉིས་མེད་གྱུར༔ ཨོཾ་མ་ཧཱ་ཀཱ་ཡ་བཛྲ་ཨོཾཿ ཨཱཿམ་ཧཱ་ཝཱཀ་བཛྲ་ཨཱཿ ཧཱུྃ་མ་ཧཱ་ཙིཏྟ་བཛྲ་ཧཱུྃ༔ སྤྱི་བོའི་གནས་ལྔའི་ཡི་གེ་ལྔའི༔ རིགས་ལྔ་ཡབ་ཡུམ་བཅུར་གྱུར་པའི༔ བྱང་སེམས་རྒྱུན་གྱིས་དབང་བསྐུར་བས༔ གདན་གསུམ་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་པྲ་ཏྱབེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔  གསུམ་པ་ཡེ་ཤེས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་ངང་ནས་འབར་བའི་སྐུ༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ ཁྲོ་བཅུ་ཕྲ་ཕྱག་སྲས་སྒོ་མ༔ བདུད་འདུལ་འབར་བའི་སྐུར་བཞེངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་སྟོན་པ་དང༔ བདུད་བགེགས་བར་ཆད་དབྱིངས་སུ་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བྃ་ཧོཿ བཞི་པ་དམ་ཡེ་བརྟན་བཞུགས་ནི༔ ཧཱུྃ༔ ཡེ་ཤེས་ཕུར་པའི་ལྷ་ཚོགས་ནི༔ དབྱིངས་དང་འདུ་འབྲལ་མེད་པའི་ཕྱིར༔ དམ་ཡེ་གཉིས་སུ་མེད་པ་ཡི༔ དགྱེས་པ་ཆེན་པོས་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ལྔ་པ་གུས་པའི་ཕྱག་གིས་འདུད༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ བདུད་འདུལ་ཀརྨ་ཧེ་རུ་ཀ༔ ཡེ་ཤེས་སྤྲུལ་པའི་དཀྱིལ་འཁོར་གསུམ༔ དད་པའི་བློ་ཡི་ཕྱག་གིས་འདུད༔ ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ཧོཿ དྲུག་པ་ཕྱི་ནང་གསང་མཆོད་འབུལ༔ ཧཱུྃ༔ རང་བྱུང་ཁྲོ་རྒྱལ་ཆེན་པོ་ལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ རྡོ་རྗེའི་དབང་པོ་སིམ་བྱེད་རྫས༔ ཀུན་ནས་ཀུན་ཏུ་འཕྲོ་བས་མཆོད༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཀཱི་ལ་ཡ་མཎྜལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ ཤབྡ་སརྦ་པཱུ་ཛ་ས་མ་ཡ་ཧོཿ ཧཱུྃ༔ དགྲ་བགེགས་བསྒྲལ་བ་ལས་བྱུང་བའི༔ དབང་པོའི་མེ་ཏོག་ཚིལ་ཆེན་སྤོས༔ ཞུན་གྱི་མར་མེ་མཁྲིས་སྣའི་ཆབ༔ ཤ་རུས་ཞལ་ཟས་རྐང་གླིང་འབུལ༔ མ་ཧཱ་རུ་ཏྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་ཤྨ་ཤཱ་ན་སརྦ་པཱུ་ཛ་ཧོཿ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་ཕུད༔ འདོད་ཡོན་རྨད་བྱུང་གཏོར་མའི་བཅུད༔ ཁམས་གསུམ་དབྱིངས་སྒྲོལ་རཀྟ་ཆེས༔ ཁྲག་འཐུང་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཨཱ་ཧཱུྃ༔ ཧཱུྃ༔ ཁྲོ་མོ་ཡུམ་གྱི་མཁའ་དབྱིངས་ཨེར༔ ཐབས་ཀྱི་རྡོ་རྗེས་བརྡུངས་བྱས་ནས༔ གཉིས་མེད་བདེ་ཆེན་སྦྱོར་བ་དང༔ ཆགས་སྡང་སྒྲོལ་བའི་ལས་ཀྱིས་མཆོད༔ ཏ་ན་ག་ཎ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ བདུན་པ་བསྟོད་ཅིང་གསོལ་བ་གདབ༔ ཧཱུྃ༔ ཚོགས་བརྒྱད་དབྱིངས་སུ་བསྒྲལ་བ་ཡི༔ ཡེ་ཤེས་ཀློང་དགུའི་རིགས་ཀུན་བདག༔ ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྐུ༔ བླ་མ་འཆོལ་བའི་ཁྲོ་རྒྱལ་བསྟོད༔ དབྱིངས་ཡེ་གཉིས་མེད་དཔལ་ཆེན་པོ༔ དབང་དང་སྟོབས་བཅུའི་ཁྲོ་རྒྱལ་བཅུ༔ ཚད་མེད་མཐར་ཕྱིན་ཕྲིན་ལས་བཞིས༔ དོན་མཛད་སྒོ་མ་སྲས་མཆོག་བསྟོད༔ སྟོང་པའི་ཡེ་གདངས་ཕྲིན་ལས་རྩལ༔ རྣོ་མྱུར་ནུས་པས་ས་ལམ་སྤོར༔ བདེ་ཆེན་མཆོག་སྟེར་ཌཱ་ཀི་མ༔ མཁའ་འགྲོའི་ཚོགས་སུ་ཤར་ལ་བསྟོད༔ རྣམ་འགྱུར་འཇིག་རྟེན་མ་མོའི་ཚུལ༔ དོན་ལ་དཔལ་གྱི་རྣམ་པར་རོལ༔ བདེན་དོན་དག་པའི་བཀའ་སྲུང་ཆེ༔ དམ་ཅན་སྲུང་མའི་ཚོགས་ལ་བསྟོད༔ ཡེ་ཤེས་དབྱིངས་ལས་འབར་བའི་སྐུ༔ ཞེ་སྡང་རྡོ་རྗེ་ཕྲིན་ལས་ལྷ༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་འདུད་ཅིང་བསྟོད༔ བདག་གི་ལྷག་པའི་ལྷ་གཅིག་པུ༔ ཁྱོད་ཀྱི་ཡེ་ཤེས་སྒྱུ་མ་ལ༔ བསྟོད་ཅིང་གསོལ་བ་བཏབ་པའི་མཐུས༔ བྱིན་རླབས་དངོས་གྲུབ་མཐའ་དག་སྩོལ༔ བརྒྱད་པ་བཟླས་པ་སྔགས་ཀྱི་ཚུལ༔ བསྙེན་སྒྲུབ་ལས་ཀྱི་དང་པོ་ནི༔ བྱིན་རླབས་བླ་མའི་བསྙེན་པ་སྟེ༔ མོས་གུས་གདུང་བའི་ཤུགས་ཀྱིས་བསྐུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ མཚུངས་མེད་བླ་མ་ཐུགས་རྗེའི་གཏེར༔ ཁྱོད་ནི་དུས་ངན་སྙིགས་མའི་སྐྱབས༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ དྲག་པོ་ཁྲོ་རྒྱལ་འཆོལ་བའི་སྐུ༔ རྡོ་རྗེ་གྲོ་ལོད་དབྱིངས་ནས་བཞེངས༔ དུས་ངན་སྙིགས་མའི་སྐྱེ་འགྲོ་རྣམས༔ དུག་གསུམ་འཆོལ་བའི་རྒྱུ་འབྲས་ལས༔ བྱུང་བའི་ནད་མཚོན་མུ་གེ་ཡིས༔ མནར་བཞིན་རེ་ལྟོས་ཁྱེད་ལ་འཆའ༔ གདུང་བས་ཕ་གཅིག་འབོད་ལ་དགོངས༔ ལྔ་བརྒྱའི་སེམས་ཅན་སྐྱོབ་པ་ཡི༔ ཞལ་བཞེས་བསླུ་བ་མེད་པ་ཡིས༔ རྡོ་རྗེའི་ཐ་ཚིག་དེང་བསྐུལ་ན༔ མཁྱེན་བརྩེ་ནུས་པའི་རྩལ་སྤྲུགས་ལ༔ བྱིན་གྱིས་རློབས་ཤིག་གུ་རུ་རྗེ༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ ངག་ལ་གསུང་གི་ནུས་པ་སྩོལ༔ སེམས་ལ་དགོངས་པས་རྟོགས་པ་སྤོར༔ ཡེ་ཤེས་དབྱིངས་སུ་དབྱེར་མེད་མཛོད༔ གསོལ་བཏབ་ཐུགས་དམ་རྒྱུད་བསྐུལ་བས༔ ཡེ་ཤེས་སེམས་དཔའི་གནས་གསུམ་ལས༔ ཧཱུྃ་ཡིག་དཀར་དམར་མཐིང་གསུམ་སྤྲོས༔ ལུས་ངག་ཡིད་ཀྱི་སྒྲིབ་པ་དང༔ ནད་གདོན་བར་ཆད་གཞོབ་ཐུལ་བསྲེགས༔ བྱད་ཕུར་རྦོད་གཏོང་ཐལ་བར་བརླག༔ རིག་འཛིན་བླ་མའི་གསང་གསུམ་དང༔ གཉིས་སུ་མེད་པར་བྱིན་རླབས་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བླ་མ་ཡི་དམ་དབྱེར་མེད་པའི༔ བསྙེན་སྔགས་ཁྱད་པར་ཧཱུྃ་ལྔའི་གླུས༔ བྱིན་རླབས་བཙན་ཐབས་འབེབས་པ་ཡིས༔ ཐབས་ཀྱི་གསེང་ལམ་རྨད་བྱུང་ངོ༔  ས་མ་ཡ༔  གཉིས་པ་ཡི་དམ་སྒྲུབ་པ་ནི༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས༔ གསལ་བརྟན་དག་པ་དྲན་ལ་བསླབ༔ གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས༔ བླ་མ་དྲག་པོའི་ཐུགས་ཀློང་དུ༔ ཉི་སྟེང་རྡོ་རྗེ་ནས་ཙམ་པའི༔ ལྟེ་བར་ཧཱུྃ་མཐར་ཀཱི་ལ་ཡ༔ འབྲུ་དགུའི་བར་དུ་རྟ་མགྲིན་དམར༔ པདྨ་དྲིལ་བུ་འཛིན་པས་སྲུང༔ འོད་འཕྲོས་ཕྱོགས་དུས་རྒྱལ་བ་མཆོད༔ རིག་འཛིན་བླ་མའི་ཐུགས་དམ་བསྐང༔ རྩ་གསུམ་ལྷ་ཡི་བྱིན་རླབས་བསྡུས༔ དམ་ཅན་སྲུང་མ་ལས་ལ་བསྐུལ༔ རིག་དྲུག་སྒྲིབ་སྦྱངས་ལྷ་རུ་སད༔ སྣང་སྲིད་རྡོ་རྗེ་ཕུར་པའི་ཞིང༔ དཀྱིལ་འཁོར་ཆེན་པོ་གཅིག་ཏུ་རྫོགས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས༔ བསྡུས་ཏེ་བདག་མདུན་ཀུན་ལ་ཐིམ༔ གཟི་བྱིན་འོད་དུ་འབར་བར་བསམ༔ ལྷ་སྔགས་ཏིང་འཛིན་ཐམས་ཅད་ཀྱང༔ ཡེ་ཤེས་གཅིག་གི་རོལ་པ་སྟེ༔ སྣང་སྟོང་དབྱེར་མེད་མཉམ་པ་ཉིད༔ ཆུ་ཟླ་འཇའ་ཚོན་ལྟ་བུར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཅེས་བཟླ་སྲོག་སྡོམ་གཟེར་བཞིས་གདབ༔ སྒྲུབ་པ་ཆེན་པོའི་ཏིང་འཛིན་ནི༔ གཙོ་བོའི་འོད་ཀྱིས་ཁྲོ་བཅུ་བསྐུལ༔ སྐུ་སྔགས་ཕྱག་མཚན་སྤྲོ་བསྡུ་ཡིས༔ སྣོད་བཅུད་རྡོ་རྗེ་ཕུར་པའི་ཞིང༔ སྲིད་པ་བརྟན་གཡོ་ལྷ་ཡི་དལ༔ སྐུ་གསུང་ཐུགས་གསུམ་མི་ཕྱེད་པ༔ རང་བྱུང་ཡེ་ཤེས་ཕྱག་རྒྱར་རྫོགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ༔ ཨ་པ་ར་ཛི་ཏེ༔ མ་ར་སེ་ན་པྲ་མརྡྷ་ན་ཡེ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ གཙོ་འཁོར་སྤྱི་དྲིལ་བཟླས་པ་བྱ༔ ས་མ་ཡ༔  གསུམ་པ་ལས་ལ་སྦྱོར་བ་ནི༔ ལྷ་ཚོགས་ཀུན་གྱིས་འོད་ཟེར་ནི༔ ལྗང་ནག་བ་ཐག་ལྟ་བུ་སྤྲོས༔ དགྲ་བགེགས་སྡེ་དཔུང་དང་བཅས་པ༔ ལྷ་དབྲལ་གཟུགས་ལ་དབབ་པ་དང༔ བྱད་དུ་གཞུག་དང་སྨྱོ་རུ་གཞུག༔ རྡུལ་དུ་བརླག་དང་ཞལ་བསྟབ་པའི༔ མངོན་སྤྱོད་ལས་དྲུག་མཐར་ཕྱིན་མོས༔ རྩ་སྔགས་ཉིད་ཀྱི་མགོ་མནན་ཏེ༔ ལས་སྔགས་སྤུ་གྲི་འདི་ཉིད་བཟླ༔ མ་རཀྨོ་ཡཀྨོ༔ ཀཱ་ལ་རུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙིག་ཙིག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷཱ་ཏི་མ་མ་ཀརྨ་ཤྲཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ རྫས་སྔགས་དམིགས་པའི་འཕྲུལ་འཁོར་ནི༔ མན་ངག་ཞལ་ཁྲིད་ཇི་བཞིན་དུ༔ དགོས་པའི་དུས་སུ་གནད་དུ་བརྡེག༔ ས་མ་ཡ༔ རྗེས་རིམ་དང་པོ་ཚོགས་མཆོད་ནི༔ ཞིང་ངམ་གཅན་གཟན་ལྤགས་པའི་སྟེང༔ ཐབས་ཤེས་རྫས་རྣམས་བཅལ་དུ་བཀྲམ༔ རྣལ་འབྱོར་ཕོ་མོའི་ལྟ་གདིང་བསྐྱེད༔ ཐོག་མར་བྱིན་གྱིས་བརླབས་པ་ནི༔ སྟོང་པའི་ངང་ལས་རླུང་མེ་དང༔ ཐོད་སྐམ་སྒྱེད་པུ་གསུམ་གྱི་སྟེང༔ མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ ཤ་ལྔ་བདུད་རྩི་ཐབས་ཤེས་རྫས༔ བསྲེགས་གཏོར་སྦྱངས་ནས་འབྲུ་གསུམ་གྱིས༔ བྱིན་རླབས་རིགས་ལྔའི་དམ་རྫས་གྱུར༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་མགྲོན་ཀུན་སྤྱན་འདྲེན་ནི༔ ཧཱུྃ༔ རབ་འབྱམས་སྐུ་གསུམ་རྒྱལ་བའི་ཚོགས༔ རིག་འཛིན་ལྷ་དང་མཁའ་འགྲོ་ཀུན༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་ཁང་དུར་ཁྲོད་རོལ་པའི་ཞིང༔ ཧེ་རུ་ཀ་དཔལ་མདུན་ས་ཆེ༔ དཔའ་བོ་ཌཱ་ཀི་དགྱེས་པར་འདུ༔ ཀུན་ཀྱང་རྡོ་རྗེའི་བརྟུལ་ཞུགས་སྤྱོད༔ གསང་བ་མཆོག་གི་དམ་ཚིག་ལ༔ དགྱེས་རོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀུ་མཱ་ར་མཎྜ་ལ་ཏྲི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཨེ་ཨ་ར་ལླི་ཕཻཾ་ཕཻཾ་ཧྲཱིཾ་ཧྲཱིཾ་ཛཿཛཿ གསུམ་པ་ཕུད་ཀྱི་མཆོད་པ་ནི༔ ཧཱུྃ༔ དཔལ་ཆེན་དགྱེས་པའི་དམ་ཚིག་རྫས༔ ཟག་མེད་རྡོ་རྗེའི་འདོད་ཡོན་གཏེར༔ བླ་ན་མེད་པའི་མཆོད་པ་ཆེས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བཞི་པ་ཉམས་ཆག་བཤགས་པ་ནི༔ ཧོཿ ཐོག་མེད་བསགས་པའི་སྡིག་ལྟུང་ཚོགས༔ བཤགས་ཤིང་ཚངས་པ་བསྩལ་བའི་ཕྱིར༔ དམ་རྫས་བདུད་རྩིའི་ཚོགས་མཆོད་ཀྱིས༔ མ་ལུས་བྱང་ཞིང་དག་པར་སྩོལ༔ ས་མ་ཡ་ཤུདྡྷེ་ཨཿ ཡིག་བརྒྱ་བཟླ༔ ལྔ་པ་ཉམས་པ་བདུན་བསྒྲལ་ནི༔ ཧཱུྃ༔ རྡོ་རྗེ་ཁྲོས་པའི་ཡེ་ཤེས་མཚོན༔ བདག་རྟོག་རུ་ཏྲར་བཏབ་ཅིང་བསྒྲལ༔ སྡུག་བསྔལ་ཉེར་ལེན་ཤ་ཁྲག་རུས༔ དཔལ་ཆེན་དགྱེས་པའི་ཞལ་དུ་བསྟབ༔ རུ་ཏྲ་ཧ་ལ་པཉྩ་ཛྙཱ་ན་པཱུ་ཛ་ཁཱ་ཧི༔ དྲུག་པ་ཐབས་ཤེས་མཉམ་པའི་རྫས༔ རྣལ་འབྱོར་ལྡན་པས་ལོངས་སུ་སྤྱོད༔ བདེ་སྟོང་ཡེ་ཤེས་རོལ་པ་ཡི༔ ལྟ་དགོངས་ལྡན་པས་བརྟུལ་ཞུགས་སྤྱོད༔  བདུན་པ་ལྷག་མས་བཀའ་སྡོད་བརྔན༔ ཨེ་ཨ་ར་ལླི་ཧོ༔ ཕཻཾ༔ དཔལ་གྱི་བཀའ་སྡོད་དཀྱིལ་འཁོར་སྐྱོང༔ དམ་ལྡན་ཕྲིན་ལས་སྒྲུབ་པ་མོ༔ ལྷག་ལ་དབང་བའི་དྲེགས་ཚོགས་ཀུན༔ ཕམ་ཕབ་ལོངས་ལ་བསྟན་པ་སྲུང༔ མ་མ་ཧྲཱིཾ་ཧྲཱིཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ རྡོ་རྗེའི་རིགས་སྐྱེས་སྨོན་ལམ་དང༔ རྒྱུད་བཀླག་རྡོ་རྗེའི་གླུ་གར་བྱ༔  བརྒྱད་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས༔ ཡེ་ཤེས་ཐུགས་རྗེ་རྩལ་སྤྲུགས་ཏེ༔ བདག་ཅག་རྩེ་གཅིག་སྒྲུབ་ལ་དགོངས༔ རྡོ་རྗེ་སྐུ་གསུང་ཐུགས་ཀྱི་དབྱིངས༔ མི་ཟད་རྒྱན་གྱི་འཁོར་ལོ་ཡི༔ བྱིན་རླབས་དངོས་གྲུབ་ཐོགས་མེད་པས༔ དོན་གཉིས་འབད་མེད་ལྷུན་གྲུབ་མཛོད༔  དགུ་པ་སྲུང་མར་ཆད་ཐོ་བསྒྲགས༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ༔ བར་དུ་བརྒྱུད་གསུམ་བླ་མའི་ཚོགས༔ ཐ་མ་སྨོན་ལམ་དུས་བབ་པས༔ རྒྱུད་གསུང་ཟབ་གཏེར་སྒོ་འབྱེད་ཚེ༔ བསྟན་དང་བསྟན་འཛིན་ལེགས་སྐྱོངས་བའི༔ རྡོ་རྗེའི་ཐ་ཚིག་ཕོག་པ་བཞིན༔ ཡལ་གམ་གཉན་པོ་མ་དྲལ་བའི༔ ཐུགས་དམ་རྗེས་སུ་བསྐུལ་བའི་ཕྱིར༔ གཏོར་མ་འབུལ་བ་འདི་བཞེས་ལ༔ བྱང་ཆུབ་སྒྲུབ་པའི་བར་ཆད་སེལ༔ སྒྲུབ་པའི་སྡོང་གྲོགས་གཡེལ་མེད་མཛོད༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧིཿ  བཅུ་པ་བརྟན་མ་བཤལ་ཆུས་མཆོད༔ ཧཱུྃ༔ སློབ་དཔོན་ཆེན་པོ་པདྨ་ཡིས༔ བཀའ་ཉན་མ་མོ་བརྟན་མའི་ཚོགས༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ ཕུར་པའི་སྒྲུབ་པའི་གྲོགས་མཛོད་ཅིག༔ གསང་ཆེན་བསྟན་པ་སྐྱོང་བ་དང༔ གངས་ཅན་བདེ་བའི་ཕྲིན་ལས་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔  བཅུ་གཅིག་ལས་མཇུག་བྲོ་ཡིས་བསྡུ༔ ཧཱུྃ༔ བདག་ཏུ་ལྟ་བའི་དམ་སྲི་དཔུང༔ རྣམ་ཐར་གསུམ་གྱི་དབྱིངས་སུ་མནན༔ ཆོས་དབྱིངས་དགོངས་པས་རྒྱས་བཏབ་པས༔ ནམ་ཡང་ལྡང་བར་མ་གྱུར་ཅིག༔ སྟྭཾ་བྷ་ཡ་ནན༔  བཅུ་གཉིས་པ་དངོས་གྲུབ་བླང་བ་ནི༔ སྣང་སྲིད་རྡོ་རྗེ་ཕུར་པའི་ལྷས༔ སྲིད་པ་རྡོ་རྗེ་ཕུར་པའི་དལ༔ སྒྲུབ་ཕྱིར་ཡེ་ཤེས་དག་པའི་ལྷས༔ སྲིད་ཞི་མཉམ་པ་ཆེར་སྦྱོར་བས༔ ལས་དང་དངོས་གྲུབ་རབ་འབྱམས་ཀུན༔ ཐོགས་པ་མེད་པར་གྲུབ་པར་མཛོད༔ ཀཱ་ཡ་ཝཱཀ་྄ཙིཏྟ་སརྦ་སིདྡྷི་ཧོཿ  བཅུ་གསུམ་མཆོད་བསྟོད་སྔོན་འགྲོ་བས༔ ནོངས་པ་བཤགས་ཤིང་སོར་ཆུད་ཕྱིར༔ ཧོ༔ བདག་ཅག་ལས་དང་ཉོན་མོངས་ཀྱི༔ དབང་གྱུར་ཆོ་ག་ལྷག་ཆད་འཁྲུལ༔ ཏིང་འཛིན་བྱིང་རྨུག་ནོངས་པའི་ཚོགས༔ འགྱོད་པས་བཤགས་སོ་དག་པར་མཛོད༔ ཨ་ཨ་ཨ༔ ཡིག་བརྒྱ་བརྗོད༔  བཅུ་བཞི་ལྷ་སྣང་བསྡུ་ལྡང་ནི༔ སྣང་བཅས་གཟུགས་སྐུའི་རྟེན་བརྟེན་པ༔ འོད་གསལ་ཆོས་སྐུའི་དབྱིངས་སུ་ཐིམ༔ ཐུགས་རྗེའི་རང་རྩལ་མ་འགག་པ༔ སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ༔ གདོད་ནས་འཕོ་འགྱུར་མ་དམིགས་པའི༔ ཡེ་ཤེས་གཅིག་གི་རྣམ་རོལ་གྱུར༔  བཅོ་ལྔ་བསྔོ་སྨོན་རྒྱས་བཏབ་ཕྱིར༔ ཧོ༔ བསྐྱེད་རིམ་སྲིད་པ་ཕུར་བུ་ཡིས༔ སྣོད་བཅུད་དཀྱིལ་འཁོར་གསུམ་དུ་ཤར༔ མཚན་མ་རྫས་ཀྱི་ཕུར་བུ་ཡིས༔ དགྲ་གསུམ་བདུད་བཞི་དབྱིངས་སུ་སྒྲོལ༔ བདེ་ཆེན་བྱང་སེམས་ཕུར་བུ་ཡིས༔ བདེ་སྟོང་འཕོ་མེད་ཐིག་ལེར་ཐིམ༔ རིག་པ་ཡེ་ཤེས་ཕུར་བུ་ཡིས༔ མི་སློབ་འབྲས་བུའི་མཆོག་ཐོབ་ཤོག༔  བཅུ་དྲུག་ཤིས་བརྗོད་བདེན་ཚིག་ནི༔ ཧོ༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡིས༔ བྱིན་རླབས་ཆར་འབེབས་བཀྲ་ཤིས་ཤོག༔ རབ་འབྱམས་ཡི་དམ་ལྷ་ཚོགས་ཀྱིས༔ དངོས་གྲུབ་མཆོག་སྩོལ་བཀྲ་ཤིས་ཤོག༔ གནས་གསུམ་ཌཱ་ཀི་ཆོས་སྲུང་གིས༔ ཕྲིན་ལས་ཐོགས་མེད་བཀྲ་ཤིས་ཤོག༔ གནས་སྐབས་ལས་བཞི་མྱུར་འགྲུབ་ཅིང༔ མཐར་ཐུག་ཕྱག་རྒྱ་ཆེན་པོ་རྟོགས༔ རང་གཞན་དོན་གཉིས་མཐར་ཕྱིན་པའི༔ བདེ་ལེགས་མཆོག་གི་བཀྲ་ཤིས་ཤོག༔  ས་མ་ཡ༔ བདག་ཉིད་ཆེན་པོ་པདྨ་དང༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་གཉིས༔ གཅིག་ཏུ་དྲིལ་བའི་ཐབས་ཟབ་མོ༔ བྱིན་རླབས་ཚན་ཆེན་ཟབ་ལ་འདྲིལ༔ ཀུན་མཐུན་ཀུན་ལས་ཁྱད་འཕགས་པའི༔ ཡང་ཟབ་ཐུགས་ཀྱི་ཐིག་ལེ་འདི༔ ཤིན་ཏུ་སྙིགས་མའི་གདུལ་བྱ་རྣམས༔ འདུལ་ཕྱིར་རྗེས་སུ་གདམས་པ་བཞིན༔ སྣང་ནས་བསྟན་འགྲོར་ཕན་པར་ཤོག༔  ཅེས་པའང་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་ཟབ་གཏེར་གྱི་ཉིང་ཁུ་སྤ་གྲོ་སྟག་ཚང་རྡོ་རྗེའི་བྲག་གི་ཀེའུ་ཚང་ནས་གསང་གཏེར་དུ་བཞེས་པའི་བླ་ཕུར་ཐུགས་ཀྱི་ཐིག་ལེ་ལ་དབང་གི་རྩ་ཐོ་ཙམ་ལས་གཏན་ལ་ཕབ་མ་མཛད་པས་དབང་འཇུག་བདེ་ཞིག་གལ་ཆེ་བས་ཁྱེད་ནས་འབྲི་བར་འོས་ཞེས་རྗེ་བླ་མའི་གསང་ཡུམ། སྐུ་གསུང་ཐུགས་ཀྱི་སྲས་ལྕམ་དྲལ་རྣམས་ནས་རྟེན་དང་བཅས་ཏེ་བཀའ་ནན་བསྩལ་བ་ལྟར་སྙིང་བཅགས་ཞུས་པ་དབང་ཟིན་སྟ་གོན་དངོས་གཞི་བཅས་གསུངས་པ། ལས་བྱང་རྒྱས་ཙམ་ཞིག་མ་བྱུང་ཐབས་མེད་སེམས་པ་བཞིན་ལྕགས་སྤྲེལ་ཆུ་སྟོད་ཟླ་བའི་ཚེས་བཅུར་ལྷོ་མོན་སྤ་གྲོ་སྟག་ཚང་དཔལ་ཕུག་ཏུ་ག་ཎ་ཙཀྲ་འབུམ་ཕྲག་དང༌། སྣང་གསལ་གྱི་མཆོད་པ་ཆིག་འབུམ་བཅས་འབུལ་སྐབས་གནས་དུས་ཆོས་གྲོགས་ཀྱི་རྟེན་འབྲེལ་བཟང་པོའི་མཚམས་སྦྱར་ཏེ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བྲིས་པ་འདིས་ཀྱང་སྙིགས་དུས་བསྟན་འགྲོ་ལ་ཕན་པའི་དབུགས་འབྱིན་ཁྱད་པར་ཅན་ཐོབ་པའི་རྒྱུར་མཚོ་སྐྱེས་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།  རྗེས་འཇུག་རྣམས་ཀྱི་ཉམས་ལེན་ནི། རྗེ་བླ་མའི་རྡོ་རྗེའི་གསུང་ཕྲིན་ལས་དཔལ་ཆེན་རང་རྫོགས་ཉིད་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པ་ཁོ་ན་གཅེས་སོ།  །འདི་ལ་བརྒྱུད་འདེབས་སྨན་མཆོད་བསྐང་བ་སོགས་རྗེ་བླ་མའི་གསུང་སྦྱར་བར་བྱའོ།།  །དགེའོ།།}}
 
skya__khrag 'thung yongs rdzogs lha la 'dud:_bdag nyid rdo rje thod phreng rtsal:_sangs rgyas kun gyi phrin las gzugs:_dkyil 'khor bdag po gnyis su med:_rdo rje phur pa'i rgyud lung dang:_man ngag kun gyi bka' yang bab:_shin tu zab pa'i mthar thug ni:_bla ma yi dam dbyer med du:_sgrub pa'i gseng lam rmad byung ba:_ngo mtshar chen po'i zab rgya'i chos:_sgrub pa'i rim pa rmad byung bstan:_sa ma ya:_'di la sbyor dngos rjes gsum las:_dang po shis shing dben pa'i gnas:_yid dang mthun pa'i dag tu ni:_bsgrub pa'i rten rnams tshogs byas te:_thog mar skyabs su 'gro ba ni:_na mo:_sangs rgyas kun gyi ye shes sku:_he ru ka dpal bla ma rje:_dkyil 'khor kun gyi byed pa po:_mi phyed gus pas skyabs su mchi:_gnyis pa sems bskyed rim pa ni:_ho:_ma rtogs tha mal 'khrul pa'i 'gro:_ye shes dbyings su sgrol ba'i phyir:_dpal chen lha sngags ting 'dzin gyis:_byang chub mchog tu sems bskyed do:_gsum pa yan lag bdun 'bul ba:_ho:_skye med chos sku'i dbyings nyid las:_ma g.yos ye shes 'gag med rtsal:_dpal chen rdo rje phur pa yi:_rtsa gsum lha la gus phyag 'tshal:_kun bzang mchod pa rgya mtsho'i mchod:_sdig ltung 'gal 'khrul thams cad bshags:_'khor 'das dge la rjes yi rang:_zab rgyas chos kyi smin grol phyir:_rdo rje'i gsang gsum rtag bzhugs gsol:_dge tshogs byang chub snying por bsngo:_'gro kun srid zhi las grol shog:_bzhi pa 'gal rkyen bgegs bsal ba:_hU~M:_nyon cig bgegs dang log par 'dren:_nga yi bka' las 'da' ma byed:_rdo rje gsang ba'i bka' las ni:_sdig can gang zhig 'da' byed na:_stobs chen khro bo chen po bcu'i:_klad pa tshal pa brgya ru khol:_de bas dam la ma 'da' bar:_byin pa'i gtor ma 'di khyer la:_rgya mtsho chen po'i pha mthar dengs:_hU~M bzhi'i sngags dang spu gri brjod:_thun dang dmigs pas gzir ste bskrad:__lnga pa srung bas mtshams bcad ni:_hU~M:_sprul pa'i pho nya spro bsdu yis:_snang srid phur pa'i zhing du gyur:_kun kyang dgongs pa mi g.yel bas:_lha sngags ye shes dbyer med pa'i:_rang byung dkyil 'khor chen por shar:_oM badz+ra rak+Sha rak+Sha b+h+rU~M:__drug pa brda sgo phyag 'tshal ba ni:_hU~M:_snod bcud gdod nas dkyil 'khor lha:_rang bzhin nyid du lhun gyis grub:_dag pa'i snod bcud sgo dbye zhing:_gnyis med mnyam pa'i brda phyag 'tshal:_sarba maN+Dal b+h+rU~M pra be sha ya phaTa?:_na mo na ma mi:__bdun pa byin chen dbab pa'i phyir:_gdung ba'i shugs bskyed spos rol bcas:_dar dang zhing gi g.yab dor zhing:_rkang gling rol mo dbyangs dang bcas:_hU~M:_chos dbyings rang byung brdal ba che:_ye shes dkyil 'khor lha yi dal:_'gag med gzugs kyi skur bzhengs la:_dbang bskur byin phob rtags mtshan ston:_brgyud gsum bla ma rig 'dzin tshogs:_dgongs brgyud rig pa'i rtsal bskyed la:_rtogs pa don brgyud chos kyi sku'i:_byin chen phob la dbang bskur cig:_gru gsum mthing nag e yi klong:_nges pa lnga dang longs spyod rdzogs:_rdo rje gzhon nu dkyil 'khor lhas:_gnas 'dir byin phob rtags mtshan ston:_phyogs bcu dag pa'i zhing khams nas:_bdud 'dul khro bcu yab yum dang:_phra phyag sgo ma'i tshogs bcas kyis:_byin phob dbang bskur dngos grub stsol:_zla gam sku gsung thugs dbyings nas:_sprul pa'i sras mchog nyi shu gcig:_sgrol byed yak+Sha kro d+ha yis:_khams gsum dbyings sgrol byin chen phob:_yum chen 'khor lo rgyas 'debs ma:_sgo skyong phur srung dbang mo sogs:_gnas yul mkha' 'gro chos skyong gis:_phrin las thogs med byin phob cig:_rtsa gsum lha tshogs ma lus kun:_rdo rje'i sku yi gar stabs bsgyur:_rang byung sngags sgra phaiM hrIM dza:_bde stong gzi byin cher bskyed la:_me tog char dang spos sprin ngad:_sa gsum khyab par mdzad dang bcas:_gnas mchog 'di ru byin phob cig:_sgrub mchog rnams la dbang bzhi dbang bskur:_bgegs dang log 'dren bar chad sol:_mchog dang thun mong dngos grub stsol:_oM shrI he ru ka badz+ra kro d+ha kI la ya sa pa ri wA ra dz+nyA na a bai sha ya a a:_hrIM hrIM hrIM:_phaiM phaiM phaiM:__brgyad pa mchod pa byin rlabs ni:_hU~M hrIH_snod bcud rnam dag 'og min zhing:_khrag 'thung rol pa'i dur khrod cher:_phyi nang gsang ba bla med pa'i:_kun bzang mchod sprin rgya mtshor gyur:_oM badz+ra ar+g+haM nas/_shab+da sarba ma hA pU dza AHhU~M:_oM sarba pany+tsa a mr-i ta hU~M hrI Tha:_oM AHhU~M ma hA ba liM ta te dz+wa ba liM ta b+ha la b+ha te gu h+ya sa ma ya swA hA:_oM AHhU~M ma hA rak+ta sa man+ta maN+Da la hU~M phaTa?:_so sor lan gsum brjod de spel:_sa ma ya:__gnyis pa dngos kyi las rim la:_dang po ting 'dzin rnam gsum bsgom:_oM ma hA shU n+ya tA dz+nyA na badz+ra swa b+hA wa at+ma ko\u0f85haM:_rdo rje stong pa nyid kyi dbyings:_'khor dang mya ngan 'das pa'i srog:_kun la khyab cing kun las 'das:_thams cad byed po nga nyid do:_de ltar ma rtogs yid can rnams:_'khrul pa lu gu rgyud du 'khyams:_snying rje'i de kun bsgral bya'i phyir:_kun snang thugs rje mkha' khyab brdal:_stong pa'i srog ni snying rje'i phyir:_zung 'jug mi gnas ye shes che:_hU~M yig srog gi go ru bsgom:_nam mkha'i dkyil nas thig pa shar:_gnyis pa snod bcud lhar bskyed ni:_rgyu las e yaM raM suM b+h+rU~M:_kha dog lnga ldan yum lnga'i dbyings:_rdo rje btsun mo'i mkha' ru shar:_rdo rje rdul 'thas brdal ba'i steng:_dur khrod brgyad dang pad+ma nyi:_phyi rol srung ba'i gur gyis gtams:_nang du sna tshogs rdo rje'i lter:_rin chen las grub gzhal med khang:_gru bzhi sgo bzhi'i brtsegs pa can:_nang du thod pa skam rlon rnyid:_me 'bar dud 'thul shugs glu len:_gnam lcags gzer btab khrag kyang 'dzag:_pha gu drwa ba phyed 'phyang 'phrul:_pu shu'i steng du zhing gi 'phan:_ro skra'i rnga yab tsit+ta'i tog:_rgyu ma'i drwa phyed 'phyang 'phrul la:_g.yer kha'i sgra las chos kyang ston:_dbus phyur ma hA ru tra yi:_thod pas thog phub rtse mo ru:_rdo rje nor bu'i 'od zer 'phro:_gzhal yas nang gi lte ba ru:_gnam lcags 'khor lo rtsibs bcu'i mthar:_thod pa skam po'i mu khyud zlum:_dbus su gru gsum rnam thar gsum:_mtshon pa'i zla gam mdun g.yas g.yon:_rdo rje'i brag chen lha chen po:_khyo shug bsnol ba'i steng nyid du:_hU~M yig thog ltar bab pa nyid:_spro bsdus gnam lcags rdo rjer gyur:_de nyid yongs gyur bcom ldan 'das:_rdo rje gzhon nu dpal chen po:_mthing nag nam mkha' dwangs ma'i mdog:_zhal gsum phyag drug zhabs bzhi bgrad:_g.yas dkar g.yon dmar dbus thing nag:_sgeg pa rngams shing 'jigs su rung:_spyan dgu bgrad cing sdang mig gzir:_rdzi smin sma ra me bzhin 'bar:_mche gtsigs ljags 'dril hU~M dang phaiM:_nga ro drag po'i rgod cing gshe:_thod skam lngas brgyan ral pa brdzes:_thor tshugs rdo rje'i tog gis mtshan:_phyag drug g.yas kyi dang po gnyis:_rdo rje rtse dgu rtse lnga gdeng:_g.yon pas me dpung kha T+wAM gsor:_tha gnyis ri rab phur 'dril bas:_sbyor yum 'khor lo rgyas 'debs 'khyud:_sku che yan lag rags pa la:_dpal dang dur khrod chas thams cad:_rdzogs pas bskal pa'i me dbus 'gying:_yum chen rngams pa khro sgeg mdzes:_g.yas pa ut+pal yab mgul 'khyud:_g.yon pas thod khrag g.yas zhal stob:_gzhon sgeg nu 'bur b+ha ga rgyas:_gcer bu gzig sham thod skam phreng:_rus pa'i rgyan mdzes ral pa 'phyang:_thod skam dbu rgyan zhabs g.yas brkyang:_g.yon bskum dpal gyi sku la 'khril:_bde stong mnyam pa chen por sbyor:_yab kyi thugs kar ye shes sems:_rtsa gsum kun 'dus thod phreng rtsal:_'chol ba'i khro rgyal skur bzhengs pa:_'jigs mdzad rdo rje gro bo lod:_dmar smug gtum rngams aM gtsigs bsdam:_spyan gsum zlum 'khyil smar smin 'bar:_rab byung cha lugs rus rgyan dang:_mi mgo'i do shal 'phyang zhing g.yo:_phyag g.yas rdo rje rtse dgu gdeng:_g.yon pas gnam lcags phur pa gzir:_zhabs gnyis dor stabs mchil l+h+wam bcas:_pad nyi rgyal bsen brdzis pa yi:_stag chen grus ma'i steng na 'gyings:_sku la rdo rje me dpung dang:_hU~M raM phaTa? kyi tshwa tshwa 'phro:_gtso bo yab yum bde stong gi:_sbyor mtshams byang chub sems kyi sprin:_hU~M yig bcu spros 'khor lo'i rtsibs:_'khod pa khro rgyal bcu ru gyur:_steng du hU~M kar sgra 'byin sngo:_phra men phag dang smigs bu'i mgo:_shar du rnam rgyal snyems ma dkar:_phra men stag dang bya rgod mgo:_shar lho dbyug sngon sder mo sngo:_phra men g.yag dang bya rog mgo:_lho ru gshin rje dur khrod mthing:_phra men sha ba 'ug pa'i mgo:_lho nub mi g.yo gtun khung nag:_phra men gzig dang khwa ta'i mgo:_nub tu rta mgrin gtum mo dmar:_phra men byi la pu shud mgo:_nub byang 'dod rgyal mda' snyems dmar:_phra men spyang ki khra yi mgo:_byang phyogs bdud rtsi rlung 'byin ljang:_phra men seng ge pha wang mgo:_byang shar 'dod rgyal gsod byed nag:_phra men dom dang sre mong mgo:_'og phyogs stobs chen bskyod dud kha:_phra men dred dang byi ba'i mgo:_kun kyang zhal gcig phyag gnyis kyi:_phrin las don rtags phur pa 'dril:_dpal dang dur khrod chas kyis brgyan:_phyogs skyong pho mo'i gdan la 'gying:_phra men nyi shu gcer bu la:_sbrul dang rus pa'i rgyan dang bcas:_lcags kyu phur 'dril gar gyis rgyun:_ye shes me 'od klong na gsal:_zla gam gsum la sku gsung thugs:_gtso bo'i gnas lngar sras mchog lnga:_sku stod zhal gsum phyag kyang drug:_dkar dmar mthing ser ljang nag gzugs:_g.yas gnyis dgra s+t+wa kha T+wAM dang:_g.yon gnyis 'khor lo rdo rje nor:_pad+ma rgya gram gtun shing bcas:_mtha' gnyis kun kyang phur pa 'dril:_sku smad gnam lcags phur pa'i dbal:_nyams pa'i snying btab sku yi khyon:_dur khrod dpal chas yongs su rdzogs:_chu srin kha nas sdig sbrul lcags:_me zer khro chu'i kha phru 'debs:_sgo bzhir skya ga pu shud dang:_srin bya khra yi mgo can bzhi:_dkar ser dmar ljang g.yas rang rtags:_g.yon pas phur 'dril zhabs gar stabs:_gcer bu khro mo'i chas dang ldan:_mun ran e waM mA ya las:_shwa na bdag nyid sa bdag bzhi:_mthu dang rdzu 'phrul glog las myur:_rang rang rgyan dang phyag mtshan 'dzin:_dkyil 'khor gsum gyi lha tshogs rnams:_gtso dang 'khor gyi tshul snang yang:_don la dbyings rig gnyis med pa:_gtso mchog rgyal po nyid du rdzogs:_lha tshogs kun gyi gnas gsum du:_rdo rje'i yig 'bru dkar dmar mthing:_mtshon pa'i spro bsdus sku gsung thugs:_sangs rgyas kun dang gnyis med gyur:_oM ma hA kA ya badz+ra oMH_AHma hA wAka badz+ra AH_hU~M ma hA tsit+ta badz+ra hU~M:_spyi bo'i gnas lnga'i yi ge lnga'i:_rigs lnga yab yum bcur gyur pa'i:_byang sems rgyun gyis dbang bskur bas:_gdan gsum dkyil 'khor yongs su rdzogs:_oM ma hA shU n+ya tA dz+nyA na badz+ra swa b+hA wa at+ma ko\u0f85haM:_oM ma hA A dar+sha dz+nyA na badz+ra swa b+hA wa at+ma ko\u0f85haM:_oM ma hA sa ma ta dz+nyA na badz+ra swa b+hA wa at+ma ko\u0f85haM:_oM ma hA pra t+yabek+Sha Na dz+nyA na badz+ra swa b+hA wa at+ma ko\u0f85haM:_oM ma hA kr-i t+yA nuSh+Tha na dz+nyA na badz+ra swa b+hA wa at+ma ko\u0f85haM:__gsum pa ye shes spyan 'dren pa ni:_hU~M:_chos dbyings ngang nas 'bar ba'i sku:_dpal chen karma kI la ya:_'jigs mdzad rdo rje gzhon nu che:_khro bcu phra phyag sras sgo ma:_bdud 'dul 'bar ba'i skur bzhengs la:_gnas 'dir spyan 'dren gshegs su gsol:_gnas 'dir spyan 'dren gshegs nas kyang:_rtags dang mtshan ma ston pa dang:_bdud bgegs bar chad dbyings su sgrol:_mchog dang thun mong dngos grub stsol:_oM shrI badz+ra ku mA ra sa pa ri wA ra badz+ra sa ma ya dzaHdzaHhU~M ba~M hoH_bzhi pa dam ye brtan bzhugs ni:_hU~M:_ye shes phur pa'i lha tshogs ni:_dbyings dang 'du 'bral med pa'i phyir:_dam ye gnyis su med pa yi:_dgyes pa chen pos bzhugs su gsol:_sa ma ya tiSh+Tha lhan:_lnga pa gus pa'i phyag gis 'dud:_hU~M:_sangs rgyas kun gyi phrin las bdag:_bdud 'dul karma he ru ka:_ye shes sprul pa'i dkyil 'khor gsum:_dad pa'i blo yi phyag gis 'dud:_a ti pu hoH_pra tI ts+tsha hoH_drug pa phyi nang gsang mchod 'bul:_hU~M:_rang byung khro rgyal chen po la:_nyer spyod bdun dang 'dod yon lnga:_rdo rje'i dbang po sim byed rdzas:_kun nas kun tu 'phro bas mchod:_oM shrI he ru ka badz+ra kI la ya maN+Dal sa pa ri wA ra badz+ra ar+g+haM nas _shab+da sarba pU dza sa ma ya hoH_hU~M:_dgra bgegs bsgral ba las byung ba'i:_dbang po'i me tog tshil chen spos:_zhun gyi mar me mkhris sna'i chab:_sha rus zhal zas rkang gling 'bul:_ma hA ru tra puSh+pe d+hU pe A lo ke gan+d+he nai wi d+ya shab+da sh+ma shA na sarba pU dza hoH_hU~M:_rtsa brgyad stong sbyar sman gyi phud:_'dod yon rmad byung gtor ma'i bcud:_khams gsum dbyings sgrol rak+ta ches:_khrag 'thung lha tshogs mnyes gyur cig:_ma hA sarba pany+tsa a mr-i ta ba liM ta rak+ta A hU~M:_hU~M:_khro mo yum gyi mkha' dbyings er:_thabs kyi rdo rjes brdungs byas nas:_gnyis med bde chen sbyor ba dang:_chags sdang sgrol ba'i las kyis mchod:_ta na ga Na ma hA su kha pU dza ho:_bdun pa bstod cing gsol ba gdab:_hU~M:_tshogs brgyad dbyings su bsgral ba yi:_ye shes klong dgu'i rigs kun bdag:_phyogs dus rgyal ba'i ye shes sku:_bla ma 'chol ba'i khro rgyal bstod:_dbyings ye gnyis med dpal chen po:_dbang dang stobs bcu'i khro rgyal bcu:_tshad med mthar phyin phrin las bzhis:_don mdzad sgo ma sras mchog bstod:_stong pa'i ye gdangs phrin las rtsal:_rno myur nus pas sa lam spor:_bde chen mchog ster DA ki ma:_mkha' 'gro'i tshogs su shar la bstod:_rnam 'gyur 'jig rten ma mo'i tshul:_don la dpal gyi rnam par rol:_bden don dag pa'i bka' srung che:_dam can srung ma'i tshogs la bstod:_ye shes dbyings las 'bar ba'i sku:_zhe sdang rdo rje phrin las lha:_dkyil 'khor gsum gyi lha tshogs la:_mi phyed gus pas 'dud cing bstod:_bdag gi lhag pa'i lha gcig pu:_khyod kyi ye shes sgyu ma la:_bstod cing gsol ba btab pa'i mthus:_byin rlabs dngos grub mtha' dag stsol:_brgyad pa bzlas pa sngags kyi tshul:_bsnyen sgrub las kyi dang po ni:_byin rlabs bla ma'i bsnyen pa ste:_mos gus gdung ba'i shugs kyis bskul:_hU~M hU~M hU~M:_mtshungs med bla ma thugs rje'i gter:_khyod ni dus ngan snyigs ma'i skyabs:_ma hA gu ru thod phreng rtsal:_drag po khro rgyal 'chol ba'i sku:_rdo rje gro lod dbyings nas bzhengs:_dus ngan snyigs ma'i skye 'gro rnams:_dug gsum 'chol ba'i rgyu 'bras las:_byung ba'i nad mtshon mu ge yis:_mnar bzhin re ltos khyed la 'cha':_gdung bas pha gcig 'bod la dgongs:_lnga brgya'i sems can skyob pa yi:_zhal bzhes bslu ba med pa yis:_rdo rje'i tha tshig deng bskul na:_mkhyen brtse nus pa'i rtsal sprugs la:_byin gyis rlobs shig gu ru rje:_lus la sku yis byin gyis rlobs:_ngag la gsung gi nus pa stsol:_sems la dgongs pas rtogs pa spor:_ye shes dbyings su dbyer med mdzod:_gsol btab thugs dam rgyud bskul bas:_ye shes sems dpa'i gnas gsum las:_hU~M yig dkar dmar mthing gsum spros:_lus ngag yid kyi sgrib pa dang:_nad gdon bar chad gzhob thul bsregs:_byad phur rbod gtong thal bar brlag:_rig 'dzin bla ma'i gsang gsum dang:_gnyis su med par byin rlabs gyur:_oM AHhU~M badz+ra gu ru rdo rje gro bo lod kI li kI la ya sarba bi[1$0000250\[WP:5,80\]\[WP:5,205\]1$0000300]na ba~M hU~M phaTa?:_bla ma yi dam dbyer med pa'i:_bsnyen sngags khyad par hU~M lnga'i glus:_byin rlabs btsan thabs 'bebs pa yis:_thabs kyi gseng lam rmad byung ngo:__sa ma ya:__gnyis pa yi dam sgrub pa ni:_dkyil 'khor gsum gyi lha tshogs rnams:_gsal brtan dag pa dran la bslab:_gtso bo'i thugs kar ye shes sems:_bla ma drag po'i thugs klong du:_nyi steng rdo rje nas tsam pa'i:_lte bar hU~M mthar kI la ya:_'bru dgu'i bar du rta mgrin dmar:_pad+ma dril bu 'dzin pas srung:_'od 'phros phyogs dus rgyal ba mchod:_rig 'dzin bla ma'i thugs dam bskang:_rtsa gsum lha yi byin rlabs bsdus:_dam can srung ma las la bskul:_rig drug sgrib sbyangs lha ru sad:_snang srid rdo rje phur pa'i zhing:_dkyil 'khor chen po gcig tu rdzogs:_sku gsung thugs kyi byin rlabs rnams:_bsdus te bdag mdun kun la thim:_gzi byin 'od du 'bar bar bsam:_lha sngags ting 'dzin thams cad kyang:_ye shes gcig gi rol pa ste:_snang stong dbyer med mnyam pa nyid:_chu zla 'ja' tshon lta bur bsgom:_oM badz+ra kI li kI la ya sarba bi[1$0000250\[WP:5,80\]\[WP:5,205\]1$0000300]na ba~M hU~M phaTa?:_ces bzla srog sdom gzer bzhis gdab:_sgrub pa chen po'i ting 'dzin ni:_gtso bo'i 'od kyis khro bcu bskul:_sku sngags phyag mtshan spro bsdu yis:_snod bcud rdo rje phur pa'i zhing:_srid pa brtan g.yo lha yi dal:_sku gsung thugs gsum mi phyed pa:_rang byung ye shes phyag rgyar rdzogs:_oM badz+ra kI li kI la ya dzaHhU~M ba~M hoH_ka taM ka ye:_dza ye bi dza ye:_a dzi te:_a pa ra dzi te:_ma ra se na pra mar+d+ha na ye sarba bi[1$0000250\[WP:5,80\]\[WP:5,205\]1$0000300]na ba~M hU~M phaTa?:_gtso 'khor spyi dril bzlas pa bya:_sa ma ya:__gsum pa las la sbyor ba ni:_lha tshogs kun gyis 'od zer ni:_ljang nag ba thag lta bu spros:_dgra bgegs sde dpung dang bcas pa:_lha dbral gzugs la dbab pa dang:_byad du gzhug dang smyo ru gzhug:_rdul du brlag dang zhal bstab pa'i:_mngon spyod las drug mthar phyin mos:_rtsa sngags nyid kyi mgo mnan te:_las sngags spu gri 'di nyid bzla:_ma rak+mo yak+mo:_kA la ru pa:_snying rtsa la yaM yaM:_srog la yaM yaM:_snying la phril phril:_srog rtsa la chuM chuM:_tsit+ta srog la tung tung:_snying khrag srog la shad shad:_thuM ri li li:_tsig tsig:_'ur 'ur:_shig shig:_'gul 'gul:_myag myag:_sod sod:_d+hA ti ma ma karma shrI g+h+raM ka ra ye:_mA ra se na pra mar+d+ha na ye hU~M phaTa?:_rdzas sngags dmigs pa'i 'phrul 'khor ni:_man ngag zhal khrid ji bzhin du:_dgos pa'i dus su gnad du brdeg:_sa ma ya:_rjes rim dang po tshogs mchod ni:_zhing ngam gcan gzan lpags pa'i steng:_thabs shes rdzas rnams bcal du bkram:_rnal 'byor pho mo'i lta gding bskyed:_thog mar byin gyis brlabs pa ni:_stong pa'i ngang las rlung me dang:_thod skam sgyed pu gsum gyi steng:_mtshan ldan rdo rje'i ka pA lar:_sha lnga bdud rtsi thabs shes rdzas:_bsregs gtor sbyangs nas 'bru gsum gyis:_byin rlabs rigs lnga'i dam rdzas gyur:_ra~M ya~M kha~M:_oM AHhU~M:_gnyis pa mgron kun spyan 'dren ni:_hU~M:_rab 'byams sku gsum rgyal ba'i tshogs:_rig 'dzin lha dang mkha' 'gro kun:_rdo rje phur pa'i dkyil 'khor du:_tshogs la spyan 'dren gshegs su gsol:_tshogs khang dur khrod rol pa'i zhing:_he ru ka dpal mdun sa che:_dpa' bo DA ki dgyes par 'du:_kun kyang rdo rje'i brtul zhugs spyod:_gsang ba mchog gi dam tshig la:_dgyes rol mchog thun dngos grub stsol:_oM badz+ra ku mA ra maN+Da la tri sa pa ri wA ra badz+ra sa ma ya dzaH_e a ra l+li phaiM phaiM hrIM hrIM dzaHdzaH_gsum pa phud kyi mchod pa ni:_hU~M:_dpal chen dgyes pa'i dam tshig rdzas:_zag med rdo rje'i 'dod yon gter:_bla na med pa'i mchod pa ches:_dkyil 'khor lha tshogs mnyes gyur cig:_ga Na tsakra pU dza ho:_bzhi pa nyams chag bshags pa ni:_hoH_thog med bsags pa'i sdig ltung tshogs:_bshags shing tshangs pa bstsal ba'i phyir:_dam rdzas bdud rtsi'i tshogs mchod kyis:_ma lus byang zhing dag par stsol:_sa ma ya shud+d+he aH_yig brgya bzla:_lnga pa nyams pa bdun bsgral ni:_hU~M:_rdo rje khros pa'i ye shes mtshon:_bdag rtog ru trar btab cing bsgral:_sdug bsngal nyer len sha khrag rus:_dpal chen dgyes pa'i zhal du bstab:_ru tra ha la pany+tsa dz+nyA na pU dza khA hi:_drug pa thabs shes mnyam pa'i rdzas:_rnal 'byor ldan pas longs su spyod:_bde stong ye shes rol pa yi:_lta dgongs ldan pas brtul zhugs spyod:__bdun pa lhag mas bka' sdod brngan:_e a ra l+li ho:_phaiM:_dpal gyi bka' sdod dkyil 'khor skyong:_dam ldan phrin las sgrub pa mo:_lhag la dbang ba'i dregs tshogs kun:_pham phab longs la bstan pa srung:_ma ma hrIM hrIM uts+tshiSh+Ta ba liM ta khA hi:_rdo rje'i rigs skyes smon lam dang:_rgyud bklag rdo rje'i glu gar bya:__brgyad pa thugs dam bskul ba ni:_hU~M:_ngang nyid rdo rje chos dbyings las:_'bar ba'i khro bo mi bzad pa:_bla ma dpal chen he ru ka:_rdo rje gzhon nu 'khor dang bcas:_ye shes thugs rje rtsal sprugs te:_bdag cag rtse gcig sgrub la dgongs:_rdo rje sku gsung thugs kyi dbyings:_mi zad rgyan gyi 'khor lo yi:_byin rlabs dngos grub thogs med pas:_don gnyis 'bad med lhun grub mdzod:__dgu pa srung mar chad tho bsgrags:_hU~M:_sngon tshe dpal chen he ru ka:_bar du brgyud gsum bla ma'i tshogs:_tha ma smon lam dus bab pas:_rgyud gsung zab gter sgo 'byed tshe:_bstan dang bstan 'dzin legs skyongs ba'i:_rdo rje'i tha tshig phog pa bzhin:_yal gam gnyan po ma dral ba'i:_thugs dam rjes su bskul ba'i phyir:_gtor ma 'bul ba 'di bzhes la:_byang chub sgrub pa'i bar chad sel:_sgrub pa'i sdong grogs g.yel med mdzod:_ma hA ba liM ta khA hiH__bcu pa brtan ma bshal chus mchod:_hU~M:_slob dpon chen po pad+ma yis:_bka' nyan ma mo brtan ma'i tshogs:_bshal chu'i bdud rtsi 'di bzhes la:_phur pa'i sgrub pa'i grogs mdzod cig:_gsang chen bstan pa skyong ba dang:_gangs can bde ba'i phrin las mdzod:_ma ma hrIM hrIM ba liM ta khA hi:__bcu gcig las mjug bro yis bsdu:_hU~M:_bdag tu lta ba'i dam sri dpung:_rnam thar gsum gyi dbyings su mnan:_chos dbyings dgongs pas rgyas btab pas:_nam yang ldang bar ma gyur cig:_s+t+waM b+ha ya nan:__bcu gnyis pa dngos grub blang ba ni:_snang srid rdo rje phur pa'i lhas:_srid pa rdo rje phur pa'i dal:_sgrub phyir ye shes dag pa'i lhas:_srid zhi mnyam pa cher sbyor bas:_las dang dngos grub rab 'byams kun:_thogs pa med par grub par mdzod:_kA ya wAka \u0f84tsit+ta sarba sid+d+hi hoH__bcu gsum mchod bstod sngon 'gro bas:_nongs pa bshags shing sor chud phyir:_ho:_bdag cag las dang nyon mongs kyi:_dbang gyur cho ga lhag chad 'khrul:_ting 'dzin bying rmug nongs pa'i tshogs:_'gyod pas bshags so dag par mdzod:_a a a:_yig brgya brjod:__bcu bzhi lha snang bsdu ldang ni:_snang bcas gzugs sku'i rten brten pa:_'od gsal chos sku'i dbyings su thim:_thugs rje'i rang rtsal ma 'gag pa:_snang grags rig pa dkyil 'khor gsum:_gdod nas 'pho 'gyur ma dmigs pa'i:_ye shes gcig gi rnam rol gyur:__bco lnga bsngo smon rgyas btab phyir:_ho:_bskyed rim srid pa phur bu yis:_snod bcud dkyil 'khor gsum du shar:_mtshan ma rdzas kyi phur bu yis:_dgra gsum bdud bzhi dbyings su sgrol:_bde chen byang sems phur bu yis:_bde stong 'pho med thig ler thim:_rig pa ye shes phur bu yis:_mi slob 'bras bu'i mchog thob shog:__bcu drug shis brjod bden tshig ni:_ho:_brgyud gsum rig 'dzin bla ma yis:_byin rlabs char 'bebs bkra shis shog:_rab 'byams yi dam lha tshogs kyis:_dngos grub mchog stsol bkra shis shog:_gnas gsum DA ki chos srung gis:_phrin las thogs med bkra shis shog:_gnas skabs las bzhi myur 'grub cing:_mthar thug phyag rgya chen po rtogs:_rang gzhan don gnyis mthar phyin pa'i:_bde legs mchog gi bkra shis shog:__sa ma ya:_bdag nyid chen po pad+ma dang:_dpal chen rdo rje gzhon nu gnyis:_gcig tu dril ba'i thabs zab mo:_byin rlabs tshan chen zab la 'dril:_kun mthun kun las khyad 'phags pa'i:_yang zab thugs kyi thig le 'di:_shin tu snyigs ma'i gdul bya rnams:_'dul phyir rjes su gdams pa bzhin:_snang nas bstan 'gror phan par shog:__ces pa'ang mkhas shing dngos grub brnyes pa'i rdo rje slob dpon chen po klong chen ye shes rdo rje'i zab gter gyi nying khu spa gro stag tshang rdo rje'i brag gi ke'u tshang nas gsang gter du bzhes pa'i bla phur thugs kyi thig le la dbang gi rtsa tho tsam las gtan la phab ma mdzad pas dbang 'jug bde zhig gal che bas khyed nas 'bri bar 'os zhes rje bla ma'i gsang yum/_sku gsung thugs kyi sras lcam dral rnams nas rten dang bcas te bka' nan bstsal ba ltar snying bcags zhus pa dbang zin sta gon dngos gzhi bcas gsungs pa/_las byang rgyas tsam zhig ma byung thabs med sems pa bzhin lcags sprel chu stod zla ba'i tshes bcur lho mon spa gro stag tshang dpal phug tu ga Na tsakra 'bum phrag dang*/_snang gsal gyi mchod pa chig 'bum bcas 'bul skabs gnas dus chos grogs kyi rten 'brel bzang po'i mtshams sbyar te pad+ma gar dbang 'od gsal mdo sngags gling pas bris pa 'dis kyang snyigs dus bstan 'gro la phan pa'i dbugs 'byin khyad par can thob pa'i rgyur mtsho skyes rgyal ba sras dang bcas pas byin gyis brlab tu gsol/__rjes 'jug rnams kyi nyams len ni/_rje bla ma'i rdo rje'i gsung phrin las dpal chen rang rdzogs nyid byin rlabs kyi gzi byin ma nyams pa kho na gces so/__/'di la brgyud 'debs sman mchod bskang ba sogs rje bla ma'i gsung sbyar bar bya'o//__/dge'o//
 
</onlyinclude>
</onlyinclude>
 
{{TsagliCall}}
</div>
<headertabs/>
== Footnotes ==
<references/>
==Other Information==
{{Footer}}
[[Category:DKR-KABUM-Volume-10-THA]]
[[Category:DKR-KABUM-Volume-10-THA]]
[[Category:Khyentse Lineage Project]]
[[Category:Khyentse Lineage Project]]
[[Category:Text Pages in Wylie]]

Latest revision as of 08:08, 1 June 2024

Wylie title bla phur thugs kyi thig le las: phrin las rgyas pa dpal chen dgyes glu DKR-KABUM-10-THA-024.pdf
Location dil mgo mkhyen brtse bka' 'bum
Volume 10, Text 24, Pages 102-113 (Folios 1a to 12b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཀློང་ཆེན་ཡེ་ཤེས་རྡོ་རྗེ་ (Kangyur Rinpoche)
Citation Khyentse, Dilgo. Bla phur thugs kyi thig le las: phrin las rgyas pa dpal chen dgyes glu. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 102-113. Delhi: Shechen Publications, 1994.
Genre Activity Practices - las tshogs  ·  Sadhanas - Evocation Ritual - sgrub thabs
Cycle བླ་ཕུར་ཐུགས་ཀྱི་ཐིག་ལེ་ (bla phur thugs kyi thig le)
Deity rdo rje phur pa
Colophon

ཅེས་པའང་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་ཟབ་གཏེར་གྱི་ཉིང་ཁུ་སྤ་གྲོ་སྟག་ཚང་རྡོ་རྗེའི་བྲག་གི་ཀེའུ་ཚང་ནས་གསང་གཏེར་དུ་བཞེས་པའི་བླ་ཕུར་ཐུགས་ཀྱི་ཐིག་ལེ་ལ་དབང་གི་རྩ་ཐོ་ཙམ་ལས་གཏན་ལ་ཕབ་མ་མཛད་པས་དབང་འཇུག་བདེ་ཞིག་གལ་ཆེ་བས་ཁྱེད་ནས་འབྲི་བར་འོས་ཞེས་རྗེ་བླ་མའི་གསང་ཡུམ། སྐུ་གསུང་ཐུགས་ཀྱི་སྲས་ལྕམ་དྲལ་རྣམས་ནས་རྟེན་དང་བཅས་ཏེ་བཀའ་ནན་བསྩལ་བ་ལྟར་སྙིང་བཅགས་ཞུས་པ་དབང་ཟིན་སྟ་གོན་དངོས་གཞི་བཅས་གསུངས་པ། ལས་བྱང་རྒྱས་ཙམ་ཞིག་མ་བྱུང་ཐབས་མེད་སེམས་པ་བཞིན་ལྕགས་སྤྲེལ་ཆུ་སྟོད་ཟླ་བའི་ཚེས་བཅུར་ལྷོ་མོན་སྤ་གྲོ་སྟག་ཚང་དཔལ་ཕུག་ཏུ་ག་ཎ་ཙཀྲ་འབུམ་ཕྲག་དང༌། སྣང་གསལ་གྱི་མཆོད་པ་ཆིག་འབུམ་བཅས་འབུལ་སྐབས་གནས་དུས་ཆོས་གྲོགས་ཀྱི་རྟེན་འབྲེལ་བཟང་པོའི་མཚམས་སྦྱར་ཏེ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བྲིས་པ་འདིས་ཀྱང་སྙིགས་དུས་བསྟན་འགྲོ་ལ་ཕན་པའི་དབུགས་འབྱིན་ཁྱད་པར་ཅན་ཐོབ་པའི་རྒྱུར་མཚོ་སྐྱེས་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། རྗེས་འཇུག་རྣམས་ཀྱི་ཉམས་ལེན་ནི། རྗེ་བླ་མའི་རྡོ་རྗེའི་གསུང་ཕྲིན་ལས་དཔལ་ཆེན་རང་རྫོགས་ཉིད་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པ་ཁོ་ན་གཅེས་སོ། །འདི་ལ་བརྒྱུད་འདེབས་སྨན་མཆོད་བསྐང་བ་སོགས་རྗེ་བླ་མའི་གསུང་སྦྱར་བར་བྱའོ།། །དགེའོ།།

ces pa'ang mkhas shing dngos grub brnyes pa'i rdo rje slob dpon chen po klong chen ye shes rdo rje'i zab gter gyi nying khu spa gro stag tshang rdo rje'i brag gi ke'u tshang nas gsang gter du bzhes pa'i bla phur thugs kyi thig le la dbang gi rtsa tho tsam las gtan la phab ma mdzad pas dbang 'jug bde zhig gal che bas khyed nas 'bri bar 'os zhes rje bla ma'i gsang yum/_sku gsung thugs kyi sras lcam dral rnams nas rten dang bcas te bka' nan bstsal ba ltar snying bcags zhus pa dbang zin sta gon dngos gzhi bcas gsungs pa/_las byang rgyas tsam zhig ma byung thabs med sems pa bzhin lcags sprel chu stod zla ba'i tshes bcur lho mon spa gro stag tshang dpal phug tu ga Na tsakra 'bum phrag dang*/_snang gsal gyi mchod pa chig 'bum bcas 'bul skabs gnas dus chos grogs kyi rten 'brel bzang po'i mtshams sbyar te pad+ma gar dbang 'od gsal mdo sngags gling pas bris pa 'dis kyang snyigs dus bstan 'gro la phan pa'i dbugs 'byin khyad par can thob pa'i rgyur mtsho skyes rgyal ba sras dang bcas pas byin gyis brlab tu gsol/__rjes 'jug rnams kyi nyams len ni/_rje bla ma'i rdo rje'i gsung phrin las dpal chen rang rdzogs nyid byin rlabs kyi gzi byin ma nyams pa kho na gces so/__/'di la brgyud 'debs sman mchod bskang ba sogs rje bla ma'i gsung sbyar bar bya'o//__/dge'o//

[edit]
༄༅། །བླ་ཕུར་ཐུགས་ཀྱི་ཐིག་ལེ་ལས༔ ཕྲིན་ལས་རྒྱས་པ་དཔལ་ཆེན་དགྱེས་གླུ་བཞུགས། །


༄༅། །ཁྲག་འཐུང་ཡོངས་རྫོགས་ལྷ་ལ་འདུད༔ བདག་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་གཟུགས༔ དཀྱིལ་འཁོར་བདག་པོ་གཉིས་སུ་མེད༔ རྡོ་རྗེ་ཕུར་པའི་རྒྱུད་ལུང་དང༔ མན་ངག་ཀུན་གྱི་བཀའ་ཡང་བབ༔ ཤིན་ཏུ་ཟབ་པའི་མཐར་ཐུག་ནི༔ བླ་མ་ཡི་དམ་དབྱེར་མེད་དུ༔ སྒྲུབ་པའི་གསེང་ལམ་རྨད་བྱུང་བ༔ ངོ་མཚར་ཆེན་པོའི་ཟབ་རྒྱའི་ཆོས༔ སྒྲུབ་པའི་རིམ་པ་རྨད་བྱུང་བསྟན༔ ས་མ་ཡ༔ འདི་ལ་སྦྱོར་དངོས་རྗེས་གསུམ་ལས༔ དང་པོ་ཤིས་ཤིང་དབེན་པའི་གནས༔ ཡིད་དང་མཐུན་པའི་དག་ཏུ་ནི༔ བསྒྲུབ་པའི་རྟེན་རྣམས་ཚོགས་བྱས་ཏེ༔ ཐོག་མར་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ཧེ་རུ་ཀ་དཔལ་བླ་མ་རྗེ༔ དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་རིམ་པ་ནི༔ ཧོ༔ མ་རྟོགས་ཐ་མལ་འཁྲུལ་པའི་འགྲོ༔ ཡེ་ཤེས་དབྱིངས་སུ་སྒྲོལ་བའི་ཕྱིར༔ དཔལ་ཆེན་ལྷ་སྔགས་ཏིང་འཛིན་གྱིས༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ གསུམ་པ་ཡན་ལག་བདུན་འབུལ་བ༔ ཧོ༔ སྐྱེ་མེད་ཆོས་སྐུའི་དབྱིངས་ཉིད་ལས༔ མ་གཡོས་ཡེ་ཤེས་འགག་མེད་རྩལ༔ དཔལ་ཆེན་རྡོ་རྗེ་ཕུར་པ་ཡི༔ རྩ་གསུམ་ལྷ་ལ་གུས་ཕྱག་འཚལ༔ ཀུན་བཟང་མཆོད་པ་རྒྱ་མཚོའི་མཆོད༔ སྡིག་ལྟུང་འགལ་འཁྲུལ་ཐམས་ཅད་བཤགས༔ འཁོར་འདས་དགེ་ལ་རྗེས་ཡི་རང༔ ཟབ་རྒྱས་ཆོས་ཀྱི་སྨིན་གྲོལ་ཕྱིར༔ རྡོ་རྗེའི་གསང་གསུམ་རྟག་བཞུགས་གསོལ༔ དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ༔ འགྲོ་ཀུན་སྲིད་ཞི་ལས་གྲོལ་ཤོག༔ བཞི་པ་འགལ་རྐྱེན་བགེགས་བསལ་བ༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་པར་འདྲེན༔ ང་ཡི་བཀའ་ལས་འདའ་མ་བྱེད༔ རྡོ་རྗེ་གསང་བའི་བཀའ་ལས་ནི༔ སྡིག་ཅན་གང་ཞིག་འདའ་བྱེད་ན༔ སྟོབས་ཆེན་ཁྲོ་བོ་ཆེན་པོ་བཅུའི༔ ཀླད་པ་ཚལ་པ་བརྒྱ་རུ་ཁོལ༔ དེ་བས་དམ་ལ་མ་འདའ་བར༔ བྱིན་པའི་གཏོར་མ་འདི་ཁྱེར་ལ༔ རྒྱ་མཚོ་ཆེན་པོའི་ཕ་མཐར་དེངས༔ ཧཱུྃ་བཞིའི་སྔགས་དང་སྤུ་གྲི་བརྗོད༔ ཐུན་དང་དམིགས་པས་གཟིར་སྟེ་བསྐྲད༔ ལྔ་པ་སྲུང་བས་མཚམས་བཅད་ནི༔ ཧཱུྃ༔ སྤྲུལ་པའི་ཕོ་ཉ་སྤྲོ་བསྡུ་ཡིས༔ སྣང་སྲིད་ཕུར་པའི་ཞིང་དུ་གྱུར༔ ཀུན་ཀྱང་དགོངས་པ་མི་གཡེལ་བས༔ ལྷ་སྔགས་ཡེ་ཤེས་དབྱེར་མེད་པའི༔ རང་བྱུང་དཀྱིལ་འཁོར་ཆེན་པོར་ཤར༔ ཨོཾ་བཛྲ་རཀྵ་རཀྵ་བྷྲཱུྃ༔ དྲུག་པ་བརྡ་སྒོ་ཕྱག་འཚལ་བ་ནི༔ ཧཱུྃ༔ སྣོད་བཅུད་གདོད་ནས་དཀྱིལ་འཁོར་ལྷ༔ རང་བཞིན་ཉིད་དུ་ལྷུན་གྱིས་གྲུབ༔ དག་པའི་སྣོད་བཅུད་སྒོ་དབྱེ་ཞིང༔ གཉིས་མེད་མཉམ་པའི་བརྡ་ཕྱག་འཚལ༔ སརྦ་མཎྜལ་བྷྲཱུྃ་པྲ་བེ་ཤ་ཡ་ཕཊ྄༔ ན་མོ་ན་མ་མི༔ བདུན་པ་བྱིན་ཆེན་དབབ་པའི་ཕྱིར༔ གདུང་བའི་ཤུགས་བསྐྱེད་སྤོས་རོལ་བཅས༔ དར་དང་ཞིང་གི་གཡབ་དོར་ཞིང༔ རྐང་གླིང་རོལ་མོ་དབྱངས་དང་བཅས༔ ཧཱུྃ༔ ཆོས་དབྱིངས་རང་བྱུང་བརྡལ་བ་ཆེ༔ ཡེ་ཤེས་དཀྱིལ་འཁོར་ལྷ་ཡི་དལ༔ འགག་མེད་གཟུགས་ཀྱི་སྐུར་བཞེངས་ལ༔ དབང་བསྐུར་བྱིན་ཕོབ་རྟགས་མཚན་སྟོན༔ བརྒྱུད་གསུམ་བླ་མ་རིག་འཛིན་ཚོགས༔ དགོངས་བརྒྱུད་རིག་པའི་རྩལ་བསྐྱེད་ལ༔ རྟོགས་པ་དོན་བརྒྱུད་ཆོས་ཀྱི་སྐུའི༔ བྱིན་ཆེན་ཕོབ་ལ་དབང་བསྐུར་ཅིག༔ གྲུ་གསུམ་མཐིང་ནག་ཨེ་ཡི་ཀློང༔ ངེས་པ་ལྔ་དང་ལོངས་སྤྱོད་རྫོགས༔ རྡོ་རྗེ་གཞོན་ནུ་དཀྱིལ་འཁོར་ལྷས༔ གནས་འདིར་བྱིན་ཕོབ་རྟགས་མཚན་སྟོན༔ ཕྱོགས་བཅུ་དག་པའི་ཞིང་ཁམས་ནས༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ་དང༔ ཕྲ་ཕྱག་སྒོ་མའི་ཚོགས་བཅས་ཀྱིས༔ བྱིན་ཕོབ་དབང་བསྐུར་དངོས་གྲུབ་སྩོལ༔ ཟླ་གམ་སྐུ་གསུང་ཐུགས་དབྱིངས་ནས༔ སྤྲུལ་པའི་སྲས་མཆོག་ཉི་ཤུ་གཅིག༔ སྒྲོལ་བྱེད་ཡཀྵ་ཀྲོ་དྷ་ཡིས༔ ཁམས་གསུམ་དབྱིངས་སྒྲོལ་བྱིན་ཆེན་ཕོབ༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྒོ་སྐྱོང་ཕུར་སྲུང་དབང་མོ་སོགས༔ གནས་ཡུལ་མཁའ་འགྲོ་ཆོས་སྐྱོང་གིས༔ ཕྲིན་ལས་ཐོགས་མེད་བྱིན་ཕོབ་ཅིག༔ རྩ་གསུམ་ལྷ་ཚོགས་མ་ལུས་ཀུན༔ རྡོ་རྗེའི་སྐུ་ཡི་གར་སྟབས་བསྒྱུར༔ རང་བྱུང་སྔགས་སྒྲ་ཕཻཾ་ཧྲཱིཾ་ཛ༔ བདེ་སྟོང་གཟི་བྱིན་ཆེར་བསྐྱེད་ལ༔ མེ་ཏོག་ཆར་དང་སྤོས་སྤྲིན་ངད༔ ས་གསུམ་ཁྱབ་པར་མཛད་དང་བཅས༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་རྣམས་ལ་དབང་བཞི་དབང་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷ་ཀཱི་ལ་ཡ་ས་པ་རི་ཝཱ་ར་ཛྙཱ་ན་ཨ་བཻ་ཤ་ཡ་ཨ་ཨ༔ ཧྲཱིཾ་ཧྲཱིཾ་ཧྲཱིཾ༔ ཕཻཾ་ཕཻཾ་ཕཻཾ༔ བརྒྱད་པ་མཆོད་པ་བྱིན་རླབས་ནི༔ ཧཱུྃ་ཧྲཱིཿ སྣོད་བཅུད་རྣམ་དག་འོག་མིན་ཞིང༔ ཁྲག་འཐུང་རོལ་པའི་དུར་ཁྲོད་ཆེར༔ ཕྱི་ནང་གསང་བ་བླ་མེད་པའི༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་མ་ཧཱ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་མཎྜ་ལ་ཧཱུྃ་ཕཊ྄༔ སོ་སོར་ལན་གསུམ་བརྗོད་དེ་སྤེལ༔ ས་མ་ཡ༔ གཉིས་པ་དངོས་ཀྱི་ལས་རིམ་ལ༔ དང་པོ་ཏིང་འཛིན་རྣམ་གསུམ་བསྒོམ༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ རྡོ་རྗེ་སྟོང་པ་ཉིད་ཀྱི་དབྱིངས༔ འཁོར་དང་མྱ་ངན་འདས་པའི་སྲོག༔ ཀུན་ལ་ཁྱབ་ཅིང་ཀུན་ལས་འདས༔ ཐམས་ཅད་བྱེད་པོ་ང་ཉིད་དོ༔ དེ་ལྟར་མ་རྟོགས་ཡིད་ཅན་རྣམས༔ འཁྲུལ་པ་ལུ་གུ་རྒྱུད་དུ་འཁྱམས༔ སྙིང་རྗེའི་དེ་ཀུན་བསྒྲལ་བྱའི་ཕྱིར༔ ཀུན་སྣང་ཐུགས་རྗེ་མཁའ་ཁྱབ་བརྡལ༔ སྟོང་པའི་སྲོག་ནི་སྙིང་རྗེའི་ཕྱིར༔ ཟུང་འཇུག་མི་གནས་ཡེ་ཤེས་ཆེ༔ ཧཱུྃ་ཡིག་སྲོག་གི་གོ་རུ་བསྒོམ༔ ནམ་མཁའི་དཀྱིལ་ནས་ཐིག་པ་ཤར༔ གཉིས་པ་སྣོད་བཅུད་ལྷར་བསྐྱེད་ནི༔ རྒྱུ་ལས་ཨེ་ཡཾ་རཾ་སུཾ་བྷྲཱུྃ༔ ཁ་དོག་ལྔ་ལྡན་ཡུམ་ལྔའི་དབྱིངས༔ རྡོ་རྗེ་བཙུན་མོའི་མཁའ་རུ་ཤར༔ རྡོ་རྗེ་རྡུལ་འཐས་བརྡལ་བའི་སྟེང༔ དུར་ཁྲོད་བརྒྱད་དང་པདྨ་ཉི༔ ཕྱི་རོལ་སྲུང་བའི་གུར་གྱིས་གཏམས༔ ནང་དུ་སྣ་ཚོགས་རྡོ་རྗེའི་ལྟེར༔ རིན་ཆེན་ལས་གྲུབ་གཞལ་མེད་ཁང༔ གྲུ་བཞི་སྒོ་བཞིའི་བརྩེགས་པ་ཅན༔ ནང་དུ་ཐོད་པ་སྐམ་རློན་རྙིད༔ མེ་འབར་དུད་འཐུལ་ཤུགས་གླུ་ལེན༔ གནམ་ལྕགས་གཟེར་བཏབ་ཁྲག་ཀྱང་འཛག༔ ཕ་གུ་དྲྭ་བ་ཕྱེད་འཕྱང་འཕྲུལ༔ པུ་ཤུའི་སྟེང་དུ་ཞིང་གི་འཕན༔ རོ་སྐྲའི་རྔ་ཡབ་ཙིཏྟའི་ཏོག༔ རྒྱུ་མའི་དྲྭ་ཕྱེད་འཕྱང་འཕྲུལ་ལ༔ གཡེར་ཁའི་སྒྲ་ལས་ཆོས་ཀྱང་སྟོན༔ དབུས་ཕྱུར་མ་ཧཱ་རུ་ཏྲ་ཡི༔ ཐོད་པས་ཐོག་ཕུབ་རྩེ་མོ་རུ༔ རྡོ་རྗེ་ནོར་བུའི་འོད་ཟེར་འཕྲོ༔ གཞལ་ཡས་ནང་གི་ལྟེ་བ་རུ༔ གནམ་ལྕགས་འཁོར་ལོ་རྩིབས་བཅུའི་མཐར༔ ཐོད་པ་སྐམ་པོའི་མུ་ཁྱུད་ཟླུམ༔ དབུས་སུ་གྲུ་གསུམ་རྣམ་ཐར་གསུམ༔ མཚོན་པའི་ཟླ་གམ་མདུན་གཡས་གཡོན༔ རྡོ་རྗེའི་བྲག་ཆེན་ལྷ་ཆེན་པོ༔ ཁྱོ་ཤུག་བསྣོལ་བའི་སྟེང་ཉིད་དུ༔ ཧཱུྃ་ཡིག་ཐོག་ལྟར་བབ་པ་ཉིད༔ སྤྲོ་བསྡུས་གནམ་ལྕགས་རྡོ་རྗེར་གྱུར༔ དེ་ཉིད་ཡོངས་གྱུར་བཅོམ་ལྡན་འདས༔ རྡོ་རྗེ་གཞོན་ནུ་དཔལ་ཆེན་པོ༔ མཐིང་ནག་ནམ་མཁའ་དྭངས་མའི་མདོག༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ཐིང་ནག༔ སྒེག་པ་རྔམས་ཤིང་འཇིགས་སུ་རུང༔ སྤྱན་དགུ་བགྲད་ཅིང་སྡང་མིག་གཟིར༔ རྫི་སྨིན་སྨ་ར་མེ་བཞིན་འབར༔ མཆེ་གཙིགས་ལྗགས་འདྲིལ་ཧཱུྃ་དང་ཕཻཾ༔ ང་རོ་དྲག་པོའི་རྒོད་ཅིང་གཤེ༔ ཐོད་སྐམ་ལྔས་བརྒྱན་རལ་པ་བརྫེས༔ ཐོར་ཚུགས་རྡོ་རྗེའི་ཏོག་གིས་མཚན༔ ཕྱག་དྲུག་གཡས་ཀྱི་དང་པོ་གཉིས༔ རྡོ་རྗེ་རྩེ་དགུ་རྩེ་ལྔ་གདེང༔ གཡོན་པས་མེ་དཔུང་ཁ་ཊྭཱཾ་གསོར༔ ཐ་གཉིས་རི་རབ་ཕུར་འདྲིལ་བས༔ སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་འཁྱུད༔ སྐུ་ཆེ་ཡན་ལག་རགས་པ་ལ༔ དཔལ་དང་དུར་ཁྲོད་ཆས་ཐམས་ཅད༔ རྫོགས་པས་བསྐལ་པའི་མེ་དབུས་འགྱིང༔ ཡུམ་ཆེན་རྔམས་པ་ཁྲོ་སྒེག་མཛེས༔ གཡས་པ་ཨུཏྤལ་ཡབ་མགུལ་འཁྱུད༔ གཡོན་པས་ཐོད་ཁྲག་གཡས་ཞལ་སྟོབ༔ གཞོན་སྒེག་ནུ་འབུར་བྷ་ག་རྒྱས༔ གཅེར་བུ་གཟིག་ཤམ་ཐོད་སྐམ་ཕྲེང༔ རུས་པའི་རྒྱན་མཛེས་རལ་པ་འཕྱང༔ ཐོད་སྐམ་དབུ་རྒྱན་ཞབས་གཡས་བརྐྱང༔ གཡོན་བསྐུམ་དཔལ་གྱི་སྐུ་ལ་འཁྲིལ༔ བདེ་སྟོང་མཉམ་པ་ཆེན་པོར་སྦྱོར༔ ཡབ་ཀྱི་ཐུགས་ཀར་ཡེ་ཤེས་སེམས༔ རྩ་གསུམ་ཀུན་འདུས་ཐོད་ཕྲེང་རྩལ༔ འཆོལ་བའི་ཁྲོ་རྒྱལ་སྐུར་བཞེངས་པ༔ འཇིགས་མཛད་རྡོ་རྗེ་གྲོ་བོ་ལོད༔ དམར་སྨུག་གཏུམ་རྔམས་ཨཾ་གཙིགས་བསྡམ༔ སྤྱན་གསུམ་ཟླུམ་འཁྱིལ་སྨར་སྨིན་འབར༔ རབ་བྱུང་ཆ་ལུགས་རུས་རྒྱན་དང༔ མི་མགོའི་དོ་ཤལ་འཕྱང་ཞིང་གཡོ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་གདེང༔ གཡོན་པས་གནམ་ལྕགས་ཕུར་པ་གཟིར༔ ཞབས་གཉིས་དོར་སྟབས་མཆིལ་ལྷྭམ་བཅས༔ པད་ཉི་རྒྱལ་བསེན་བརྫིས་པ་ཡི༔ སྟག་ཆེན་གྲུས་མའི་སྟེང་ན་འགྱིངས༔ སྐུ་ལ་རྡོ་རྗེ་མེ་དཔུང་དང༔ ཧཱུྃ་རཾ་ཕཊ྄་ཀྱི་ཚྭ་ཚྭ་འཕྲོ༔ གཙོ་བོ་ཡབ་ཡུམ་བདེ་སྟོང་གི༔ སྦྱོར་མཚམས་བྱང་ཆུབ་སེམས་ཀྱི་སྤྲིན༔ ཧཱུྃ་ཡིག་བཅུ་སྤྲོས་འཁོར་ལོའི་རྩིབས༔ འཁོད་པ་ཁྲོ་རྒྱལ་བཅུ་རུ་གྱུར༔ སྟེང་དུ་ཧཱུྃ་ཀར་སྒྲ་འབྱིན་སྔོ༔ ཕྲ་མེན་ཕག་དང་སྨིགས་བུའི་མགོ༔ ཤར་དུ་རྣམ་རྒྱལ་སྙེམས་མ་དཀར༔ ཕྲ་མེན་སྟག་དང་བྱ་རྒོད་མགོ༔ ཤར་ལྷོ་དབྱུག་སྔོན་སྡེར་མོ་སྔོ༔ ཕྲ་མེན་གཡག་དང་བྱ་རོག་མགོ༔ ལྷོ་རུ་གཤིན་རྗེ་དུར་ཁྲོད་མཐིང༔ ཕྲ་མེན་ཤ་བ་འུག་པའི་མགོ༔ ལྷོ་ནུབ་མི་གཡོ་གཏུན་ཁུང་ནག༔ ཕྲ་མེན་གཟིག་དང་ཁྭ་ཏའི་མགོ༔ ནུབ་ཏུ་རྟ་མགྲིན་གཏུམ་མོ་དམར༔ ཕྲ་མེན་བྱི་ལ་པུ་ཤུད་མགོ༔ ནུབ་བྱང་འདོད་རྒྱལ་མདའ་སྙེམས་དམར༔ ཕྲ་མེན་སྤྱང་ཀི་ཁྲ་ཡི་མགོ༔ བྱང་ཕྱོགས་བདུད་རྩི་རླུང་འབྱིན་ལྗང༔ ཕྲ་མེན་སེང་གེ་ཕ་ཝང་མགོ༔ བྱང་ཤར་འདོད་རྒྱལ་གསོད་བྱེད་ནག༔ ཕྲ་མེན་དོམ་དང་སྲེ་མོང་མགོ༔ འོག་ཕྱོགས་སྟོབས་ཆེན་བསྐྱོད་དུད་ཁ༔ ཕྲ་མེན་དྲེད་དང་བྱི་བའི་མགོ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཀྱི༔ ཕྲིན་ལས་དོན་རྟགས་ཕུར་པ་འདྲིལ༔ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཕྱོགས་སྐྱོང་ཕོ་མོའི་གདན་ལ་འགྱིང༔ ཕྲ་མེན་ཉི་ཤུ་གཅེར་བུ་ལ༔ སྦྲུལ་དང་རུས་པའི་རྒྱན་དང་བཅས༔ ལྕགས་ཀྱུ་ཕུར་འདྲིལ་གར་གྱིས་རྒྱུན༔ ཡེ་ཤེས་མེ་འོད་ཀློང་ན་གསལ༔ ཟླ་གམ་གསུམ་ལ་སྐུ་གསུང་ཐུགས༔ གཙོ་བོའི་གནས་ལྔར་སྲས་མཆོག་ལྔ༔ སྐུ་སྟོད་ཞལ་གསུམ་ཕྱག་ཀྱང་དྲུག༔ དཀར་དམར་མཐིང་སེར་ལྗང་ནག་གཟུགས༔ གཡས་གཉིས་དགྲ་སྟྭ་ཁ་ཊྭཱཾ་དང༔ གཡོན་གཉིས་འཁོར་ལོ་རྡོ་རྗེ་ནོར༔ པདྨ་རྒྱ་གྲམ་གཏུན་ཤིང་བཅས༔ མཐའ་གཉིས་ཀུན་ཀྱང་ཕུར་པ་འདྲིལ༔ སྐུ་སྨད་གནམ་ལྕགས་ཕུར་པའི་དབལ༔ ཉམས་པའི་སྙིང་བཏབ་སྐུ་ཡི་ཁྱོན༔ དུར་ཁྲོད་དཔལ་ཆས་ཡོངས་སུ་རྫོགས༔ ཆུ་སྲིན་ཁ་ནས་སྡིག་སྦྲུལ་ལྕགས༔ མེ་ཟེར་ཁྲོ་ཆུའི་ཁ་ཕྲུ་འདེབས༔ སྒོ་བཞིར་སྐྱ་ག་པུ་ཤུད་དང༔ སྲིན་བྱ་ཁྲ་ཡི་མགོ་ཅན་བཞི༔ དཀར་སེར་དམར་ལྗང་གཡས་རང་རྟགས༔ གཡོན་པས་ཕུར་འདྲིལ་ཞབས་གར་སྟབས༔ གཅེར་བུ་ཁྲོ་མོའི་ཆས་དང་ལྡན༔ མུན་རན་ཨེ་ཝཾ་མཱ་ཡ་ལས༔ ཤྭ་ན་བདག་ཉིད་ས་བདག་བཞི༔ མཐུ་དང་རྫུ་འཕྲུལ་གློག་ལས་མྱུར༔ རང་རང་རྒྱན་དང་ཕྱག་མཚན་འཛིན༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས༔ གཙོ་དང་འཁོར་གྱི་ཚུལ་སྣང་ཡང༔ དོན་ལ་དབྱིངས་རིག་གཉིས་མེད་པ༔ གཙོ་མཆོག་རྒྱལ་པོ་ཉིད་དུ་རྫོགས༔ ལྷ་ཚོགས་ཀུན་གྱི་གནས་གསུམ་དུ༔ རྡོ་རྗེའི་ཡིག་འབྲུ་དཀར་དམར་མཐིང༔ མཚོན་པའི་སྤྲོ་བསྡུས་སྐུ་གསུང་ཐུགས༔ སངས་རྒྱས་ཀུན་དང་གཉིས་མེད་གྱུར༔ ཨོཾ་མ་ཧཱ་ཀཱ་ཡ་བཛྲ་ཨོཾཿ ཨཱཿམ་ཧཱ་ཝཱཀ་བཛྲ་ཨཱཿ ཧཱུྃ་མ་ཧཱ་ཙིཏྟ་བཛྲ་ཧཱུྃ༔ སྤྱི་བོའི་གནས་ལྔའི་ཡི་གེ་ལྔའི༔ རིགས་ལྔ་ཡབ་ཡུམ་བཅུར་གྱུར་པའི༔ བྱང་སེམས་རྒྱུན་གྱིས་དབང་བསྐུར་བས༔ གདན་གསུམ་དཀྱིལ་འཁོར་ཡོངས་སུ་རྫོགས༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་ཨཱ་དརྴ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་ས་མ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་པྲ་ཏྱབེཀྵ་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཨོཾ་མ་ཧཱ་ཀྲྀ་ཏྱཱ་ནུཥྛ་ན་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ གསུམ་པ་ཡེ་ཤེས་སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་དབྱིངས་ངང་ནས་འབར་བའི་སྐུ༔ དཔལ་ཆེན་ཀརྨ་ཀཱི་ལ་ཡ༔ འཇིགས་མཛད་རྡོ་རྗེ་གཞོན་ནུ་ཆེ༔ ཁྲོ་བཅུ་ཕྲ་ཕྱག་སྲས་སྒོ་མ༔ བདུད་འདུལ་འབར་བའི་སྐུར་བཞེངས་ལ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ གནས་འདིར་སྤྱན་འདྲེན་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་སྟོན་པ་དང༔ བདུད་བགེགས་བར་ཆད་དབྱིངས་སུ་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿཧཱུྃ་བྃ་ཧོཿ བཞི་པ་དམ་ཡེ་བརྟན་བཞུགས་ནི༔ ཧཱུྃ༔ ཡེ་ཤེས་ཕུར་པའི་ལྷ་ཚོགས་ནི༔ དབྱིངས་དང་འདུ་འབྲལ་མེད་པའི་ཕྱིར༔ དམ་ཡེ་གཉིས་སུ་མེད་པ་ཡི༔ དགྱེས་པ་ཆེན་པོས་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ལྔ་པ་གུས་པའི་ཕྱག་གིས་འདུད༔ ཧཱུྃ༔ སངས་རྒྱས་ཀུན་གྱི་ཕྲིན་ལས་བདག༔ བདུད་འདུལ་ཀརྨ་ཧེ་རུ་ཀ༔ ཡེ་ཤེས་སྤྲུལ་པའི་དཀྱིལ་འཁོར་གསུམ༔ དད་པའི་བློ་ཡི་ཕྱག་གིས་འདུད༔ ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ཧོཿ དྲུག་པ་ཕྱི་ནང་གསང་མཆོད་འབུལ༔ ཧཱུྃ༔ རང་བྱུང་ཁྲོ་རྒྱལ་ཆེན་པོ་ལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ རྡོ་རྗེའི་དབང་པོ་སིམ་བྱེད་རྫས༔ ཀུན་ནས་ཀུན་ཏུ་འཕྲོ་བས་མཆོད༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཀཱི་ལ་ཡ་མཎྜལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས་ ཤབྡ་སརྦ་པཱུ་ཛ་ས་མ་ཡ་ཧོཿ ཧཱུྃ༔ དགྲ་བགེགས་བསྒྲལ་བ་ལས་བྱུང་བའི༔ དབང་པོའི་མེ་ཏོག་ཚིལ་ཆེན་སྤོས༔ ཞུན་གྱི་མར་མེ་མཁྲིས་སྣའི་ཆབ༔ ཤ་རུས་ཞལ་ཟས་རྐང་གླིང་འབུལ༔ མ་ཧཱ་རུ་ཏྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་ཤྨ་ཤཱ་ན་སརྦ་པཱུ་ཛ་ཧོཿ ཧཱུྃ༔ རྩ་བརྒྱད་སྟོང་སྦྱར་སྨན་གྱི་ཕུད༔ འདོད་ཡོན་རྨད་བྱུང་གཏོར་མའི་བཅུད༔ ཁམས་གསུམ་དབྱིངས་སྒྲོལ་རཀྟ་ཆེས༔ ཁྲག་འཐུང་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཨཱ་ཧཱུྃ༔ ཧཱུྃ༔ ཁྲོ་མོ་ཡུམ་གྱི་མཁའ་དབྱིངས་ཨེར༔ ཐབས་ཀྱི་རྡོ་རྗེས་བརྡུངས་བྱས་ནས༔ གཉིས་མེད་བདེ་ཆེན་སྦྱོར་བ་དང༔ ཆགས་སྡང་སྒྲོལ་བའི་ལས་ཀྱིས་མཆོད༔ ཏ་ན་ག་ཎ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ བདུན་པ་བསྟོད་ཅིང་གསོལ་བ་གདབ༔ ཧཱུྃ༔ ཚོགས་བརྒྱད་དབྱིངས་སུ་བསྒྲལ་བ་ཡི༔ ཡེ་ཤེས་ཀློང་དགུའི་རིགས་ཀུན་བདག༔ ཕྱོགས་དུས་རྒྱལ་བའི་ཡེ་ཤེས་སྐུ༔ བླ་མ་འཆོལ་བའི་ཁྲོ་རྒྱལ་བསྟོད༔ དབྱིངས་ཡེ་གཉིས་མེད་དཔལ་ཆེན་པོ༔ དབང་དང་སྟོབས་བཅུའི་ཁྲོ་རྒྱལ་བཅུ༔ ཚད་མེད་མཐར་ཕྱིན་ཕྲིན་ལས་བཞིས༔ དོན་མཛད་སྒོ་མ་སྲས་མཆོག་བསྟོད༔ སྟོང་པའི་ཡེ་གདངས་ཕྲིན་ལས་རྩལ༔ རྣོ་མྱུར་ནུས་པས་ས་ལམ་སྤོར༔ བདེ་ཆེན་མཆོག་སྟེར་ཌཱ་ཀི་མ༔ མཁའ་འགྲོའི་ཚོགས་སུ་ཤར་ལ་བསྟོད༔ རྣམ་འགྱུར་འཇིག་རྟེན་མ་མོའི་ཚུལ༔ དོན་ལ་དཔལ་གྱི་རྣམ་པར་རོལ༔ བདེན་དོན་དག་པའི་བཀའ་སྲུང་ཆེ༔ དམ་ཅན་སྲུང་མའི་ཚོགས་ལ་བསྟོད༔ ཡེ་ཤེས་དབྱིངས་ལས་འབར་བའི་སྐུ༔ ཞེ་སྡང་རྡོ་རྗེ་ཕྲིན་ལས་ལྷ༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལ༔ མི་ཕྱེད་གུས་པས་འདུད་ཅིང་བསྟོད༔ བདག་གི་ལྷག་པའི་ལྷ་གཅིག་པུ༔ ཁྱོད་ཀྱི་ཡེ་ཤེས་སྒྱུ་མ་ལ༔ བསྟོད་ཅིང་གསོལ་བ་བཏབ་པའི་མཐུས༔ བྱིན་རླབས་དངོས་གྲུབ་མཐའ་དག་སྩོལ༔ བརྒྱད་པ་བཟླས་པ་སྔགས་ཀྱི་ཚུལ༔ བསྙེན་སྒྲུབ་ལས་ཀྱི་དང་པོ་ནི༔ བྱིན་རླབས་བླ་མའི་བསྙེན་པ་སྟེ༔ མོས་གུས་གདུང་བའི་ཤུགས་ཀྱིས་བསྐུལ༔ ཧཱུྃ་ཧཱུྃ་ཧཱུྃ༔ མཚུངས་མེད་བླ་མ་ཐུགས་རྗེའི་གཏེར༔ ཁྱོད་ནི་དུས་ངན་སྙིགས་མའི་སྐྱབས༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ དྲག་པོ་ཁྲོ་རྒྱལ་འཆོལ་བའི་སྐུ༔ རྡོ་རྗེ་གྲོ་ལོད་དབྱིངས་ནས་བཞེངས༔ དུས་ངན་སྙིགས་མའི་སྐྱེ་འགྲོ་རྣམས༔ དུག་གསུམ་འཆོལ་བའི་རྒྱུ་འབྲས་ལས༔ བྱུང་བའི་ནད་མཚོན་མུ་གེ་ཡིས༔ མནར་བཞིན་རེ་ལྟོས་ཁྱེད་ལ་འཆའ༔ གདུང་བས་ཕ་གཅིག་འབོད་ལ་དགོངས༔ ལྔ་བརྒྱའི་སེམས་ཅན་སྐྱོབ་པ་ཡི༔ ཞལ་བཞེས་བསླུ་བ་མེད་པ་ཡིས༔ རྡོ་རྗེའི་ཐ་ཚིག་དེང་བསྐུལ་ན༔ མཁྱེན་བརྩེ་ནུས་པའི་རྩལ་སྤྲུགས་ལ༔ བྱིན་གྱིས་རློབས་ཤིག་གུ་རུ་རྗེ༔ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ ངག་ལ་གསུང་གི་ནུས་པ་སྩོལ༔ སེམས་ལ་དགོངས་པས་རྟོགས་པ་སྤོར༔ ཡེ་ཤེས་དབྱིངས་སུ་དབྱེར་མེད་མཛོད༔ གསོལ་བཏབ་ཐུགས་དམ་རྒྱུད་བསྐུལ་བས༔ ཡེ་ཤེས་སེམས་དཔའི་གནས་གསུམ་ལས༔ ཧཱུྃ་ཡིག་དཀར་དམར་མཐིང་གསུམ་སྤྲོས༔ ལུས་ངག་ཡིད་ཀྱི་སྒྲིབ་པ་དང༔ ནད་གདོན་བར་ཆད་གཞོབ་ཐུལ་བསྲེགས༔ བྱད་ཕུར་རྦོད་གཏོང་ཐལ་བར་བརླག༔ རིག་འཛིན་བླ་མའི་གསང་གསུམ་དང༔ གཉིས་སུ་མེད་པར་བྱིན་རླབས་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་རྡོ་རྗེ་གྲོ་བོ་ལོད་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ བླ་མ་ཡི་དམ་དབྱེར་མེད་པའི༔ བསྙེན་སྔགས་ཁྱད་པར་ཧཱུྃ་ལྔའི་གླུས༔ བྱིན་རླབས་བཙན་ཐབས་འབེབས་པ་ཡིས༔ ཐབས་ཀྱི་གསེང་ལམ་རྨད་བྱུང་ངོ༔ ས་མ་ཡ༔ གཉིས་པ་ཡི་དམ་སྒྲུབ་པ་ནི༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས༔ གསལ་བརྟན་དག་པ་དྲན་ལ་བསླབ༔ གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས༔ བླ་མ་དྲག་པོའི་ཐུགས་ཀློང་དུ༔ ཉི་སྟེང་རྡོ་རྗེ་ནས་ཙམ་པའི༔ ལྟེ་བར་ཧཱུྃ་མཐར་ཀཱི་ལ་ཡ༔ འབྲུ་དགུའི་བར་དུ་རྟ་མགྲིན་དམར༔ པདྨ་དྲིལ་བུ་འཛིན་པས་སྲུང༔ འོད་འཕྲོས་ཕྱོགས་དུས་རྒྱལ་བ་མཆོད༔ རིག་འཛིན་བླ་མའི་ཐུགས་དམ་བསྐང༔ རྩ་གསུམ་ལྷ་ཡི་བྱིན་རླབས་བསྡུས༔ དམ་ཅན་སྲུང་མ་ལས་ལ་བསྐུལ༔ རིག་དྲུག་སྒྲིབ་སྦྱངས་ལྷ་རུ་སད༔ སྣང་སྲིད་རྡོ་རྗེ་ཕུར་པའི་ཞིང༔ དཀྱིལ་འཁོར་ཆེན་པོ་གཅིག་ཏུ་རྫོགས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་རྣམས༔ བསྡུས་ཏེ་བདག་མདུན་ཀུན་ལ་ཐིམ༔ གཟི་བྱིན་འོད་དུ་འབར་བར་བསམ༔ ལྷ་སྔགས་ཏིང་འཛིན་ཐམས་ཅད་ཀྱང༔ ཡེ་ཤེས་གཅིག་གི་རོལ་པ་སྟེ༔ སྣང་སྟོང་དབྱེར་མེད་མཉམ་པ་ཉིད༔ ཆུ་ཟླ་འཇའ་ཚོན་ལྟ་བུར་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཅེས་བཟླ་སྲོག་སྡོམ་གཟེར་བཞིས་གདབ༔ སྒྲུབ་པ་ཆེན་པོའི་ཏིང་འཛིན་ནི༔ གཙོ་བོའི་འོད་ཀྱིས་ཁྲོ་བཅུ་བསྐུལ༔ སྐུ་སྔགས་ཕྱག་མཚན་སྤྲོ་བསྡུ་ཡིས༔ སྣོད་བཅུད་རྡོ་རྗེ་ཕུར་པའི་ཞིང༔ སྲིད་པ་བརྟན་གཡོ་ལྷ་ཡི་དལ༔ སྐུ་གསུང་ཐུགས་གསུམ་མི་ཕྱེད་པ༔ རང་བྱུང་ཡེ་ཤེས་ཕྱག་རྒྱར་རྫོགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བྃ་ཧོཿ ཀ་ཏཾ་ཀ་ཡེ༔ ཛ་ཡེ་བི་ཛ་ཡེ༔ ཨ་ཛི་ཏེ༔ ཨ་པ་ར་ཛི་ཏེ༔ མ་ར་སེ་ན་པྲ་མརྡྷ་ན་ཡེ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ གཙོ་འཁོར་སྤྱི་དྲིལ་བཟླས་པ་བྱ༔ ས་མ་ཡ༔ གསུམ་པ་ལས་ལ་སྦྱོར་བ་ནི༔ ལྷ་ཚོགས་ཀུན་གྱིས་འོད་ཟེར་ནི༔ ལྗང་ནག་བ་ཐག་ལྟ་བུ་སྤྲོས༔ དགྲ་བགེགས་སྡེ་དཔུང་དང་བཅས་པ༔ ལྷ་དབྲལ་གཟུགས་ལ་དབབ་པ་དང༔ བྱད་དུ་གཞུག་དང་སྨྱོ་རུ་གཞུག༔ རྡུལ་དུ་བརླག་དང་ཞལ་བསྟབ་པའི༔ མངོན་སྤྱོད་ལས་དྲུག་མཐར་ཕྱིན་མོས༔ རྩ་སྔགས་ཉིད་ཀྱི་མགོ་མནན་ཏེ༔ ལས་སྔགས་སྤུ་གྲི་འདི་ཉིད་བཟླ༔ མ་རཀྨོ་ཡཀྨོ༔ ཀཱ་ལ་རུ་པ༔ སྙིང་རྩ་ལ་ཡཾ་ཡཾ༔ སྲོག་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་རྩ་ལ་ཆུཾ་ཆུཾ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་སྲོག་ལ་ཤད་ཤད༔ ཐུཾ་རི་ལི་ལི༔ ཙིག་ཙིག༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷཱ་ཏི་མ་མ་ཀརྨ་ཤྲཱི་གྷྲཾ་ཀ་ར་ཡེ༔ མཱ་ར་སེ་ན་པྲ་མརྡྷ་ན་ཡེ་ཧཱུྃ་ཕཊ྄༔ རྫས་སྔགས་དམིགས་པའི་འཕྲུལ་འཁོར་ནི༔ མན་ངག་ཞལ་ཁྲིད་ཇི་བཞིན་དུ༔ དགོས་པའི་དུས་སུ་གནད་དུ་བརྡེག༔ ས་མ་ཡ༔ རྗེས་རིམ་དང་པོ་ཚོགས་མཆོད་ནི༔ ཞིང་ངམ་གཅན་གཟན་ལྤགས་པའི་སྟེང༔ ཐབས་ཤེས་རྫས་རྣམས་བཅལ་དུ་བཀྲམ༔ རྣལ་འབྱོར་ཕོ་མོའི་ལྟ་གདིང་བསྐྱེད༔ ཐོག་མར་བྱིན་གྱིས་བརླབས་པ་ནི༔ སྟོང་པའི་ངང་ལས་རླུང་མེ་དང༔ ཐོད་སྐམ་སྒྱེད་པུ་གསུམ་གྱི་སྟེང༔ མཚན་ལྡན་རྡོ་རྗེའི་ཀ་པཱ་ལར༔ ཤ་ལྔ་བདུད་རྩི་ཐབས་ཤེས་རྫས༔ བསྲེགས་གཏོར་སྦྱངས་ནས་འབྲུ་གསུམ་གྱིས༔ བྱིན་རླབས་རིགས་ལྔའི་དམ་རྫས་གྱུར༔ རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ གཉིས་པ་མགྲོན་ཀུན་སྤྱན་འདྲེན་ནི༔ ཧཱུྃ༔ རབ་འབྱམས་སྐུ་གསུམ་རྒྱལ་བའི་ཚོགས༔ རིག་འཛིན་ལྷ་དང་མཁའ་འགྲོ་ཀུན༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཚོགས་ཁང་དུར་ཁྲོད་རོལ་པའི་ཞིང༔ ཧེ་རུ་ཀ་དཔལ་མདུན་ས་ཆེ༔ དཔའ་བོ་ཌཱ་ཀི་དགྱེས་པར་འདུ༔ ཀུན་ཀྱང་རྡོ་རྗེའི་བརྟུལ་ཞུགས་སྤྱོད༔ གསང་བ་མཆོག་གི་དམ་ཚིག་ལ༔ དགྱེས་རོལ་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀུ་མཱ་ར་མཎྜ་ལ་ཏྲི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿ ཨེ་ཨ་ར་ལླི་ཕཻཾ་ཕཻཾ་ཧྲཱིཾ་ཧྲཱིཾ་ཛཿཛཿ གསུམ་པ་ཕུད་ཀྱི་མཆོད་པ་ནི༔ ཧཱུྃ༔ དཔལ་ཆེན་དགྱེས་པའི་དམ་ཚིག་རྫས༔ ཟག་མེད་རྡོ་རྗེའི་འདོད་ཡོན་གཏེར༔ བླ་ན་མེད་པའི་མཆོད་པ་ཆེས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བཞི་པ་ཉམས་ཆག་བཤགས་པ་ནི༔ ཧོཿ ཐོག་མེད་བསགས་པའི་སྡིག་ལྟུང་ཚོགས༔ བཤགས་ཤིང་ཚངས་པ་བསྩལ་བའི་ཕྱིར༔ དམ་རྫས་བདུད་རྩིའི་ཚོགས་མཆོད་ཀྱིས༔ མ་ལུས་བྱང་ཞིང་དག་པར་སྩོལ༔ ས་མ་ཡ་ཤུདྡྷེ་ཨཿ ཡིག་བརྒྱ་བཟླ༔ ལྔ་པ་ཉམས་པ་བདུན་བསྒྲལ་ནི༔ ཧཱུྃ༔ རྡོ་རྗེ་ཁྲོས་པའི་ཡེ་ཤེས་མཚོན༔ བདག་རྟོག་རུ་ཏྲར་བཏབ་ཅིང་བསྒྲལ༔ སྡུག་བསྔལ་ཉེར་ལེན་ཤ་ཁྲག་རུས༔ དཔལ་ཆེན་དགྱེས་པའི་ཞལ་དུ་བསྟབ༔ རུ་ཏྲ་ཧ་ལ་པཉྩ་ཛྙཱ་ན་པཱུ་ཛ་ཁཱ་ཧི༔ དྲུག་པ་ཐབས་ཤེས་མཉམ་པའི་རྫས༔ རྣལ་འབྱོར་ལྡན་པས་ལོངས་སུ་སྤྱོད༔ བདེ་སྟོང་ཡེ་ཤེས་རོལ་པ་ཡི༔ ལྟ་དགོངས་ལྡན་པས་བརྟུལ་ཞུགས་སྤྱོད༔ བདུན་པ་ལྷག་མས་བཀའ་སྡོད་བརྔན༔ ཨེ་ཨ་ར་ལླི་ཧོ༔ ཕཻཾ༔ དཔལ་གྱི་བཀའ་སྡོད་དཀྱིལ་འཁོར་སྐྱོང༔ དམ་ལྡན་ཕྲིན་ལས་སྒྲུབ་པ་མོ༔ ལྷག་ལ་དབང་བའི་དྲེགས་ཚོགས་ཀུན༔ ཕམ་ཕབ་ལོངས་ལ་བསྟན་པ་སྲུང༔ མ་མ་ཧྲཱིཾ་ཧྲཱིཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ རྡོ་རྗེའི་རིགས་སྐྱེས་སྨོན་ལམ་དང༔ རྒྱུད་བཀླག་རྡོ་རྗེའི་གླུ་གར་བྱ༔ བརྒྱད་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་འཁོར་དང་བཅས༔ ཡེ་ཤེས་ཐུགས་རྗེ་རྩལ་སྤྲུགས་ཏེ༔ བདག་ཅག་རྩེ་གཅིག་སྒྲུབ་ལ་དགོངས༔ རྡོ་རྗེ་སྐུ་གསུང་ཐུགས་ཀྱི་དབྱིངས༔ མི་ཟད་རྒྱན་གྱི་འཁོར་ལོ་ཡི༔ བྱིན་རླབས་དངོས་གྲུབ་ཐོགས་མེད་པས༔ དོན་གཉིས་འབད་མེད་ལྷུན་གྲུབ་མཛོད༔ དགུ་པ་སྲུང་མར་ཆད་ཐོ་བསྒྲགས༔ ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ༔ བར་དུ་བརྒྱུད་གསུམ་བླ་མའི་ཚོགས༔ ཐ་མ་སྨོན་ལམ་དུས་བབ་པས༔ རྒྱུད་གསུང་ཟབ་གཏེར་སྒོ་འབྱེད་ཚེ༔ བསྟན་དང་བསྟན་འཛིན་ལེགས་སྐྱོངས་བའི༔ རྡོ་རྗེའི་ཐ་ཚིག་ཕོག་པ་བཞིན༔ ཡལ་གམ་གཉན་པོ་མ་དྲལ་བའི༔ ཐུགས་དམ་རྗེས་སུ་བསྐུལ་བའི་ཕྱིར༔ གཏོར་མ་འབུལ་བ་འདི་བཞེས་ལ༔ བྱང་ཆུབ་སྒྲུབ་པའི་བར་ཆད་སེལ༔ སྒྲུབ་པའི་སྡོང་གྲོགས་གཡེལ་མེད་མཛོད༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧིཿ བཅུ་པ་བརྟན་མ་བཤལ་ཆུས་མཆོད༔ ཧཱུྃ༔ སློབ་དཔོན་ཆེན་པོ་པདྨ་ཡིས༔ བཀའ་ཉན་མ་མོ་བརྟན་མའི་ཚོགས༔ བཤལ་ཆུའི་བདུད་རྩི་འདི་བཞེས་ལ༔ ཕུར་པའི་སྒྲུབ་པའི་གྲོགས་མཛོད་ཅིག༔ གསང་ཆེན་བསྟན་པ་སྐྱོང་བ་དང༔ གངས་ཅན་བདེ་བའི་ཕྲིན་ལས་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི༔ བཅུ་གཅིག་ལས་མཇུག་བྲོ་ཡིས་བསྡུ༔ ཧཱུྃ༔ བདག་ཏུ་ལྟ་བའི་དམ་སྲི་དཔུང༔ རྣམ་ཐར་གསུམ་གྱི་དབྱིངས་སུ་མནན༔ ཆོས་དབྱིངས་དགོངས་པས་རྒྱས་བཏབ་པས༔ ནམ་ཡང་ལྡང་བར་མ་གྱུར་ཅིག༔ སྟྭཾ་བྷ་ཡ་ནན༔ བཅུ་གཉིས་པ་དངོས་གྲུབ་བླང་བ་ནི༔ སྣང་སྲིད་རྡོ་རྗེ་ཕུར་པའི་ལྷས༔ སྲིད་པ་རྡོ་རྗེ་ཕུར་པའི་དལ༔ སྒྲུབ་ཕྱིར་ཡེ་ཤེས་དག་པའི་ལྷས༔ སྲིད་ཞི་མཉམ་པ་ཆེར་སྦྱོར་བས༔ ལས་དང་དངོས་གྲུབ་རབ་འབྱམས་ཀུན༔ ཐོགས་པ་མེད་པར་གྲུབ་པར་མཛོད༔ ཀཱ་ཡ་ཝཱཀ་྄ཙིཏྟ་སརྦ་སིདྡྷི་ཧོཿ བཅུ་གསུམ་མཆོད་བསྟོད་སྔོན་འགྲོ་བས༔ ནོངས་པ་བཤགས་ཤིང་སོར་ཆུད་ཕྱིར༔ ཧོ༔ བདག་ཅག་ལས་དང་ཉོན་མོངས་ཀྱི༔ དབང་གྱུར་ཆོ་ག་ལྷག་ཆད་འཁྲུལ༔ ཏིང་འཛིན་བྱིང་རྨུག་ནོངས་པའི་ཚོགས༔ འགྱོད་པས་བཤགས་སོ་དག་པར་མཛོད༔ ཨ་ཨ་ཨ༔ ཡིག་བརྒྱ་བརྗོད༔ བཅུ་བཞི་ལྷ་སྣང་བསྡུ་ལྡང་ནི༔ སྣང་བཅས་གཟུགས་སྐུའི་རྟེན་བརྟེན་པ༔ འོད་གསལ་ཆོས་སྐུའི་དབྱིངས་སུ་ཐིམ༔ ཐུགས་རྗེའི་རང་རྩལ་མ་འགག་པ༔ སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ༔ གདོད་ནས་འཕོ་འགྱུར་མ་དམིགས་པའི༔ ཡེ་ཤེས་གཅིག་གི་རྣམ་རོལ་གྱུར༔ བཅོ་ལྔ་བསྔོ་སྨོན་རྒྱས་བཏབ་ཕྱིར༔ ཧོ༔ བསྐྱེད་རིམ་སྲིད་པ་ཕུར་བུ་ཡིས༔ སྣོད་བཅུད་དཀྱིལ་འཁོར་གསུམ་དུ་ཤར༔ མཚན་མ་རྫས་ཀྱི་ཕུར་བུ་ཡིས༔ དགྲ་གསུམ་བདུད་བཞི་དབྱིངས་སུ་སྒྲོལ༔ བདེ་ཆེན་བྱང་སེམས་ཕུར་བུ་ཡིས༔ བདེ་སྟོང་འཕོ་མེད་ཐིག་ལེར་ཐིམ༔ རིག་པ་ཡེ་ཤེས་ཕུར་བུ་ཡིས༔ མི་སློབ་འབྲས་བུའི་མཆོག་ཐོབ་ཤོག༔ བཅུ་དྲུག་ཤིས་བརྗོད་བདེན་ཚིག་ནི༔ ཧོ༔ བརྒྱུད་གསུམ་རིག་འཛིན་བླ་མ་ཡིས༔ བྱིན་རླབས་ཆར་འབེབས་བཀྲ་ཤིས་ཤོག༔ རབ་འབྱམས་ཡི་དམ་ལྷ་ཚོགས་ཀྱིས༔ དངོས་གྲུབ་མཆོག་སྩོལ་བཀྲ་ཤིས་ཤོག༔ གནས་གསུམ་ཌཱ་ཀི་ཆོས་སྲུང་གིས༔ ཕྲིན་ལས་ཐོགས་མེད་བཀྲ་ཤིས་ཤོག༔ གནས་སྐབས་ལས་བཞི་མྱུར་འགྲུབ་ཅིང༔ མཐར་ཐུག་ཕྱག་རྒྱ་ཆེན་པོ་རྟོགས༔ རང་གཞན་དོན་གཉིས་མཐར་ཕྱིན་པའི༔ བདེ་ལེགས་མཆོག་གི་བཀྲ་ཤིས་ཤོག༔ ས་མ་ཡ༔ བདག་ཉིད་ཆེན་པོ་པདྨ་དང༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་གཉིས༔ གཅིག་ཏུ་དྲིལ་བའི་ཐབས་ཟབ་མོ༔ བྱིན་རླབས་ཚན་ཆེན་ཟབ་ལ་འདྲིལ༔ ཀུན་མཐུན་ཀུན་ལས་ཁྱད་འཕགས་པའི༔ ཡང་ཟབ་ཐུགས་ཀྱི་ཐིག་ལེ་འདི༔ ཤིན་ཏུ་སྙིགས་མའི་གདུལ་བྱ་རྣམས༔ འདུལ་ཕྱིར་རྗེས་སུ་གདམས་པ་བཞིན༔ སྣང་ནས་བསྟན་འགྲོར་ཕན་པར་ཤོག༔ ཅེས་པའང་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་ཟབ་གཏེར་གྱི་ཉིང་ཁུ་སྤ་གྲོ་སྟག་ཚང་རྡོ་རྗེའི་བྲག་གི་ཀེའུ་ཚང་ནས་གསང་གཏེར་དུ་བཞེས་པའི་བླ་ཕུར་ཐུགས་ཀྱི་ཐིག་ལེ་ལ་དབང་གི་རྩ་ཐོ་ཙམ་ལས་གཏན་ལ་ཕབ་མ་མཛད་པས་དབང་འཇུག་བདེ་ཞིག་གལ་ཆེ་བས་ཁྱེད་ནས་འབྲི་བར་འོས་ཞེས་རྗེ་བླ་མའི་གསང་ཡུམ། སྐུ་གསུང་ཐུགས་ཀྱི་སྲས་ལྕམ་དྲལ་རྣམས་ནས་རྟེན་དང་བཅས་ཏེ་བཀའ་ནན་བསྩལ་བ་ལྟར་སྙིང་བཅགས་ཞུས་པ་དབང་ཟིན་སྟ་གོན་དངོས་གཞི་བཅས་གསུངས་པ། ལས་བྱང་རྒྱས་ཙམ་ཞིག་མ་བྱུང་ཐབས་མེད་སེམས་པ་བཞིན་ལྕགས་སྤྲེལ་ཆུ་སྟོད་ཟླ་བའི་ཚེས་བཅུར་ལྷོ་མོན་སྤ་གྲོ་སྟག་ཚང་དཔལ་ཕུག་ཏུ་ག་ཎ་ཙཀྲ་འབུམ་ཕྲག་དང༌། སྣང་གསལ་གྱི་མཆོད་པ་ཆིག་འབུམ་བཅས་འབུལ་སྐབས་གནས་དུས་ཆོས་གྲོགས་ཀྱི་རྟེན་འབྲེལ་བཟང་པོའི་མཚམས་སྦྱར་ཏེ་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བྲིས་པ་འདིས་ཀྱང་སྙིགས་དུས་བསྟན་འགྲོ་ལ་ཕན་པའི་དབུགས་འབྱིན་ཁྱད་པར་ཅན་ཐོབ་པའི་རྒྱུར་མཚོ་སྐྱེས་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། རྗེས་འཇུག་རྣམས་ཀྱི་ཉམས་ལེན་ནི། རྗེ་བླ་མའི་རྡོ་རྗེའི་གསུང་ཕྲིན་ལས་དཔལ་ཆེན་རང་རྫོགས་ཉིད་བྱིན་རླབས་ཀྱི་གཟི་བྱིན་མ་ཉམས་པ་ཁོ་ན་གཅེས་སོ། །འདི་ལ་བརྒྱུད་འདེབས་སྨན་མཆོད་བསྐང་བ་སོགས་རྗེ་བླ་མའི་གསུང་སྦྱར་བར་བྱའོ།། །དགེའོ།།
[edit]

skya__bla phur thugs kyi thig le las:_phrin las rgyas pa dpal chen dgyes glu bzhugs/_/


skya__khrag 'thung yongs rdzogs lha la 'dud:_bdag nyid rdo rje thod phreng rtsal:_sangs rgyas kun gyi phrin las gzugs:_dkyil 'khor bdag po gnyis su med:_rdo rje phur pa'i rgyud lung dang:_man ngag kun gyi bka' yang bab:_shin tu zab pa'i mthar thug ni:_bla ma yi dam dbyer med du:_sgrub pa'i gseng lam rmad byung ba:_ngo mtshar chen po'i zab rgya'i chos:_sgrub pa'i rim pa rmad byung bstan:_sa ma ya:_'di la sbyor dngos rjes gsum las:_dang po shis shing dben pa'i gnas:_yid dang mthun pa'i dag tu ni:_bsgrub pa'i rten rnams tshogs byas te:_thog mar skyabs su 'gro ba ni:_na mo:_sangs rgyas kun gyi ye shes sku:_he ru ka dpal bla ma rje:_dkyil 'khor kun gyi byed pa po:_mi phyed gus pas skyabs su mchi:_gnyis pa sems bskyed rim pa ni:_ho:_ma rtogs tha mal 'khrul pa'i 'gro:_ye shes dbyings su sgrol ba'i phyir:_dpal chen lha sngags ting 'dzin gyis:_byang chub mchog tu sems bskyed do:_gsum pa yan lag bdun 'bul ba:_ho:_skye med chos sku'i dbyings nyid las:_ma g.yos ye shes 'gag med rtsal:_dpal chen rdo rje phur pa yi:_rtsa gsum lha la gus phyag 'tshal:_kun bzang mchod pa rgya mtsho'i mchod:_sdig ltung 'gal 'khrul thams cad bshags:_'khor 'das dge la rjes yi rang:_zab rgyas chos kyi smin grol phyir:_rdo rje'i gsang gsum rtag bzhugs gsol:_dge tshogs byang chub snying por bsngo:_'gro kun srid zhi las grol shog:_bzhi pa 'gal rkyen bgegs bsal ba:_hU~M:_nyon cig bgegs dang log par 'dren:_nga yi bka' las 'da' ma byed:_rdo rje gsang ba'i bka' las ni:_sdig can gang zhig 'da' byed na:_stobs chen khro bo chen po bcu'i:_klad pa tshal pa brgya ru khol:_de bas dam la ma 'da' bar:_byin pa'i gtor ma 'di khyer la:_rgya mtsho chen po'i pha mthar dengs:_hU~M bzhi'i sngags dang spu gri brjod:_thun dang dmigs pas gzir ste bskrad:__lnga pa srung bas mtshams bcad ni:_hU~M:_sprul pa'i pho nya spro bsdu yis:_snang srid phur pa'i zhing du gyur:_kun kyang dgongs pa mi g.yel bas:_lha sngags ye shes dbyer med pa'i:_rang byung dkyil 'khor chen por shar:_oM badz+ra rak+Sha rak+Sha b+h+rU~M:__drug pa brda sgo phyag 'tshal ba ni:_hU~M:_snod bcud gdod nas dkyil 'khor lha:_rang bzhin nyid du lhun gyis grub:_dag pa'i snod bcud sgo dbye zhing:_gnyis med mnyam pa'i brda phyag 'tshal:_sarba maN+Dal b+h+rU~M pra be sha ya phaTa?:_na mo na ma mi:__bdun pa byin chen dbab pa'i phyir:_gdung ba'i shugs bskyed spos rol bcas:_dar dang zhing gi g.yab dor zhing:_rkang gling rol mo dbyangs dang bcas:_hU~M:_chos dbyings rang byung brdal ba che:_ye shes dkyil 'khor lha yi dal:_'gag med gzugs kyi skur bzhengs la:_dbang bskur byin phob rtags mtshan ston:_brgyud gsum bla ma rig 'dzin tshogs:_dgongs brgyud rig pa'i rtsal bskyed la:_rtogs pa don brgyud chos kyi sku'i:_byin chen phob la dbang bskur cig:_gru gsum mthing nag e yi klong:_nges pa lnga dang longs spyod rdzogs:_rdo rje gzhon nu dkyil 'khor lhas:_gnas 'dir byin phob rtags mtshan ston:_phyogs bcu dag pa'i zhing khams nas:_bdud 'dul khro bcu yab yum dang:_phra phyag sgo ma'i tshogs bcas kyis:_byin phob dbang bskur dngos grub stsol:_zla gam sku gsung thugs dbyings nas:_sprul pa'i sras mchog nyi shu gcig:_sgrol byed yak+Sha kro d+ha yis:_khams gsum dbyings sgrol byin chen phob:_yum chen 'khor lo rgyas 'debs ma:_sgo skyong phur srung dbang mo sogs:_gnas yul mkha' 'gro chos skyong gis:_phrin las thogs med byin phob cig:_rtsa gsum lha tshogs ma lus kun:_rdo rje'i sku yi gar stabs bsgyur:_rang byung sngags sgra phaiM hrIM dza:_bde stong gzi byin cher bskyed la:_me tog char dang spos sprin ngad:_sa gsum khyab par mdzad dang bcas:_gnas mchog 'di ru byin phob cig:_sgrub mchog rnams la dbang bzhi dbang bskur:_bgegs dang log 'dren bar chad sol:_mchog dang thun mong dngos grub stsol:_oM shrI he ru ka badz+ra kro d+ha kI la ya sa pa ri wA ra dz+nyA na a bai sha ya a a:_hrIM hrIM hrIM:_phaiM phaiM phaiM:__brgyad pa mchod pa byin rlabs ni:_hU~M hrIH_snod bcud rnam dag 'og min zhing:_khrag 'thung rol pa'i dur khrod cher:_phyi nang gsang ba bla med pa'i:_kun bzang mchod sprin rgya mtshor gyur:_oM badz+ra ar+g+haM nas/_shab+da sarba ma hA pU dza AHhU~M:_oM sarba pany+tsa a mr-i ta hU~M hrI Tha:_oM AHhU~M ma hA ba liM ta te dz+wa ba liM ta b+ha la b+ha te gu h+ya sa ma ya swA hA:_oM AHhU~M ma hA rak+ta sa man+ta maN+Da la hU~M phaTa?:_so sor lan gsum brjod de spel:_sa ma ya:__gnyis pa dngos kyi las rim la:_dang po ting 'dzin rnam gsum bsgom:_oM ma hA shU n+ya tA dz+nyA na badz+ra swa b+hA wa at+ma ko\u0f85haM:_rdo rje stong pa nyid kyi dbyings:_'khor dang mya ngan 'das pa'i srog:_kun la khyab cing kun las 'das:_thams cad byed po nga nyid do:_de ltar ma rtogs yid can rnams:_'khrul pa lu gu rgyud du 'khyams:_snying rje'i de kun bsgral bya'i phyir:_kun snang thugs rje mkha' khyab brdal:_stong pa'i srog ni snying rje'i phyir:_zung 'jug mi gnas ye shes che:_hU~M yig srog gi go ru bsgom:_nam mkha'i dkyil nas thig pa shar:_gnyis pa snod bcud lhar bskyed ni:_rgyu las e yaM raM suM b+h+rU~M:_kha dog lnga ldan yum lnga'i dbyings:_rdo rje btsun mo'i mkha' ru shar:_rdo rje rdul 'thas brdal ba'i steng:_dur khrod brgyad dang pad+ma nyi:_phyi rol srung ba'i gur gyis gtams:_nang du sna tshogs rdo rje'i lter:_rin chen las grub gzhal med khang:_gru bzhi sgo bzhi'i brtsegs pa can:_nang du thod pa skam rlon rnyid:_me 'bar dud 'thul shugs glu len:_gnam lcags gzer btab khrag kyang 'dzag:_pha gu drwa ba phyed 'phyang 'phrul:_pu shu'i steng du zhing gi 'phan:_ro skra'i rnga yab tsit+ta'i tog:_rgyu ma'i drwa phyed 'phyang 'phrul la:_g.yer kha'i sgra las chos kyang ston:_dbus phyur ma hA ru tra yi:_thod pas thog phub rtse mo ru:_rdo rje nor bu'i 'od zer 'phro:_gzhal yas nang gi lte ba ru:_gnam lcags 'khor lo rtsibs bcu'i mthar:_thod pa skam po'i mu khyud zlum:_dbus su gru gsum rnam thar gsum:_mtshon pa'i zla gam mdun g.yas g.yon:_rdo rje'i brag chen lha chen po:_khyo shug bsnol ba'i steng nyid du:_hU~M yig thog ltar bab pa nyid:_spro bsdus gnam lcags rdo rjer gyur:_de nyid yongs gyur bcom ldan 'das:_rdo rje gzhon nu dpal chen po:_mthing nag nam mkha' dwangs ma'i mdog:_zhal gsum phyag drug zhabs bzhi bgrad:_g.yas dkar g.yon dmar dbus thing nag:_sgeg pa rngams shing 'jigs su rung:_spyan dgu bgrad cing sdang mig gzir:_rdzi smin sma ra me bzhin 'bar:_mche gtsigs ljags 'dril hU~M dang phaiM:_nga ro drag po'i rgod cing gshe:_thod skam lngas brgyan ral pa brdzes:_thor tshugs rdo rje'i tog gis mtshan:_phyag drug g.yas kyi dang po gnyis:_rdo rje rtse dgu rtse lnga gdeng:_g.yon pas me dpung kha T+wAM gsor:_tha gnyis ri rab phur 'dril bas:_sbyor yum 'khor lo rgyas 'debs 'khyud:_sku che yan lag rags pa la:_dpal dang dur khrod chas thams cad:_rdzogs pas bskal pa'i me dbus 'gying:_yum chen rngams pa khro sgeg mdzes:_g.yas pa ut+pal yab mgul 'khyud:_g.yon pas thod khrag g.yas zhal stob:_gzhon sgeg nu 'bur b+ha ga rgyas:_gcer bu gzig sham thod skam phreng:_rus pa'i rgyan mdzes ral pa 'phyang:_thod skam dbu rgyan zhabs g.yas brkyang:_g.yon bskum dpal gyi sku la 'khril:_bde stong mnyam pa chen por sbyor:_yab kyi thugs kar ye shes sems:_rtsa gsum kun 'dus thod phreng rtsal:_'chol ba'i khro rgyal skur bzhengs pa:_'jigs mdzad rdo rje gro bo lod:_dmar smug gtum rngams aM gtsigs bsdam:_spyan gsum zlum 'khyil smar smin 'bar:_rab byung cha lugs rus rgyan dang:_mi mgo'i do shal 'phyang zhing g.yo:_phyag g.yas rdo rje rtse dgu gdeng:_g.yon pas gnam lcags phur pa gzir:_zhabs gnyis dor stabs mchil l+h+wam bcas:_pad nyi rgyal bsen brdzis pa yi:_stag chen grus ma'i steng na 'gyings:_sku la rdo rje me dpung dang:_hU~M raM phaTa? kyi tshwa tshwa 'phro:_gtso bo yab yum bde stong gi:_sbyor mtshams byang chub sems kyi sprin:_hU~M yig bcu spros 'khor lo'i rtsibs:_'khod pa khro rgyal bcu ru gyur:_steng du hU~M kar sgra 'byin sngo:_phra men phag dang smigs bu'i mgo:_shar du rnam rgyal snyems ma dkar:_phra men stag dang bya rgod mgo:_shar lho dbyug sngon sder mo sngo:_phra men g.yag dang bya rog mgo:_lho ru gshin rje dur khrod mthing:_phra men sha ba 'ug pa'i mgo:_lho nub mi g.yo gtun khung nag:_phra men gzig dang khwa ta'i mgo:_nub tu rta mgrin gtum mo dmar:_phra men byi la pu shud mgo:_nub byang 'dod rgyal mda' snyems dmar:_phra men spyang ki khra yi mgo:_byang phyogs bdud rtsi rlung 'byin ljang:_phra men seng ge pha wang mgo:_byang shar 'dod rgyal gsod byed nag:_phra men dom dang sre mong mgo:_'og phyogs stobs chen bskyod dud kha:_phra men dred dang byi ba'i mgo:_kun kyang zhal gcig phyag gnyis kyi:_phrin las don rtags phur pa 'dril:_dpal dang dur khrod chas kyis brgyan:_phyogs skyong pho mo'i gdan la 'gying:_phra men nyi shu gcer bu la:_sbrul dang rus pa'i rgyan dang bcas:_lcags kyu phur 'dril gar gyis rgyun:_ye shes me 'od klong na gsal:_zla gam gsum la sku gsung thugs:_gtso bo'i gnas lngar sras mchog lnga:_sku stod zhal gsum phyag kyang drug:_dkar dmar mthing ser ljang nag gzugs:_g.yas gnyis dgra s+t+wa kha T+wAM dang:_g.yon gnyis 'khor lo rdo rje nor:_pad+ma rgya gram gtun shing bcas:_mtha' gnyis kun kyang phur pa 'dril:_sku smad gnam lcags phur pa'i dbal:_nyams pa'i snying btab sku yi khyon:_dur khrod dpal chas yongs su rdzogs:_chu srin kha nas sdig sbrul lcags:_me zer khro chu'i kha phru 'debs:_sgo bzhir skya ga pu shud dang:_srin bya khra yi mgo can bzhi:_dkar ser dmar ljang g.yas rang rtags:_g.yon pas phur 'dril zhabs gar stabs:_gcer bu khro mo'i chas dang ldan:_mun ran e waM mA ya las:_shwa na bdag nyid sa bdag bzhi:_mthu dang rdzu 'phrul glog las myur:_rang rang rgyan dang phyag mtshan 'dzin:_dkyil 'khor gsum gyi lha tshogs rnams:_gtso dang 'khor gyi tshul snang yang:_don la dbyings rig gnyis med pa:_gtso mchog rgyal po nyid du rdzogs:_lha tshogs kun gyi gnas gsum du:_rdo rje'i yig 'bru dkar dmar mthing:_mtshon pa'i spro bsdus sku gsung thugs:_sangs rgyas kun dang gnyis med gyur:_oM ma hA kA ya badz+ra oMH_AHma hA wAka badz+ra AH_hU~M ma hA tsit+ta badz+ra hU~M:_spyi bo'i gnas lnga'i yi ge lnga'i:_rigs lnga yab yum bcur gyur pa'i:_byang sems rgyun gyis dbang bskur bas:_gdan gsum dkyil 'khor yongs su rdzogs:_oM ma hA shU n+ya tA dz+nyA na badz+ra swa b+hA wa at+ma ko\u0f85haM:_oM ma hA A dar+sha dz+nyA na badz+ra swa b+hA wa at+ma ko\u0f85haM:_oM ma hA sa ma ta dz+nyA na badz+ra swa b+hA wa at+ma ko\u0f85haM:_oM ma hA pra t+yabek+Sha Na dz+nyA na badz+ra swa b+hA wa at+ma ko\u0f85haM:_oM ma hA kr-i t+yA nuSh+Tha na dz+nyA na badz+ra swa b+hA wa at+ma ko\u0f85haM:__gsum pa ye shes spyan 'dren pa ni:_hU~M:_chos dbyings ngang nas 'bar ba'i sku:_dpal chen karma kI la ya:_'jigs mdzad rdo rje gzhon nu che:_khro bcu phra phyag sras sgo ma:_bdud 'dul 'bar ba'i skur bzhengs la:_gnas 'dir spyan 'dren gshegs su gsol:_gnas 'dir spyan 'dren gshegs nas kyang:_rtags dang mtshan ma ston pa dang:_bdud bgegs bar chad dbyings su sgrol:_mchog dang thun mong dngos grub stsol:_oM shrI badz+ra ku mA ra sa pa ri wA ra badz+ra sa ma ya dzaHdzaHhU~M ba~M hoH_bzhi pa dam ye brtan bzhugs ni:_hU~M:_ye shes phur pa'i lha tshogs ni:_dbyings dang 'du 'bral med pa'i phyir:_dam ye gnyis su med pa yi:_dgyes pa chen pos bzhugs su gsol:_sa ma ya tiSh+Tha lhan:_lnga pa gus pa'i phyag gis 'dud:_hU~M:_sangs rgyas kun gyi phrin las bdag:_bdud 'dul karma he ru ka:_ye shes sprul pa'i dkyil 'khor gsum:_dad pa'i blo yi phyag gis 'dud:_a ti pu hoH_pra tI ts+tsha hoH_drug pa phyi nang gsang mchod 'bul:_hU~M:_rang byung khro rgyal chen po la:_nyer spyod bdun dang 'dod yon lnga:_rdo rje'i dbang po sim byed rdzas:_kun nas kun tu 'phro bas mchod:_oM shrI he ru ka badz+ra kI la ya maN+Dal sa pa ri wA ra badz+ra ar+g+haM nas _shab+da sarba pU dza sa ma ya hoH_hU~M:_dgra bgegs bsgral ba las byung ba'i:_dbang po'i me tog tshil chen spos:_zhun gyi mar me mkhris sna'i chab:_sha rus zhal zas rkang gling 'bul:_ma hA ru tra puSh+pe d+hU pe A lo ke gan+d+he nai wi d+ya shab+da sh+ma shA na sarba pU dza hoH_hU~M:_rtsa brgyad stong sbyar sman gyi phud:_'dod yon rmad byung gtor ma'i bcud:_khams gsum dbyings sgrol rak+ta ches:_khrag 'thung lha tshogs mnyes gyur cig:_ma hA sarba pany+tsa a mr-i ta ba liM ta rak+ta A hU~M:_hU~M:_khro mo yum gyi mkha' dbyings er:_thabs kyi rdo rjes brdungs byas nas:_gnyis med bde chen sbyor ba dang:_chags sdang sgrol ba'i las kyis mchod:_ta na ga Na ma hA su kha pU dza ho:_bdun pa bstod cing gsol ba gdab:_hU~M:_tshogs brgyad dbyings su bsgral ba yi:_ye shes klong dgu'i rigs kun bdag:_phyogs dus rgyal ba'i ye shes sku:_bla ma 'chol ba'i khro rgyal bstod:_dbyings ye gnyis med dpal chen po:_dbang dang stobs bcu'i khro rgyal bcu:_tshad med mthar phyin phrin las bzhis:_don mdzad sgo ma sras mchog bstod:_stong pa'i ye gdangs phrin las rtsal:_rno myur nus pas sa lam spor:_bde chen mchog ster DA ki ma:_mkha' 'gro'i tshogs su shar la bstod:_rnam 'gyur 'jig rten ma mo'i tshul:_don la dpal gyi rnam par rol:_bden don dag pa'i bka' srung che:_dam can srung ma'i tshogs la bstod:_ye shes dbyings las 'bar ba'i sku:_zhe sdang rdo rje phrin las lha:_dkyil 'khor gsum gyi lha tshogs la:_mi phyed gus pas 'dud cing bstod:_bdag gi lhag pa'i lha gcig pu:_khyod kyi ye shes sgyu ma la:_bstod cing gsol ba btab pa'i mthus:_byin rlabs dngos grub mtha' dag stsol:_brgyad pa bzlas pa sngags kyi tshul:_bsnyen sgrub las kyi dang po ni:_byin rlabs bla ma'i bsnyen pa ste:_mos gus gdung ba'i shugs kyis bskul:_hU~M hU~M hU~M:_mtshungs med bla ma thugs rje'i gter:_khyod ni dus ngan snyigs ma'i skyabs:_ma hA gu ru thod phreng rtsal:_drag po khro rgyal 'chol ba'i sku:_rdo rje gro lod dbyings nas bzhengs:_dus ngan snyigs ma'i skye 'gro rnams:_dug gsum 'chol ba'i rgyu 'bras las:_byung ba'i nad mtshon mu ge yis:_mnar bzhin re ltos khyed la 'cha':_gdung bas pha gcig 'bod la dgongs:_lnga brgya'i sems can skyob pa yi:_zhal bzhes bslu ba med pa yis:_rdo rje'i tha tshig deng bskul na:_mkhyen brtse nus pa'i rtsal sprugs la:_byin gyis rlobs shig gu ru rje:_lus la sku yis byin gyis rlobs:_ngag la gsung gi nus pa stsol:_sems la dgongs pas rtogs pa spor:_ye shes dbyings su dbyer med mdzod:_gsol btab thugs dam rgyud bskul bas:_ye shes sems dpa'i gnas gsum las:_hU~M yig dkar dmar mthing gsum spros:_lus ngag yid kyi sgrib pa dang:_nad gdon bar chad gzhob thul bsregs:_byad phur rbod gtong thal bar brlag:_rig 'dzin bla ma'i gsang gsum dang:_gnyis su med par byin rlabs gyur:_oM AHhU~M badz+ra gu ru rdo rje gro bo lod kI li kI la ya sarba bi[1$0000250\[WP:5,80\]\[WP:5,205\]1$0000300]na ba~M hU~M phaTa?:_bla ma yi dam dbyer med pa'i:_bsnyen sngags khyad par hU~M lnga'i glus:_byin rlabs btsan thabs 'bebs pa yis:_thabs kyi gseng lam rmad byung ngo:__sa ma ya:__gnyis pa yi dam sgrub pa ni:_dkyil 'khor gsum gyi lha tshogs rnams:_gsal brtan dag pa dran la bslab:_gtso bo'i thugs kar ye shes sems:_bla ma drag po'i thugs klong du:_nyi steng rdo rje nas tsam pa'i:_lte bar hU~M mthar kI la ya:_'bru dgu'i bar du rta mgrin dmar:_pad+ma dril bu 'dzin pas srung:_'od 'phros phyogs dus rgyal ba mchod:_rig 'dzin bla ma'i thugs dam bskang:_rtsa gsum lha yi byin rlabs bsdus:_dam can srung ma las la bskul:_rig drug sgrib sbyangs lha ru sad:_snang srid rdo rje phur pa'i zhing:_dkyil 'khor chen po gcig tu rdzogs:_sku gsung thugs kyi byin rlabs rnams:_bsdus te bdag mdun kun la thim:_gzi byin 'od du 'bar bar bsam:_lha sngags ting 'dzin thams cad kyang:_ye shes gcig gi rol pa ste:_snang stong dbyer med mnyam pa nyid:_chu zla 'ja' tshon lta bur bsgom:_oM badz+ra kI li kI la ya sarba bi[1$0000250\[WP:5,80\]\[WP:5,205\]1$0000300]na ba~M hU~M phaTa?:_ces bzla srog sdom gzer bzhis gdab:_sgrub pa chen po'i ting 'dzin ni:_gtso bo'i 'od kyis khro bcu bskul:_sku sngags phyag mtshan spro bsdu yis:_snod bcud rdo rje phur pa'i zhing:_srid pa brtan g.yo lha yi dal:_sku gsung thugs gsum mi phyed pa:_rang byung ye shes phyag rgyar rdzogs:_oM badz+ra kI li kI la ya dzaHhU~M ba~M hoH_ka taM ka ye:_dza ye bi dza ye:_a dzi te:_a pa ra dzi te:_ma ra se na pra mar+d+ha na ye sarba bi[1$0000250\[WP:5,80\]\[WP:5,205\]1$0000300]na ba~M hU~M phaTa?:_gtso 'khor spyi dril bzlas pa bya:_sa ma ya:__gsum pa las la sbyor ba ni:_lha tshogs kun gyis 'od zer ni:_ljang nag ba thag lta bu spros:_dgra bgegs sde dpung dang bcas pa:_lha dbral gzugs la dbab pa dang:_byad du gzhug dang smyo ru gzhug:_rdul du brlag dang zhal bstab pa'i:_mngon spyod las drug mthar phyin mos:_rtsa sngags nyid kyi mgo mnan te:_las sngags spu gri 'di nyid bzla:_ma rak+mo yak+mo:_kA la ru pa:_snying rtsa la yaM yaM:_srog la yaM yaM:_snying la phril phril:_srog rtsa la chuM chuM:_tsit+ta srog la tung tung:_snying khrag srog la shad shad:_thuM ri li li:_tsig tsig:_'ur 'ur:_shig shig:_'gul 'gul:_myag myag:_sod sod:_d+hA ti ma ma karma shrI g+h+raM ka ra ye:_mA ra se na pra mar+d+ha na ye hU~M phaTa?:_rdzas sngags dmigs pa'i 'phrul 'khor ni:_man ngag zhal khrid ji bzhin du:_dgos pa'i dus su gnad du brdeg:_sa ma ya:_rjes rim dang po tshogs mchod ni:_zhing ngam gcan gzan lpags pa'i steng:_thabs shes rdzas rnams bcal du bkram:_rnal 'byor pho mo'i lta gding bskyed:_thog mar byin gyis brlabs pa ni:_stong pa'i ngang las rlung me dang:_thod skam sgyed pu gsum gyi steng:_mtshan ldan rdo rje'i ka pA lar:_sha lnga bdud rtsi thabs shes rdzas:_bsregs gtor sbyangs nas 'bru gsum gyis:_byin rlabs rigs lnga'i dam rdzas gyur:_ra~M ya~M kha~M:_oM AHhU~M:_gnyis pa mgron kun spyan 'dren ni:_hU~M:_rab 'byams sku gsum rgyal ba'i tshogs:_rig 'dzin lha dang mkha' 'gro kun:_rdo rje phur pa'i dkyil 'khor du:_tshogs la spyan 'dren gshegs su gsol:_tshogs khang dur khrod rol pa'i zhing:_he ru ka dpal mdun sa che:_dpa' bo DA ki dgyes par 'du:_kun kyang rdo rje'i brtul zhugs spyod:_gsang ba mchog gi dam tshig la:_dgyes rol mchog thun dngos grub stsol:_oM badz+ra ku mA ra maN+Da la tri sa pa ri wA ra badz+ra sa ma ya dzaH_e a ra l+li phaiM phaiM hrIM hrIM dzaHdzaH_gsum pa phud kyi mchod pa ni:_hU~M:_dpal chen dgyes pa'i dam tshig rdzas:_zag med rdo rje'i 'dod yon gter:_bla na med pa'i mchod pa ches:_dkyil 'khor lha tshogs mnyes gyur cig:_ga Na tsakra pU dza ho:_bzhi pa nyams chag bshags pa ni:_hoH_thog med bsags pa'i sdig ltung tshogs:_bshags shing tshangs pa bstsal ba'i phyir:_dam rdzas bdud rtsi'i tshogs mchod kyis:_ma lus byang zhing dag par stsol:_sa ma ya shud+d+he aH_yig brgya bzla:_lnga pa nyams pa bdun bsgral ni:_hU~M:_rdo rje khros pa'i ye shes mtshon:_bdag rtog ru trar btab cing bsgral:_sdug bsngal nyer len sha khrag rus:_dpal chen dgyes pa'i zhal du bstab:_ru tra ha la pany+tsa dz+nyA na pU dza khA hi:_drug pa thabs shes mnyam pa'i rdzas:_rnal 'byor ldan pas longs su spyod:_bde stong ye shes rol pa yi:_lta dgongs ldan pas brtul zhugs spyod:__bdun pa lhag mas bka' sdod brngan:_e a ra l+li ho:_phaiM:_dpal gyi bka' sdod dkyil 'khor skyong:_dam ldan phrin las sgrub pa mo:_lhag la dbang ba'i dregs tshogs kun:_pham phab longs la bstan pa srung:_ma ma hrIM hrIM uts+tshiSh+Ta ba liM ta khA hi:_rdo rje'i rigs skyes smon lam dang:_rgyud bklag rdo rje'i glu gar bya:__brgyad pa thugs dam bskul ba ni:_hU~M:_ngang nyid rdo rje chos dbyings las:_'bar ba'i khro bo mi bzad pa:_bla ma dpal chen he ru ka:_rdo rje gzhon nu 'khor dang bcas:_ye shes thugs rje rtsal sprugs te:_bdag cag rtse gcig sgrub la dgongs:_rdo rje sku gsung thugs kyi dbyings:_mi zad rgyan gyi 'khor lo yi:_byin rlabs dngos grub thogs med pas:_don gnyis 'bad med lhun grub mdzod:__dgu pa srung mar chad tho bsgrags:_hU~M:_sngon tshe dpal chen he ru ka:_bar du brgyud gsum bla ma'i tshogs:_tha ma smon lam dus bab pas:_rgyud gsung zab gter sgo 'byed tshe:_bstan dang bstan 'dzin legs skyongs ba'i:_rdo rje'i tha tshig phog pa bzhin:_yal gam gnyan po ma dral ba'i:_thugs dam rjes su bskul ba'i phyir:_gtor ma 'bul ba 'di bzhes la:_byang chub sgrub pa'i bar chad sel:_sgrub pa'i sdong grogs g.yel med mdzod:_ma hA ba liM ta khA hiH__bcu pa brtan ma bshal chus mchod:_hU~M:_slob dpon chen po pad+ma yis:_bka' nyan ma mo brtan ma'i tshogs:_bshal chu'i bdud rtsi 'di bzhes la:_phur pa'i sgrub pa'i grogs mdzod cig:_gsang chen bstan pa skyong ba dang:_gangs can bde ba'i phrin las mdzod:_ma ma hrIM hrIM ba liM ta khA hi:__bcu gcig las mjug bro yis bsdu:_hU~M:_bdag tu lta ba'i dam sri dpung:_rnam thar gsum gyi dbyings su mnan:_chos dbyings dgongs pas rgyas btab pas:_nam yang ldang bar ma gyur cig:_s+t+waM b+ha ya nan:__bcu gnyis pa dngos grub blang ba ni:_snang srid rdo rje phur pa'i lhas:_srid pa rdo rje phur pa'i dal:_sgrub phyir ye shes dag pa'i lhas:_srid zhi mnyam pa cher sbyor bas:_las dang dngos grub rab 'byams kun:_thogs pa med par grub par mdzod:_kA ya wAka \u0f84tsit+ta sarba sid+d+hi hoH__bcu gsum mchod bstod sngon 'gro bas:_nongs pa bshags shing sor chud phyir:_ho:_bdag cag las dang nyon mongs kyi:_dbang gyur cho ga lhag chad 'khrul:_ting 'dzin bying rmug nongs pa'i tshogs:_'gyod pas bshags so dag par mdzod:_a a a:_yig brgya brjod:__bcu bzhi lha snang bsdu ldang ni:_snang bcas gzugs sku'i rten brten pa:_'od gsal chos sku'i dbyings su thim:_thugs rje'i rang rtsal ma 'gag pa:_snang grags rig pa dkyil 'khor gsum:_gdod nas 'pho 'gyur ma dmigs pa'i:_ye shes gcig gi rnam rol gyur:__bco lnga bsngo smon rgyas btab phyir:_ho:_bskyed rim srid pa phur bu yis:_snod bcud dkyil 'khor gsum du shar:_mtshan ma rdzas kyi phur bu yis:_dgra gsum bdud bzhi dbyings su sgrol:_bde chen byang sems phur bu yis:_bde stong 'pho med thig ler thim:_rig pa ye shes phur bu yis:_mi slob 'bras bu'i mchog thob shog:__bcu drug shis brjod bden tshig ni:_ho:_brgyud gsum rig 'dzin bla ma yis:_byin rlabs char 'bebs bkra shis shog:_rab 'byams yi dam lha tshogs kyis:_dngos grub mchog stsol bkra shis shog:_gnas gsum DA ki chos srung gis:_phrin las thogs med bkra shis shog:_gnas skabs las bzhi myur 'grub cing:_mthar thug phyag rgya chen po rtogs:_rang gzhan don gnyis mthar phyin pa'i:_bde legs mchog gi bkra shis shog:__sa ma ya:_bdag nyid chen po pad+ma dang:_dpal chen rdo rje gzhon nu gnyis:_gcig tu dril ba'i thabs zab mo:_byin rlabs tshan chen zab la 'dril:_kun mthun kun las khyad 'phags pa'i:_yang zab thugs kyi thig le 'di:_shin tu snyigs ma'i gdul bya rnams:_'dul phyir rjes su gdams pa bzhin:_snang nas bstan 'gror phan par shog:__ces pa'ang mkhas shing dngos grub brnyes pa'i rdo rje slob dpon chen po klong chen ye shes rdo rje'i zab gter gyi nying khu spa gro stag tshang rdo rje'i brag gi ke'u tshang nas gsang gter du bzhes pa'i bla phur thugs kyi thig le la dbang gi rtsa tho tsam las gtan la phab ma mdzad pas dbang 'jug bde zhig gal che bas khyed nas 'bri bar 'os zhes rje bla ma'i gsang yum/_sku gsung thugs kyi sras lcam dral rnams nas rten dang bcas te bka' nan bstsal ba ltar snying bcags zhus pa dbang zin sta gon dngos gzhi bcas gsungs pa/_las byang rgyas tsam zhig ma byung thabs med sems pa bzhin lcags sprel chu stod zla ba'i tshes bcur lho mon spa gro stag tshang dpal phug tu ga Na tsakra 'bum phrag dang*/_snang gsal gyi mchod pa chig 'bum bcas 'bul skabs gnas dus chos grogs kyi rten 'brel bzang po'i mtshams sbyar te pad+ma gar dbang 'od gsal mdo sngags gling pas bris pa 'dis kyang snyigs dus bstan 'gro la phan pa'i dbugs 'byin khyad par can thob pa'i rgyur mtsho skyes rgyal ba sras dang bcas pas byin gyis brlab tu gsol/__rjes 'jug rnams kyi nyams len ni/_rje bla ma'i rdo rje'i gsung phrin las dpal chen rang rdzogs nyid byin rlabs kyi gzi byin ma nyams pa kho na gces so/__/'di la brgyud 'debs sman mchod bskang ba sogs rje bla ma'i gsung sbyar bar bya'o//__/dge'o//

Footnotes

Other Information