DKR-KABUM-20-WA-012: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|fulltitletib=
|sectionheading=No
|fulltitle=
|fulltitletib=སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ བདེ་ཆེན་བྱང་སེམས་ཕུར་བུའི་སྒྲུབ་ཐབས༔
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: . Delhi: Shechen Publications, 1994.
|fulltitle=snyan brgyud snying gi gsang mdzod las: bde chen byang sems phur bu'i sgrub thabs
|citation=[[Khyentse, Dilgo]]. ''Snyan brgyud snying gi gsang mdzod las bde chen byang sems phur bu'i sgrub thabs''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: 230-238. Delhi: Shechen Publications, 1994.
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ།
|collectiontitle=dil mgo mkhyen brtse bka' 'bum
|collectiontitle=dil mgo mkhyen brtse bka' 'bum
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=Khyentse, Dilgo
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=Khyentse, Dilgo
|sourceauthor=
|sourceauthortib=
|associatedpeople=gnyags dz+nyA na ku mA ra
|associatedpeople=gnyags dz+nyA na ku mA ra
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་
|tibgenre=Sadhanas - Evocation Ritual - sgrub thabs
|tibgenre=Root Treasure - gter gzhung, Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes
|dkroutline=Six
|dkroutline=Six
Line 21: Line 20:
|cycle=snyan brgyud snying gi gsang mdzod
|cycle=snyan brgyud snying gi gsang mdzod
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་
|parentcycle=
|parentcycletib=
|volumenumber=020
|volumenumber=020
|volnumtib=༢༠
|volnumtib=༢༠
|volyigtib=ཝ་
|volyigtib=ཝ་
|totalvolumes=25
|totalvolumes=25
|textnuminvol=012
|pagenumbers=230-238
|totalpages=17
|beginfolioline=1a
|beginfolioline=1a
|rectonotes=
|endfolioline=9a4
|totalfolios=9
|multivolumework=No
|rectonotes=gter gzhung
|versonotes=gnyags lugs phur pa
|versonotes=gnyags lugs phur pa
|textnuminvol=012
|colophontib=བདེ་ཆེན་བྱང་ཆུབ་སེམས་ཀྱི་ཕུར་བུའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ་བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་ལ་གཏད་པ་༔༔༔བརྡ་ཡིག༔༔༔༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རི་ཞོལ་གྱི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་མངོན་སུམ་དུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་རང་བྱུང་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ཀྱི་ཟེའུ་འབྲུའི་བཀོད་པ་གསལ་བའི་སྦས་གནས་སུ་དག་པར་གཏན་ལ་ཕབ་པ་ཀསྨིརའི་པཎྜི་ཏ་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པའོ། །།
|colophonwylie=bde chen byang chub sems kyi phur bu'i sgrub thabs slob dpon chen po bi ma la mi tras mdzad pa bod kyi lo tsA ba gnyags dz+nyA na ku mA ra la gtad pa :::brda yig::::_ma hA gu ru pad+ma saM b+ha was bod khams bkra shis 'byung ba'i gnas su byin gyis brlabs pa'i rdo rje'i gnas chen po dpa' bo DA ki rang bzhin gyis 'du ba nyi shu rtsa lnga las sku yi gsung gi gnas mchog 'og min karma'i ri zhol gyi gan+d+ho la chen po nas bka' srung ye shes kyi mgon pos mngon sum du gtad pa'i shog ser las khrag 'thung dpa' bo klong chen nam mkha' 'od gsal pad+ma mdo sngags gling pas rang byung rdo rje btsun mo'i chu skyes kyi ze'u 'bru'i bkod pa gsal ba'i sbas gnas su dag par gtan la phab pa kasmira'i paN+Di ta bi ma la mi tras snyan brgyud du gdams pa'o/_//
|pdflink=File:DKR-KABUM-20-WA-012.pdf
|pdflink=File:DKR-KABUM-20-WA-012.pdf
}}
}}
Line 36: Line 40:
<h1 style="font-size: 24px !important;">Tibetan Text</h1>
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
<onlyinclude>
{{TibP|༁ྃ༔ སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ བདེ་ཆེན་བྱང་སེམས་ཕུར་བུའི་སྒྲུབ་ཐབས་བཞུགས༔ གཉགས་ལོ་ཙཱ་བའི་ལུགས་སོ།
{{TibP|༁ྃ༔ སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ བདེ་ཆེན་བྱང་སེམས་ཕུར་བུའི་སྒྲུབ་ཐབས་བཞུགས༔<br> གཉགས་ལོ་ཙཱ་བའི་ལུགས་སོ།<br><br>
༁ྃ༔  བརྡ་ཡིག  ༔ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྡོ་རྗེའི་རྣལ་འབྱོར་ལ་ནུས་པ་ཐོབ་པའི་སློབ་མ་བློ་གྲོས་ཆེ༔ རྟོག་པ་ཉུང༔ གསང་སྔགས་ལ་མོས་པ་ཐོབ་པས་བདེ་ཆེན་བྱང་སེམས་ཀྱི་ཕུར་བུ་བསྒོམ་དགོས་ཏེ་རྒྱུད་ལས༔ ཐབས་ཀྱི་རྡོ་རྗེ་གཞོན་ནུ་སྟེ༔ དེ་ཉིད་ཤེས་རབ་བདེ་བའི་ཡུམ༔ རྡོ་རྗེའི་ལམ་ནས་པདྨོར་འཁྱིལ༔ གཉིས་མེད་ཐུགས་ཀྱི་ཐིག་ལེ་སྤྲོ༔ ཞེས་པས་ཐབས་ཀྱི་ལམ་ཟབ་མོ་ལ་རྣལ་འབྱོར་དུ་བྱ་སྟེ་དེ་ཡང་ཐོག་མ་ཉིད་དུ་གསང་བ་དང༔ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དགོས་པས་ན༔ ཤིན་ཏུ་དབེན་པའི་གནས་སུ་དཀྱིལ་འཁོར་བཞེངས༔ ཚོགས་ཀྱི་འཁོར་ལོ་བསྐོར༔ ཡི་དམ་གྱི་བཟླས་སྒོམ་སྙིང་པོ་ལ་བརྩོན་པར་བྱ་དགོས་པས་དེ་ནི༔ ཧཱུྃ༔ སྟོང་ཉིད་དེ་བཞིན་ཉིད་ཀྱི་ཀློང༔ སྙིང་རྗེ་སྒྱུ་མས་ཉོན་མོངས་གཅོད༔ ཟུང་འཇུག་རྒྱུ་ཡི་ས་བོན་ཧཱུྃ༔ འཕྲོ་འདུས་སྣོད་བཅུད་དབྱིངས་སུ་སྦྱངས༔ སྟོང་པའི་ངང་ལས་རྡོ་རྗེ་ཡི༔ སྲུང་བའི་འཁོར་ལོ་རྩིབས་བཅུ་པ༔ རྣོ་དྲག་སྤུ་གྲི་ལྟར་གཟེངས་ཤིང༔ ཡེ་ཤེས་མེ་རླུང་ཚྭ་ཚྭ་འཕྲོ༔ སྲ་མཁྲེགས་རྡོ་རྗེའི་རྡུལ་དུ་འཁྲིགས༔ ཁོག་པ་སྟོང་པའི་ལྟེ་བ་རུ༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་གཞོན་ནུ་གནམ་ལྕགས་མདོག༔ གཡས་དཀར་སྒེག་ཅིང་གཡོན་དམར་གཤེ༔ དབུས་མཐིང་རྔམ་པའི་གཟི་བྱིན་རྒྱས༔ ཕྱག་དྲུག་དང་པོས་རྡོ་རྗེ་ནི༔ རྩེ་དགུ་བར་པས་རྩེ་ལྔ་ཕྱར༔ གཡོན་པས་མེ་དཔུང་ཁཊྭཱཾ་ག༔ ཐ་གཉིས་རི་རབ་ཕུར་པ་འདྲིལ༔ སྐུ་ལ་དཔལ་དང་དུར་ཁྲོད་ཆས༔ འབར་བའི་ཆོ་འཕྲུལ་བསམ་མི་ཁྱབ༔ རང་བྱུང་རོལ་པ་ཆེན་པོའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་མོའི་ཆས༔ མཐིང་སྐྱ་དུར་ཁྲོད་རུས་རྒྱན་ཅན༔ ཨུཏྤལ་དུང་ཁྲག་བསྣམས་དང་སྦྱོར༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ རང་བྱུང་རྡོ་རྗེའི་སྐུ་ཡི་དབྱིངས༔ གཟུགས་དང་འདུ་ཤེས་རྣམ་པར་ཤེས༔ ཚོར་བ་འདུ་བྱེད་རྡོ་རྗེ་ཡི༔ ཕུང་པོ་ཀཱི་ལ་རིགས་མཆོག་ལྔ༔ ས་མེ་མཁའ་ཆུ་རླུང་འབྱུང་ཁམས༔ དག་པའི་ཡུམ་དང་མཉམ་པར་སྦྱོར༔ དཔྲལ་མགྲིན་སྙིང་ག་ལྟེ་བའི་གོང༔ ལྟེ་བ་གསང་གནས་དཔུང་གཡས་གཡོན༔ བརླ་གཉིས་མི་དགེ་བཅུ་དག་ཅིང༔ སྟོབས་བཅུའི་རང་གཟུགས་ཁྲོ་བོ་བཅུ༔ ཕར་ཕྱིན་དག་པའི་ཡུམ་ཆེན་བཅུ༔ མཉམ་སྦྱོར་ཞལ་གཅིག་ཕྱག་གཉིས་པ༔ མཐིང་ནག་ཕུར་འདྲིལ་ཕྲ་ཐབས་སྤྲོ༔ ཡན་ལག་བཞི་ལ་སྒོ་མ་བཅས༔ ཕུར་སྲུང་དམ་ཅན་ཉི་མ་དང༔ འོད་ཟེར་བཞིན་དུ་སྤྲོ་ཞིང་སྡུད༔ སྣང་སྟོང་གཉིས་མེད་ནམ་མཁའི་སྐུ༔ མཁའ་ཁྱབ་ཡེ་ཤེས་དྲྭ་བར་རྫོགས༔ ལྷ་དང་རང་སེམས་ཆོས་ཉིད་གསུམ༔ གཉིས་མེད་གཉིས་སུ་སྣང་བའི་བདག༔ དག་པ་ཆེན་པོའི་ཡེ་ཤེས་ནི༔ ཐིག་ལེ་ཉག་གཅིག་ཉིད་དུ་ཤར༔ ཞེས་གསལ་བཏབ་སྟེ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ཅེས་རྩེ་གཅིག་ཏུ་བཟླ༔ ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བླ་མ་ལ་ཕུལ་ཏེ༔ བདེ་བ་རྡོ་རྗེ་གཞོན་ནུ་ནི༔ སྟོང་ཉིད་ཤེས་རབ་རྒྱས་འདེབས་སྦྱོར༔ ཟུང་འཇུག་བླ་མ་ཧེ་རུ་ཀས༔ བདག་ཅག་སྨིན་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ༔ བླ་མ་ཡུམ་དང་མཉམ་པར་སྦྱོར་བའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས༔ ཞལ་དུ་ཞུགས༔ ཐུགས་ཀར་ཆགས་པའི་མེས་ཞུ་སྟེ་ལྷག་པའི་བྱང་ཆུབ་སེམས་སུ་ཞུ་བ་མཁའ་གསང་སྦྱོར་མཚམས་ནས་སྤྲོས་པ་བྱིན་ཏེ༔ ཨེ་མ་ཧོཿ སངས་རྒྱས་ཀུན་གྱི་གསང་བ་ནི༔ ལྷག་པའི་བྱང་ཆུབ་སེམས་ཆེན་པོ༔ དེ་རིང་བུ་ལ་སྦྱིན་པར་བྱ༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ ཞེས་བྱིན་པས༔ དེས་ཀྱང་སྦྱོར་མཚམས་ནས་ལེན་པའམ༔ ཡང་ན་མེ་ལོང་ཡུ་བ་ཅན་གྱིས་བླངས་ཏེ་རོལ༔ དེ་ཉིད་མགྲིན་པའི་རྩ་འཁོར་ནས་འཕེལ་ཏེ་ལུས་ཀྱི་ནང་གང༔ ཁམས་ཞུ་བའི་བདེ་བས་རྟོག་པ་ཟིལ་གྱིས་མནན་པར་བསམ༔ ཤ་ལྔ་དང་བདུད་རྩི་ལྔའི་བཟའ་བཅའ་གཏད་ལ༔ ཧོ༔ བུ་ཁྱོད་ཁྲག་འཐུང་ཆེན་པོ་སྟེ༔ ཐམས་ཅད་མཉམ་པའི་དཀྱིལ་འཁོར་མཐོང༔ བདུད་རྩི་བདེ་བ་ཆེའི་ལོངས་སྤྱོད༔ ད་ནི་གཙང་དམེ་བྲལ་བས་རོལ༔ ས་མ་ཡ་ཧོཿ རུས་པའི་རྒྱན་དང་ཀ་པཱ་ལ་ཁཊྭཱཾ་ག་གཏད་དེ༔ ཧོ༔ དཔའ་བོ་ཁྱོད་ཀྱི་དམ་ཚིག་ནི༔ བདེ་ཆེན་ཁཊྭཱཾ་ག་འཆང་ཞིང༔ ཕ་རོལ་ཕྱིན་པའི་ཕྱག་རྒྱས་བརྒྱན༔ སྟོང་ཉིད་བྷཉྫ་ལག་ཏུ་ཐོགས༔ ཐམས་ཅད་ཐམས་ཅད་རོལ་པར་གྱིས༔ ཨ་ལ་ལ་ཧོཿ དེས་ནི་ནང་རྡོ་རྗེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་དུ་གང་ཟག་སྤྲོས་པ་མེད་པ་ལ་གསང་བའི་དབང་བསྐུར་བས༔ རང་ལུས་ཀྱི་རྫོགས་རིམ་སྒོམ་པ་ལ་དབང་བ་ཡིན་ནོ༔ ས་མ་ཡ༔ དེ་ནས་ཇི་ལྟར་ཉམས་སུ་ལེན་པ་ལ༔ དང་པོ་སྔོན་དུ་འགྲོ་བ་བདག་ཉིད་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་གོང་ལྟར་བསྒོམས་ལ་བཟླས་པ་བྱ༔ དེ་དག་ཀྱང་ང་རྒྱལ་བརྟན་པོར་བསླབ༔ རྣམ་པ་གསལ་བར་བསྒོམ༔ ཞལ་ཕྱག་རྒྱན་ཆས་སོགས་དག་པ་རེ་རེ་བཞིན་དྲན་པ་ལ་བསླབ༔ གོམས་ཤིང་འདྲིས་པར་བྱས༔ ལྷ་དང་དབྲལ་བ་སོགས་ཏིང་ངེ་འཛིན་སྣ་ཚོགས་པས་བོགས་དབྱུང་བར་བྱ༔ སྐྱོ་བའི་སྐབས་སུ་བཟླས་པའང་བྱ༔ ལེགས་པར་གསལ་བརྟན་དུ་གྱུར་པ་དང་བསྐྱེད་རིམ་ཕྱག་རྒྱ་སྤྲོས་བཅས་རྒྱས་འབྲིང་གང་འོས་སྒོམས༔ དེའི་ཚེ་བཟླས་པའི་རིམ་པའང་ཐོག་མར་བསྙེན་པ་གོང་ལྟར་བཟླ༔ གྲངས་འབུམ་ཕྲག་བཅུ་བཟླ༔ དེ་ཐེམས་པ་དང་སྒྲུབ་པའི་སྔགས་ནི༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ ཁྲོ་མོ་བཅུ་ཡི་སྔགས་ནི༔ ཨོཾ་བཛྲ་ཀྲོ་དྷཱི་ནཱ་ད་ཡ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ལཱ་སྱ་ཀི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྨ་ཤ་ན་པ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཙཎྜ་ལི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཡཾ་ཡ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཏི་ཏཱ་རུ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་མུ་ཧ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ས་བྱ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་མཱ་ར་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་མུཎྜེ་མཾ་ཧཱུྃ༔ ཕྲ་ཐབས་ཉི་ཤུ་ནི༔ གརྫ་གརྫ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ༔ སྲས་མཆོག་གི་སྔགས་ནི༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སྒོ་མ་བཞིའི་སྔགས་ནི༔ ཨོཾ་བཛྲ་ཀྲོ་དྷཱི་ཨངྐུ་ཤ་ཛཿ ཨོཾ་བཛྲ་ཀྲོ་དྷཱི་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་སྥོ་ཊ་བྃ༔ ཨོཾ་བཛྲ་ཀྲོ་དྷཱི་གཎྜེ་ཧོཿ ཕུར་སྲུང་གི་སྔགས་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷཱ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ་ཕཊ྄༔ ཁྲོ་བཅུ་ཡབ་ཡུམ་ནི་འབུམ་ཕྲག་བཞི༔ སྲས་མཆོག་ཀྱང་འབུམ་བཞི༔ སྒོ་མ་རྣམས་འབུམ་རེ༔ ཕུར་སྲུང་ལ་ཁྲི་རེ་རེ་བཅས་བཟླ༔ སྐུ་གསུང་ཐུགས་ཀྱི་རྟགས་ཡོངས་སུ་མ་རྫོགས་ཀྱི་བར་དུའང་འབད༔ དེའི་ཚེ་དམིགས་པའི་རིམ་པའང་འདི་བྱ་སྟེ༔ བདག་ཉིད་ཐུགས་ཀར་ཡེ་ཤེས་སེམས༔ རྡོར་སེམས་དཀར་གསལ་ལོངས་སྐུའི་ཆས༔ རྡོ་རྗེ་དྲིལ་བསྣམས་ཕྱེད་སྐྱིལ་བཞུགས༔ ཚོན་གང་འོད་ཀྱི་ཕུང་པོ་ནི༔ རིན་ཆེན་ཟུར་བརྒྱད་དབུས་ན་བཞུགས༔ དེ་ཡི་ཐུགས་ཀར་ཙིཏྟ་ནི༔ མཐིང་སྨུག་མཆོང་གི་གུར་ལྟར་མཛེས༔ ལྟེ་བར་ཉི་སྟེང་རྡོ་རྗེ་ནི༔ རྩེ་དགུ་ནས་ཀྱི་འབྲུ་ཙམ་བསྒྲེངས༔ རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག༔ མཐའ་སྐོར་སྙིང་པོ་འབྲུ་དགུ་འབར༔ སྔགས་ཕྲེང་མཚམས་སུ་གསུང་རྡོ་རྗེ༔ རྟ་མགྲིན་དམར་པོས་བར་ཆད་སྲུང༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ དཔལ་ཆེན་སྐུ་དང་གཉིས་མེད་གྱུར༔ ཁྱད་པར་དུའང་སྤྲོ་བསྡུའི་ཏིང་ངེ་འཛིན་ནི༔ སྔགས་ཕྲེང་བདག་མདུན་ཞལ་དང་མཁའི༔ སྦྱོར་མཚམས་ནས་བརྒྱུད་འོད་ཟེར་ལས༔ སྐུ་དང་ཕྱག་མཚན་མཚོན་ཆ་མེ༔ སྤྲོ་བསྡུས་སྣང་སྲིད་ལྷ་དང་སྔགས༔ ཡེ་ཤེས་རོལ་པར་འབྱམས་ཀླས་ཏེ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན༔ ཐམས་ཅད་ཕུར་པའི་དལ་དུ་རྫོགས༔ ཞལ་ནས་སྔགས་ཀྱི་སྒྲ་སྒྲོགས་ཤིང༔ ཀུན་ཀྱང་ཀཱི་ལིའི་ཛཔ་སྒྲ་སྒྲོགས༔ སྣང་སྲིད་ཕྱག་རྒྱ་ཆེན་པོའི་དབྱིངས༔ དག་པའི་ཡེ་ཤེས་རོལ་པར་ཤར༔ དྲག་པོའི་ཏིང་འཛིན་བྱེ་བྲག་ཏུ་བསྒོམ་ན༔ དཀྱིལ་འཁོར་གསུམ་ལས་འོད་ཟེར་ནི༔ ལྗང་ནག་མཚོན་ཆའི་ཟེགས་མ་འཕྲོས༔ ཀུན་ཀྱང་མངོན་སྤྱོད་ལས་ལ་བསྐུལ༔ ཕོ་ཉ་ཉི་ཟེར་རྡུལ་ལྟར་འཚུབས༔ མཚོན་ཆའི་ཆར་བབ་སྔགས་སྒྲ་སྒྲོགས༔ གང་ལ་དམིགས་པའི་དགྲ་དང་བགེགས༔ མངོན་སྤྱོད་དྲུག་གི་ཕྲིན་ལས་ཀྱིས༔ དགྲ་བོ་མིང་མེད་བརླག་པར་གྱུར༔ སྔགས་དང་དམིགས་པ་འདི་དག་ཤིན་ཏུ་རྒྱས་པ་མ་གྲུབ་ཀྱང་ཕྱག་རྒྱ་གཅིག་པའི་ལྷ་སྔགས་ཁོ་ན་ལ་ནུས་པ་ཚད་དུ་ཐོན་པས་ཀྱང་རུང་ངོ༔ ས་མ་ཡ༔  བརྡ་ཡིག  ༔ རྫོགས་རིམ་སྙིང་པོའི་ཉམས་ལེན་ནི༔ དབེན་པའི་གནས་སུ་ཕྱི་ལུས་ཀྱི་སྟོང་ར་གོང་ལྟར་བསྒོམ༔ ལུས་དཀྱིལ་གྱི་ལྷ་ཡང་གསལ་བར་དམིགས༔ ཁྱད་པར་ལུས་ཀྱི་ནང་ཨ་ཝ་དྷཱུ་ཏིའི་སྟོང་ར་ཡང་བསྒོམ༔ ཟབ་ལམ་གབ་རྒྱ་ཅན་ལྟར་རྩ་གནས་སུ་བསྒོམ༔ རོ་རྐྱང་འཁོར་ལོ་ལྔ་དང་བཅས་པ་ཡང་སྤྱི་ལྟར་དམིགས༔ དྷཱུ་ཏིའི་ཡར་སྣར་ཧེ་རུ་ཀ་ཧཾ༔ མར་སྣར་དབྱིངས་ཕྱུག་མ་ཨ༔ བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྟེན་དུ་ཕྲ་ལ་དྭངས་བར་གསལ༔ རྩ་རྣམས་ཤེལ་སྦུག་ལྟར་དྭངས་ལ་གསལ་བར་དམིགས༔ རླུང་དུག་བསལ༔ ཧ་སྤྲུགས་བྱ༔ གདབ་ཆུང་ཡང་བྱ༔ དེ་ནས་དལ་བུས་རྔུབ༔ ལྟེ་འོག་ཏུ་མནན༔ མི་ཐུབ་པ་དང་འཐེན་གནོན་བྱ༔ དེ་ནས་དལ་གྱིས་བཏང་ལ་ལྷག་མ་མེད་པར་འབུད༔ ལུས་ཀྱི་ནང་ཐམས་ཅད་སངས་ཀྱིས་དག་པར་བསམ་མོ༔ རླུང་ལེགས་པར་བྱང་བ་དང་སྔ་མ་ལྟར་བུམ་ཅན་དང་སྦྱར་ཏེ༔ རླུང་རྔུབ་པས་ལྟེ་བ་ནས་ཨ་ལས་དྲོད་གློག་གི་ཞགས་པ་རྟ་རྔ་བརྒྱར་གཤགས་པའི་ཚད་ཙམ་འབར༔ ཧཾ་ལས་ཟེགས་མ་བ་ཐག་ཙམ་འཛག༔ མེ་ལ་སིབ་ཀྱིས་ཐིམ༔ བདེ་ཏིང་གིས་སོང་བ་དང་ཆབས་ཅིག་སླར་ཡང་འབར་བ་ཤུགས་ཆེར་གཡོས༔ ཧཾ་ལས་བདུད་རྩི་འཛག་པས་མེ་ཡི་གསོས་བྱས༔ རིམ་གྱིས་ལྟེ་བ༔ སྙིང་ག༔ མགྲིན་པ༔ སྤྱི་བོའི་རྩ་འཁོར་རྣམས་མེས་གང༔ སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་བག་ཆགས་ཀྱི་སྐྱོན་ཀུན་བསྲེགས༔ ཧཾ་ལས་འཛག་པའི་བདུད་རྩི་གང་བུར་བཞུས་པ་སྤྱི་བོ༔ མགྲིན་པ༔ སྙིང་ག༔ ལྟེ་བ་རྣམས་ལ་བབ༔ འཁོར་ལོ་བཞི་གང་བས་དགའ་བ་བཞི་སྐྱེས༔ སད་རྨི་གཉིད་འཐུག་སྙོམས་འཇུག་གི་རྟོག་པ་བསལ༔ རྩ་རླུང་ཐིག་ལེའི་སྐྱོན་དང་གེགས་མཐའ་དག་བསལ༔ བདེ་སྟོང་གི་ཡེ་ཤེས་རིམ་དང་གཅིག་ཆར་དུ་ཤར་བས་ལུས་ཀྱི་ནང་ཐམས་ཅད་དུ་ཁྱབ༔ གདོས་བཅས་ཀྱི་ཕུང་པོའི་སྙིགས་མ་ཐམས་ཅད་སྦྱངས༔ དག་པ་ཡེ་ཤེས་ཀྱི་སྒོ་གསུམ་དུ་གྱུར༔ མཁའ་ཁྱབ་ནམ་མཁའི་བདག་ཉིད་དུ་བསམ་ལ་རླུང་རིག་བསྲེ་བ་གཙོ་བོར་བྱ༔ ནུས་པའི་མཐུ་ཐོབ་པ་དང་རྩ་ཐམས་ཅད་མི་ཕྱེད་མར་སྡུད་པས་ས་ལམ་ཞུགས་གནས་ཐིམ་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ་འཆར༔ རླུང་ཡེ་ཤེས་སུ་དག་པས་གཞོམ་མེད་ཤིན་ཏུ་ཕྲ་བའི་ནཱ་དར་གྱུར༔ ཐིག་ལེ་འཕོ་མེད་དུ་བརྟན་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐུ་གསུམ་དུ་འཆར་བར་འགྱུར་རོ༔ དེས་བདེ་ཆེན་ཁྲག་འཐུང་རྒྱལ་པོ་དཔལ་ཀརྨ་ཧེ་རུ་ཀའི་ཡེ་ཤེས་ཀྱི་ཐིག་ལེའི་དཔྱིད་དུ་གྲུབ་པས་རྡོ་རྗེའི་རྣལ་འབྱོར་ཟབ་པའི་ཏི་ཀ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཐི༔ གུ་ཧྱ༔  བརྡ་ཡིག  ༔ རྩ་རླུང་ཐིག་ལེའི་ནུས་པའི་དྲོད་ཐོབ་པ་དང༔ ཐབས་ཀྱི་ལམ་ཟབ་མོ་ཨེ་ཝཾ་མཉམ་པར་སྦྱོར་བའི་བརྟུལ་ཞུགས་སྤྱོད་པ་ཤིན་ཏུ་ཡང་གསང་བ་ཆེན་པོ་རྨད་དུ་བྱུང་བའི་ལམ་སྦྱང་དགོས་པས་དེ་ཡང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བྱ་དགོས་པས་དེའི་རིམ་པ་ནི༔ བླ་མ་བརྟུལ་ཞུགས་ཀྱི་གདེང་ཐོབ་པས་དབེན་པའི་གནས་སུ་དཀྱིལ་འཁོར་བཞེངས༔ བཟླས་པ་དང་ཁྱད་པར་ཚོགས་ཀྱི་འཁོར་ལོ་བྱ༔ ལྷ་ཀླུ་མི་ཡི་བུ་མོ་མཚན་དང་ལྡན་པ་ཐབས་ཀྱིས་དགུག་པར་བྱ༔ དེ་ཡང་མཚན་ཉིད་ནི་རིགས་ཅན་ལྔ་ལ་སོགས་པ་དུ་མ་གསུངས་ཀྱང༔ ན་ཚོད་མཛེས་པའི་ལང་ཚོ་ཤིན་ཏུ་རྒྱས་པ༔ ཤ་མདོག་དཀར་ལ་དམར་མདངས་ཆགས་པ༔ མཁུར་ཚོས་དམར་ཐིག་གེ་ཡོད་པ༔ མིག་དཀྱུས་རིང་ཞིང་མིག་ཆེ་བ༔ མཛེས་ཤིང་མཐོང་བ་ཙམ་གྱིས་ཡིད་འཕྲོག་པ༔ མཆན་གཡས་སུ་སྨེ་བ་དཀར་དམར་ཡོད་པ༔ དཔྲལ་བར་སྨེ་བའི་རི་མོ་གསུམ་ཡོད་པ༔ ཁྱད་པར་བྷ་ག་རུབ་ཅིང་ཤ་རྒྱས་པ༔ སྤུ་ཉུང་ཞིང་བུ་ག་དོགས་པ༔ གསང་ཐུབ་ཅིང་བློ་གྲོས་དང་ལྡན་པ་ནི་པདྨ་ཅན་མཆོག་ཡིན་པས༔ སྔགས་དང་ཏིང་འཛིན་རྫས་སྦྱོར་གྱི་སྦྱོར་བས་དགུག་ལ༔ སློབ་མ་ནུས་པ་ཐོབ་པས་བླ་མ་ལ་གསོལ་བ་གདབ་པ་ནི༔ བདག་ནི་ཐེག་ཆེན་ཆོས་ལ་སྤྱོད༔ རྟག་ཏུ་བདེ་བ་ཆེན་པོར་འདོད༔ བླ་མེད་ཐབས་ཀྱི་ལམ་མཆོག་ཏུ༔ སྨིན་པའི་སྐལ་བཟང་མཛད་དུ་གསོལ༔ ལན་གསུམ༔ སློབ་མ་རྡོ་རྗེ་གཞོན་ནུར་གསལ༔ ཡུམ་རྒྱན་གོས་ཆགས་པའི་སྒྱུ་རྩལ་དང་བཅས་ཏེ་གཏད་ལ༔ ཨེ་མ་བདེ་བ་ཐམས་ཅད་ཀྱི༔ འབྱུང་གནས་རྡོ་རྗེ་སྣ་ཚོགས་གཟུགས༔ བདེ་མཆོག་བསྐྱེད་བྱེད་དེང་གཏད་པས༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ མ་ཧཱ་ས་མུ་དྲ་ཧོཿ དེ་ནས་རིག་མ་བུ་ལ་གཏད༔ བདེ་བའི་གར་གྱི་བུ་མོས་སྨྲ༔ བུ་ཀྱེ་ང་ཡི་པདྨ་འདིས༔ མཆོག་ཏུ་ཟབ་པའི་ཡེ་ཤེས་སྟོན༔ སངས་རྒྱས་ཐམས་ཅད་འདི་ལས་བྱུང༔ ཁྱོད་ནི་ཡང་དག་ལམ་འདོད་ན༔ གུས་པའི་ཚུལ་གྱིས་བསྟེན་ནུས་སམ༔ གཤང་གཅི་ཁུ་བ་ཁྲག་དང་བཅས༔ རྟོག་པ་བྲལ་བས་རོལ་འདོད་དམ༔ དྲིས་པའི་ལན་དུ་སློབ་མ་ཡིས༔ ཨེ་མ་ཧོ་རྨད་དུ་བྱུང་བའི་ལམ༔ གསང་བ་བས་ཀྱང་ཆེས་གསང་བ༔ བདག་གིས་ཐོབ་པར་ཤིན་ཏུ་འདོད༔ རྟོགས་པར་དཀའ་བའི་ཡེ་ཤེས་དེ༔ བདག་གིས་འདོད་པས་ཁྱོད་ལ་གུས༔ གཙང་དང་དམེ་བ་རྟོག་པ་ཙམ༔ ཐམས་ཅད་མཉམ་པར་རོལ་ལ་སྤྲོ༔ ཞེས་བརྗོད་པ་དང་འཛུམ་པའི་མདངས་ཀྱིས་པང་དུ་བྱོན་པར་བསམ༔ གཏད་པའི་ཕྱག་རྒྱ་འཁོར་ལོ་རྒྱས་འདེབས་སུ་གསལ༔ མཁའ་གསང་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་ག་ཧཱུྃ་གིས་བཀག༔ པདྨ་ཨེ་ཡིས་མཚན་པར་བསམ༔ ཐབས་ཀྱི་རྣལ་འབྱོར་ཟབ་མོས་སེམས་ཅན་ཐམས་ཅད་རྡོ་རྗེ་བདེ་བ་ཆེན་པོའི་ས་ལ་སྦྱོར་སྙམ་པ་དང་ཆབས་ཅིག་ཛཿཞེས་བརྗོད་པས་ཕྱག་ཞབས་བསྣོལ་ཏེ་འཁྱུད༔ ཧཱུྃ་གིས་ཕན་ཚུན་དམ་པར་བསྡམས༔ བྃ་གིས་དབང་པོ་གཉིས་སྤྲད༔ ཧོཿས་བསྐྱོད་ནས་རོལ་དུ་གཞུག༔ དབབ་ལྡོག་ངོས་བཟུང་ལ་ངེས་ཤེས་བསྐྱེད་དོ༔ དེ་ནས་མུ་དྲ་ལ་ཕྱག་བྱ་མེ་ཏོག་གཏོར་ཏེ༔ རྡོ་རྗེ་ཐེག་པ་བླ་མེད་ལམ༔ ནམ་མཁའ་ལྟ་བུའི་ཡེ་ཤེས་ནི༔ ཁྱོད་ཀྱི་དྲིན་ལས་མངོན་སུམ་མཐོང༔ ཨེ་མ་ཧོ་སངས་རྒྱས་མཛད་པ་ལགས༔ ཞེས་བརྗོད་ཅིང༔ སྐལ་ལྡན་ལ་འདོད་ཡོན་ལྔ་དངོས་སུ་གཏད་དེ༔ ཐབས་ཀྱི་ཐེག་པར་ངེས་སྤྱད་ན༔ འདོད་ཡོན་ཐམས་ཅད་འབྲས་བུའི་གྲོགས༔ ཡུལ་དང་དབང་པོ་གཉིས་མེད་པ༔ ཞེན་པ་བྲལ་བས་སྤྱོད་པར་གྱིས༔ རྡོ་རྗེའི་གནས་དང་ཡུལ་དུར་ཁྲོད༔ ཐམས་ཅད་སྤྱོད་པའི་རྣལ་འབྱོར་མ༔ གསང་བའི་ལམ་འདིས་རོལ་གྱིས་ལ༔ ངེས་པའི་དེ་ཉིད་མངོན་དུ་འགྱུར༔ ཞེས་དམ་ཚིག་གི་ཆོ་གས་གཙིགས་སུ་གཏད༔ གཏང་རག་དང་བཅས་ཏེ་བྱ་བ་ནི་མཆོག་གི་ལམ་ངེས་གསང་ངོ༔ དེས་ནི་གསང་བ་ཤེས་རབ་མའི་ཆུ་སྐྱེས་སུ་གསུམ་པའི་དབང་བསྐུར་བས་སྣང་སྤྱོད་བདེ་བ་ཆེན་པོའི་ཡེ་ཤེས་སུ་འཆར་བའི་ལམ་བསྒོམ་པ་ལ་དབང་ཐོབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སློབ་མ་དེས་དབང་བསྐུར་བའི་རིག་མ་དེའམ༔ མཚན་ཉིད་དང་ལྡན་པ་གཞན་བཙལ་ཀྱང་རུང་སྟེ༔ དགུག་པ་སོགས་སྔར་དང་འདྲ༔ དེ་ནས་བུ་མོ་དེ་ལ་ཐུན་མོང་དང་ཐུན་མིན་གྱི་ཆོས་བཤད༔ རྒྱུད་ལེགས་པར་འབྱོང་སྟེ་ཞི་དུལ་དང་ལྡན་པར་བསླབ༔ རྣལ་འབྱོར་པ་རང་དང་ནུས་པ་མཉམ་པའམ་ཡང་ན་ཅུང་ཟད་དམན་ཀྱང་རུང་སྟེ་དེ་ལ་དབང་བསྐུར༔ སྔགས་ཀྱི་སྤྱོད་པ་བློར་ཤོང་བར་བྱ༔ དེ་ནས་ཡིད་དུ་འོང་བའི་དབེན་པར་སོང་སྟེ་སྟངས་དཔྱལ་ཕན་ཚུན་བལྟ་བ་དང༔ འཛུམ་པ་དང༔ ཆགས་པའི་གཏམ་སྨྲ་བ་རྣམས་བྱ༔ ལུས་ཀྱི་ཆ་ཤས་ལ་རེག་པ་དང༔ ལག་པ་བཅང་བ༔ སེན་མོས་འདེབས་པ་སོགས་ཀྱང་བྱ༔ བདེ་བ་སྐྱེས་པ་དང༔ འོ་བྱ་བ༔ འཁྱུད་ལྡེམ༔ ལྕེ་གཞིབ་པ་སོགས་བྱས་མཐར༔ ཕན་ཚུན་ལྷ་ཡབ་ཡུམ༔ མཁའ་གསང་རྡོ་རྗེ་པདྨ༔ ཆོས་ཀྱི་འདུ་ཤེས་གསུམ་དང་མ་བྲལ་བས་སྙོམས་པར་ཞུགས༔ བདེ་བ་མ་སྐྱེས་བར་རྡོ་རྗེ་དལ་བུས་སྲུབ༔ བདེ་བ་ཆེ་ན་སྤྱོད་པ་དལ༔ ཆུང་ན་སྒྱུ་རྩལ་སྣ་ཚོགས་པས་སྤྱོད༔ ཁམས་གནས་སོ་སོར་གཡོས་པ་དང་དགའ་བ་བཞི་ངོས་བཟུང༔ ཐིག་ལེ་ནོར་བུའི་རྩེར་སོན་ན་ལྡོག་དཀའ་བས་རྩ་བ་ནས་བཟུང༔ རླུང་གི་ནུས་པ་ཆེ་ན་རྩེ་མོ་ནས་སླར་ལྡོག་ཏུ་གཏུབ༔ སླར་གྱེན་དུ་ལྡོག་སྟེ་སྤྱི་བོའི་བར་ལྡོག༔ མི་འགྱུར་བའི་བདེ་བ་ཆེན་པོ་དང་བསྲེས་ལ་རང་ངོ་བསྐྱང༔ བདེ་བ་འཕྲོ་ཆད་ན་སླར་ཡང་བསྲུབ་སྟེ་བསྐྱར༔ ཐིག་ལེ་ལྡོག་ཟིན་པའི་ཚེ༔ རྩ་གནས་ཐམས་ཅད་ལ་བཀྲམ་པའི་ཕྱིར་ལུས་སྤྲུག་བྱ༔ ཡན་ལག་འཕེན་ཅིང་སྡུད༔ ཐིག་ལེ་འཛིན་དཀའ་ན་རྒྱ་མཚོ་རི་རབ་ལ་སྦྱར༔ ཉི་ཟླ་གྱེན་དུ་ལྡོག༔ གླིང་བཞི་སྦུབས་སུ་བཅུག༔ སྟོང་འདྲེན་མང་དུ་བྱས་པས་ཐུབ་བོ༔ དེ་ལྟར་གོམས་པ་ན༔ རྩ་ཡི་མདུད་པ་གྲོལ༔ དབུ་མར་ཡེ་ཤེས་ཀྱི་རླུང་ཞུགས༔ ཐིག་ལེ་འཕོ་མེད་དུ་དག་སྟེ༔ བདེ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེ༔ དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་འཆར་བར་འགྱུར་རོ༔ འདི་ནི་རྡོ་རྗེ་ཐེག་པའི་རྣལ་འབྱོར་པས་རྟག་ཏུ་ཉམས་སུ་ལེན་པར་བྱའོ༔ བློ་གྲོས་ཆུང་ཞིང་དམན་པའི་རིགས་ཅན་ལ་ཤིན་ཏུའང་གསང་བ་དམ་དུ་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཕུར་བུའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ་བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་ལ་གཏད་པ་༔༔༔བརྡ་ཡིག༔༔༔༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རི་ཞོལ་གྱི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་མངོན་སུམ་དུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་རང་བྱུང་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ཀྱི་ཟེའུ་འབྲུའི་བཀོད་པ་གསལ་བའི་སྦས་གནས་སུ་དག་པར་གཏན་ལ་ཕབ་པ་ཀསྨིརའི་པཎྜི་ཏ་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པའོ། །།}}

</onlyinclude>
</onlyinclude>

Revision as of 13:59, 12 December 2022

སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ བདེ་ཆེན་བྱང་སེམས་ཕུར་བུའི་སྒྲུབ་ཐབས༔
Wylie title snyan brgyud snying gi gsang mdzod las: bde chen byang sems phur bu'i sgrub thabs DKR-KABUM-20-WA-012.pdf
Location dil mgo mkhyen brtse bka' 'bum
Volume 20, Text 12, Pages 230-238 (Folios 1a to 9a4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Snyan brgyud snying gi gsang mdzod las bde chen byang sems phur bu'i sgrub thabs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 20: 230-238. Delhi: Shechen Publications, 1994.
Genre Root Treasure - gter gzhung  ·  Sadhanas - Evocation Ritual - sgrub thabs
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje phur pa
Colophon

བདེ་ཆེན་བྱང་ཆུབ་སེམས་ཀྱི་ཕུར་བུའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ་བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་ལ་གཏད་པ་༔༔༔བརྡ་ཡིག༔༔༔༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རི་ཞོལ་གྱི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་མངོན་སུམ་དུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་རང་བྱུང་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ཀྱི་ཟེའུ་འབྲུའི་བཀོད་པ་གསལ་བའི་སྦས་གནས་སུ་དག་པར་གཏན་ལ་ཕབ་པ་ཀསྨིརའི་པཎྜི་ཏ་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པའོ། །།

bde chen byang chub sems kyi phur bu'i sgrub thabs slob dpon chen po bi ma la mi tras mdzad pa bod kyi lo tsA ba gnyags dz+nyA na ku mA ra la gtad pa :::brda yig::::_ma hA gu ru pad+ma saM b+ha was bod khams bkra shis 'byung ba'i gnas su byin gyis brlabs pa'i rdo rje'i gnas chen po dpa' bo DA ki rang bzhin gyis 'du ba nyi shu rtsa lnga las sku yi gsung gi gnas mchog 'og min karma'i ri zhol gyi gan+d+ho la chen po nas bka' srung ye shes kyi mgon pos mngon sum du gtad pa'i shog ser las khrag 'thung dpa' bo klong chen nam mkha' 'od gsal pad+ma mdo sngags gling pas rang byung rdo rje btsun mo'i chu skyes kyi ze'u 'bru'i bkod pa gsal ba'i sbas gnas su dag par gtan la phab pa kasmira'i paN+Di ta bi ma la mi tras snyan brgyud du gdams pa'o/_//

[edit]
༁ྃ༔ སྙན་བརྒྱུད་སྙིང་གི་གསང་མཛོད་ལས༔ བདེ་ཆེན་བྱང་སེམས་ཕུར་བུའི་སྒྲུབ་ཐབས་བཞུགས༔
གཉགས་ལོ་ཙཱ་བའི་ལུགས་སོ།

༁ྃ༔ བརྡ་ཡིག ༔ དཔལ་ཆེན་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ རྡོ་རྗེའི་རྣལ་འབྱོར་ལ་ནུས་པ་ཐོབ་པའི་སློབ་མ་བློ་གྲོས་ཆེ༔ རྟོག་པ་ཉུང༔ གསང་སྔགས་ལ་མོས་པ་ཐོབ་པས་བདེ་ཆེན་བྱང་སེམས་ཀྱི་ཕུར་བུ་བསྒོམ་དགོས་ཏེ་རྒྱུད་ལས༔ ཐབས་ཀྱི་རྡོ་རྗེ་གཞོན་ནུ་སྟེ༔ དེ་ཉིད་ཤེས་རབ་བདེ་བའི་ཡུམ༔ རྡོ་རྗེའི་ལམ་ནས་པདྨོར་འཁྱིལ༔ གཉིས་མེད་ཐུགས་ཀྱི་ཐིག་ལེ་སྤྲོ༔ ཞེས་པས་ཐབས་ཀྱི་ལམ་ཟབ་མོ་ལ་རྣལ་འབྱོར་དུ་བྱ་སྟེ་དེ་ཡང་ཐོག་མ་ཉིད་དུ་གསང་བ་དང༔ ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དགོས་པས་ན༔ ཤིན་ཏུ་དབེན་པའི་གནས་སུ་དཀྱིལ་འཁོར་བཞེངས༔ ཚོགས་ཀྱི་འཁོར་ལོ་བསྐོར༔ ཡི་དམ་གྱི་བཟླས་སྒོམ་སྙིང་པོ་ལ་བརྩོན་པར་བྱ་དགོས་པས་དེ་ནི༔ ཧཱུྃ༔ སྟོང་ཉིད་དེ་བཞིན་ཉིད་ཀྱི་ཀློང༔ སྙིང་རྗེ་སྒྱུ་མས་ཉོན་མོངས་གཅོད༔ ཟུང་འཇུག་རྒྱུ་ཡི་ས་བོན་ཧཱུྃ༔ འཕྲོ་འདུས་སྣོད་བཅུད་དབྱིངས་སུ་སྦྱངས༔ སྟོང་པའི་ངང་ལས་རྡོ་རྗེ་ཡི༔ སྲུང་བའི་འཁོར་ལོ་རྩིབས་བཅུ་པ༔ རྣོ་དྲག་སྤུ་གྲི་ལྟར་གཟེངས་ཤིང༔ ཡེ་ཤེས་མེ་རླུང་ཚྭ་ཚྭ་འཕྲོ༔ སྲ་མཁྲེགས་རྡོ་རྗེའི་རྡུལ་དུ་འཁྲིགས༔ ཁོག་པ་སྟོང་པའི་ལྟེ་བ་རུ༔ བདག་ཉིད་མ་བཅོས་རྩ་བའི་ལྷ༔ རྡོ་རྗེ་གཞོན་ནུ་གནམ་ལྕགས་མདོག༔ གཡས་དཀར་སྒེག་ཅིང་གཡོན་དམར་གཤེ༔ དབུས་མཐིང་རྔམ་པའི་གཟི་བྱིན་རྒྱས༔ ཕྱག་དྲུག་དང་པོས་རྡོ་རྗེ་ནི༔ རྩེ་དགུ་བར་པས་རྩེ་ལྔ་ཕྱར༔ གཡོན་པས་མེ་དཔུང་ཁཊྭཱཾ་ག༔ ཐ་གཉིས་རི་རབ་ཕུར་པ་འདྲིལ༔ སྐུ་ལ་དཔལ་དང་དུར་ཁྲོད་ཆས༔ འབར་བའི་ཆོ་འཕྲུལ་བསམ་མི་ཁྱབ༔ རང་བྱུང་རོལ་པ་ཆེན་པོའི་ཡུམ༔ འཁོར་ལོ་རྒྱས་འདེབས་ཁྲོ་མོའི་ཆས༔ མཐིང་སྐྱ་དུར་ཁྲོད་རུས་རྒྱན་ཅན༔ ཨུཏྤལ་དུང་ཁྲག་བསྣམས་དང་སྦྱོར༔ ཡབ་ཡུམ་གཉིས་སུ་མེད་པ་ཡི༔ རང་བྱུང་རྡོ་རྗེའི་སྐུ་ཡི་དབྱིངས༔ གཟུགས་དང་འདུ་ཤེས་རྣམ་པར་ཤེས༔ ཚོར་བ་འདུ་བྱེད་རྡོ་རྗེ་ཡི༔ ཕུང་པོ་ཀཱི་ལ་རིགས་མཆོག་ལྔ༔ ས་མེ་མཁའ་ཆུ་རླུང་འབྱུང་ཁམས༔ དག་པའི་ཡུམ་དང་མཉམ་པར་སྦྱོར༔ དཔྲལ་མགྲིན་སྙིང་ག་ལྟེ་བའི་གོང༔ ལྟེ་བ་གསང་གནས་དཔུང་གཡས་གཡོན༔ བརླ་གཉིས་མི་དགེ་བཅུ་དག་ཅིང༔ སྟོབས་བཅུའི་རང་གཟུགས་ཁྲོ་བོ་བཅུ༔ ཕར་ཕྱིན་དག་པའི་ཡུམ་ཆེན་བཅུ༔ མཉམ་སྦྱོར་ཞལ་གཅིག་ཕྱག་གཉིས་པ༔ མཐིང་ནག་ཕུར་འདྲིལ་ཕྲ་ཐབས་སྤྲོ༔ ཡན་ལག་བཞི་ལ་སྒོ་མ་བཅས༔ ཕུར་སྲུང་དམ་ཅན་ཉི་མ་དང༔ འོད་ཟེར་བཞིན་དུ་སྤྲོ་ཞིང་སྡུད༔ སྣང་སྟོང་གཉིས་མེད་ནམ་མཁའི་སྐུ༔ མཁའ་ཁྱབ་ཡེ་ཤེས་དྲྭ་བར་རྫོགས༔ ལྷ་དང་རང་སེམས་ཆོས་ཉིད་གསུམ༔ གཉིས་མེད་གཉིས་སུ་སྣང་བའི་བདག༔ དག་པ་ཆེན་པོའི་ཡེ་ཤེས་ནི༔ ཐིག་ལེ་ཉག་གཅིག་ཉིད་དུ་ཤར༔ ཞེས་གསལ་བཏབ་སྟེ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ཅེས་རྩེ་གཅིག་ཏུ་བཟླ༔ ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བླ་མ་ལ་ཕུལ་ཏེ༔ བདེ་བ་རྡོ་རྗེ་གཞོན་ནུ་ནི༔ སྟོང་ཉིད་ཤེས་རབ་རྒྱས་འདེབས་སྦྱོར༔ ཟུང་འཇུག་བླ་མ་ཧེ་རུ་ཀས༔ བདག་ཅག་སྨིན་པར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ༔ བླ་མ་ཡུམ་དང་མཉམ་པར་སྦྱོར་བའི་བདེ་བའི་སྒྲ་དང་འོད་ཟེར་གྱིས་སངས་རྒྱས་ཐམས་ཅད་སྤྱན་དྲངས༔ ཞལ་དུ་ཞུགས༔ ཐུགས་ཀར་ཆགས་པའི་མེས་ཞུ་སྟེ་ལྷག་པའི་བྱང་ཆུབ་སེམས་སུ་ཞུ་བ་མཁའ་གསང་སྦྱོར་མཚམས་ནས་སྤྲོས་པ་བྱིན་ཏེ༔ ཨེ་མ་ཧོཿ སངས་རྒྱས་ཀུན་གྱི་གསང་བ་ནི༔ ལྷག་པའི་བྱང་ཆུབ་སེམས་ཆེན་པོ༔ དེ་རིང་བུ་ལ་སྦྱིན་པར་བྱ༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ ཞེས་བྱིན་པས༔ དེས་ཀྱང་སྦྱོར་མཚམས་ནས་ལེན་པའམ༔ ཡང་ན་མེ་ལོང་ཡུ་བ་ཅན་གྱིས་བླངས་ཏེ་རོལ༔ དེ་ཉིད་མགྲིན་པའི་རྩ་འཁོར་ནས་འཕེལ་ཏེ་ལུས་ཀྱི་ནང་གང༔ ཁམས་ཞུ་བའི་བདེ་བས་རྟོག་པ་ཟིལ་གྱིས་མནན་པར་བསམ༔ ཤ་ལྔ་དང་བདུད་རྩི་ལྔའི་བཟའ་བཅའ་གཏད་ལ༔ ཧོ༔ བུ་ཁྱོད་ཁྲག་འཐུང་ཆེན་པོ་སྟེ༔ ཐམས་ཅད་མཉམ་པའི་དཀྱིལ་འཁོར་མཐོང༔ བདུད་རྩི་བདེ་བ་ཆེའི་ལོངས་སྤྱོད༔ ད་ནི་གཙང་དམེ་བྲལ་བས་རོལ༔ ས་མ་ཡ་ཧོཿ རུས་པའི་རྒྱན་དང་ཀ་པཱ་ལ་ཁཊྭཱཾ་ག་གཏད་དེ༔ ཧོ༔ དཔའ་བོ་ཁྱོད་ཀྱི་དམ་ཚིག་ནི༔ བདེ་ཆེན་ཁཊྭཱཾ་ག་འཆང་ཞིང༔ ཕ་རོལ་ཕྱིན་པའི་ཕྱག་རྒྱས་བརྒྱན༔ སྟོང་ཉིད་བྷཉྫ་ལག་ཏུ་ཐོགས༔ ཐམས་ཅད་ཐམས་ཅད་རོལ་པར་གྱིས༔ ཨ་ལ་ལ་ཧོཿ དེས་ནི་ནང་རྡོ་རྗེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་དུ་གང་ཟག་སྤྲོས་པ་མེད་པ་ལ་གསང་བའི་དབང་བསྐུར་བས༔ རང་ལུས་ཀྱི་རྫོགས་རིམ་སྒོམ་པ་ལ་དབང་བ་ཡིན་ནོ༔ ས་མ་ཡ༔ དེ་ནས་ཇི་ལྟར་ཉམས་སུ་ལེན་པ་ལ༔ དང་པོ་སྔོན་དུ་འགྲོ་བ་བདག་ཉིད་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་གོང་ལྟར་བསྒོམས་ལ་བཟླས་པ་བྱ༔ དེ་དག་ཀྱང་ང་རྒྱལ་བརྟན་པོར་བསླབ༔ རྣམ་པ་གསལ་བར་བསྒོམ༔ ཞལ་ཕྱག་རྒྱན་ཆས་སོགས་དག་པ་རེ་རེ་བཞིན་དྲན་པ་ལ་བསླབ༔ གོམས་ཤིང་འདྲིས་པར་བྱས༔ ལྷ་དང་དབྲལ་བ་སོགས་ཏིང་ངེ་འཛིན་སྣ་ཚོགས་པས་བོགས་དབྱུང་བར་བྱ༔ སྐྱོ་བའི་སྐབས་སུ་བཟླས་པའང་བྱ༔ ལེགས་པར་གསལ་བརྟན་དུ་གྱུར་པ་དང་བསྐྱེད་རིམ་ཕྱག་རྒྱ་སྤྲོས་བཅས་རྒྱས་འབྲིང་གང་འོས་སྒོམས༔ དེའི་ཚེ་བཟླས་པའི་རིམ་པའང་ཐོག་མར་བསྙེན་པ་གོང་ལྟར་བཟླ༔ གྲངས་འབུམ་ཕྲག་བཅུ་བཟླ༔ དེ་ཐེམས་པ་དང་སྒྲུབ་པའི་སྔགས་ནི༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྻ་ཨ་ཙ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཛི་ཏ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ ཁྲོ་མོ་བཅུ་ཡི་སྔགས་ནི༔ ཨོཾ་བཛྲ་ཀྲོ་དྷཱི་ནཱ་ད་ཡ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ལཱ་སྱ་ཀི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྨ་ཤ་ན་པ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཙཎྜ་ལི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཡཾ་ཡ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ཏི་ཏཱ་རུ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་མུ་ཧ་ལ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་ས་བྱ་ཏི་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་མཱ་ར་ཡ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་མུཎྜེ་མཾ་ཧཱུྃ༔ ཕྲ་ཐབས་ཉི་ཤུ་ནི༔ གརྫ་གརྫ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ༔ ཙྪིནྡྷ་ཙྪིནྡྷ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ༔ སྲས་མཆོག་གི་སྔགས་ནི༔ ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ༔ སྒོ་མ་བཞིའི་སྔགས་ནི༔ ཨོཾ་བཛྲ་ཀྲོ་དྷཱི་ཨངྐུ་ཤ་ཛཿ ཨོཾ་བཛྲ་ཀྲོ་དྷཱི་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་ཀྲོ་དྷཱི་སྥོ་ཊ་བྃ༔ ཨོཾ་བཛྲ་ཀྲོ་དྷཱི་གཎྜེ་ཧོཿ ཕུར་སྲུང་གི་སྔགས་ནི༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷཱ་ཏ་ཡ་མ་མ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུྃ་ཕཊ྄༔ ཁྲོ་བཅུ་ཡབ་ཡུམ་ནི་འབུམ་ཕྲག་བཞི༔ སྲས་མཆོག་ཀྱང་འབུམ་བཞི༔ སྒོ་མ་རྣམས་འབུམ་རེ༔ ཕུར་སྲུང་ལ་ཁྲི་རེ་རེ་བཅས་བཟླ༔ སྐུ་གསུང་ཐུགས་ཀྱི་རྟགས་ཡོངས་སུ་མ་རྫོགས་ཀྱི་བར་དུའང་འབད༔ དེའི་ཚེ་དམིགས་པའི་རིམ་པའང་འདི་བྱ་སྟེ༔ བདག་ཉིད་ཐུགས་ཀར་ཡེ་ཤེས་སེམས༔ རྡོར་སེམས་དཀར་གསལ་ལོངས་སྐུའི་ཆས༔ རྡོ་རྗེ་དྲིལ་བསྣམས་ཕྱེད་སྐྱིལ་བཞུགས༔ ཚོན་གང་འོད་ཀྱི་ཕུང་པོ་ནི༔ རིན་ཆེན་ཟུར་བརྒྱད་དབུས་ན་བཞུགས༔ དེ་ཡི་ཐུགས་ཀར་ཙིཏྟ་ནི༔ མཐིང་སྨུག་མཆོང་གི་གུར་ལྟར་མཛེས༔ ལྟེ་བར་ཉི་སྟེང་རྡོ་རྗེ་ནི༔ རྩེ་དགུ་ནས་ཀྱི་འབྲུ་ཙམ་བསྒྲེངས༔ རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ནག༔ མཐའ་སྐོར་སྙིང་པོ་འབྲུ་དགུ་འབར༔ སྔགས་ཕྲེང་མཚམས་སུ་གསུང་རྡོ་རྗེ༔ རྟ་མགྲིན་དམར་པོས་བར་ཆད་སྲུང༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ དཔལ་ཆེན་སྐུ་དང་གཉིས་མེད་གྱུར༔ ཁྱད་པར་དུའང་སྤྲོ་བསྡུའི་ཏིང་ངེ་འཛིན་ནི༔ སྔགས་ཕྲེང་བདག་མདུན་ཞལ་དང་མཁའི༔ སྦྱོར་མཚམས་ནས་བརྒྱུད་འོད་ཟེར་ལས༔ སྐུ་དང་ཕྱག་མཚན་མཚོན་ཆ་མེ༔ སྤྲོ་བསྡུས་སྣང་སྲིད་ལྷ་དང་སྔགས༔ ཡེ་ཤེས་རོལ་པར་འབྱམས་ཀླས་ཏེ༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ བརྟན་གཡོ་རྩི་ཤིང་ནགས་ཚལ་ཀུན༔ ཐམས་ཅད་ཕུར་པའི་དལ་དུ་རྫོགས༔ ཞལ་ནས་སྔགས་ཀྱི་སྒྲ་སྒྲོགས་ཤིང༔ ཀུན་ཀྱང་ཀཱི་ལིའི་ཛཔ་སྒྲ་སྒྲོགས༔ སྣང་སྲིད་ཕྱག་རྒྱ་ཆེན་པོའི་དབྱིངས༔ དག་པའི་ཡེ་ཤེས་རོལ་པར་ཤར༔ དྲག་པོའི་ཏིང་འཛིན་བྱེ་བྲག་ཏུ་བསྒོམ་ན༔ དཀྱིལ་འཁོར་གསུམ་ལས་འོད་ཟེར་ནི༔ ལྗང་ནག་མཚོན་ཆའི་ཟེགས་མ་འཕྲོས༔ ཀུན་ཀྱང་མངོན་སྤྱོད་ལས་ལ་བསྐུལ༔ ཕོ་ཉ་ཉི་ཟེར་རྡུལ་ལྟར་འཚུབས༔ མཚོན་ཆའི་ཆར་བབ་སྔགས་སྒྲ་སྒྲོགས༔ གང་ལ་དམིགས་པའི་དགྲ་དང་བགེགས༔ མངོན་སྤྱོད་དྲུག་གི་ཕྲིན་ལས་ཀྱིས༔ དགྲ་བོ་མིང་མེད་བརླག་པར་གྱུར༔ སྔགས་དང་དམིགས་པ་འདི་དག་ཤིན་ཏུ་རྒྱས་པ་མ་གྲུབ་ཀྱང་ཕྱག་རྒྱ་གཅིག་པའི་ལྷ་སྔགས་ཁོ་ན་ལ་ནུས་པ་ཚད་དུ་ཐོན་པས་ཀྱང་རུང་ངོ༔ ས་མ་ཡ༔ བརྡ་ཡིག ༔ རྫོགས་རིམ་སྙིང་པོའི་ཉམས་ལེན་ནི༔ དབེན་པའི་གནས་སུ་ཕྱི་ལུས་ཀྱི་སྟོང་ར་གོང་ལྟར་བསྒོམ༔ ལུས་དཀྱིལ་གྱི་ལྷ་ཡང་གསལ་བར་དམིགས༔ ཁྱད་པར་ལུས་ཀྱི་ནང་ཨ་ཝ་དྷཱུ་ཏིའི་སྟོང་ར་ཡང་བསྒོམ༔ ཟབ་ལམ་གབ་རྒྱ་ཅན་ལྟར་རྩ་གནས་སུ་བསྒོམ༔ རོ་རྐྱང་འཁོར་ལོ་ལྔ་དང་བཅས་པ་ཡང་སྤྱི་ལྟར་དམིགས༔ དྷཱུ་ཏིའི་ཡར་སྣར་ཧེ་རུ་ཀ་ཧཾ༔ མར་སྣར་དབྱིངས་ཕྱུག་མ་ཨ༔ བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྟེན་དུ་ཕྲ་ལ་དྭངས་བར་གསལ༔ རྩ་རྣམས་ཤེལ་སྦུག་ལྟར་དྭངས་ལ་གསལ་བར་དམིགས༔ རླུང་དུག་བསལ༔ ཧ་སྤྲུགས་བྱ༔ གདབ་ཆུང་ཡང་བྱ༔ དེ་ནས་དལ་བུས་རྔུབ༔ ལྟེ་འོག་ཏུ་མནན༔ མི་ཐུབ་པ་དང་འཐེན་གནོན་བྱ༔ དེ་ནས་དལ་གྱིས་བཏང་ལ་ལྷག་མ་མེད་པར་འབུད༔ ལུས་ཀྱི་ནང་ཐམས་ཅད་སངས་ཀྱིས་དག་པར་བསམ་མོ༔ རླུང་ལེགས་པར་བྱང་བ་དང་སྔ་མ་ལྟར་བུམ་ཅན་དང་སྦྱར་ཏེ༔ རླུང་རྔུབ་པས་ལྟེ་བ་ནས་ཨ་ལས་དྲོད་གློག་གི་ཞགས་པ་རྟ་རྔ་བརྒྱར་གཤགས་པའི་ཚད་ཙམ་འབར༔ ཧཾ་ལས་ཟེགས་མ་བ་ཐག་ཙམ་འཛག༔ མེ་ལ་སིབ་ཀྱིས་ཐིམ༔ བདེ་ཏིང་གིས་སོང་བ་དང་ཆབས་ཅིག་སླར་ཡང་འབར་བ་ཤུགས་ཆེར་གཡོས༔ ཧཾ་ལས་བདུད་རྩི་འཛག་པས་མེ་ཡི་གསོས་བྱས༔ རིམ་གྱིས་ལྟེ་བ༔ སྙིང་ག༔ མགྲིན་པ༔ སྤྱི་བོའི་རྩ་འཁོར་རྣམས་མེས་གང༔ སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་བག་ཆགས་ཀྱི་སྐྱོན་ཀུན་བསྲེགས༔ ཧཾ་ལས་འཛག་པའི་བདུད་རྩི་གང་བུར་བཞུས་པ་སྤྱི་བོ༔ མགྲིན་པ༔ སྙིང་ག༔ ལྟེ་བ་རྣམས་ལ་བབ༔ འཁོར་ལོ་བཞི་གང་བས་དགའ་བ་བཞི་སྐྱེས༔ སད་རྨི་གཉིད་འཐུག་སྙོམས་འཇུག་གི་རྟོག་པ་བསལ༔ རྩ་རླུང་ཐིག་ལེའི་སྐྱོན་དང་གེགས་མཐའ་དག་བསལ༔ བདེ་སྟོང་གི་ཡེ་ཤེས་རིམ་དང་གཅིག་ཆར་དུ་ཤར་བས་ལུས་ཀྱི་ནང་ཐམས་ཅད་དུ་ཁྱབ༔ གདོས་བཅས་ཀྱི་ཕུང་པོའི་སྙིགས་མ་ཐམས་ཅད་སྦྱངས༔ དག་པ་ཡེ་ཤེས་ཀྱི་སྒོ་གསུམ་དུ་གྱུར༔ མཁའ་ཁྱབ་ནམ་མཁའི་བདག་ཉིད་དུ་བསམ་ལ་རླུང་རིག་བསྲེ་བ་གཙོ་བོར་བྱ༔ ནུས་པའི་མཐུ་ཐོབ་པ་དང་རྩ་ཐམས་ཅད་མི་ཕྱེད་མར་སྡུད་པས་ས་ལམ་ཞུགས་གནས་ཐིམ་གསུམ་གྱི་ཡོན་ཏན་དཔག་ཏུ་མེད་པ་འཆར༔ རླུང་ཡེ་ཤེས་སུ་དག་པས་གཞོམ་མེད་ཤིན་ཏུ་ཕྲ་བའི་ནཱ་དར་གྱུར༔ ཐིག་ལེ་འཕོ་མེད་དུ་བརྟན་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐུ་གསུམ་དུ་འཆར་བར་འགྱུར་རོ༔ དེས་བདེ་ཆེན་ཁྲག་འཐུང་རྒྱལ་པོ་དཔལ་ཀརྨ་ཧེ་རུ་ཀའི་ཡེ་ཤེས་ཀྱི་ཐིག་ལེའི་དཔྱིད་དུ་གྲུབ་པས་རྡོ་རྗེའི་རྣལ་འབྱོར་ཟབ་པའི་ཏི་ཀ་ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྀཨཐི༔ གུ་ཧྱ༔ བརྡ་ཡིག ༔ རྩ་རླུང་ཐིག་ལེའི་ནུས་པའི་དྲོད་ཐོབ་པ་དང༔ ཐབས་ཀྱི་ལམ་ཟབ་མོ་ཨེ་ཝཾ་མཉམ་པར་སྦྱོར་བའི་བརྟུལ་ཞུགས་སྤྱོད་པ་ཤིན་ཏུ་ཡང་གསང་བ་ཆེན་པོ་རྨད་དུ་བྱུང་བའི་ལམ་སྦྱང་དགོས་པས་དེ་ཡང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བྱ་དགོས་པས་དེའི་རིམ་པ་ནི༔ བླ་མ་བརྟུལ་ཞུགས་ཀྱི་གདེང་ཐོབ་པས་དབེན་པའི་གནས་སུ་དཀྱིལ་འཁོར་བཞེངས༔ བཟླས་པ་དང་ཁྱད་པར་ཚོགས་ཀྱི་འཁོར་ལོ་བྱ༔ ལྷ་ཀླུ་མི་ཡི་བུ་མོ་མཚན་དང་ལྡན་པ་ཐབས་ཀྱིས་དགུག་པར་བྱ༔ དེ་ཡང་མཚན་ཉིད་ནི་རིགས་ཅན་ལྔ་ལ་སོགས་པ་དུ་མ་གསུངས་ཀྱང༔ ན་ཚོད་མཛེས་པའི་ལང་ཚོ་ཤིན་ཏུ་རྒྱས་པ༔ ཤ་མདོག་དཀར་ལ་དམར་མདངས་ཆགས་པ༔ མཁུར་ཚོས་དམར་ཐིག་གེ་ཡོད་པ༔ མིག་དཀྱུས་རིང་ཞིང་མིག་ཆེ་བ༔ མཛེས་ཤིང་མཐོང་བ་ཙམ་གྱིས་ཡིད་འཕྲོག་པ༔ མཆན་གཡས་སུ་སྨེ་བ་དཀར་དམར་ཡོད་པ༔ དཔྲལ་བར་སྨེ་བའི་རི་མོ་གསུམ་ཡོད་པ༔ ཁྱད་པར་བྷ་ག་རུབ་ཅིང་ཤ་རྒྱས་པ༔ སྤུ་ཉུང་ཞིང་བུ་ག་དོགས་པ༔ གསང་ཐུབ་ཅིང་བློ་གྲོས་དང་ལྡན་པ་ནི་པདྨ་ཅན་མཆོག་ཡིན་པས༔ སྔགས་དང་ཏིང་འཛིན་རྫས་སྦྱོར་གྱི་སྦྱོར་བས་དགུག་ལ༔ སློབ་མ་ནུས་པ་ཐོབ་པས་བླ་མ་ལ་གསོལ་བ་གདབ་པ་ནི༔ བདག་ནི་ཐེག་ཆེན་ཆོས་ལ་སྤྱོད༔ རྟག་ཏུ་བདེ་བ་ཆེན་པོར་འདོད༔ བླ་མེད་ཐབས་ཀྱི་ལམ་མཆོག་ཏུ༔ སྨིན་པའི་སྐལ་བཟང་མཛད་དུ་གསོལ༔ ལན་གསུམ༔ སློབ་མ་རྡོ་རྗེ་གཞོན་ནུར་གསལ༔ ཡུམ་རྒྱན་གོས་ཆགས་པའི་སྒྱུ་རྩལ་དང་བཅས་ཏེ་གཏད་ལ༔ ཨེ་མ་བདེ་བ་ཐམས་ཅད་ཀྱི༔ འབྱུང་གནས་རྡོ་རྗེ་སྣ་ཚོགས་གཟུགས༔ བདེ་མཆོག་བསྐྱེད་བྱེད་དེང་གཏད་པས༔ རྟོག་པ་བྲལ་བས་རོལ་ཅིག་བུ༔ མ་ཧཱ་ས་མུ་དྲ་ཧོཿ དེ་ནས་རིག་མ་བུ་ལ་གཏད༔ བདེ་བའི་གར་གྱི་བུ་མོས་སྨྲ༔ བུ་ཀྱེ་ང་ཡི་པདྨ་འདིས༔ མཆོག་ཏུ་ཟབ་པའི་ཡེ་ཤེས་སྟོན༔ སངས་རྒྱས་ཐམས་ཅད་འདི་ལས་བྱུང༔ ཁྱོད་ནི་ཡང་དག་ལམ་འདོད་ན༔ གུས་པའི་ཚུལ་གྱིས་བསྟེན་ནུས་སམ༔ གཤང་གཅི་ཁུ་བ་ཁྲག་དང་བཅས༔ རྟོག་པ་བྲལ་བས་རོལ་འདོད་དམ༔ དྲིས་པའི་ལན་དུ་སློབ་མ་ཡིས༔ ཨེ་མ་ཧོ་རྨད་དུ་བྱུང་བའི་ལམ༔ གསང་བ་བས་ཀྱང་ཆེས་གསང་བ༔ བདག་གིས་ཐོབ་པར་ཤིན་ཏུ་འདོད༔ རྟོགས་པར་དཀའ་བའི་ཡེ་ཤེས་དེ༔ བདག་གིས་འདོད་པས་ཁྱོད་ལ་གུས༔ གཙང་དང་དམེ་བ་རྟོག་པ་ཙམ༔ ཐམས་ཅད་མཉམ་པར་རོལ་ལ་སྤྲོ༔ ཞེས་བརྗོད་པ་དང་འཛུམ་པའི་མདངས་ཀྱིས་པང་དུ་བྱོན་པར་བསམ༔ གཏད་པའི་ཕྱག་རྒྱ་འཁོར་ལོ་རྒྱས་འདེབས་སུ་གསལ༔ མཁའ་གསང་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་ག་ཧཱུྃ་གིས་བཀག༔ པདྨ་ཨེ་ཡིས་མཚན་པར་བསམ༔ ཐབས་ཀྱི་རྣལ་འབྱོར་ཟབ་མོས་སེམས་ཅན་ཐམས་ཅད་རྡོ་རྗེ་བདེ་བ་ཆེན་པོའི་ས་ལ་སྦྱོར་སྙམ་པ་དང་ཆབས་ཅིག་ཛཿཞེས་བརྗོད་པས་ཕྱག་ཞབས་བསྣོལ་ཏེ་འཁྱུད༔ ཧཱུྃ་གིས་ཕན་ཚུན་དམ་པར་བསྡམས༔ བྃ་གིས་དབང་པོ་གཉིས་སྤྲད༔ ཧོཿས་བསྐྱོད་ནས་རོལ་དུ་གཞུག༔ དབབ་ལྡོག་ངོས་བཟུང་ལ་ངེས་ཤེས་བསྐྱེད་དོ༔ དེ་ནས་མུ་དྲ་ལ་ཕྱག་བྱ་མེ་ཏོག་གཏོར་ཏེ༔ རྡོ་རྗེ་ཐེག་པ་བླ་མེད་ལམ༔ ནམ་མཁའ་ལྟ་བུའི་ཡེ་ཤེས་ནི༔ ཁྱོད་ཀྱི་དྲིན་ལས་མངོན་སུམ་མཐོང༔ ཨེ་མ་ཧོ་སངས་རྒྱས་མཛད་པ་ལགས༔ ཞེས་བརྗོད་ཅིང༔ སྐལ་ལྡན་ལ་འདོད་ཡོན་ལྔ་དངོས་སུ་གཏད་དེ༔ ཐབས་ཀྱི་ཐེག་པར་ངེས་སྤྱད་ན༔ འདོད་ཡོན་ཐམས་ཅད་འབྲས་བུའི་གྲོགས༔ ཡུལ་དང་དབང་པོ་གཉིས་མེད་པ༔ ཞེན་པ་བྲལ་བས་སྤྱོད་པར་གྱིས༔ རྡོ་རྗེའི་གནས་དང་ཡུལ་དུར་ཁྲོད༔ ཐམས་ཅད་སྤྱོད་པའི་རྣལ་འབྱོར་མ༔ གསང་བའི་ལམ་འདིས་རོལ་གྱིས་ལ༔ ངེས་པའི་དེ་ཉིད་མངོན་དུ་འགྱུར༔ ཞེས་དམ་ཚིག་གི་ཆོ་གས་གཙིགས་སུ་གཏད༔ གཏང་རག་དང་བཅས་ཏེ་བྱ་བ་ནི་མཆོག་གི་ལམ་ངེས་གསང་ངོ༔ དེས་ནི་གསང་བ་ཤེས་རབ་མའི་ཆུ་སྐྱེས་སུ་གསུམ་པའི་དབང་བསྐུར་བས་སྣང་སྤྱོད་བདེ་བ་ཆེན་པོའི་ཡེ་ཤེས་སུ་འཆར་བའི་ལམ་བསྒོམ་པ་ལ་དབང་ཐོབ་པར་འགྱུར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་སློབ་མ་དེས་དབང་བསྐུར་བའི་རིག་མ་དེའམ༔ མཚན་ཉིད་དང་ལྡན་པ་གཞན་བཙལ་ཀྱང་རུང་སྟེ༔ དགུག་པ་སོགས་སྔར་དང་འདྲ༔ དེ་ནས་བུ་མོ་དེ་ལ་ཐུན་མོང་དང་ཐུན་མིན་གྱི་ཆོས་བཤད༔ རྒྱུད་ལེགས་པར་འབྱོང་སྟེ་ཞི་དུལ་དང་ལྡན་པར་བསླབ༔ རྣལ་འབྱོར་པ་རང་དང་ནུས་པ་མཉམ་པའམ་ཡང་ན་ཅུང་ཟད་དམན་ཀྱང་རུང་སྟེ་དེ་ལ་དབང་བསྐུར༔ སྔགས་ཀྱི་སྤྱོད་པ་བློར་ཤོང་བར་བྱ༔ དེ་ནས་ཡིད་དུ་འོང་བའི་དབེན་པར་སོང་སྟེ་སྟངས་དཔྱལ་ཕན་ཚུན་བལྟ་བ་དང༔ འཛུམ་པ་དང༔ ཆགས་པའི་གཏམ་སྨྲ་བ་རྣམས་བྱ༔ ལུས་ཀྱི་ཆ་ཤས་ལ་རེག་པ་དང༔ ལག་པ་བཅང་བ༔ སེན་མོས་འདེབས་པ་སོགས་ཀྱང་བྱ༔ བདེ་བ་སྐྱེས་པ་དང༔ འོ་བྱ་བ༔ འཁྱུད་ལྡེམ༔ ལྕེ་གཞིབ་པ་སོགས་བྱས་མཐར༔ ཕན་ཚུན་ལྷ་ཡབ་ཡུམ༔ མཁའ་གསང་རྡོ་རྗེ་པདྨ༔ ཆོས་ཀྱི་འདུ་ཤེས་གསུམ་དང་མ་བྲལ་བས་སྙོམས་པར་ཞུགས༔ བདེ་བ་མ་སྐྱེས་བར་རྡོ་རྗེ་དལ་བུས་སྲུབ༔ བདེ་བ་ཆེ་ན་སྤྱོད་པ་དལ༔ ཆུང་ན་སྒྱུ་རྩལ་སྣ་ཚོགས་པས་སྤྱོད༔ ཁམས་གནས་སོ་སོར་གཡོས་པ་དང་དགའ་བ་བཞི་ངོས་བཟུང༔ ཐིག་ལེ་ནོར་བུའི་རྩེར་སོན་ན་ལྡོག་དཀའ་བས་རྩ་བ་ནས་བཟུང༔ རླུང་གི་ནུས་པ་ཆེ་ན་རྩེ་མོ་ནས་སླར་ལྡོག་ཏུ་གཏུབ༔ སླར་གྱེན་དུ་ལྡོག་སྟེ་སྤྱི་བོའི་བར་ལྡོག༔ མི་འགྱུར་བའི་བདེ་བ་ཆེན་པོ་དང་བསྲེས་ལ་རང་ངོ་བསྐྱང༔ བདེ་བ་འཕྲོ་ཆད་ན་སླར་ཡང་བསྲུབ་སྟེ་བསྐྱར༔ ཐིག་ལེ་ལྡོག་ཟིན་པའི་ཚེ༔ རྩ་གནས་ཐམས་ཅད་ལ་བཀྲམ་པའི་ཕྱིར་ལུས་སྤྲུག་བྱ༔ ཡན་ལག་འཕེན་ཅིང་སྡུད༔ ཐིག་ལེ་འཛིན་དཀའ་ན་རྒྱ་མཚོ་རི་རབ་ལ་སྦྱར༔ ཉི་ཟླ་གྱེན་དུ་ལྡོག༔ གླིང་བཞི་སྦུབས་སུ་བཅུག༔ སྟོང་འདྲེན་མང་དུ་བྱས་པས་ཐུབ་བོ༔ དེ་ལྟར་གོམས་པ་ན༔ རྩ་ཡི་མདུད་པ་གྲོལ༔ དབུ་མར་ཡེ་ཤེས་ཀྱི་རླུང་ཞུགས༔ ཐིག་ལེ་འཕོ་མེད་དུ་དག་སྟེ༔ བདེ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེ༔ དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་འཆར་བར་འགྱུར་རོ༔ འདི་ནི་རྡོ་རྗེ་ཐེག་པའི་རྣལ་འབྱོར་པས་རྟག་ཏུ་ཉམས་སུ་ལེན་པར་བྱའོ༔ བློ་གྲོས་ཆུང་ཞིང་དམན་པའི་རིགས་ཅན་ལ་ཤིན་ཏུའང་གསང་བ་དམ་དུ་བྱའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཁ་ཐཾ༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཕུར་བུའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་མཛད་པ་བོད་ཀྱི་ལོ་ཙཱ་བ་གཉགས་ཛྙཱ་ན་ཀུ་མཱ་ར་ལ་གཏད་པ་༔༔༔བརྡ་ཡིག༔༔༔༔ མ་ཧཱ་གུ་རུ་པདྨ་སཾ་བྷ་ཝས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་སུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གནས་ཆེན་པོ་དཔའ་བོ་ཌཱ་ཀི་རང་བཞིན་གྱིས་འདུ་བ་ཉི་ཤུ་རྩ་ལྔ་ལས་སྐུ་ཡི་གསུང་གི་གནས་མཆོག་འོག་མིན་ཀརྨའི་རི་ཞོལ་གྱི་གནྡྷོ་ལ་ཆེན་པོ་ནས་བཀའ་སྲུང་ཡེ་ཤེས་ཀྱི་མགོན་པོས་མངོན་སུམ་དུ་གཏད་པའི་ཤོག་སེར་ལས་ཁྲག་འཐུང་དཔའ་བོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་མདོ་སྔགས་གླིང་པས་རང་བྱུང་རྡོ་རྗེ་བཙུན་མོའི་ཆུ་སྐྱེས་ཀྱི་ཟེའུ་འབྲུའི་བཀོད་པ་གསལ་བའི་སྦས་གནས་སུ་དག་པར་གཏན་ལ་ཕབ་པ་ཀསྨིརའི་པཎྜི་ཏ་བི་མ་ལ་མི་ཏྲས་སྙན་བརྒྱུད་དུ་གདམས་པའོ། །།
[edit]

\u0f01\u0f83:_snyan brgyud snying gi gsang mdzod las:_bde chen byang sems phur bu'i sgrub thabs bzhugs:_gnyags lo tsA ba'i lugs so/ \u0f01\u0f83:__brda yig__:_dpal chen he ru ka la phyag 'tshal lo:_rdo rje'i rnal 'byor la nus pa thob pa'i slob ma blo gros che:_rtog pa nyung:_gsang sngags la mos pa thob pas bde chen byang sems kyi phur bu bsgom dgos te rgyud las:_thabs kyi rdo rje gzhon nu ste:_de nyid shes rab bde ba'i yum:_rdo rje'i lam nas pad+mor 'khyil:_gnyis med thugs kyi thig le spro:_zhes pas thabs kyi lam zab mo la rnal 'byor du bya ste de yang thog ma nyid du gsang ba dang:_shes rab ye shes kyi dbang bskur dgos pas na:_shin tu dben pa'i gnas su dkyil 'khor bzhengs:_tshogs kyi 'khor lo bskor:_yi dam gyi bzlas sgom snying po la brtson par bya dgos pas de ni:_hU~M:_stong nyid de bzhin nyid kyi klong:_snying rje sgyu mas nyon mongs gcod:_zung 'jug rgyu yi sa bon hU~M:_'phro 'dus snod bcud dbyings su sbyangs:_stong pa'i ngang las rdo rje yi:_srung ba'i 'khor lo rtsibs bcu pa:_rno drag spu gri ltar gzengs shing:_ye shes me rlung tshwa tshwa 'phro:_sra mkhregs rdo rje'i rdul du 'khrigs:_khog pa stong pa'i lte ba ru:_bdag nyid ma bcos rtsa ba'i lha:_rdo rje gzhon nu gnam lcags mdog:_g.yas dkar sgeg cing g.yon dmar gshe:_dbus mthing rngam pa'i gzi byin rgyas:_phyag drug dang pos rdo rje ni:_rtse dgu bar pas rtse lnga phyar:_g.yon pas me dpung khaT+wAM ga:_tha gnyis ri rab phur pa 'dril:_sku la dpal dang dur khrod chas:_'bar ba'i cho 'phrul bsam mi khyab:_rang byung rol pa chen po'i yum:_'khor lo rgyas 'debs khro mo'i chas:_mthing skya dur khrod rus rgyan can:_ut+pal dung khrag bsnams dang sbyor:_yab yum gnyis su med pa yi:_rang byung rdo rje'i sku yi dbyings:_gzugs dang 'du shes rnam par shes:_tshor ba 'du byed rdo rje yi:_phung po kI la rigs mchog lnga:_sa me mkha' chu rlung 'byung khams:_dag pa'i yum dang mnyam par sbyor:_dpral mgrin snying ga lte ba'i gong:_lte ba gsang gnas dpung g.yas g.yon:_brla gnyis mi dge bcu dag cing:_stobs bcu'i rang gzugs khro bo bcu:_phar phyin dag pa'i yum chen bcu:_mnyam sbyor zhal gcig phyag gnyis pa:_mthing nag phur 'dril phra thabs spro:_yan lag bzhi la sgo ma bcas:_phur srung dam can nyi ma dang:_'od zer bzhin du spro zhing sdud:_snang stong gnyis med nam mkha'i sku:_mkha' khyab ye shes drwa bar rdzogs:_lha dang rang sems chos nyid gsum:_gnyis med gnyis su snang ba'i bdag:_dag pa chen po'i ye shes ni:_thig le nyag gcig nyid du shar:_zhes gsal btab ste:_oM badz+ra kI li kI la ya ru lu ru lu hU~M b+h+yo hU~M phaTa?:_ces rtse gcig tu bzla:_phyag rgya mtshan nyid dang ldan pa bla ma la phul te:_bde ba rdo rje gzhon nu ni:_stong nyid shes rab rgyas 'debs sbyor:_zung 'jug bla ma he ru kas:_bdag cag smin par mdzad du gsol:_zhes gsol ba btab:_bla ma yum dang mnyam par sbyor ba'i bde ba'i sgra dang 'od zer gyis sangs rgyas thams cad spyan drangs:_zhal du zhugs:_thugs kar chags pa'i mes zhu ste lhag pa'i byang chub sems su zhu ba mkha' gsang sbyor mtshams nas spros pa byin te:_e ma hoH_sangs rgyas kun gyi gsang ba ni:_lhag pa'i byang chub sems chen po:_de ring bu la sbyin par bya:_rtog pa bral bas rol cig bu:_zhes byin pas:_des kyang sbyor mtshams nas len pa'am:_yang na me long yu ba can gyis blangs te rol:_de nyid mgrin pa'i rtsa 'khor nas 'phel te lus kyi nang gang:_khams zhu ba'i bde bas rtog pa zil gyis mnan par bsam:_sha lnga dang bdud rtsi lnga'i bza' bca' gtad la:_ho:_bu khyod khrag 'thung chen po ste:_thams cad mnyam pa'i dkyil 'khor mthong:_bdud rtsi bde ba che'i longs spyod:_da ni gtsang dme bral bas rol:_sa ma ya hoH_rus pa'i rgyan dang ka pA la khaT+wAM ga gtad de:_ho:_dpa' bo khyod kyi dam tshig ni:_bde chen khaT+wAM ga 'chang zhing:_pha rol phyin pa'i phyag rgyas brgyan:_stong nyid b+hany+dza lag tu thogs:_thams cad thams cad rol par gyis:_a la la hoH_des ni nang rdo rje slob dpon gyi lus kyi dkyil 'khor du gang zag spros pa med pa la gsang ba'i dbang bskur bas:_rang lus kyi rdzogs rim sgom pa la dbang ba yin no:_sa ma ya:_de nas ji ltar nyams su len pa la:_dang po sngon du 'gro ba bdag nyid phyag rgya gcig pa'i rnal 'byor gong ltar bsgoms la bzlas pa bya:_de dag kyang nga rgyal brtan por bslab:_rnam pa gsal bar bsgom:_zhal phyag rgyan chas sogs dag pa re re bzhin dran pa la bslab:_goms shing 'dris par byas:_lha dang dbral ba sogs ting nge 'dzin sna tshogs pas bogs dbyung bar bya:_skyo ba'i skabs su bzlas pa'ang bya:_legs par gsal brtan du gyur pa dang bskyed rim phyag rgya spros bcas rgyas 'bring gang 'os sgoms:_de'i tshe bzlas pa'i rim pa'ang thog mar bsnyen pa gong ltar bzla:_grangs 'bum phrag bcu bzla:_de thems pa dang sgrub pa'i sngags ni:_oM badz+ra kro d+ha hU~M kA ra hU~M:_oM badz+ra kro d+ha bi dza ya hU~M:_oM badz+ra kro d+ha ya mAn+ta ka hU~M:_oM badz+ra kro d+ha h+ya gr-I wa hU~M:_oM badz+ra kro d+ha a mr-i ta kuN+Da li hU~M:_oM badz+ra kro d+ha nI la daN+Da hU~M:_oM badz+ra kro d+ha Ar+Ya a tsa la hU~M:_oM badz+ra kro d+ha a pa ra dzi ta hU~M:_oM badz+ra kro d+ha trai lo kya bi dza ya hU~M:_oM badz+ra kro d+ha ma hA ba la hU~M:_khro mo bcu yi sngags ni:_oM badz+ra kro d+hI nA da ya ti hU~M:_oM badz+ra kro d+hI lA s+ya ki hU~M:_oM badz+ra kro d+hI sh+ma sha na pa ti hU~M:_oM badz+ra kro d+hI tsaN+Da li hU~M:_oM badz+ra kro d+hI yaM ya ti hU~M:_oM badz+ra kro d+hI ti tA ru hU~M:_oM badz+ra kro d+hI mu ha la hU~M:_oM badz+ra kro d+hI sa bya ti hU~M:_oM badz+ra kro d+hI mA ra ya hU~M:_oM badz+ra kro d+hI muN+De maM hU~M:_phra thabs nyi shu ni:_gardza gardza hU~M:_ha na ha na hU~M:_pa tsa pa tsa hU~M:_hu lu hu lu hU~M:_ts+tshin+d+ha ts+tshin+d+ha hU~M:_da ha da ha hU~M:_b+han+d+ha b+han+d+ha hU~M:_tiSh+Tha tiSh+Tha hU~M:_b+hin+d+ha b+hin+d+ha hU~M:_s+pho Ta s+pho Ta hU~M:_sras mchog gi sngags ni:_oM badz+ra kro d+ha kI li kI la ya hU~M:_sgo ma bzhi'i sngags ni:_oM badz+ra kro d+hI ang+ku sha dzaH_oM badz+ra kro d+hI pA sha hU~M:_oM badz+ra kro d+hI s+pho Ta ba~M:_oM badz+ra kro d+hI gaN+De hoH_phur srung gi sngags ni:_oM badz+ra kI li kI la ya mo ha g+hA ta ya ma ma shrI g+h+raM karma ka ra ye hU~M phaTa?:_khro bcu yab yum ni 'bum phrag bzhi:_sras mchog kyang 'bum bzhi:_sgo ma rnams 'bum re:_phur srung la khri re re bcas bzla:_sku gsung thugs kyi rtags yongs su ma rdzogs kyi bar du'ang 'bad:_de'i tshe dmigs pa'i rim pa'ang 'di bya ste:_bdag nyid thugs kar ye shes sems:_rdor sems dkar gsal longs sku'i chas:_rdo rje dril bsnams phyed skyil bzhugs:_tshon gang 'od kyi phung po ni:_rin chen zur brgyad dbus na bzhugs:_de yi thugs kar tsit+ta ni:_mthing smug mchong gi gur ltar mdzes:_lte bar nyi steng rdo rje ni:_rtse dgu nas kyi 'bru tsam bsgrengs:_rdo rje'i lte bar hU~M mthing nag:_mtha' skor snying po 'bru dgu 'bar:_sngags phreng mtshams su gsung rdo rje:_rta mgrin dmar pos bar chad srung:_'od zer spro bsdus don gnyis byas:_dpal chen sku dang gnyis med gyur:_khyad par du'ang spro bsdu'i ting nge 'dzin ni:_sngags phreng bdag mdun zhal dang mkha'i:_sbyor mtshams nas brgyud 'od zer las:_sku dang phyag mtshan mtshon cha me:_spro bsdus snang srid lha dang sngags:_ye shes rol par 'byams klas te:_srid pa rdo rje phur pa'i lha:_brtan g.yo rtsi shing nags tshal kun:_thams cad phur pa'i dal du rdzogs:_zhal nas sngags kyi sgra sgrogs shing:_kun kyang kI li'i dzapa sgra sgrogs:_snang srid phyag rgya chen po'i dbyings:_dag pa'i ye shes rol par shar:_drag po'i ting 'dzin bye brag tu bsgom na:_dkyil 'khor gsum las 'od zer ni:_ljang nag mtshon cha'i zegs ma 'phros:_kun kyang mngon spyod las la bskul:_pho nya nyi zer rdul ltar 'tshubs:_mtshon cha'i char bab sngags sgra sgrogs:_gang la dmigs pa'i dgra dang bgegs:_mngon spyod drug gi phrin las kyis:_dgra bo ming med brlag par gyur:_sngags dang dmigs pa 'di dag shin tu rgyas pa ma grub kyang phyag rgya gcig pa'i lha sngags kho na la nus pa tshad du thon pas kyang rung ngo:_sa ma ya:__brda yig__:_rdzogs rim snying po'i nyams len ni:_dben pa'i gnas su phyi lus kyi stong ra gong ltar bsgom:_lus dkyil gyi lha yang gsal bar dmigs:_khyad par lus kyi nang a wa d+hU ti'i stong ra yang bsgom:_zab lam gab rgya can ltar rtsa gnas su bsgom:_ro rkyang 'khor lo lnga dang bcas pa yang spyi ltar dmigs:_d+hU ti'i yar snar he ru ka haM:_mar snar dbyings phyug ma a:_bde stong gnyis su med pa'i ye shes kyi rten du phra la dwangs bar gsal:_rtsa rnams shel sbug ltar dwangs la gsal bar dmigs:_rlung dug bsal:_ha sprugs bya:_gdab chung yang bya:_de nas dal bus rngub:_lte 'og tu mnan:_mi thub pa dang 'then gnon bya:_de nas dal gyis btang la lhag ma med par 'bud:_lus kyi nang thams cad sangs kyis dag par bsam mo:_rlung legs par byang ba dang snga ma ltar bum can dang sbyar te:_rlung rngub pas lte ba nas a las drod glog gi zhags pa rta rnga brgyar gshags pa'i tshad tsam 'bar:_haM las zegs ma ba thag tsam 'dzag:_me la sib kyis thim:_bde ting gis song ba dang chabs cig slar yang 'bar ba shugs cher g.yos:_haM las bdud rtsi 'dzag pas me yi gsos byas:_rim gyis lte ba:_snying ga:_mgrin pa:_spyi bo'i rtsa 'khor rnams mes gang:_sgo gsum gyi nad gdon sdig sgrib bag chags kyi skyon kun bsregs:_haM las 'dzag pa'i bdud rtsi gang bur bzhus pa spyi bo:_mgrin pa:_snying ga:_lte ba rnams la bab:_'khor lo bzhi gang bas dga' ba bzhi skyes:_sad rmi gnyid 'thug snyoms 'jug gi rtog pa bsal:_rtsa rlung thig le'i skyon dang gegs mtha' dag bsal:_bde stong gi ye shes rim dang gcig char du shar bas lus kyi nang thams cad du khyab:_gdos bcas kyi phung po'i snyigs ma thams cad sbyangs:_dag pa ye shes kyi sgo gsum du gyur:_mkha' khyab nam mkha'i bdag nyid du bsam la rlung rig bsre ba gtso bor bya:_nus pa'i mthu thob pa dang rtsa thams cad mi phyed mar sdud pas sa lam zhugs gnas thim gsum gyi yon tan dpag tu med pa 'char:_rlung ye shes su dag pas gzhom med shin tu phra ba'i nA dar gyur:_thig le 'pho med du brtan pas bde gsal mi rtog pa'i ye shes sku gsum du 'char bar 'gyur ro:_des bde chen khrag 'thung rgyal po dpal karma he ru ka'i ye shes kyi thig le'i dpyid du grub pas rdo rje'i rnal 'byor zab pa'i ti ka sa ma ya:_rgya rgya rgya:_\u0f80athi:_gu h+ya:__brda yig__:_rtsa rlung thig le'i nus pa'i drod thob pa dang:_thabs kyi lam zab mo e waM mnyam par sbyor ba'i brtul zhugs spyod pa shin tu yang gsang ba chen po rmad du byung ba'i lam sbyang dgos pas de yang shes rab ye shes kyi dbang thob par bya dgos pas de'i rim pa ni:_bla ma brtul zhugs kyi gdeng thob pas dben pa'i gnas su dkyil 'khor bzhengs:_bzlas pa dang khyad par tshogs kyi 'khor lo bya:_lha klu mi yi bu mo mtshan dang ldan pa thabs kyis dgug par bya:_de yang mtshan nyid ni rigs can lnga la sogs pa du ma gsungs kyang:_na tshod mdzes pa'i lang tsho shin tu rgyas pa:_sha mdog dkar la dmar mdangs chags pa:_mkhur tshos dmar thig ge yod pa:_mig dkyus ring zhing mig che ba:_mdzes shing mthong ba tsam gyis yid 'phrog pa:_mchan g.yas su sme ba dkar dmar yod pa:_dpral bar sme ba'i ri mo gsum yod pa:_khyad par b+ha ga rub cing sha rgyas pa:_spu nyung zhing bu ga dogs pa:_gsang thub cing blo gros dang ldan pa ni pad+ma can mchog yin pas:_sngags dang ting 'dzin rdzas sbyor gyi sbyor bas dgug la:_slob ma nus pa thob pas bla ma la gsol ba gdab pa ni:_bdag ni theg chen chos la spyod:_rtag tu bde ba chen por 'dod:_bla med thabs kyi lam mchog tu:_smin pa'i skal bzang mdzad du gsol:_lan gsum:_slob ma rdo rje gzhon nur gsal:_yum rgyan gos chags pa'i sgyu rtsal dang bcas te gtad la:_e ma bde ba thams cad kyi:_'byung gnas rdo rje sna tshogs gzugs:_bde mchog bskyed byed deng gtad pas:_rtog pa bral bas rol cig bu:_ma hA sa mu dra hoH_de nas rig ma bu la gtad:_bde ba'i gar gyi bu mos smra:_bu kye nga yi pad+ma 'dis:_mchog tu zab pa'i ye shes ston:_sangs rgyas thams cad 'di las byung:_khyod ni yang dag lam 'dod na:_gus pa'i tshul gyis bsten nus sam:_gshang gci khu ba khrag dang bcas:_rtog pa bral bas rol 'dod dam:_dris pa'i lan du slob ma yis:_e ma ho rmad du byung ba'i lam:_gsang ba bas kyang ches gsang ba:_bdag gis thob par shin tu 'dod:_rtogs par dka' ba'i ye shes de:_bdag gis 'dod pas khyod la gus:_gtsang dang dme ba rtog pa tsam:_thams cad mnyam par rol la spro:_zhes brjod pa dang 'dzum pa'i mdangs kyis pang du byon par bsam:_gtad pa'i phyag rgya 'khor lo rgyas 'debs su gsal:_mkha' gsang rdo rje sngon po rtse lnga pa bu ga hU~M gis bkag:_pad+ma e yis mtshan par bsam:_thabs kyi rnal 'byor zab mos sems can thams cad rdo rje bde ba chen po'i sa la sbyor snyam pa dang chabs cig dzaHzhes brjod pas phyag zhabs bsnol te 'khyud:_hU~M gis phan tshun dam par bsdams:_ba~M gis dbang po gnyis sprad:_hoHsa bskyod nas rol du gzhug:_dbab ldog ngos bzung la nges shes bskyed do:_de nas mu dra la phyag bya me tog gtor te:_rdo rje theg pa bla med lam:_nam mkha' lta bu'i ye shes ni:_khyod kyi drin las mngon sum mthong:_e ma ho sangs rgyas mdzad pa lags:_zhes brjod cing:_skal ldan la 'dod yon lnga dngos su gtad de:_thabs kyi theg par nges spyad na:_'dod yon thams cad 'bras bu'i grogs:_yul dang dbang po gnyis med pa:_zhen pa bral bas spyod par gyis:_rdo rje'i gnas dang yul dur khrod:_thams cad spyod pa'i rnal 'byor ma:_gsang ba'i lam 'dis rol gyis la:_nges pa'i de nyid mngon du 'gyur:_zhes dam tshig gi cho gas gtsigs su gtad:_gtang rag dang bcas te bya ba ni mchog gi lam nges gsang ngo:_des ni gsang ba shes rab ma'i chu skyes su gsum pa'i dbang bskur bas snang spyod bde ba chen po'i ye shes su 'char ba'i lam bsgom pa la dbang thob par 'gyur ro:_sa ma ya:_rgya rgya rgya:_de nas slob ma des dbang bskur ba'i rig ma de'am:_mtshan nyid dang ldan pa gzhan btsal kyang rung ste:_dgug pa sogs sngar dang 'dra:_de nas bu mo de la thun mong dang thun min gyi chos bshad:_rgyud legs par 'byong ste zhi dul dang ldan par bslab:_rnal 'byor pa rang dang nus pa mnyam pa'am yang na cung zad dman kyang rung ste de la dbang bskur:_sngags kyi spyod pa blor shong bar bya:_de nas yid du 'ong ba'i dben par song ste stangs dpyal phan tshun blta ba dang:_'dzum pa dang:_chags pa'i gtam smra ba rnams bya:_lus kyi cha shas la reg pa dang:_lag pa bcang ba:_sen mos 'debs pa sogs kyang bya:_bde ba skyes pa dang:_'o bya ba:_'khyud ldem:_lce gzhib pa sogs byas mthar:_phan tshun lha yab yum:_mkha' gsang rdo rje pad+ma:_chos kyi 'du shes gsum dang ma bral bas snyoms par zhugs:_bde ba ma skyes bar rdo rje dal bus srub:_bde ba che na spyod pa dal:_chung na sgyu rtsal sna tshogs pas spyod:_khams gnas so sor g.yos pa dang dga' ba bzhi ngos bzung:_thig le nor bu'i rtser son na ldog dka' bas rtsa ba nas bzung:_rlung gi nus pa che na rtse mo nas slar ldog tu gtub:_slar gyen du ldog ste spyi bo'i bar ldog:_mi 'gyur ba'i bde ba chen po dang bsres la rang ngo bskyang:_bde ba 'phro chad na slar yang bsrub ste bskyar:_thig le ldog zin pa'i tshe:_rtsa gnas thams cad la bkram pa'i phyir lus sprug bya:_yan lag 'phen cing sdud:_thig le 'dzin dka' na rgya mtsho ri rab la sbyar:_nyi zla gyen du ldog:_gling bzhi sbubs su bcug:_stong 'dren mang du byas pas thub bo:_de ltar goms pa na:_rtsa yi mdud pa grol:_dbu mar ye shes kyi rlung zhugs:_thig le 'pho med du dag ste:_bde stong rnam par mi rtog pa'i ting nge 'dzin mu mtha' med par skye:_don dam lhan cig skyes pa'i ye shes rgyud la 'char bar 'gyur ro:_'di ni rdo rje theg pa'i rnal 'byor pas rtag tu nyams su len par bya'o:_blo gros chung zhing dman pa'i rigs can la shin tu'ang gsang ba dam du bya'o:_sa ma ya:_rgya rgya rgya:_gu h+ya:_kha thaM:_bde chen byang chub sems kyi phur bu'i sgrub thabs slob dpon chen po bi ma la mi tras mdzad pa bod kyi lo tsA ba gnyags dz+nyA na ku mA ra la gtad pa :::brda yig::::_ma hA gu ru pad+ma saM b+ha was bod khams bkra shis 'byung ba'i gnas su byin gyis brlabs pa'i rdo rje'i gnas chen po dpa' bo DA ki rang bzhin gyis 'du ba nyi shu rtsa lnga las sku yi gsung gi gnas mchog 'og min karma'i ri zhol gyi gan+d+ho la chen po nas bka' srung ye shes kyi mgon pos mngon sum du gtad pa'i shog ser las khrag 'thung dpa' bo klong chen nam mkha' 'od gsal pad+ma mdo sngags gling pas rang byung rdo rje btsun mo'i chu skyes kyi ze'u 'bru'i bkod pa gsal ba'i sbas gnas su dag par gtan la phab pa kasmira'i paN+Di ta bi ma la mi tras snyan brgyud du gdams pa'o/_//

Footnotes

Other Information