DKR-KABUM-20-WA-003: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=སྙན་བརྒྱུད་སྙིང་གི་གསང་མཛོད་ལས། ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་སྒྲུབ་ཐབས་ཡེ་ཤེས་གསང་ཐིག་བཀླག་ཆོག་ཏུ་བཀོད་པ་བདེ་ཆེན་སྒྱུ་འཕྲུལ་རྡོ་རྗེའི་རོལ་རྩེད། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: . Delhi: Shechen Publications, 1994. | |fulltitle=snyan brgyud snying gi gsang mdzod las/_yi dam zhi ba rdo rje sems dpa'i phyi nang gsang ba yang gsang dang bcas pa'i sgrub thabs ye shes gsang thig bklag chog tu bkod pa bde chen sgyu 'phrul rdo rje'i rol rtsed | ||
|citation=[[Khyentse, Dilgo]]. ''Snyan brgyud snying gi gsang mdzod las/_yi dam zhi ba rdo rje sems dpa'i phyi nang gsang ba yang gsang dang bcas pa'i sgrub thabs ye shes gsang thig bklag chog tu bkod pa bde chen sgyu 'phrul rdo rje'i rol rtsed''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 20: 25-73. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=gnyags dz+nyA na ku mA ra | |associatedpeople=gnyags dz+nyA na ku mA ra | ||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | ||
Line 21: | Line 20: | ||
|cycle=snyan brgyud snying gi gsang mdzod | |cycle=snyan brgyud snying gi gsang mdzod | ||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | ||
|volumenumber=020 | |volumenumber=020 | ||
|volnumtib=༢༠ | |volnumtib=༢༠ | ||
|volyigtib=ཝ་ | |volyigtib=ཝ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=003 | |||
|pagenumbers=25-73 | |||
|totalpages=98 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=49b6 | ||
|totalfolios=49 | |||
|multivolumework=No | |||
|rectonotes=sgrub thabs | |||
|versonotes=gnyags lugs rdor sems | |versonotes=gnyags lugs rdor sems | ||
| | |colophontib=* '''Author colophon:''' །ཅེས་ཟབ་གསང་འདི་ཉིད་སྐལ་བཟང་གི་བཙས་སུ་ཐོབ་པ་ན། ཁྱབ་བདག་རྡོ་རྗེ་སེམས་དངོས་འཇམ་མགོན་བླ་མ་རིན་པོ་ཆེར་ཕུལ་བས་དགྱེས་པ་ཆེན་པོས་སྨིན་གྲོལ་གྱི་ཐོག་མའི་མཆོད་སྤྲིན་དབུལ་དགོས་པའི་བཀའ་བསྩལ་བཞིན། འོག་མིན་བླ་མའི་གདན་ས་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ་གུས་འབུལ་ཞུས་སྐབས་དབང་དང་ལས་བྱང་ལ་འཇུག་བདེའི་ཆོག་ཁྲིགས་ཤིག་དགོས་ཚུལ་གསུངས་ཀྱང༌། དུས་ངན་གྱི་འགྱུར་བས་གངས་ལྗོངས་ཀྱི་བསྟན་འགྲོ་མཐའ་དག་ཤིན་ཏུ་ཉམ་ཉེས་པའི་སྐབས་སུ་གྱུར་པས་རེ་ཞིག་བཏང་སྙོམས་སུ་ཐལ་བ་དང༌། ཟབ་གསང་སྙིང་པོའི་རྣལ་འབྱོར་དབྱིངས་རིག་བྱང་ཆུབ་དབང་པོས་བསྙེན་སྒྲུབ་ཉམས་བཞེས་ཀྱི་བརྩོན་པ་ཆེན་པོས་སྔ་ཕྱིར་བཀས་བསྐུལ་ཡང་ཡང་གནང་བ་དང༌། གཞན་ཡང་འོད་གསལ་ཐེག་པ་མཆོག་གི་ལམ་ལ་མི་ཕྱེད་པའི་དད་བརྩོན་ཅན་བླ་མ་རཏྣ་རསྨིའི་ཡབ་སྲས་དང༌། རེབ་གོང་སྔགས་པ་འཇིགས་མེད་སྐལ་བཟང༌། ངེས་གསང་བསྟན་པའི་རྒྱན་མཆོག་འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་མདོ་སྔགས་བསྟན་འཛིན་སོགས་སྐྱེས་ཆེན་དུ་མས་ཚུལ་འདིའི་སྨིན་གྲོལ་གསན་ཅིང་ཆོག་ཁྲིགས་དགོས་པའི་གསུང་བསྐུལ་གནང་བ་བཞིན། འཇུག་བདེ་དཀྱུས་གཅིག་ཏུ་བཀོད་པ་པོ་སྔ་འགྱུར་བཀའ་གཏེར་རྒྱ་མཚོའི་ཆོས་མཛོད་རྣམས་ཀྱི་བྱིན་རླབས་ལ་རང་དབང་དུ་སྤྱོད་པའི་སྐལ་བ་ཅན་རིག་པ་འཛིན་པ་པདྨ་གར་དབང་བདེ་ཆེན་འོད་གསལ་གླིང་པས་ལྷོ་ལྗོངས་ཕུན་ཚོགས་ཆོས་གླིང་དུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི་དད་བློ་རྣམ་པར་གསལ་བ་དགེ་སྦྱོང་ཨོ་རྒྱན་གཞན་ཕན་གྱིས་བགྱིས་པ་སྟེ་འདིས་ཀྱང་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་བདེ་ཆེན་རྡོ་རྗེ་སེམས་དཔའི་གསང་གསུམ་ཡེ་ཤེས་ཀྱི་སྣང་བ་ལ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །མངྒ་ལཾ། དགེའོ།། | ||
* '''Editor colophon:''' །།ཚུལ་འདི་མཛད་པ་པོ་འདི་ཕྱིའི་རེ་ལྟོས་ཀྱི་མགོན་གཅིག་སྐྱབས་རྗེ་རིན་པོ་ཆེའི་བཀའ་དགོངས་བཞིན་གང་གི་འབངས་ཐ་པད་བཀོད་ཀྱི་སྒམ་པོ་པའི་སྤྲུལ་མིང་ཙམ་འཛིན་པ་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མས་ཡང་ཡང་བཀའ་འདྲི་ཞུས་ཏེ་ཞུ་དག་གི་སྲི་ཞུ་བསྒྲུབས་པར་བྱས་པ་ཡིན་ནོ།། | |||
|colophonwylie=* '''Author colophon:''' /ces zab gsang 'di nyid skal bzang gi btsas su thob pa na/_khyab bdag rdo rje sems dngos 'jam mgon bla ma rin po cher phul bas dgyes pa chen pos smin grol gyi thog ma'i mchod sprin dbul dgos pa'i bka' bstsal bzhin/_'og min bla ma'i gdan sa bkra shis 'chi med grub pa'i dga' tshal du gus 'bul zhus skabs dbang dang las byang la 'jug bde'i chog khrigs shig dgos tshul gsungs kyang*/_dus ngan gyi 'gyur bas gangs ljongs kyi bstan 'gro mtha' dag shin tu nyam nyes pa'i skabs su gyur pas re zhig btang snyoms su thal ba dang*/_zab gsang snying po'i rnal 'byor dbyings rig byang chub dbang pos bsnyen sgrub nyams bzhes kyi brtson pa chen pos snga phyir bkas bskul yang yang gnang ba dang*/_gzhan yang 'od gsal theg pa mchog gi lam la mi phyed pa'i dad brtson can bla ma rat+na rasmi'i yab sras dang*/_reb gong sngags pa 'jigs med skal bzang*/_nges gsang bstan pa'i rgyan mchog 'khrul zhig rin po che 'gyur med mdo sngags bstan 'dzin sogs skyes chen du mas tshul 'di'i smin grol gsan cing chog khrigs dgos pa'i gsung bskul gnang ba bzhin/_'jug bde dkyus gcig tu bkod pa po snga 'gyur bka' gter rgya mtsho'i chos mdzod rnams kyi byin rlabs la rang dbang du spyod pa'i skal ba can rig pa 'dzin pa pad+ma gar dbang bde chen 'od gsal gling pas lho ljongs phun tshogs chos gling du rdzogs par sbyar ba'i yi ge pa ni dad blo rnam par gsal ba dge sbyong o rgyan gzhan phan gyis bgyis pa ste 'dis kyang mkha' khyab yid can rgya mtsho bde chen rdo rje sems dpa'i gsang gsum ye shes kyi snang ba la 'dod rgur rtsen pa'i rgyur gyur cig_/mang+ga laM/_dge'o// | |||
* '''Editor colophon:''' //tshul 'di mdzad pa po 'di phyi'i re ltos kyi mgon gcig skyabs rje rin po che'i bka' dgongs bzhin gang gi 'bangs tha pad bkod kyi sgam po pa'i sprul ming tsam 'dzin pa 'gyur med o rgyan bstan 'dzin nyi mas yang yang bka' 'dri zhus te zhu dag gi sri zhu bsgrubs par byas pa yin no// | |||
|pdflink=File:DKR-KABUM-20-WA-003.pdf | |pdflink=File:DKR-KABUM-20-WA-003.pdf | ||
}} | }} | ||
Line 37: | Line 43: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་སྒྲུབ་ཐབས་ཡེ་ཤེས་གསང་ཐིག་བཀླག་ཆོག་ཏུ་བཀོད་པ་བདེ་ཆེན་སྒྱུ་འཕྲུལ་རྡོ་རྗེའི་རོལ་རྩེད་ཅེས་བྱ་བ་བཞུགས།། | {{TibP|༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་སྒྲུབ་ཐབས་ཡེ་ཤེས་གསང་ཐིག་བཀླག་ཆོག་ཏུ་བཀོད་པ་བདེ་ཆེན་སྒྱུ་འཕྲུལ་རྡོ་རྗེའི་རོལ་རྩེད་ཅེས་བྱ་བ་བཞུགས།། | ||
<br> | |||
༄༅། །དངོས་ཀུན་བདེ་ཆེན་དག་པའི་ཡེ་ཤེས་མདངས། །སྒྱུ་འཕྲུལ་དྲྭ་བའི་རོལ་པ་བསམ་ཡས་ཀྱིས། །གྲུབ་གཉིས་བདེ་བླག་སྟེར་མཛད་རིགས་ཀུན་བདག །བླ་མ་རྡོ་རྗེ་སེམས་དཔས་དགེ་ལེགས་སྩོལ། །རྡོ་རྗེའི་གསང་གསུམ་རྣམ་རོལ་རིམ་གཉིས་ཀྱི། །རིག་འཛིན་གྲུབ་མཐའ་སྙོགས་ལ་མི་བསླུ་བ། །རྒྱུད་ལུང་བཀའ་གཏེར་མན་ངག་དགོངས་པ་བཞིན། །འཇུག་བདེའི་ཕྲིན་ལས་སྐལ་བཟང་བཙས་སུ་དབྱེ། །འདི་ལ་བཞི། ཕྱི་བསགས་སྦྱོང་སྙིང་པོར་བྱེད་པའི་སྒྲུབ་པ། ནང་རིགས་གསུམ་ཞི་ཁྲོ་གཅིག་དྲིལ་དུ་སྒྲུབ་པ། གསང་བ་རྡོ་རྗེ་རྣམ་འཇོམས་ལྟར་སྒྲུབ་པ། ཡང་གསང་རིགས་བརྒྱའི་དཀྱིལ་འཁོར་ལྟར་སྒྲུབ་པའོ། །དང་པོ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོ་སྦྱོར་བའི་ཆོས་ལའང་བཞི་ལས་དང་པོ་ཡོ་བྱད་བཤམ་པ་ནི། གཙང་མའི་གནས་ཁང་བྱི་དོར་བྱས་ཤིང་རྒྱན་བཀོད་མཛེས་པར་བསྟར་བའི་གུང་དུ་གཞུང་མཐུན་གྱི་སྐུ་རྟེན་བཀྲམ་པའི་སྤྱན་སྔར་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་དམ། མཎྜལ་སྟེང་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པ། མཐའ་བསྐོར་དུ་ཉེར་སྤྱོད་བདུན་གྱི་མཆོད་པས་གཡས་སུ་མཛེས་པར་བསྐོར། མཆོད་པའི་མཎྜལ་དྲི་བཟང་གིས་སྦགས་པའི་འབྲུ་སྨན་དང་རིན་པོ་ཆེ་སྣ་ལྔ་བཅས་འདུ་བྱས་ལ། སྒྲུབ་པ་པོ་རྣམས་ཁྲུས་དང་གཙང་སྦྲ་ལ་གནས་པས་བདེ་བའི་སྟན་ལ་འཁོད་དེ། ངེས་འབྱུང་དང་སྙིང་རྗེ་གཞན་ཕན་གྱི་བསམ་པའི་ཀུན་སློང་དང་བཅས་པས། གཉིས་པ་སྐྱབས་སུ་འགྲོ་བ་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་བཏང་ནས། མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་སེམས་དཔའ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་བཛྲ་ས་མཱ་ཛཿས་ཚོགས་ཞིང་གསལ་གདབ་སྟེ། ན་མོ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། བླ་མ་རྡོ་རྗེ་སེམས་དཔའ་ཡིས༔ བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར༔ བདག་གིས་འགྲོ་ལ་ཕན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། བཛྲ་མུཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་མོ། །བཞི་པ་མཆོད་རྫས་བྱིན་གྱིས་རློབ་པ་ནི། སངས་རྒྱས་བྱང་སེམས་བྱིན་རླབས་དང༌། །བདག་གི་བསོད་ནམས་སྨོན་ལམ་སྟོབས། །རིག་སྔགས་མཐུ་ཡིས་མཆོད་རྫས་རྣམས། །ཀུན་བཟང་སྤྱོད་ལས་མངོན་མཐོ་བའི། །མཆོད་སྤྲིན་རྒྱ་ཆེན་འཕྲོ་གྱུར་ཅིག །ན་མཿསརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ སརྦ་ཐཱ་ཁྃ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ལན་བརྒྱད་བརྗོད། གཉིས་པ་དངོས་གཞི་ལ་བཞི་ལས་དང་པོ་ཚོགས་རྟེན་གསལ་གདབ་པ་ནི། ཨ༔ བདག་གི་ཚངས་པའི་གནས་ཉིད་དུ༔ པད་དཀར་ཟླ་བ་རྒྱས་པའི་སྟེང༔ ཧཱུྃ་ཡིག་ཆུ་ཤེལ་ལྟར་འཚེར་བའི༔ འོད་ཀྱིས་སྤྲོ་བསྡུས་དོན་གཉིས་བྱས༔ ཡོངས་གྱུར་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་ཟླ་བ་རྒྱས་པའི་མདོག༔ མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར༔ ཞི་འཛུམ་ཚུལ་དགུས་སྒེག་པའི་སྐུ༔ རིན་ཆེན་དར་གྱི་རྒྱན་ཆས་མཛེས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ སེམས་དཔའི་སྐྱིལ་ཀྲུང་འོད་ཟེར་འབར༔ རྒྱལ་ཀུན་སྤྲོ་དང་བསྡུ་བ་ཡི༔ བདག་པོ་མཆོག་ཏུ་ཡང་དག་བཞུགས༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ རྡོ་རྗེའི་གསང་བ་ཡོངས་རྫོགས་པའི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་འོད་ཀྱིས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །གཉིས་པ་དྲངས་བསྟིམ་དབང་བསྐུར་བ་ནི། ཨོཾ། ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་དུ་དམ་ཚིག་ཉེ་བར་གནས། །བདེ་མཆོག་བདེ་བར་གཤེགས་པ་དགོངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཛཿཧཱུྃ་བཾ་ཧོཿ ཞེས་རྡོ་རྗེའི་གླུས་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས། ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བྃ། ཨོཾ་བཛྲ་གཎྜེ་ཧོཿ ཞེས་ཕྱག་རྒྱ་བཞིས་དམ་ཚིག་སེམས་དཔའ་ལ་དབྱེར་མེད་དུ་བསྟིམ། སླར་ཡང་དབང་ལྷ་སྤྱན་དྲངས་ནས༔ ཡེ་ཤེས་བདུད་རྩིའི་དབང་བསྐུར་བས༔ རིགས་བདག་མི་བསྐྱོད་གཙོར་གྱུར་པའི༔ བདེ་གཤེགས་རིགས་ལྔས་དབུ་བརྒྱན་གྱུར༔ གསུམ་པ་བསགས་སྦྱོང་གི་སྙིང་པོ་ཡན་ལག་བདུན་འབུལ་བ་ནི། རྒྱས་པར་འདོད་ན་རྡོར་སེམས་བླ་མཆོད་ལྟར་སྦྱར་ཡང་རུང་མོད། སྤྲོས་པ་འཚམས་པའི་ཕྱིར། ཧོཿ དགོངས་ཀློང་དབྱེར་མེད་བརྡ་ཡིས་མཚོན༔ སྙན་བརྒྱུད་བདུད་རྩིས་སྐལ་ལྡན་སྐྱོང༔ བྱིན་རླབས་ཐུགས་རྗེའི་བདག་ཉིད་ཆེ༔ རྩ་བརྒྱུད་བླ་མ་ལ་ཕྱག་འཚལ༔ ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས༔ སྤྲུལ་པའི་སྒྱུ་འཕྲུལ་ཅིར་ཡང་སྟོན༔ དངོས་གྲུབ་རྣམ་གཉིས་ཆར་བཞིན་འབེབས༔ ཡི་དམ་ཞི་ཁྲོ་ལ་ཕྱག་འཚལ༔ ལྷན་སྐྱེས་ངང་ལས་མ་གཡོས་བཞིན༔ ཞིང་སྔགས་ཌཱ་ཀིའི་སྤྲིན་ཕུང་འཕྲོ༔ མཆོག་ཐུན་ཕྲིན་ལས་གློག་ལྟར་འཁྱུགས༔ གནས་གསུམ་མཁའ་འགྲོ་ལ་ཕྱག་འཚལ༔ རིག་འཛིན་བླ་མའི་བཀའ་བཞིན་དུ༔ རྣལ་འབྱོར་སྒྲུབ་མཆོག་བུ་བཞིན་སྐྱོང༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ ཆོས་སྲུང་གཏེར་བདག་ལ་ཕྱག་འཚལ༔ ཕྱག་བྱར་འོས་པ་ཐམས་ཅད་ལ༔ སྒོ་གསུམ་གུས་པས་དད་ཕྱག་འཚལ༔ ཉམས་ཆག་སྡིག་སྒྲིབ་ཞི་བ་དང༔ ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བནྡྷ་ནཾ་ཀ་རོ་མི༔ སྤྲོ་ན་མཎྜལ་ཚོམ་བུ་སོ་བདུན་མ་འབུལ་ཞིང༌། ཨོཾ་ཨཱ་ཧཱུྃ༔ ཆོས་དབྱིངས་རང་བྱུང་དག་པའི་ཞིང༔ ཀུན་བཟང་རིགས་ལྔ་སྒྱུ་འཕྲུལ་རྒྱན༔ གང་འདུལ་སྤྲུལ་པའི་བཀོད་པ་ཅན༔ བླ་མ་རྡོ་རྗེ་སེམས་དཔར་འབུལ༔ ཨོཾ་རཏྣ་མཎྜལ་ལ་པཱུ་ཛ་ས་མ་ཡ་ཧོ༔ ཞེས་འབུལ། ཨོཾ༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ རབ་འབྱམས་ཞིང་གི་མཆོད་པའི་སྤྲིན། །བླ་མ་རྡོ་རྗེ་སེམས་དཔར་འབུལ༔ དགྱེས་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། གཞན་ཡང༌། ཨོཾ། རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི། །འདོད་པའི་ཡོན་ཏན་དྲུག་ལྡན་མཆོད་པའི་སྤྲིན༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ཉེ་བའི་རིན་ཆེན་བདུན། །སྒྲུབ་རྫས་སྣ་ཚོགས་བདུད་རྩི་སྨན་མཆོག་དང༌། །བསྟོད་དབྱངས་རོལ་མོ་ལྷ་རྫས་ཁྲུས་རྒྱན་དང༌། །རྡོ་རྗེ་ལྷ་མོ་བཅུ་དྲུག་ལ་སོགས་པ། །བདག་གཞན་ལུས་དང་ལོངས་སྤྱོད་རྒྱུར་བྱས་པའི། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །དངོས་འབྱོར་ཡིད་སྤྲུལ་ཟག་མེད་མཆོད་པ་བཅས། །མ་ལུས་ལུས་མེད་ཀུན་བཟང་བདེ་ཆེན་གཏེར། །རྡོ་རྗེ་སེམས་དཔའ་འཁོར་དང་བཅས་ལ་འབུལ། །ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། རྒྱས་པར་སྤྲོ་ན་སྤྱི་བཤགས་བླ་མ་རྡོར་འཛིན་ཀྱང་བཏང༌། དཀྱུས་སུ། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །མ་ལུས་འགྲོ་བའི་བསོད་ནམས་རྒྱ་མཚོའི་ཚོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ༌། །མོས་དང་བསམ་པ་ཇི་བཞིན་ཟབ་པ་དང༌། །རྒྱ་ཆེའི་ཆོས་འཁོར་ཆད་པ་མེད་པར་བསྐུལ། །སྤྲུལ་པ་འགྲོ་ལ་སྨན་སླད་རྟག་བཞུགས་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་གྱི་ཡན་ལག་བདུན་གྱི་བསགས་སྦྱོང་རྣམས་ལན་གསུམ་སོགས་ཇི་ལྟར་རིགས་པ་བྱ། བཞི་པ་ཛཔ་བསྐུལ་དང་དམིགས་བཟླས་བཤགས་པ་རྣམས་ནི། ཨོཾ། བདེ་བ་ཆེན་པོ་རིགས་ཀུན་བདག །བླ་མ་རྡོར་སེམས་ཧེ་རུ་ཀཿ རེ་ལྟོས་ཁྱེད་ལས་གཞན་མེད་པས༔ སྡིག་ལྡན་བདག་ལ་རྗེས་སུ་དགོངས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་དང༔ ཉོན་མོངས་མ་ལུས་སྦྱོང་དུ་གསོལ༔ ཁྱེད་ནི་བདེ་ཆེན་ཡེ་ཤེས་བརྙེས༔ སྟོབས་བཅུའི་ཕྲིན་ལས་བསམ་མི་ཁྱབ༔ འགྲོ་བའི་མགོན་པོ་ཉིད་ལགས་ན༔ མ་གཡེལ་ཐུགས་རྗེ་ཆེན་པོས་སྐྱོངས༔ ཞེས་མོས་གུས་དྲག་པོས་ཐུགས་རྒྱུད་བསྐུལ་ཏེ། བཟླས་པས་ཐུགས་དམ་རྒྱུད་བསྐུལ་བས༔ ས་བོན་སྔགས་ཀྱི་ཕྲེང་བ་ལས༔ བདུད་རྩི་འོ་རྒྱུན་ལྟ་བུར་བབ༔ ཞབས་ཀྱི་མཐེ་བོང་ལས་ཐོན་ནས༔ པདྨ་ལས་བྱུང་སྤྱི་བོར་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དང༔ སྡུག་བསྔལ་དྲུག་གི་ཚོགས་ཐམས་ཅད༔ མི་གཙང་རྣམ་པར་བྱུང་ནས་ནི༔ ལྷག་མེད་བྱང་སྟེ་ལུས་ཀྱི་ནང༔ ཡེ་ཤེས་བདུད་རྩིས་གང་བའི་མཐུས༔ དབང་དང་བྱིན་རླབས་ཐོབ་པར་བསམ༔ ཞེས་པའི་དམིགས་པ་དང་བཅས། ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ནས། སཏྭ་ཨཱཿ ཞེས་གསང་སྔགས་ཡི་གེ་བརྒྱ་པ་རྩེ་གཅིག་ཏུ་བཟླ། ཐུན་མཐར་སྤྲོ་ན་རུ་ཏྲའི་སྨྲེ་བཤགས་སྔོན་དུ་འགྲོ་བས། ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདག་ལ་རེ་ས་ཁྱེད་ལས་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ༔ ཉམས་ཆག་སྡིག་ལྟུང་སྦྱོང་མཛད་གསོལ༔ བདག་ཅག་ཉོན་མོངས་གཞན་དབང་དང༔ མི་ཤེས་བག་མེད་མ་གུས་པས༔ རང་བཞིན་ཁ་ན་མ་ཐོ་དང༔ བཅས་པའི་བསླབ་ལས་འགལ་བ་གང༔ དག་ཅིང་ཚངས་པར་བསྩལ་དུ་གསོལ༔ ཁྱད་པར་རྡོ་རྗེ་ཐེག་པ་ཡི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ མེད་ཕྱལ་གཅིག་པུ་ལྷུན་གྲུབ་སོགས༔ རང་བཞིན་ལྟ་བའི་དམ་ཚིག་ལས༔ ཉམས་འགལ་རལ་བར་གྱུར་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཉིད་དང་དབྱེར་མེད་བྱིན་རློབས་ཤིག༔ སྙིང་ནས་གདུང་བས་གསོལ་བཏབ་པས༔ བླ་མ་རྡོ་རྗེ་སེམས་དཔའ་ཡིས༔ སྡིག་ལྟུང་དག་པའི་གནང་བ་བསྩལ༔ དགྱེས་པས་འོད་ཞུ་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ ཡེ་སྲུང་ཐིག་ལེ་ཉག་གཅིག་ངང༔ སྤང་བླང་ལས་འདས་ཕྱལ་བ་ཆེ༔ རང་ཤར་རང་གྲོལ་ལྷུན་གྱིས་གྲུབ༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་གྲོལ༔ མ་བཅོས་རྫོགས་པ་ཆེན་པོ་འོ༔ ཨ་ཨ་ཨཿ གསུམ་པ་རྗེས་ཀྱི་ལས་རིམ་ལས་བསྔོ་བ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང༌། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །སྨོན་ལམ་ནི། ཉམས་ཆག་རྟོག་སྒྲིབ་མ་སྤངས་གནས་སུ་དག །ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐང༌། །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །བཀྲ་ཤིས་ནི། འགྱུར་བ་མེད་པ་རང་གི་གཤིས༔ རྟག་ཅིང་བརྟན་པ་རྡོ་རྗེའི་གནས༔ རང་རིག་ཡེ་ཤེས་དབྱེར་མེད་པར༔ མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ།། །། ༈ གཉིས་པ་ནང་སྒྲུབ་རིགས་གསུམ་ཞི་ཁྲོ་གཅིག་དྲིལ་དུ་སྒྲུབ་པའི་ཚུལ་ལ། སྦྱོར་བ་དང་ཆོ་ག་དངོས་གཉིས་ལ། དང་པོ་ནི། བསམ་གཏན་དང་རྗེས་སུ་མཐུན་པའི་གནས་ཁང་བྱི་དོར་དང་རྒྱན་བཀོད་ཀྱིས་མཛེས་པར་སྤྲས་པའི་གུང་དུ་སྐུ་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུ་ལ་དཀྱིལ་འཁོར་གཞུང་མཐུན་ནམ། ཚོམ་བུ་བྱེད་ན། དང་པོ་ལྔ་བཀོད་པའི་དབུས་དང་ཤར་གྱི་ཚོམ་བུའི་བར་དུ་ཆུང་བ་གཅིག་བཅས་དྲུག་དང༌། དེ་རྒྱབ་བརྒྱད། དེ་རྒྱབ་བཞི་བཀོད་པར་ཉེར་སྤྱོད་ཀྱིས་བསྐོར། མདུན་དུ་གཏོར་མ་དཀར་ཟླུམ་བཤམས། གཞན་ཡང་སྔོན་འགྲོའི་གཏོར་མ་སོགས་འདུ་བྱ་ཞིང་བདག་འཇུག་བྱ་ན་དེ་ལ་དགོས་པའི་ཡོ་བྱད་རྣམས་ཀྱང་ལེགས་པར་བཤམས་ལ། གཉིས་པ་ཆོ་གའི་རིམ་པ་དངོས་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི། དང་པོ་ལ་དྲུག་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་བཏང་ནས། ན་མོ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། རྒྱལ་བ་སྲས་དང་བཅས་རྣམས་ཀྱིས༔ བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར༔ བདག་གིས་འགྲོ་ལ་ཕན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། གསུམ་པ་ཚོགས་བསགས་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བྱ། བཞི་པ་བགེགས་བསྐྲད་པ་ནི། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ གཉིས་འཛིན་ལོག་པར་འདྲེན་པའི་བདུད༔ ཧེ་རུ་ཀཿདཔལ་བཀའ་བྱུང་བས༔ བརླག་པར་འགྱུར་གྱིས་གཞན་དུ་སོང༔ སུམྦྷ་ནིའི་དྲག་སྔགས་དང༌། ཡུངས་ཐུན་རོལ་མོར་བཅས་པས་བགེགས་བསྐྲད། ལྔ་པ་མཚམས་གཅད་པ་ནི། ཧཱུྃ༔ ཀུན་ཀྱང་རྡོ་རྗེའི་རང་བཞིན་ལ༔ ཡེ་ཤེས་མེ་ཕུང་ཀུན་ཏུ་འབར༔ སྣང་སྲིད་སྐུ་གསུང་ཐུགས་ཀྱི་ངང༔ གཉིས་མེད་ཡེ་ཤེས་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ དྲུག་པ་མཆོད་པ་བྱིན་རླབས་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །རིན་ཆེན་སྣོད་མཆོག་རྒྱ་ཆེའི་ནང༌། །ཨོཾ་ལས་བྱུང་བའི་མཆོད་པའི་རྫས། །དྭངས་ཤིང་ཐོགས་མེད་ཀུན་བཟང་གི །རྣམ་ཐར་ལས་ལྷག་མཆོད་སྤྲིན་གྱུར། །ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝཱརྟ་ཡ་ཨཱ་ཝཱརྟ་ཡ་ཧོཿ ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་བཛྲ་ཨརྒྷཾ་ཨཱ་ཧཱུྃ། སོགས་ནས། ཤབྡའི་བར་བརྗོད་པས་མཆོད་པའི་སྤྲིན་རབ་འབྱམས་སུ་སྤེལ་ལོ། །གཉིས་པ་དངོས་གཞི་ལ། རྟེན་དང་བརྟེན་པའི་དཀྱིལ་འཁོར་སྒྲུབ་པ་དང༌། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བའོ། །དང་པོ་ལ་བདུན་ལས། དང་པོ་བདག་མདུན་དམ་ཚིག་གི་ལྷ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་སོགས་བརྗོད་པས། དངོས་འཛིན་མ་དག་ཀུན་སྦྱངས་པའི༔ སྟོང་པའི་ངང་ལས་རྟེན་འབྱུང་རྩལ༔ སྣོད་བཅུད་དག་པའི་ཡེ་ཤེས་ཆེ༔ བལྟ་ན་སྡུག་གི་ཞིང་ཁམས་ནི༔ བཀོད་པ་ཚད་མེད་མངོན་པར་དགའ༔ དབུས་སུ་རིན་ཆེན་ཕོ་བྲང་གི༔ རྒྱན་བཀོད་ཚད་ལས་འདས་པའི་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་ལྟེར༔ ངོ་མཚར་སེང་གེའི་ཁྲི་གནས་པར༔ པདྨ་ཟླ་བའི་དཀྱིལ་འཁོར་སྟེང༔ ས་བོན་ཧཱུྃ་མཐིང་སྤྲོ་བསྡུ་ལས༔ རྒྱལ་ཀུན་གསང་གསུམ་བྱིན་རླབས་བསྡུས༔ ཡོངས་གྱུར་བཅོམ་ལྡན་རྡོ་རྗེ་སེམས༔ མཐིང་ག་ཨིནྡྲ་ནཱི་ལའི་མདོག༔ ཞི་འཛུམ་མཚན་དཔེའི་གཟི་བྱིན་འབར༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ༔ གསོར་བའི་ཚུལ་གྱིས་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ འོད་ཟེར་དཔག་ཡས་དབུས་ན་འགྱིང༔ གཡོན་ཕྱོགས་རྡོ་རྗེ་དབྱིངས་ཕྱུག་མ༔ ཞི་འཛུམ་ཆགས་པས་ཡབ་ལ་གཟིགས༔ རྡོ་རྗེ་དྲིལ་འཛིན་འགྱིང་སྟབས་བཞུགས༔ ཤར་དུ་བདེ་གཤེགས་སེམས་དཔའ་ནི༔ དཀར་གསལ་འཁོར་ལོ་དྲིལ་བུ་འཛིན༔ ལྷོ་རུ་འཇིགས་མཛད་གཤིན་རྗེ་གཤེད༔ སེར་ནག་བེ་ཅོན་ཐོད་ཁྲག་འཛིན༔ ནུབ་ཏུ་པདྨ་སེམས་དཔའ་ནི༔ དམར་གསལ་པདྨ་དྲིལ་བུ་བསྣམས༔ བྱང་དུ་པདྨ་རྟ་ཡི་རྒྱལ༔ པདྨ་ཞགས་འཛིན་ཁྲོ་ཆས་རྫོགས༔ གཙོ་བོའི་མདུན་དུ་གསང་བའི་བདག༔ རྡོ་རྗེ་དྲིལ་འཛིན་ཁྲོ་ཆས་ཅན༔ ཤར་ཕྱོགས་པདྨ་རྒྱས་པའི་ལྟེར༔ རང་ཉིད་སེམས་དཔའ་གཞོན་ནུའི་གཟུགས༔ ཐལ་སྦྱར་གུས་པའི་ཚུལ་དུ་འཁོད༔ ཁྱམས་ལ་མཆོད་པའི་ལྷ་མོ་བརྒྱད༔ རང་རང་ཕྱག་རྒྱས་མཆོད་པའི་སྤྲིན༔ བསམ་ཡས་སྤྲོ་བས་དཀྱིལ་འཁོར་མཆོད༔ སྒོ་བཞིར་ཁྲོ་རྒྱལ་དཔའ་བོའི་ཚུལ༔ ཕྱག་རྒྱ་བཞི་འཛིན་བཞེངས་སྟབས་ཀྱིས༔ པད་ཉིའི་སྟེང་ན་མཛེས་པར་འགྱིང༔ ཕྱི་རོལ་དཔལ་མགོན་བདུན་ཅུ་སོགས༔ བཀའ་སྡོད་འཇིག་རྟེན་སྐྱོང་བས་བསྐོར༔ སྣང་སྟོང་ཡེ་ཤེས་སྒྱུ་མ་ཡི༔ ལྷ་རྣམས་ཀུན་གྱི་གནས་གསུམ་དུ༔ ཡིག་འབྲུ་གསུམ་གྱིས་མཚན་པ་ལས༔ འཕྲོས་པའི་འོད་ཀྱིས་ཡེ་ཤེས་སེམས། །སྒོམ་པ་ཇི་བཞིན་སྤྱན་དྲངས་གྱུར། གཉིས་པ་ཡེ་ཤེས་པ་སྤྱན་དྲངས་པའི་ཕྱིར་རྡོ་རྗེའི་གླུའི་སྙན་གསན་དབབ་པ་དང་རྒྱས་གདབ་དབང་བསྐུར་བ་ནི། ཨོཾ༔ ཐུགས་རྗེ་ཆེན་པོ་རྡོ་རྗེ་སེམས༔ ཡེ་ཤེས་འཁོར་ལོ་བསམ་ཡས་པ༔ བརྩེ་བའི་ཐུགས་ཀྱིས་གནས་འདིར་དགོངས༔ རྫུ་འཕྲུལ་ཆེན་པོས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀ་རུ་ཎི་ཀ་བཛྲ་སཏྭ་མཎྜ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་པས་མདུན་གྱི་ནམ་མཁར་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་རྣམས། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བྃ༔ ཨོཾ་བཛྲ་གྷཎྜེ་ཧོ༔ ཞེས་ཕྱག་རྒྱ་བཞིས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་རྒྱས་གདབ། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ། །ས་བོན་ཆོས་ཀྱི་ཕྱག་རྒྱས་མཚན། །དམ་ཚིག་ཕྱག་རྒྱས་རབ་བཅིངས་ནས། །ལས་ཀྱི་ཕྱག་རྒྱས་ཕྲིན་ལས་གཞོལ། །པད་ཀོར་བཅས་ཐལ་མོ་སྦྱར་ལ་ཡིག་བརྒྱ་བརྗོད། བཅོམ་ལྡན་རིགས་གསུམ་ཞི་ཁྲོ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །སྒྲིབ་པའི་དྲི་མ་བསལ་བ་དང༌། །ཡེ་ཤེས་སྣང་བ་རྒྱས་པར་མཛོད། །ཅེས་གསོལ། དེའི་ཡན་ལག་དབང་བསྐུར་བ་ནི། སངས་རྒྱས་ཀུན་གྱི་གསང་བ་དང༔ གཉིས་མེད་མཁའ་ཁྱབ་དབང་ལྷ་ཡིས༔ བདུད་རྩིའི་དབང་བསྐུར་སྒྲིབ་བྱང་ཞིང༔ དུག་ལྔ་ཡེ་ཤེས་ངོ་བོར་དག༔ རིགས་ཀྱི་བདག་པོས་རྒྱས་བཏབ་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ གསུམ་པ་ཕྱག་འཚལ་བ་ནི། བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གཏེར། །རིགས་གསུམ་ཞི་ཁྲོའི་དཀྱིལ་འཁོར་ལ། །སྒོ་གསུམ་གུས་པའི་ཡིད་ཀྱིས་བཏུད། །ན་མོ་ན་མ་མི། བཞི་པ་མཆོད་པ་ལ་ཐོག་མར་ཉེར་སྤྱོད་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང༌། །བདུག་སྤོས་སྣང་གསལ་དྲི་ཆབ་དང༌། །ཞལ་ཟས་རོལ་མོ་ལ་སོགས་པའི། །མཆོད་རྫས་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་པདྱཾ་ནས་ཤབྡ་འི་བར་བཅུག་ལ་སོ་སོའི་ཕྱག་རྒྱ་བཅས་འབུལ། གཞན་ཡང་སྒེག་སོགས་ལྷ་མོ་བརྒྱད་ནི། རྡོ་རྗེ་སྒེག་མོས་གར་གྱི་སྒྱུ་འཕྲུལ་སྟོན། །རྡོ་རྗེ་ཕྲེང་མས་རིན་ཆེན་རྒྱན་ཕྲེང་བསྟར། །རྡོ་རྗེ་གླུ་མས་ཚངས་དབྱངས་སྙན་འགྱུར་སྒྲོག །རྡོ་རྗེ་གར་མས་མཛེས་པའི་སྟངས་སྟབས་བསྒྱུར། །རྡོ་རྗེ་མེ་ཏོག་ཀུན་ཏུ་འཐོར་ཞིང་འབུལ། །རྡོ་རྗེ་བདུག་སྤོས་དྲི་ཞིམ་སྤྲིན་ཆེན་འགྲིམ། །རྡོ་རྗེ་སྣང་གསལ་འོད་ཀྱི་ཕྲེང་བ་འགྱེད། །རྡོ་རྗེ་དྲི་མས་ངད་ལྡན་ཁྲུས་ཆབ་སྟོབ། །རྡོ་རྗེ་དགའ་བཞི་སྟོང་བཞིའི་དེ་ཉིད་དང༌། །རྡོ་རྗེ་སྡོམ་མ་མཉམ་སྦྱོར་ཆོ་འཕྲུལ་ཆེ། །རིགས་གསུམ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ལ་འབུལ། །རྡོ་རྗེའི་གསང་བ་ཆེན་པོར་རོ་གཅིག་མཛོད། །ཨོཾ་བཛྲ་ལཱ་སྱེ་ཧཱུྃ། ཨོཾ་བཛྲ་མ་ལེ་ཏྲཱྃ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱཿ ཨོཾ་བཛྲ་པུཥྤེ་ཏྲཱྃ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ ལྔ་པ་བསྟོད་པ་ནི། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་རྣམ་གཉིས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་འགྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་ཡོངས་རྫོགས་པའི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང༌། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པའི་བར་གྱིས་བསྟོད། དྲུག་པ་གསོལ་བ་གདབ་པ་ནི། བླ་མ་རྡོ་རྗེ་སེམས་དཔའ་ཀྱེ༔ ན་རཀ་སྡུག་བསྔལ་བསྐྱབ་ཏུ་གསོལ༔ སྡིག་པའི་ཚོགས་ལ་བདག་གནོང་ཞིང༔ འགྱོད་པས་མགོན་པོའི་དྲུང་དུ་བཤགས༔ ཕྱིས་ནས་མི་བགྱིད་དམ་བཅའ་བས༔ མགོན་པོས་ཚངས་པར་བསྩལ་དུ་གསོལ༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ རྡོ་རྗེ་སེམས་དཔའ་བདག་གིས་བསྒྲུབ༔ སྐུ་གསུང་ཐུགས་སུ་བདག་སྦྱོར་ཏེ༔ བླ་མེད་ས་ལ་དྲང་དུ་གསོལ༔ ཞེས་པས་དངོས་གྲུབ་ཀྱི་གནས་ལ་ཐུགས་དམ་བསྐུལ་བའི་ཕྱིར་གསོལ་བ་རྩེ་གཅིག་ཏུ་གདབ། བདུན་པ་བཟླས་པ་ལ། དངོས་དང་ཞར་བྱུང་གཉིས། དང་པོ་ལ་གསུམ་ལས། དང་པོ་གཙོ་བོ་ཞི་ཁྲོའི་བསྙེན་པའི་དམིགས་བཟླས་ནི། མདུན་བསྐྱེད་རྡོ་རྗེ་སེམས་དཔའ་ཡི༔ ཐུགས་ཀར་ཉ་གང་ཟླ་བ་མཛེས༔ ལྟེ་བར་ཧཱུྃ་ཡིག་རབ་དཀར་བ༔ སྟན་ལ་ཁབ་བཙུགས་ལྟ་བུར་གསལ༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ སྒྲིབ་སྦྱངས་བྱིན་རླབས་དངོས་གྲུབ་བསྡུས༔ དྭངས་མ་མི་ཤིགས་ཐིག་ལེ་ལས༔ དངོས་གྲུབ་བདུད་རྩིའི་ཟེགས་མ་ཡིས༔ སྒོ་གསུམ་ཡེ་ཤེས་གསང་བ་དང༔ གཉིས་མེད་བྱིན་གྱིས་བརླབ་པར་གྱུར༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་གཙོ་བོར་བཟླ། གཙོ་བོའི་འོད་ཀྱིས་མདུན་བཞུགས་པའི༔ ཁྲོ་བོ་བསྐུལ་བས་དངོས་གྲུབ་ལ༔ བར་དུ་གཅོད་པའི་གདོན་བཏུལ་ནས༔ ཡེ་ཤེས་ཆེན་པོས་སྲུང་བར་གྱུར༔ ཨོཾ་བཛྲ་ཙཎྜ་ཧཱུྃ་ཕཊ྄༔ ཞེས་རྡོ་རྗེ་གཏུམ་པོའི་རིགས་སྔགས་སྔ་མའི་ཕྱེད་ཙམ་བཟླ། གཉིས་པ་རིགས་བཞིའི་སྒྲུབ་པའི་དམིགས་བཟླས་ནི། སླར་ཡང་གཙོ་བོས་བསྐུལ་བའི་ཕྱིར༔ འོད་སྤྲོས་རིགས་བཞིའི་ལྷ་ལ་ཕོག༔ རྡོ་རྗེ་བཞི་ཡི་ཡེ་ཤེས་དབྱིངས༔ མངོན་སུམ་ཉིད་དུ་བྱིན་བརླབས་བསམ༔ ཨོཾ་བུདྡྷ་སཏྭ་ཨོཾ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ༔ ཨོཾ་པདྨ་སཏྭ་ཨཾ༔ ཧྲཱི་ཧ་ཡ་གྲཱྀ་ཝ་ཨཱཿ ཞེས་ཞི་ཁྲོ་རིགས་བཞི་སོ་སོར་གཙོ་བསྙེན་གྱི་སུམ་ཆ་ཙམ་བཟླ། གསུམ་པ་སྒོ་སྐྱོང་བཞིའི་ལས་སྦྱོར་གྱི་དམིགས་བཟླས་ནི། འོད་ཀྱིས་སྒོ་བ་བཞི་བསྐུལ་བས༔ ཕྱག་རྒྱ་བཞི་ཡི་ཏིང་འཛིན་གྱིས༔ ལས་བཞིའི་ཕྲིན་ལས་ལྷུན་གྲུབ་ནས༔ དོན་གཉིས་ཡིད་བཞིན་འགྲུབ་པར་གྱུར༔ ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བཾ༔ ཨོཾ་བཛྲ་གཎྜེ་ཧོཿ ཞེས་སྒོ་བ་བཞིའི་སྔགས་རིགས་བཞིའི་ཕྱེད་ཙམ་བཟླ་ཞིང༌། བསྙེན་ཚད་ནི་གཙོ་བོ་ཞི་ཁྲོ་ལ་འབྲུ་འབུམ། རིགས་བཞི་སོ་སོར་འབུམ་བཞི་རེ། ལས་སྦྱོར་ཁྲི་བཟླས་པས་ལས་རུང་དུ་འགྱུར་རོ། །གཉིས་པ་ཞར་བྱུང་གཙོ་ལས་ཀྱི་བུམ་བཟླས་ནི། བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་དང་གཞན་ལམ་འདིར་སྨིན་པར་བྱེད་པ་དབང་བསྐུར་གྱི་ཆོ་ག་དང་འབྲེལ་ན་ནི་མེད་དུ་མི་རུང་བའི་ཡན་ལག་ཏུ་གྱུར་པ་ཡིན་ལ་དེ་ལས་གཞན་པའི་གནས་སྐབས་དག་ལ་ནི་བྱ་དགོས་པ་མ་ཡིན་ནོ། །བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་བཀྲ་ལམ་གྱིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན། །བབ་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཞེས་དམིགས་ལ་བསྙེན་སྒྲུབ་ལས་ཀྱི་སྔགས་རྣམས་སྐབས་ཕྱེད་པར་བཟླས་མཐར། ཨོཾ་ཨཱཿཧཱུྃ་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ཞེས་འོད་ཞུ་དང༌། ལས་བུམ་གྱི་ཆུ་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄༔ ཅི་ནུས་བཟླ། ལྷག་ཆད་བསྐང་ཞིང་བྱིན་རླབས་བརྟན་ཕྱིར་དབྱངས་གསལ་རྟེན་སྙིང་ལན་གསུམ་རྗེས་མཆོད་བསྟོད་མདོར་བསྡུས་དང་ཡིག་བརྒྱ་ལན་གསུམ་བརྗོད་པས་ཉམས་པ་བཤགས་པར་བྱའོ། །གཉིས་པ་བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་ལ། རང་གཞུང་ལྟར་རྒྱས་པར་འཇུག་པ་དང༌། རིག་པའི་མེ་ཏོག་དོར་བས་མདོར་བསྡུས་ཏེ་འཇུག་པའོ། །དང་པོ་ནི། བདག་གི་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པ་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མེད་པ་དབང་ལེན་བྱའི་ཡུལ་ལ། རྣམ་འགྱུར་གློ་བུར་གྱི་འཁྲུལ་ངོ་རྣམ་སྨིན་བག་ཆགས་ཀྱི་རྟེན་སློབ་བུའི་ཚུལ་དུ་བྱས་ནས་འཇུག་པ་སྟེ། ཐོག་མར་ལས་བུམ་གྱི་ཆུས་ཁྲུས་བྱ། མཎྜལ་ཕུལ་ལ་ཐལ་མོ་སྦྱར་ཏེ། སྐུ་གསུང་ཐུགས་ཀྱི་རིགས་འཆང་བ༔ རྡོ་རྗེ་མི་ཕྱེད་གསུམ་གྱི་བདག༔ བཅོམ་ལྡན་ཞི་ཁྲོའི་དཀྱིལ་འཁོར་ལྷའི༔ གསང་བ་གསུམ་གྱི་དབང་བསྐུར་སྩོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཚོགས་བསགས་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོགས་ལན་གསུམ་གྱིས་ཚོགས་བསགས། སྡོམ་བཟུང་ནི། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ཞེས་པས་སྡོམ་པ་བཟུང༌། དམ་ལ་བཞག་པ་ནི། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེའི་གཡར་དམ་བླ་ན་མེད༔ དམ་ཚིག་ཆེན་པོ་ཧཱུྃ་གི་ཚོགས༔ ཁྱེད་ཀྱི་སྙིང་ལ་ཡང་དག་གནས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་དམ་ཆུ་མྱང༌། ཡེ་ཤེས་དབབ་པ་ནི། ལུས་གནད་ཆོས་བདུན་ལྡན་བཅའ། ངག་གནད་རླུང་ཁ་སྦྱོར་དུ་འཆིང༌། དམིགས་གནད་འདི་ལྟར། སྭ་བྷཱ་བས་སྦྱངས། སྣོད་བཅུད་མི་དམིགས་སྟོང་པའི་ངང༔ དངོས་འཛིན་མ་དག་ཀུན་སྦྱངས་པའི༔ སྟོང་པའི་ངང་ལས་རྟེན་འབྱུང་རྩལ༔ སྣོད་བཅུད་དག་པའི་ཡེ་ཤེས་ཆེ༔ བལྟ་ན་སྡུག་གི་ཞིང་ཁམས་ནི༔ བཀོད་པ་ཚད་མེད་མངོན་པར་དགའ༔ དབུས་སུ་རིན་ཆེན་ཕོ་བྲང་གི༔ རྒྱན་བཀོད་ཚད་ལས་འདས་པའི་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་སྟེང༔ ངོ་མཚར་སེང་གེའི་ཁྲི་གནས་པར༔ པདྨ་ཟླ་བའི་དཀྱིལ་འཁོར་སྟེང༔ ས་བོན་ཧཱུྃ་མཐིང་སྤྲོ་བསྡུ་ལས༔ རྒྱལ་ཀུན་གསང་གསུམ་བྱིན་རླབས་བསྡུས༔ ཡོངས་གྱུར་བཅོམ་ལྡན་རྡོ་རྗེ་སེམས༔ མཐིང་ག་ཨིནྡྲ་ནཱི་ལའི་མདོག༔ ཞི་འཛུམ་མཚན་དཔེའི་གཟི་བྱིན་འབར༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ༔ གསོར་བའི་ཚུལ་གྱིས་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ འོད་ཟེར་དཔག་ཡས་དབུས་ན་འགྱིང༔ དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། །གནས་གསུམ་གྱི་ཡི་གེའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་རིག་གསུམ་ཞི་ཁྲོ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སྙིང་ག་ནས་སིབ་སིབ་ཐིམ་པར་མོས་ལ། ཨོཾ༔ ཐུགས་རྗེ་ཆེན་པོ་རྡོ་རྗེ་སེམས༔ ཡེ་ཤེས་འཁོར་ལོ་བསམ་ཡས་པ༔ བརྩེ་བའི་ཐུགས་ཀྱིས་གནས་འདིར་དགོངས༔ རྫུ་འཕྲུལ་ཆེན་པོས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀ་རུ་ཎི་ཀ་བཛྲ་སཏྭ་མཎྜལ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཛ་ཧཱུྃ་བྃ་ཧོཿ ཞེས་ཁྱད་པར་གྱི་རྫས་དུད་བདུག །ཌཱ་དྲིལ་འཁྲོལ་ཞིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ་དབབ་ལ་ཕེབས་པ་ན། ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱའོ། །དེ་ནས་མཎྜལ་སྔོན་དུ་འགྲོ་བས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། དཀྱིལ་འཁོར་པའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། དེ་རྣམས་ཀྱིས་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱི་གང་བ་ལ་སོགས་པའི་རིགས་ལྔའི་དབང་རྫས་རྣམས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བར་མོས་ལ། ཧཱུྃ༔ མི་བསྐྱོད་ཡེ་ཤེས་བདུད་རྩིའི་ཆུས༔ རྡོ་རྗེ་རང་བྱུང་ལས་ཀུན་བྱེད༔ དབང་མཆོག་བུ་ལ་བྱིན་པ་ཡིས༔ སྒྲིབ་དག་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་གཏིག། བུམ་པ་བདུད་རྩིའི་ཆུ་རྒྱུན་གྱི་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དབུ་རྒྱན་སྤྱི་བོར་བཅིངས་ཏེ། ཏྲཱྃ༔ རིན་ཆེན་དབུ་རྒྱན་ཅོད་པན་ཅན༔ ཡང་དག་ཡེ་ཤེས་ལྔ་དང་ལྡན༔ དོན་རྟགས་འབྲེལ་བས་དབང་བསྐུར་བས༔ ཟག་མེད་འབྲས་བུའི་སར་ཕྱིན་ཤོག༔ ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ དབུ་རྒྱན་རིགས་ལྔའི་དབང་བསྐུར་བས། ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་སྐུ་དང་ཡེ་ཤེས་ལྔའི་ངང་དུ་གནས་གྱུར་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྡོ་རྗེ་ལག་གཡས་སུ་གཏད་དེ་བཟུང་ལ། ཧྲཱིཿ རྡོ་རྗེ་བླ་མེད་མན་ངག་ཆོས༔ གསུང་གི་དབང་ཕྱུག་དཀྱིལ་འཁོར་ཆེའི༔ ཕྱག་རྒྱ་ཆེན་པོས་དབང་བསྐུར་བས༔ ཆོས་ཀུན་འབྱུང་བའི་ས་ཐོབ་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨཱཿ རྡོ་རྗེའི་དབང་བསྐུར་བས། དུག་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གནས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དྲིལ་བུ་ལག་གཡོན་དུ་གཏད་དེ་བཟུང་ལ། ཨཱཿ དྲིལ་བུ་ཡེ་ཤེས་སྒྲ་དང་ལྡན༔ དོན་ཀུན་གྲུབ་པ་དཀྱིལ་འཁོར་གཙོའི༔ ཡང་དག་ཕྱག་རྒྱའི་དབང་བྱིན་པས༔ ཕྲིན་ལས་རྩོལ་མེད་ལྷུན་གྲུབ་ཤོག༔ ཨོཾ་གྷཎྜེ་ཨ་བྷི་ཥིཉྩ་ཧོཿ དྲིལ་བུའི་དབང་བསྐུར་བས། ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུའི་ཡེ་ཤེས་ཀྱིས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྡོར་དྲིལ་བསྣོལ་མ་སྤྱི་བོར་དཀྲོལ་ལ། ཨོཾ༔ རྡོ་རྗེ་སྣང་མཛད་ཡེ་ཤེས་སྐུ༔ དེ་ཉིད་མཚོན་པ་རྡོ་རྗེའི་མིང༔ སྲིད་གསུམ་ཁྱབ་པར་བསྒྲགས་པ་ཡིས༔ ཞིང་ཀུན་མཛེས་པའི་དབང་ཐོབ་ཤོག༔ ཨོཾ་བྷུརྦྷུ་ཝ་སྭ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་རྡོ་རྗེའི་མིང་གི་དབང་བསྐུར་བས། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་རྡོ་རྗེའི་མཚན་གྱི་གྲགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ལྟར་རིག་པའི་དབང་ལྔས་ཉོན་མོངས་དུག་ལྔ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་བསྒྱུར་བའོ། །དེ་ལྟར་ཡེ་ཤེས་ལྔ་སྐྱེས་པ་མི་ཉམས་པར་བརྟན་ཞིང་གོང་འཕེལ་དུ་བྱ་བའི་ཕྱིར་རིགས་དྲུག་པའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་རྒྱལ་བུམ་པས་སླར་ཡང་དབང་བསྐུར་བར་མོས་ལ། རྣམ་བུམ་སྤྱི་བོར་བཞག་སྟེ། ཨོཾ༔ བཀྲ་ཤིས་བུམ་པ་མཚན་ཉིད་རྫོགས༔ ཡེ་ཤེས་ཆེན་པོའི་བདུད་རྩིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡོན་ཏན་མ་ལུས་རྫོགས་པར་ཤོག༔ ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུ་མྱང༌། དེའི་རྗེས་འབྲེལ་སྐུ་གསུང་ཐུགས་དབང་ལས་སྐུ་ཕྱག་རྒྱའི་དབང་ནི། རང་ཉིད་སེང་གེས་བཏེགས་པའི་ཁྲི་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཡུམ་དང་བཅས་པའི་རྣམ་པས་འཁོད་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་གཉིས་མེད་དུ་ཐིམ་པར་གྱུར་པའི་མོས་པ་བཅས་སོ་སོའི་ཙཀླི་ཐོགས་ལ། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ནི༔ རྡོ་རྗེ་དྲིལ་འཛིན་སྐུ་མདོག་མཐིང༌། །དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨོཾ་བཛྲ་སཏྭ་ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ། ཤེས་རབ་རང་བཞིན་སྟོང་པ་ཉིད། །རྡོ་རྗེའི་རིགས་ཀྱི་འཁོར་ལོས་བསྒྱུར། །དབྱིངས་ཕྱུག་མ་ཡིས་དབང་བསྐུར་བས། །ཆོས་ཀུན་དེ་ཉིད་མངོན་གྱུར་ཤོག །མཱུཾ་དྷ་ཏི་ཤྭ་རི་ཨཱཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། རྡོ་རྗེ་འབར་བ་ཁྲོ་བོའི་རྒྱལ། །ཞེ་སྡང་འདུལ་མཛད་རྡོར་དྲིལ་བསྣམས། །ཐུགས་མཆོག་ཕྱག་རྒྱས་དབང་བསྐུར་བས། །མི་ཕྱེད་རྡོ་རྗེའི་ས་ཐོབ་ཤོག །ཨོཾ་བཛྲ་ཙཎྜ་ཧཱུྃ་ཕཊ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། བཅོམ་ལྡན་དེ་བཞིན་གཤེགས་པའི་རིགས། །འཁོར་ལོ་དྲིལ་འཛིན་སྐུ་མདོག་དཀར། །སྐལ་ལྡན་བུ་ལ་དབང་བསྐུར་བས། །བདེ་གཤེགས་སྐུ་ཡི་དབང་ཐོབ་ཤོག །ཨོཾ་བུདྡྷ་སཏྭ་ཨོཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། འཇིགས་མཛད་ཁྲག་འཐུང་གཤིན་རྗེ་གཤེད། །སེར་ནག་བེ་ཅོན་ཐོད་ཁྲག་འཛིན། །རྒྱལ་བ་རྟག་པས་དབང་བསྐུར་བས། །ཡེ་ཤེས་ཕྱག་རྒྱ་མངོན་གྱུར་ཤོག །ཨོཾ་ཡ་མཱནྟ་ཀ་ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། བཅོམ་ལྡན་སྣང་བ་མཐའ་ཡས་ནི། །པདྨ་དྲིལ་འཛིན་སྐུ་མདོག་དམར། །ཆགས་མེད་གསུང་གི་དབང་བསྐུར་བས། །གསུང་མཆོག་པདྨའི་ས་ཐོབ་ཤོག །ཨོཾ་པདྨ་སཏྭ་ཨཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། དབང་ཆེན་པདྨ་ཧེ་རུ་ཀཿ པདྨ་ཞགས་འཛིན་ཁྲོ་ཆས་རྫོགས། །ཁྲོ་བོའི་རྒྱལ་པོས་དབང་བསྐུར་བས། །དྲེགས་པ་ཟིལ་གནོན་དབང་ཐོབ་ཤོག །ཧྲཱིཿཧ་ཡ་གྲཱྀ་བ་ཨཱཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། རྡོ་རྗེ་ཕྱག་རྒྱ་བཞི་ཡི་བདག །ལས་བཞིའི་རྡོ་རྗེ་རང་རྟགས་འཛིན། །སྒོ་བ་བཞི་ཡི་དབང་བསྐུར་བས། །ཕྲིན་ལས་ལྷུན་གྱིས་འགྲུབ་པར་ཤོག །ཛཿཧཱུྃ་བྃ་ཧོཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བས། སྣོད་བཅུད་རྣམ་པར་དག་པ་ཡེ་ཤེས་ལྷའི་དཀྱིལ་འཁོར་དུ་བལྟ་ཞིང་སྒོམ་པ་ལ་དབང་བ་ཡིན་ནོ། །གསུང་བཟླས་ལུང་གི་དབང་ནི། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཀྱི་ཕྲེང་བ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྔགས་ཕྲེང་གཉིས་པ་ཞིག་བྱུང༌། ཞལ་ནས་ཐོན་རང་ཉིད་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ། ཨོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་བཛྲ་ཙཎྜ་ཧཱུྃ་ཕཊ྄༔ ཨོཾ་བུདྡྷ་སཏྭ་ཨོཾ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ༔ ཨོཾ་པདྨ་སཏྭ་ཨཾ༔ ཧྲཱིཿཧ་ཡ་གྲཱྀ་བ་ཨཱཿ ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བཾ༔ ཨོཾ་བཛྲ་གཎྜེ་ཧོཿ ཞེས་གཙོ་འཁོར་གྱི་སྔགས་རྣམས་ལན་གསུམ་རེ་བཟླ། དེ་ལྟར་གསུང་བཟླས་པའི་ལུང་ཐོབ་པས་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་བཟླ་བ་ལ་དབང་ཞིང༌། བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་སྔགས་ཀྱི་རང་བཞིན་དུ་དག་པ་ཡིན་ནོ། །ཐུགས་བརྡ་ཐབས་ཀྱི་དབང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་ཉིད་ལྷར་གསལ་བའི་སྣང་ཆ་སྒྱུ་མ་ལྟ་བུ་དེ་ཉིད་མེ་ལོང་ལ་ཧས་བཏབ་པ་བཞིན་དབྱིངས་སུ་ཡལ་བར་གྱུར་པའི་ངང་ལ་ཅུང་ཟད་མཉམ་པར་བཞག །སླར་ཡང་བརྟན་གཡོ་སྣོད་བཅུད་ཐམས་ཅད་ཡེ་ཤེས་ལྷ་ཡི་སྐུ་དང་ཞིང་ཁམས་ཀྱི་རོལ་པར་གྱུར། དེས་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། སེམས་ཀྱི་དྲན་རྟོག་ཐམས་ཅད་པའི་ཡེ་ཤེས་ཕྱག་རྒྱའི་རང་བཞིན་དུ་དག་ཅིང་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་སྒོམ་པ་ལ་དབང་བའོ། །དམ་ཚིག་གསུམ་དང་སློབ་དཔོན་གྱི་དབང་ནི། རང་ཉིད་སྐད་ཅིག་གིས་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གསལ་བ་ལ་གསང་སྔགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗེ་དང་དྲིལ་བུ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད་པའི་བདག་ཉིད་འདི་ལག་ཏུ་གཏད་པ་ཙམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ས་བོན་ཐེབས། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་གྱུར་པས། དབང་བསྐུར། རྒྱུད་འཆད། སློབ་མ་བསྡུ་བ་ལ་སོགས་པའི་ལས་བྱེད་པ་ལ་དབང་བར་མོས། ཧཱུྃ༔ རྡོ་རྗེ་ཡང་དག་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་ཐུགས་ཉིད་དེ༔ དེ་རིང་བུ་ལ་བྱིན་པ་ཡིས༔ ཁྱོད་ཀྱང་རྡོ་རྗེའི་ཐུགས་འགྲུབ་ཤོག༔ ཨོཾ་བཛྲ་ཧཱུྃ༔ རྡོ་རྗེ་ལག་གཡས་ཀྱིས་ཐུགས་ཀར་བཟུང༌། ཧཱུྃ༔ དྲིལ་བུ་སྟོང་པའི་སྒྲ་སྒྲོགས་པ༔ ཆོས་ཀུན་དེ་ཉིད་རྗེས་སུ་མཚོན༔ སངས་རྒྱས་གསུང་གིས་དབང་བསྐུར་བས༔ རྡོ་རྗེའི་གསུང་མཆོག་འགྲུབ་པར་ཤོག༔ ཨོཾ་གྷཎྜེ་ཧཱུྃ༔ དྲིལ་བུ་ལག་གཡོན་གྱིས་དཀྲོལ་ཏེ་དཀུར་བརྟེན། ཧཱུྃ༔ བདེ་ཆེན་མི་འགྱུར་རྡོ་རྗེ་སེམས༔ ཤེས་རབ་ཡུམ་དང་གཉིས་སུ་མེད༔ རྟག་ཏུ་ཕྱག་རྒྱ་དགྱེས་རོལ་བའི༔ སངས་རྒྱས་སྐུ་དང་གཉིས་མེད་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ལག་གཉིས་འཁྱུད་རྒྱས་རྡོར་དྲིལ་ཐུགས་ཀར་བསྣོལ། མངའ་གསོལ་ཆས་ཐོགས་ལ། ཨོཾ༔ ཁྱོད་ནི་ངེས་པར་རྡོ་རྗེ་སེམས༔ ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས༔ དོན་རྣམས་ཐམས་ཅད་སྒྲུབ་པ་དང༔ རྡོ་རྗེའི་སློབ་མའི་ཚོགས་སྡུས་ཤིག༔ ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མངའ་གསོལ་བའི་མོས་པ་བྱའོ། །གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་དམ་ཚིག་ཁས་བླང་ཞིང༌། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཅེས་དང་གཏང་རག་གི་མཎྜལ་འབུལ་བར་བྱའོ། །གཉིས་པ་རིག་པའི་མེ་ཏོག་དོར་བས་མདོར་བསྡུས་ཏེ་འཇུག་པ་ནི། གཞན་ལ་དབང་བསྐུར་བ་དང་འབྲེལ་ན་སྤྲོས་པ་མཚམས་པའི་ཕྱིར། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་ཤེས་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱིས་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས། དྲིལ་བུ་གསིལ་ཞིང་མེ་ཏོག་འཐོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ༔ སྭཱ་བཛྲ་ས་མ་ཡ་སྭཱ༔ ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་དང༌། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཞེས་རིག་པའི་མེ་ཏོག་དོར་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དང༌། ཨོཾ། ཁྲོ་ལ་ཁྲོས་པ་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ྄ཿ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ་མོ། །དེ་གཉིས་གང་ལྟར་ཡང༌། གཞན་རྗེས་སུ་འཛིན་པ་དང་འབྲེལ་ན། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །གསུམ་པ་རྗེས་ལ་ལྔ་ལས་དང་པོ་མཆོད་བསྟོད་གསོལ་གདབ་ནི། ཐུན་མཐར་སྔགས་ཙམ་གྱིས་མཆོད་ཅིང༌། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང༌། །ཕྱག་འཚལ་རིགས་འདུས་སེམས་དཔའ་ལའོ། །བསྟོད་པར་འོས་པ་སོགས། བཅོམ་ལྡན་རིགས་གསུམ་ཞི་ཁྲོ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །སྒྲིབ་པའི་དྲི་མ་བསལ་བ་དང༌། །མཁྱེན་བརྩེ་ནུས་གསུམ་འཕེལ་བར་མཛོད། །ཞེས་གསོལ་བ་གདབ། གཉིས་པ་ནོངས་བཤགས་ནི། མ་འབྱོར་པ་དང་སོགས་ཡི་གེ་བརྒྱ་པས་ནོངས་པ་བཤགས། གསུམ་པ་གཤེགས་བསྡུ་ནི། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་དང༌། ཨོཾ་བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ། གཙོ་བོ་དམ་ཚིག་གི་རྟེན་ལ་ཐིམ་པར་གྱུར། སླར་ཡང་སྣང་གྲགས་རིག་པའི་ཚོགས༔ རིགས་འདུས་སེམས་དཔའི་གསང་གསུམ་ཤར༔ ཨོཾ་ཨཱཿཧཱུྃ༔ གིས་གཙོ་བོ་རྡོ་རྗེ་སེམས་དཔའི་སྐུར་ལྡང་བའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ས་བོན་གྱིས་རྒྱས་གདབ་ཅིང༌། རྗེས་ཐོབ་ཀྱི་སྣང་ཆ་ལྷ་སྔགས་ཆོས་སྐུའི་རོལ་པར་ལམ་དུ་ཁྱེར། བཞི་པ་བསྔོ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རིགས་གསུམ་རྒྱལ་བ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་དང༌། ལྔ་པ་ཤིས་བརྗོད་ནི། སྐུ་ཡི་དབང་ཕྱུག་བཅོམ་ལྡན་མཉྫུ་ཤྲཱི། །གསུང་གི་རྡོ་རྗེ་པདྨ་གར་གྱི་དབང༌། །ཐུགས་ཀྱི་གསང་བའི་མཛོད་འཛིན་རྡོ་རྗེ་ཅན། །རིགས་གསུམ་རྒྱལ་བ་འདུས་པའི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །གསུམ་པ་གསང་བ་དཀྱིལ་འཁོར་རབ་འབྱམས་ཕྲིན་ལས་ཀྱི་ལྷ་མཆོག་རྡོ་རྗེ་རྣམ་པར་འཇོམས་པ་ལྟར་སྒྲུབ་པའི་ཚུལ་ནི། གཙང་མའི་གནས་སུ་ཀུ་ཤའི་གདན་ལ་འཁོད་དེ། མདུན་དུ་གཞུང་མཐུན་དཀྱིལ་འཁོར་གྱི་སྟེང་དུ་གཏོར་མ་དཀར་ཟླུམ་དང༌། ཉེར་སྤྱོད་ཀྱི་མཆོད་པ་བཅས་འདུ་བྱ་ཞིང་བདག་འཇུག་དང་འབྲེལ་ན་དེ་ལ་དགོས་པའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱས་ལ། ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལའང་བཞི་ལས། སྐྱབས་སེམས་ནི། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་འཐོབ་ཕྱིར། །རྡོ་རྗེ་རྣམ་འཇོམས་བསྒོམ་པར་བགྱི། །ལན་གསུམ། གཉིས་པ་མཆོད་པ་བྱིན་རླབས་ནི་ནང་སྒྲུབ་ལྟར་བྱ། གསུམ་པ་བགེགས་བསལ་ཞིང་མཚམས་བཅད་པ་ནི། ཧཱུྃ་བཛྲ་དྷྲྀཀ །རང་ཉིད་ལས་ཀྱི་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་སྐུར་གྱུར་པའི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་བགེགས་ཐམས་ཅད་རིང་དུ་བསྐྲད་པར་མོས་ལ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་སོགས་ཉེ་སྙིང་ཚར་གཅིག་བརྗོད། སླར་ཡང་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་རྡོ་རྗེའི་སྤྲིན་དུ་འཁྲིགས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་བའི་གུར་གྱིས་ཁྱབ་པར་མོས་ལ། ན་མོ་རཏྣ་ཏྲཱ་ཡཱ་ཡ་ཕྱི་མ་ནས། ཱིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ྄་ཀྱི་བར་གྱི་སྙིང་པོ་ཉིད་བརྗོད་པས་མཚམས་བཅད། བཞི་པ་ཚོགས་བསགས་པ་ནི། དེ་ནས་རང་གི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་བཅུ་ཡི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་པ་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པས་ཚོགས་བསགས། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཚད་མེད་བཞི་སྒོམ་ཞིང༌། དེས་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྟོང་ཉིད་ལ་བློ་བཞག །གཉིས་པ་དངོས་གཞི་ལ། བདག་མདུན་བུམ་པའི་དཀྱིལ་འཁོར་བསྒྲུབ་པ་དང༌། རང་ཉིད་ཀྱི་དབང་གི་ཡེ་ཤེས་གསོ་བ་དང་གཞན་དག་ལམ་འདིར་སྨིན་པར་བྱ་རུང་བའི་ཕྱིར་བདག་ཉིད་འཇུག་པའི་ཆོ་ག་བྱ་བའོ། །དང་པོ་ལ་བདུན་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་བརྗོད་པས། ཆོས་ཀུན་སྟོང་པའི་ཐིག་ལེར་སྦྱངས༔ དེ་ཡི་ངང་ལས་འོད་གསལ་བའི༔ ཡེ་ཤེས་རོལ་པའི་སྣོད་བཅུད་ཀྱི༔ རྡོ་རྗེའི་ཞིང་ཁམས་ཆེན་པོའི་དབུས༔ རྡོ་རྗེའི་སྲུང་བའི་འཁོར་ལོའི་ནང༔ རྡོ་རྗེའི་གཞལ་མེད་ཁང་ཆེན་པོ༔ རྡོ་རྗེ་རིན་ཆེན་སྣང་བ་ཆེ༔ ཁ་དོག་ལྔ་པའི་རྩིག་པ་དང༔ ཕ་གུ་དྲྭ་བ་དྲྭ་ཕྱེད་མཛེས༔ མདའ་ཡབ་པུ་ཤུ་རྡོ་རྗེའི་ཏོག༔ འོད་ཟེར་སྣང་བས་ཕྱོགས་ཀུན་ཁྱབ༔ གྲུ་བཞི་རྣམ་པར་ཐར་པའི་སྒོ༔ རྟ་བབ་བང་རིམ་མཛེས་པར་བཀྲ༔ ཆོས་འཁོར་རི་དྭགས་གདུགས་དང་བཅས༔ ལྟེ་བར་པད་འདབ་བཞི་དང་བཅུའི༔ ཟེའུ་འབྲུར་རྡོ་རྗེའི་གདན་ཡངས་པར༔ པད་ཟླ་རྒྱས་སྟེང་ས་བོན་ཧཱུྃ༔ སྤྲོ་བསྡུའི་འོད་ཀྱིས་དངོས་འཛིན་སྦྱངས༔ ཡེ་ཤེས་ཆེན་པོར་བྱིན་བརླབས་པའི༔ རྡོ་རྗེ་སྙིང་པོ་ནམ་མཁའི་མདོག༔ རྩེ་ལྔ་གཞོམ་གཞིག་བྲལ་བ་རུ༔ ཡོངས་གྱུར་བཅོམ་ལྡན་རྣམ་པར་འཇོམས༔ རྡོ་རྗེ་ཁྲོ་བོ་ལས་བྱུང་བ༔ ལྗང་སྔོན་ཨིནྡྲ་ནི་ལའི་མདོག༔ ཁྲོ་འཛུམ་རོལ་པ་མཚན་དཔེའི་སྐུ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ སྤྱན་གསུམ་མཆེ་བ་ཡིད་ཙམ་གཙིགས༔ ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཆེ༔ ཐུགས་ཀར་གསོར་ཞིང་བསྐྱོད་པས་འཛིན༔ གཡོན་པས་དྲིལ་བུ་དཀུར་བརྟེན་ནས༔ རྡོ་རྗེའི་སྐྱིལ་ཀྲུང་མཛེས་པར་བཞུགས༔ སྣ་ཚོགས་འོད་ཟེར་འཁྲུགས་པའི་ཀློང༔ གཟི་བྱིན་མཚུངས་པ་མེད་པར་རོལ༔ ཐུགས་དབུས་བཛྲ་སཏྭ་ཡི༔ ཐུགས་ལས་འཕྲོས་པའི་ས་བོན་གྱིས༔ ཕྱོགས་བཞིར་རིགས་བཞིའི་རྣམ་པར་འཇོམས༔ དཀར་ཨོཾ་སེར་ཏྲཱྃ་དམར་ཧྲཱིཿམཐིང་ཨཱཿགཙོ་བོ་བཞིན༔ རིགས་ཀྱི་ཁྱབ་བདག་དམ་པར་གསལ༔ ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀ་ཏེ་ཧཱུྃ་ཕཊ྄༔ སླར་ཡང་ཐུགས་ནས་ཧཱུྃ་བཅུ་སྤྲོས༔ པདྨའི་འདབ་མར་བབ་པ་ལས༔ ཧཱུྃ་མཛད་རྣམ་རྒྱལ་དབྱུག་པ་སྔོ༔ གཤིན་རྗེ་མི་གཡོ་རྟ་ཡི་མགྲིན༔ འདོད་པའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཁམས་གསུམ་རྣམ་རྒྱལ་སྟོབས་པོ་ཆེ༔ ཀུན་ཀྱང་ཞབས་གཉིས་བཞེངས་པའི་སྟབས༔ དར་དང་སྟག་ལྤགས་སྨད་དཀྲིས་ཤིང༔ རྡོ་རྗེ་དྲིལ་འཛིན་པད་ཉིའི་སྟེང༔ འོད་ཟེར་མེ་ལྕེ་འཁྱིལ་དབུས་རོལ༔ ན་མཤྩཎྜ་བཛྲ་པཱ་ཎ་ཡ༔ མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ༔ ཏདྱ་ཐཱ༔ ཨོཾ་ཧ་ར་ཧ་ར་བཛྲ༔ མ་ཐ་མ་ཐ་བཛྲ༔ དྷུ་ན་དྷུ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ དྷ་ར་དྷ་ར་བཛྲ༔ དྷཱ་ར་ཡ་དྷཱ་ར་ཡ་བཛྲ༔ དཱ་རུ་ཎ་དཱ་རུ་ཎ་བཛྲ༔ ཚིནྡྷ་ཚིནྡྷ་བཛྲ༔ བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ྄༔ ཐུགས་ཀའི་འོད་ཀྱི་ས་བོན་བཞི༔ ཛཿཧཱུྃ་བྃ་ཧོཿ ཡོངས་གྱུར་སྒོ་བཞིར་ཁྲོ་བོའི་རྒྱལ༔ རིགས་བཞིའི་ཕྱག་རྒྱ་བཞི་འཛིན་པས༔ བར་ཆད་གདོན་བགེགས་སྲུང་བར་གྱུར༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ རཏྣ་པཱ་ཤ་ཧཱུྃ༔ པདྨ་སྥོ་ཊ་བྃ༔ ཀརྨ་གྷཎྜེ་ཧོ༔ གཉིས་པ་སྤྱན་དྲངས་ཤིང་བསྟིམ་པ་ནི། དེ་ལྟར་ཡོངས་སུ་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང༌། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་རིགས་སྔགས་རྒྱལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄། སྙིང་ག་ནས་བདུད་རྩི་འཁྱིལ་བ་སྤྲོས་པས་ཕྱིར་འབྲང་གི་བགེགས་བསྐྲད་ནས། ཨོཾ་ཨ་ཧ་ར་ཨ་ཧ་ར་སརྦ་བིདྱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེས་མཆོད་ཡོན་དབུལ། ཧཱུྃ༔ རྡོ་རྗེ་ལྕགས་ཀྱུ་འབར་བ་ཆེ༔ འདྲེན་པ་ཆེན་པོ་རྡོ་རྗེའི་རིགས༔ ཐུགས་རྗེའི་ཐུགས་དམ་བསྐུལ་བ་ལས༔ སངས་རྒྱས་མ་ལུས་ཉེ་བར་བྱེད༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ རྡོ་རྗེ་ཞགས་པ་གདེངས་པ་ནི༔ འཆིང་བ་ཆེན་པོ་རིན་ཆེན་རིགས༔ དབྱིངས་ཀྱི་གནས་ནས་སྤྱན་འདྲེན་པའི༔ ཕོ་ཉ་མཆོག་ཏུ་འཕྲོ་བའོ༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ རྡོ་རྗེ་ལྕགས་སྒྲོག་སྡོམ་པ་སྟེ༔ གཉིས་མེད་ཆེན་པོ་པདྨའི་རིགས༔ གནས་ནས་བསྐྱོད་ཅིང་བསྟིམ་པ་ཡི༔ དམ་ཚིག་ཕྱག་རྒྱ་ཆེ་མཆོག་གོ༔ ཨོཾ་བཛྲ་སྥོ་ཊ་བྃ༔ རྡོ་རྗེ་དྲིལ་བུ་སྙོམས་པ་ནི༔ དགྱེས་པ་ཆེན་པོ་ལས་ཀྱི་རིགས༔ གཉིས་སུ་མེད་པའི་བདག་ཉིད་ཀྱི༔ ཡེ་ཤེས་ཐིག་ལེ་གཅིག་ཏུ་འཆིང༔ ཨོཾ་བཛྲ་གཎྜེ་ཧོ༔ རྣམ་འཇོམས་རྩ་བའི་རྒྱ་རྡོ་རྗེ་རྩེ་ལྔ་པའི་ཚུལ་དུ་བཅས་ལ། ཨོཾ་བཛྲ་ཛྭ་ལཱ་ན་ཡ་སྭཱ་ཧཱ། ཞེས་སྤྱན་དྲངས་པའི་ལྷ་རྣམས་དམ་ཚིག་པ་ལ་དབྱེར་མེད་དུ་ཐིམ་པར་བསམ་ཞིང་བརྟན་པར་བྱས་ལ། གསུམ་པ་དབང་བསྐུར་བ་ནི། སླར་ཡང་དབང་ལྷ་སྤྱན་དྲངས་ནས༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ རྡོ་རྗེ་མི་བསྐྱོད་གཙོར་གྱུར་པའི༔ བདེ་གཤེགས་རིགས་ལྔས་དབུ་བརྒྱན་གྱུར༔ བཞི་པ་མཆོད་པ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང༌། །བདུག་སྤོས་སྣང་གསལ་དྲི་ཆབ་དང༌། །ཞལ་ཟས་རོལ་མོ་ལ་སོགས་པའི། །མཆོད་རྫས་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དྷ་ར་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་པདྱཾ་ནས་ཤབྡའི་བར་བཅུག་ལ་སོ་སོའི་ཕྱག་རྒྱས་འབུལ། གཞན་ཡང་སྒེག་སོགས་ལྷ་མོ་བརྒྱད་ནི། སྤྲོ་ན་ནང་སྒྲུབ་སྐབས་ལྟར་ཚིགས་བཅད་ཀྱང་སྦྱར། ཨོཾ་བཛྲ་ལཱ་སྱེ་ཧཱུྃ། ཨོཾ་བཛྲ་མ་ལེ་ཏྲྃ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱཿ ཨོཾ་བཛྲ་པུཥྤེ་ཏྲཱྃ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ ལྔ་པ་བསྟོད་པ་ནི། ཨོཾ༔ རྡོ་རྗེའི་སྐུ་ནི་རྡོ་རྗེའི་རིགས༔ རྡོ་རྗེ་ཡེ་ཤེས་ཕྱག་རྒྱ་ཆེ༔ རྡོ་རྗེ་ལས་བྱུང་རྡོ་རྗེའི་སྐུ༔ རྡོ་རྗེ་རྣམ་པར་འཇོམས་ལའོ༔ རྡོ་རྗེའི་གསུང་ནི་རྡོ་རྗེ་ཆེ༔ རྡོ་རྗེ་ཚངས་པའི་དབྱངས་སུ་ལྡན༔ རྡོ་རྗེའི་སྒྲ་སྟེ་རྡོ་རྗེའི་གསུང༔ རྡོ་རྗེ་ཀུན་ཏུ་ཁྱབ་པ་ལའོ༔ རྡོ་རྗེའི་ཐུགས་ནི་རྡོ་རྗེའི་མཁའ༔ རྡོ་རྗེ་ཡེ་ཤེས་སྙིང་པོར་མཁྲེགས༔ རྡོ་རྗེ་ལས་བྱུང་རྡོ་རྗེའི་དབྱིངས༔ རྡོ་རྗེའི་དཀྱིལ་འཁོར་ཉིད་ལའོ༔ རྡོ་རྗེའི་ཡོན་ཏན་བསམ་མི་ཁྱབ༔ རྡོ་རྗེའི་ས་མཆོག་མངོན་གྱུར་པས༔ རྡོ་རྗེ་དེ་བཞིན་གཤེགས་ཀུན་དང༔ རྡོ་རྗེ་གཉིས་མེད་གསང་བ་ལའོ༔ རྡོ་རྗེའི་ཕྲིན་ལས་ཁྱབ་པ་ཆེ༔ རྡོ་རྗེ་ཀུན་ཏུ་ཟབ་མོའི་ཀློང༔ རྡོ་རྗེའི་རིགས་ཅན་ཀུན་སྒྲོལ་བའི༔ རྡོ་རྗེའི་སེམས་དཔའ་ཆེན་པོ་ལའོ༔ དྲུག་པ་འཛབ་བཟླས་ནི། ཕྲེང་བ་བླངས་ཏེ། ཨོཾ་བཛྲ་ཨ་ཙིནྡྷཱ་ཡ་སྭཱ་ཧཱ། ཞེས་བདུན་བཟླས་པས་ཕྲེང་བ་བསྒྲུབས་ནས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜལ་ཕཊ྄་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས་ཡེ་ཤེས་དཀྱིལ་འཁོར་གཉིས་པ་ཞིག་མདུན་དུ་ཕྱེ་ནས་མེ་རི་འདབས་འབྱོར་གྱི་ཚུལ་དུ་བཞུགས་པར་གྱུར། གཙོ་བོའི་ཐུགས་ཀར་འོད་ལྔའི་ཀློང༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས༔ རྒྱན་མེད་མཛེས་པར་རོལ་པ་ཡི༔ ཐུགས་དབུས་རྡོ་རྗེའི་ལྟེ་བར་ཧཱུྃ༔ མཐའ་བསྐོར་རྒྱུ་སྐར་ལྟར་མཛེས་པའི༔ གསང་སྔགས་རྒྱལ་པོས་དོན་ཆེན་བྱེད༔ འོད་ཀྱི་སྤྲོ་བསྡུས་ལས་ཀུན་སྒྲུབ༔ དངོས་གྲུབ་ཐོགས་མེད་སྩོལ་བར་བསམ༔ འདི་སྐད་བདག་གིས་ཐོས་པ་སོགས་ནས་སྨྲས་སོ་ཡི་བར་ཚར་གཅིག་གི་རྗེས་སུ། ན་མོ་རཏྣ་ཏྲ་ཡཱ་ཡ་དང་པོ་ནས། ཛྭ་ལཱ་ཡ་སྭཱ་ཧཱའི་བར་རྩ་སྔགས་སམ་གཟུངས་རིང་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ་ཕྱི་མ་ནས། བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ྄་ཀྱི་བར་སྙིང་པོ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་མན་ཆད་ཉེ་སྙིང་ངོ༌། དེ་རྣམས་ཐོག་མར་གསུམ་ཀ་སྦྲགས་ཏེ་ཚར་གཅིག་ངེས་པར་འདོན། དེ་ནས་རང་གི་མོས་པ་དང་སྦྱར་ཏེ་རིམ་པ་བཞིན་ཅི་ནུས་སུ་བཟླས་པས་རུང་ངོ༌། །དབང་དང་ཁྲུས་སོགས་ཀྱི་ཆེད་བུམ་པ་བསྒྲུབ་ན། བྷྲཱུྃ༔ རྣམ་རྒྱལ་བུམ་ནང་བདུད་རྩིའི་སྟེང༔ རྡོ་རྗེའི་དཀྱིལ་འཁོར་ལྷ་ཚོགས་གསལ༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་གསལ་བཏབ་སྟེ་གཟུངས་ཐག་བླངས་ལ། རང་གི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ནས་སོང་བ་བུམ་པའི་ལྷའི་ཐུགས་ཀར་ཐིམ་པས་དགྱེས་པ་བསྐྱེད། བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བསྩལ་བས་བུམ་པ་གང་བར་བསམ་ལ། གཡས་པས་ཕྲེང་བ་བགྲང་ཞིང་གཡོན་པས་གཟུངས་ཐག་ལ་འཇུས་ཏེ་གཟུངས་རིང་དང་སྙིང་པོ་ཉེ་སྙིང་དང་བཅས་པ་རྣམས་བཟླ་ཚུལ་གོང་དང་མཐུན་པར་སྐྱོན་དང་བྲལ་བ་ཅི་ནུས་སུ་བཟླ། ལས་བུམ་གྱི་ཆུ་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ། ཞེས་པ་ཅི་ནུས་བཟླའོ། །བུམ་བཟླས་ཡོད་མེད་གང་ལྟར་ཡང་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དྷ་ར་ཎ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་པདྱཾ་ནས་ཤབྡབའི་བར་བཅུག་ཏེ་སོ་སོའི་ཕྱག་རྒྱས་ཕུལ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་དང༌། སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པའི་བར་གྱི་ཕན་ཡོན་ཡང་བརྗོད་དོ། བདུན་པ་གཏོར་མ་གཏང་བ་ནི། ཆབ་ཀྱིས་བྲན་ལ། སྟོང་པའི་ངང་ལས་ཨོཾ་ཡིག་ལས༔ རིན་ཆེན་སྣོད་མཆོག་ཡངས་པའི་ནང༔ འབྲུ་གསུམ་ལས་བྱུང་གཏོར་མ་ནི༔ ཟག་མེད་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། མདུན་བསྐྱེད་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཉེ་སྙིང་ལ། ཨ་ཀཱ་རོ་བཏགས་པ་བདུན་གྱིས་ཕུལ་ནས། མཆོད་སྦྱིན་གཏོར་མ་སོགས་ཀྱིས་འདོད་དོན་གསོལ། འཇིག་རྟེན་པའི་གཏོར་མ་ཆ་གསུམ་སྤྱི་ལྟར་བྱ། བུམ་བཟླས་བྱས་ཡོད་ན་བུམ་པའི་ཡེ་ཤེས་པ་ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་པས་གཤེགས་ཤིང༌། དམ་ཚིག་པ་བདག་ལ་བསྟིམ་མོ། །གཉིས་པ་རང་ཉིད་ཀྱི་དབང་གི་ཡེ་ཤེས་གསོ་བ་དང་གཞན་དག་ལམ་འདིར་སྨིན་པར་བྱ་རུང་བའི་ཕྱིར་བདག་ཉིད་འཇུག་པའི་ཆོ་ག་བྱ་བ་ལ། ལོང་སྐབས་ཆེ་ན་དབང་གཞུང་ལྟར་རྒྱས་པར་བྱ་བ་དང༌། གཞན་ལ་དབང་བསྐུར་གྱི་ཚེ་བདག་འཇུག་རྒྱས་པར་མི་ནུས་ན་བསྡུས་ཏེ་རིག་པའི་མེ་ཏོག་དོར་བའོ། །དང་པོ་ནི། རང་གི་སེམས་ཉིད་རྣམ་པར་དག་པ་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པ་རྩ་བའི་བླ་མ་དང་དབྱེར་མེད་དུ་བལྟས་པ་དབང་ལེན་ཡུལ་དང༌། རྣམ་འགྱུར་གློ་བུར་གྱི་འཁྲུལ་ངོ་རྣམ་སྨིན་བག་ཆགས་ཀྱི་ལུས་སློབ་བུའི་ཚུལ་དུ་བྱས་ལ། དབང་གི་བྱ་བ་རྣམས་གཙོ་བོ་ལས་བྱེ་བའི་རྒྱལ་ཐེབ་ཀྱིས་མཛད་པར་མོས་ནས་འཇུག་པ་སྟེ། དང་པོར་ཁྲུས་བྱས། མཎྜལ་ཕུལ། དཀྱིལ་འཁོར་གྱི་ལྷ་ལ་དད་མོས་དྲག་པོས་ཐལ་མོ་སྦྱར་ཏེ། དགའ་ཆེན་ཁྱབ་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བསྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ནི་སྩལ་དུ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོགས་ལན་གསུམ་གྱིས་སྐྱབས་སེམས་ཚོགས་བསགས་བྱ། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ཞེས་ལན་གསུམ་གྱིས་སྡོམ་པ་བཟུང༌། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེའི་གཡར་དམ་བླ་ན་མེད༔ དམ་ཚིག་ཆེན་པོ་ཧཱུྃ་གི་ཚོགས༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དམ་ཆུ་མྱང༌། དེ་ནས་ཡེ་ཤེས་ལྷ་ཡི་གཟི་བྱིན་དབབ་པ་ནི་ལུས་ངག་ཡིད་གསུམ་གྱི་གནད་ལེགས་པར་གཅུན་ལ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས། ཞེས་བརྗོད་པས་སྣོད་བཅུད་ཐམས་ཅད་མི་དམིགས་སྟོང་ཉིད་དུ་གྱུར་པའི་ངང་ལས་འོད་གསལ་ཡེ་ཤེས་ཀྱི་རོལ་པ་རྣམ་དག་རྡོ་རྗེའི་ཞིང་ཁམས་ཆེན་པོར་ལྷུན་གྱིས་གྲུབ་པའི་དབུས་སུ་སྣ་ཚོགས་རྡོ་རྗེ་དང་པད་ཉི་ཟླ་བའི་གདན་ལ། རང་གི་སེམས་ཉིད་ཧཱུྃ་ཡིག་མཐིང་ག་ལས་རྡོ་རྗེ་རྩེ་ལྔར་གྱུར། དེ་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་སྐུ་རྒྱན་ཆས་ཡོངས་སུ་རྫོགས་པ་ལམ་གྱིས་གསལ་བའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་གྱིས་མཚན་པ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ་ཏེ་སྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་ཆར་དྲག་ཏུ་བབ་པ་བཞིན་བྱོན་ནས་སྒོ་གསུམ་ལ་སིབ་སིབ་ཐིམ་པར་མོས་ལ། ཉེ་སྙིང་གི་མཐར། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཧ་ཛྷཻཾ༔ སྤོས་དང་རོལ་མོ་ཏིང་ངེ་འཛིན་གྱིས་དབབ་པའི་ཡེ་ཤེས་པ། བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བཛྲ་གཎྜེ་ཧོཿ ཕྱག་རྒྱ་བཞི་དང༌། ཏིཥྛ་བཛྲ་བརྗོད་པས་བརྟན་པར་བྱ། སླར་ཡང་མཎྜལ་སྔོན་དུ་འགྲོ་བས། དཀྱིལ་འཁོར་དབང་ཕྱུག་བླ་མ་རྗེ། །རྡོ་རྗེའི་གསང་བ་ཀུན་གྱི་བདག །ཁྲོ་བོའི་རྒྱལ་པོ་དགོངས་སུ་གསོལ། །འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པས་ཐོག་མར་ཕྱི་ཕན་པའི་དབང་ནི། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དབྱེར་མེད་པའི་ཐུགས་ཀ་ནས་དབང་ལྷ་ནམ་མཁའ་གང་བར་སྤྲོས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་མི་བསྐྱོད་པའི་རང་བཞིན་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱི་གང་བས་དབང་བསྐུར་ཞིང་ཁྲུས་བྱས་པར་མོས། རྣམ་བུམ་ཐོགས་ལ། ཧཱུྃ༔ མི་བསྐྱོད་ཡེ་ཤེས་བདུད་རྩིའི་ཆུས༔ རྡོ་རྗེ་རང་བྱུང་ལས་ཀུན་བྱེད༔ དབང་མཆོག་བུ་ལ་བྱིན་པ་ཡིས༔ སྒྲིབ་དག་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་ཆུས་ཁྲུས་བྱ་ཞིང་འཐུང༌། དེ་ལྟར་མི་བསྐྱོད་པའི་བདག་ཉིད་བུམ་པ་བཟང་པོ་ལས་བྱུང་བའི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ཉོན་མོངས་པ་ཞེ་སྡང་དག །རྣམ་ཤེས་ཀྱི་ཕུང་པོ་མི་བསྐྱོད་པར་གནས་གྱུར། སངས་རྒྱས་རྡོ་རྗེ་རིགས་ཀྱི་ཁྱབ་བདག་མི་བསྐྱོད་པ་ཆུའི་དབང་ཐོབ་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་རིན་པོ་ཆེའི་དབུ་རྒྱན་གྱི་དབང་བསྐུར་བར་མོས། དབུ་རྒྱན་སྤྱི་བོར་བཅིང་ལ། ཏྲཱྃ༔ རིན་ཆེན་དབུ་རྒྱན་ཅོད་པན་ཅན༔ ཡང་དག་ཡེ་ཤེས་ལྔ་དང་ལྡན༔ དོན་རྟགས་འབྲེལ་བས་དབང་བསྐུར་བས༔ ཟག་མེད་འབྲས་བུའི་སར་ཕྱིན་ཤོག༔ ཨོཾ་རཏྣ་མུ་ཀུ་ཊ་ཨབྷི་ཥིཉྩ་ཏྲཱྃ༔ དེ་ལྟར་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་བསྐུར་བས། ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་གནས་གྱུར། སངས་རྒྱས་རིན་ཆེན་རིགས་ཀྱི་ཁྱབ་བདག་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་ཐོབ་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེའི་དབང་བསྐུར་བར་མོས། རྡོ་རྗེ་ལག་གཡས་པས་འཕྱར་ལ། ཧྲཱིཿ རྡོ་རྗེ་བླ་མེད་མན་ངག་ཆོས༔ གསུང་གི་དབང་ཕྱུག་དཀྱིལ་འཁོར་ཆེའི༔ ཕྱག་རྒྱ་ཆེན་པོས་དབང་བསྐུར་བས༔ ཆོས་ཀུན་འབྱུང་བའི་ས་ཐོབ་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་ལ་ཐུགས་ཀར་གཏོད། དེ་ལྟར་སྣང་བ་མཐའ་ཡས་རྡོ་རྗེས་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་སུ་གནས་གྱུར། སངས་རྒྱས་པདྨའི་རིགས་ཀྱི་ཁྱབ་བདག་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ཐོབ་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་དོན་ཡོད་གྲུབ་པའི་རང་བཞིན་དྲིལ་བུའི་དབང་བསྐུར་བར་མོས། དྲིལ་བུ་གཡོན་པས་དཀྲོལ་ཞིང་དཀུར་བསྟེན་ལ། ཨཱཿ དྲིལ་བུ་ཡེ་ཤེས་སྒྲ་དང་ལྡན༔ དོན་ཀུན་གྲུབ་པ་དཀྱིལ་འཁོར་གཙོའི༔ ཡང་དག་ཕྱག་རྒྱའི་དབང་བྱིན་པས༔ ཕྲིན་ལས་རྩོལ་མེད་ལྷུན་གྲུབ་ཤོག༔ ཨོཾ་གྷཎྜེ་ཨ་བྷི་ཥིཉྩ་ཧོཿ དེ་ལྟར་དོན་ཡོད་གྲུབ་པ་དྲིལ་བུས་དབང་བསྐུར་བས། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་གནས་གྱུར། སངས་རྒྱས་ལས་ཀྱི་རིགས་ཀྱི་ཁྱབ་བདག་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་བདག་ཉིད་རྡོར་དྲིལ་བསྣོལ་མ་མིང་གིས་དབང་བསྐུར་བར་མོས། རྡོར་དྲིལ་བསྣོལ་མ་སྤྱི་བོར་བཟུང་ལ། ཨོཾ༔ རྡོ་རྗེ་སྣང་མཛད་ཡེ་ཤེས་སྐུ༔ དེ་ཉིད་མཚོན་པ་རྡོ་རྗེའི་མིང༔ སྲིད་གསུམ་ཁྱབ་པར་བསྒྲགས་པ་ཡིས༔ ཞིང་ཀུན་མཛེས་པའི་དབང་ཐོབ་ཤོག༔ ཨོཾ་བྷུརྦྷུ་ཝ་སྭ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་དཀྲོལ། དེ་ལྟར་རྣམ་པར་སྣང་མཛད་རྡོ་རྗེའི་མིང་གི་དབང་བསྐུར་བས། ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གནས་གྱུར། སངས་རྒྱས་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྱབ་བདག་རྣམ་པར་སྣང་མཛད་རྡོ་རྗེ་མིང་གི་དབང་ཐོབ་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་ལྔ་སྐྱེས་པ་མི་ཉམས་པར་བརྟན་ཞིང་གོང་འཕེལ་དུ་བྱ་བའི་ཕྱིར་རིགས་དྲུག་པའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་རྒྱལ་བུམ་པས་སླར་ཡང་དབང་བསྐུར་བར་མོས། རྣམ་བུམ་བཏེགས་ལ། ཨོཾ༔ བཀྲ་ཤིས་བུམ་པ་མཚན་ཉིད་རྫོགས༔ ཡེ་ཤེས་ཆེན་པོའི་བདུད་རྩིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡོན་ཏན་མ་ལུས་རྫོགས་པར་ཤོག༔ ཉེ་སྙིང་མཐར། ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་མྱང༌། དེ་ལྟར་ཐུན་མོང་རིག་པའི་དབང་ལྔ་མཐའ་བརྟེན་དང་བཅས་པས་སྨིན་པར་བྱས་པས། ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང༌། དྲི་མ་བག་ཆགས་དང་བཅས་པ་དག །ཐོབ་བྱ་དཀྱིལ་འཁོར་གྱི་བདག་པོའི་གོ་འཕང་མངོན་དུ་གྱུར་པར་མོས་ཞིང་སྐུར་གསལ། དེ་དང་རྗེས་འབྲེལ་ནང་ནུས་པའི་དབང་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་རང་འདྲའི་སྐུ་གཉིས་པ་སྤྲོས་ནས། རང་གི་སྤྱི་བོར་ཐིམ་པས་ཡེ་ཤེས་ཕྱག་རྒྱའི་སྐུ་ཡི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས། ལྷ་སོ་སོའི་ཙཀླི་རིམ་པར་ཐོགས་ཏེ། ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེ་མི་ཕྱེད་གསུམ་གྱི་བདག༔ རིགས་ཀྱི་གཙོ་བོ་བཅོམ་ལྡན་འདས༔ རྣམ་པར་འཇོམས་པས་དབང་བསྐུར་རོ༔ ཨོཾ་བཛྲ་བིད་སྭཱ་ཧཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཧཱུྃ། ཡེ་ཤེས་དག་པའི་ཕྱག་རྒྱའི་གཟུགས། །རྡོ་རྗེ་གསང་བ་ཀུན་གྱི་བདག །དེ་བཞིན་གཤེགས་པ་རིགས་མཆོག་བཞིས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨོཾ་ཏྲཱྃ་ཧྲཱིཿཨཱ་ཨ་བྷི་ཥིཉྩ་ཨོཾ། ཧཱུྃ། རྡོ་རྗེའི་ཡེ་ཤེས་འབར་བའི་སྐུ། །ཕྱོགས་བཅུའི་གདོན་འདུལ་ཁྲོ་བོ་བཅུ། །བཅོམ་ལྡན་སྲུང་བ་ཆེན་པོ་ཡིས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨོཾཿ ཧཱུྃ། འབར་བའི་ཡེ་ཤེས་གཏུམ་པོ་ཆེ། །ལས་ཀུན་སྒྲུབ་ལ་ཐོགས་པ་མེད། །སྒོ་སྲུང་ཁྲོ་རྒྱལ་རྣམ་བཞི་ཡིས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཛ་ཧཱུྃ་བྃ་ཧོཿ ཨ་བྷི་ཥིཉྩ་ཨོཾ༔ དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས་དཔའི་ཐུགས་དབུས་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་གཟུངས་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་སྦྲུལ་འཁྱིལ་བ་ལྟར་གནས་པ་ལས་སྔགས་ཕྲེང་གཉིས་པ་ཞིག་ནར་གྱིས་བྱུང༌། ཞལ་ནས་ཐོན་རང་གི་ཁར་ཞུགས། སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་སྲོག་ཧཱུྃ་གི་མཐར་འཁོད་པར་མོས་ལ་གཟུངས་རིང་འབྲིང་ཐུང་གསུམ་རྗེས། ཛཿཤནྟིཾ་ཀུ་རུ་ཧཱུྃ༔ ཧཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ བྃ་ཝཱ་ཤཾ་ཀུ་རུ་ཧོ༔ ཧོཿམ་ར་ཡ་ཕཊ྄༔ ཅེས་བཏགས་པ་ལན་གསུམ་བཟླའོ། །དཀྱིལ་འཁོར་པའི་ཐུགས་ཡེ་ཤེས་ཀྱི་དགོངས་པ་སྣང་སྟོང་སྒྱུ་མ་ལྟ་བུའི་དོན་དཔེ་མེ་ལོང་ནང་གི་གཟུགས་བརྙན་གྱིས་མཚོན་པར་མོས་ལ། མེ་ལོང་ལ་གཙོ་སྐུ་ཤར་བ་བསྟན་ཏེ། ཧཱུྃ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ མ་འགག་རོལ་པ་ཅིར་ཡང་ཤར༔ སྣང་ཡང་ཞེན་མེད་བརྡ་འདི་ཡིས༔ དོན་གྱི་གནས་ལུགས་ཤེས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨཿ དེ་དག་གིས་བུམ་པའི་དབང་བསྐུར་མཐའ་རྟེན་དང་བཅས་པ་ཐོབ། བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང༌། ལུས་ཀྱི་སྒྲིབ་པ་དག །སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གསང་དབང་ནི། ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་པར་མོས་ལ། ཧཱུྃ༔ བདེ་སྟོང་རོལ་པའི་བྱང་ཆུབ་སེམས༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ གཉིས་མེད་མཉམ་པའི་ཡེ་ཤེས་རྒྱུན༔ གཙང་དམེ་མེད་པར་རོལ་བར་གྱིས༔ ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང༌། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་བསམ། དེས་གསང་བའི་དབང་བསྐུར་བ་ཐོབ། བདག་བྱིན་བརླབ་པའི་ཡེ་ཤེས་སྒོམ་པ་ལ་དབང༌། རླུང་གི་སྒྲིབ་པ་དག །ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཤེར་དབང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོས་བརྒྱན་པ་བྱོན་ནས་རང་ལ་འཁྱུད་པར་མོས་ལ། རིག་ཙཀ་དང་དྲིལ་བུ་ལག་གཡོན་དུ་ཐོགས་ལ། ཧཱུྃ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ དཔེ་ཡི་ཐབས་ཀྱིས་མངོན་བྱེད་པའི༔ བཅུ་དྲུག་དགའ་སྦྱིན་སྒྱུ་མ་ཆེ༔ སྒྱུ་མའི་རོལ་པས་སྤྱོད་ཅིག་བུ༔ ཨོཾ་ཨཱཿཧཱུྃ་པདྨ་བྷཉྫ་མོ་ཀྵ་ཧོ༔ ཞེས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱར་བས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱིས་བདེ་བ་བརྟན་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། གཞན་ལུས་ཕྱག་རྒྱའི་རྣལ་འབྱོར་སྒོམ་པ་ལ་དབང༌། ཐིག་ལེའི་སྒྲིབ་པ་དག །ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཚིག་དབང་ནི། སེམས་དུས་གསུམ་གྱི་རྟོག་པས་མ་བསླད་པ་ཆོས་ཉིད་གཉུག་མའི་ངང་དུ་མཉམ་པར་བཞག་ལ། ཧཱུྃ༔ སྟོང་གསལ་རིག་པ་ཡེ་ཤེས་སེམས༔ ཀུན་ཁྱབ་རྡོ་རྗེའི་ཁམས་ཆེན་པོ༔ རང་རིག་ཐིག་ལེ་གཉིས་མེད་པས༔ ཆོས་དབྱིངས་གནས་ལུགས་རྟོག་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ དེས་དབང་བཞི་པ་ཐོབ། ལམ་ཟུང་འཇུག་སྒོམ་པ་ལ་དབང༌། འཕོ་བའི་སྒྲིབ་པ་དག །ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་དག་གིས་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པས་རང་ཉིད་བདག་པོ་ཆེན་པོའི་གོ་འཕང་བརྙེས་ཏེ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་རྣམ་པར་འཇོམས་པའི་སྐུར་གསལ་བ་ལ་གསང་སྔགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗེ་དང་དྲིལ་བུ་གསང་བ་གསུམ་གྱི་དཀྱིལ་འཁོར་མ་ལུས་པའི་བདག་ཉིད་འདི་ལག་ཏུ་གཏད་པ་ཙམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ས་བོན་ཐེབས། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་གྱུར་པས། དབང་བསྐུར། རྒྱུད་འཆད། སློབ་མ་བསྡུ་བ་ལ་སོགས་པའི་ལས་བྱེད་པ་ལ་དབང་བར་མོས། རྡོ་རྗེ་ལག་གཡས་སུ་ཐོགས་ལ། ཧཱུྃ༔ རྡོ་རྗེ་ཡང་དག་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་ཐུགས་ཉིད་དེ༔ དེ་རིང་བུ་ལ་བྱིན་པ་ཡིས༔ ཁྱོད་ཀྱང་རྡོ་རྗེའི་ཐུགས་འགྲུབ་ཤོག༔ ཨོཾ་བཛྲ་ཧཱུྃ༔ ཞེས་སྙིང་གར་གསོར། དྲིལ་བུ་ལག་གཡོན་དུ་ཐོགས་ལ། ཧཱུྃ༔ དྲིལ་བུ་སྟོང་པའི་སྒྲ་སྒྲོག་པ༔ ཆོས་ཀུན་དེ་ཉིད་རྗེས་སུ་མཚོན༔ སངས་རྒྱས་གསུང་གིས་དབང་བསྐུར་བས༔ རྡོ་རྗེའི་གསུང་མཆོག་འགྲུབ་པར་ཤོག༔ ཨོཾ་གྷཎྜེ་ཧཱུྃ༔གིས་དཀྲོལ་ཏེ་དཀུ་གཡོན་དུ་གཏད། ཧཱུྃ༔ བདེ་ཆེན་མི་འགྱུར་རྡོ་རྗེ་སེམས༔ ཤེས་རབ་ཡུམ་དང་གཉིས་སུ་མེད༔ རྟག་ཏུ་ཕྱག་རྒྱ་དགྱེས་རོལ་བའི༔ སངས་རྒྱས་སྐུ་དང་གཉིས་མེད་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཞེས་ལག་གཉིས་པད་ཀོར་དང་འཁྱུད་རྒྱས་རྡོར་དྲིལ་ཐུགས་ཀར་བསྣོལ། མངའ་གསོལ་གྱི་ཆས་ཐོགས་ལ། ཨོཾ༔ ཁྱོད་ནི་ངེས་པར་རྡོ་རྗེ་སེམས༔ ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས༔ དོན་རྣམས་ཐམས་ཅད་སྒྲུབ་པ་དང༔ རྡོ་རྗེ་སློབ་མའི་ཚོགས་སྡུས་ཤིག༔ ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང༌། དེ་ནས་རྗེས་ཀྱི་དམ་ཚིག་ཁས་བླང་བ་ནི། གཙོ་བོས་ཇི་ལྟར་སོགས་བྱ། དེང་ནས་བརྩམས་ཏེ་སོགས་ཀྱིས་ལུས་འབུལ་དང༌། གཏང་རག་མཎྜལ་ཡང་བྱས་པས་གྲུབ་པའོ། །གཉིས་པ་གཞན་ལ་དབང་བསྐུར་གྱི་ཚེ་དེ་ལྟར་རྒྱས་པར་མི་ནུས་ན་བསྡུས་ཏེ་རིག་པའི་མེ་ཏོག་དོར་བ་ནི། གོང་གི་ནང་སྒྲུབ་སྐབས་ལྟར་བྱའོ། །གཞན་ཡང་སྒྲུབ་ཐབས་འདི་ལ་བརྟེན་པའི་ཁྲུས་ཀྱི་ཆོ་ག་བྱ་ན། སྟེགས་གཙང་མར་རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་བུམ་པ་བཀོད། གོང་གཏོར་དང་མཆོད་གཏོར་ཆ་གསུམ་དང་བཅས་པ་བཤམས་པའི་མཐའ་ཉེར་སྤྱོད་ཀྱིས་བསྐོར་ལ། བདག་མདུན་བུམ་པ་འདས་མ་འདས་ཀྱི་གཏོར་ཆོག་བུམ་ལྷ་འོད་ཞུའི་བར་སྒྲུབ་ཐབས་ལྟར་བྱ་བ་ལས་ཕན་ཡོན་བརྗོད་པ་དོར་ལ། སྦྱོང་བ་སྔོན་དུ་འགྲོ་བས་བཀྲུ་བྱབ་སྲུང་བའི་རིམ་པ་རྣམས་ཁྲུས་ཆོག་གཞན་དང་མཚུངས་པར་བྱ་ཞིང༌། གོང་གི་ཕན་ཡོན་འདིར་བརྗོད། རྗེས་སུ་ཤིས་པ་བརྗོད་པས་དགེ་ལེགས་རྒྱ་ཆེར་སྤེལ་བར་བྱའོ། །གསུམ་པ་རྗེས་ལ་ལྔ་ལས། དང་པོ་མཆོད་བསྟོད་ནི། སྔགས་ཙམ་གྱིས་མཆོད་ཅིང༌། དེ་བཞིན་གཤེགས་པ་སོགས་ཀྱིས་བསྟོད། གཉིས་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་སོགས་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། གསུམ་པ་བསྡུ་ལྡང་ནི། བདག་ཉིད་ལྷར་གསལ་བ་འོད་གསལ་གྱི་ངང་དུ་ཐིམ། སླར་ཡང་ལས་ཀྱི་ཁྲོ་བོའི་སྐུར་ལངས་ལ་སྤྱོད་ལམ་བསྐྱང་ངོ༌། །བཞི་པ་བསྔོ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་རྣམ་འཇོམས་སོགས་བརྗོད། ལྔ་པ་ཤིས་བརྗོད་ནི། རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ། །ཁྲོ་བོའི་སྐུར་བཞེངས་བདུད་བཞིའི་དཔུང༌། །རྣམ་པར་འཇོམས་མཛད་ལྷག་པའི་ལྷའི། །སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་ཚིག་གཞན་ཡང་བརྗོད་དོ། །ཆོ་ག་དང་བཟླས་པའི་རིམ་པ་དེ་ལྟ་བུས་སྔགས་གསུམ་པོ་གང་ཡང་རུང་བ་གཅིག་འབུམ་དུ་བཟླ་བ་ནི་གྲངས་བསྙེན་དང༌། ལྷ་ལ་མཐོང་རེག་གི་མཚན་མ་དང་ཡི་དམ་གྱི་རྟེན་བཞད་པ་མཐོང་བ་སོགས་ནི་རྟགས་ཀྱི་བསྙེན་པའོ། །བཞི་པ་ཡང་གསང་རིགས་བརྒྱའི་དཀྱིལ་འཁོར་ལྟར་སྒྲུབ་པ་ལ་སྔོན་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་བཅུ་བཞི་ལས། དང་པོ་སྦྱོར་བའི་ཆོས་ནི། གནས་ཁང་རྒྱན་གྱིས་སྤྲས་པའི་གུང་དུ་དཀྱིལ་འཁོར་གཞུང་གསལ་ལྟར་རམ་ཚོམ་བུ་ལྷ་གྲངས་བཀོད་པ་དང༌། སྨན་རཀ་གཏོར་མ་ཉེར་སྤྱོད་ཀྱི་མཆོད་པ་དང་ཚོགས་ཆད་བརྟན་སྲུང་མའི་གཏོར་མ་དཀར་བགེགས་བཅས་འདུ་བྱས་ལ། བདག་འཇུག་དང་སྦྲེལ་ན་དེའི་ཡོ་བྱད་ཐམས་ཅད་བསགས་ཤིང༌། རང་ཉིད་བདེ་བའི་སྟན་ལ་འཁོད་ནས་ངེས་འབྱུང་དང་སྙིང་རྗེའི་བློ་དང་བཅས་པས། གཉིས་པ་བསང་ཆུ་སྒྲུབ་པ་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཁྲོ་བོའི་ཆས་ཅན་རྡོ་རྗེ་དང་དུང་ཁྲག་འཛིན་པའི་སྐུར་གྱུར་པར་བསམ་ལ། དེའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརཡ་མཎྜ་ལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ཎ་ཕཊ྄། སཾ་ཧ་ར་ཎ་ཧཱུྃ༔ འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄། ཁྲོ་མོ་དབྱིངས་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང༌། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས། ཁྲོ་མོ་དབྱིངས་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ་ཕཊ྄། ཞེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསངས་གཏོར་བྱ་ཞིང༌། ཐོག་མཐའ་ཀུན་ཏུ་བསངས་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གསུམ་པ་དཀར་ཕྱོགས་ལ་གཏོར་མ་བསྔོ་བ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་སྤྱན་དྲངས། སྠ་ན་ལོ་ཀ་པཱ་ལཉྩ་ན་མཿསརྦ་སོགས། གྷྲྀ་ཧྣ་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་ཕུལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ། ཞེས་བརྗོད་ཅིང་གཏོར་མ་དང་གསེར་སྐྱེམས་ཕྱི་རོལ་དུ་ཕུལ། བཞི་པ་སྐྱབས་སུ་འགྲོ་བ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་བསྐུལ་ཏེ་བླ་མ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ནས་ཡིད་ཆེས་དང་དད་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་བར་གྱུར། ན་མོ༔ བདེ་ཆེན་འོད་གསལ་བྱང་ཆུབ་སེམས༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ བླ་མ་རྡོ་རྗེ་སེམས་དཔའ་ནི༔ རང་གིས་རིག་པས་སྐྱབས་སུ་མཆི༔ ལན་གསུམ། ལྔ་པ་སེམས་བསྐྱེད་པ་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་ཟུང་འཇུག་བདེ་བ་ཆེན་པོ་བླ་མ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་གོ་འཕང་ལ་དགོད་པར་བྱ་དེའི་ཆེད་དུ་རྡོ་རྗེའི་རྣལ་འབྱོར་ཟབ་མོའི་ཏིང་འཛིན་ལ་འཇུག་པར་བགྱིའོ་སྙམ་པས། ཧོཿ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་སྐུ་དང་ཞིང༔ མ་རྟོགས་སྲིད་ལས་བསྒྲལ་བའི་ཕྱིར༔ གནས་ལུགས་རྡོ་རྗེའི་སེམས་མཆོག་བསྐྱེད༔ ལན་གསུམ། དྲུག་པ་ཚོགས་བསགས་ཡན་ལག་བདུན་པ་ནི། ཧོཿ ཆོས་དབྱིངས་དང་མཉམ་རྩ་གསུམ་ལྷ༔ མངོན་སུམ་རིག་པས་ཕྱག་འཚལ་ལོ༔ སྣང་སྲིད་ཀུན་བཟང་རོལ་པས་མཆོད༔ བློས་བྱས་ཡིད་དཔྱོད་སྡིག་ལྟུང་བཤགས༔ ཟག་མེད་ཆོས་ལ་རྗེས་ཡི་རང༔ ཟབ་རྒྱས་ངེས་དོན་ཆོས་འཁོར་བསྐོར༔ མྱ་ངན་མི་འདར་རྟག་བཞུགས་གསོལ༔ བྱང་ཆུབ་ཆེན་པོའི་དབྱིངས་སུ་བསྔོ༔ བདེ་ཆེན་རྡོ་རྗེ་སེམས་འགྲུབ་ཤོག༔ ལན་གསུམ། བདུན་པ་བགེགས་ལ་བཀའ་བསྒོ་བ་ནི། བགེགས་གཏོར་ཆབ་ཀྱིས་བྲན་ལ། རྃ་ཡྃ་ཁྃ། ཡིད་མཐུན་སྣོད་དུ་གཏོར་མ་ནི། །ཁཾ་ལས་འདོད་ཡོན་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿཞེས་ལྕགས་ཀྱུའི་ཕྱག་རྒྱས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ནས། གྷྲྀ་ཧྣ་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་བསྔོས་ལ། བཀའ་བསྒོ་བ་དངོས་ནི། ཧཱུྃ༔ ང་ནི་རང་བྱུང་ཧེ་རུ་ཀ༔ བཛྲ་ཀྲོ་དྷ་དཔལ་ཆེན་པོ༔ བཀའ་ལས་འདའ་ནུས་སུ་ཡང་མེད༔ འདི་རུ་རྡོ་རྗེའི་དཀྱིལ་འཁོར་སྒྲུབ༔ ཁྱེད་རྣམས་བལྟ་ཉན་མི་དབང་བས༔ སྐྱེ་མེད་དབྱིངས་ཀྱི་ཀློང་དུ་དེངས༔ བསྒོ་བའི་བཀའ་ལས་འདས་གྱུར་ན༔ ཡེ་ཤེས་རྡོ་རྗེ་འབར་བ་ཡིས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ ཧཱུྃ་ཧཱུྃ་ཧཱུྃ༔ བིགྷྣཱན་ཨུཥཙ་ཊ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་གྱིས་གཟིར་ལ་གུ་གུལ་བདུག་གོ །བརྒྱད་པ་སྲུང་འཁོར་ནི། ཧཱུྃ༔ སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ གཞོམ་མེད་རྡོ་རྗེའི་སྲུང་བའི་གུར༔ འབར་བའི་ཁྲོ་རྒྱལ་དཀྱིལ་འཁོར་བཅས༔ དབྱིངས་ལས་བྱུང་ཞིང་ལྷུན་གྱིས་གྲུབ༔ ཆོས་ཉིད་བདེ་བ་ཆེན་པོའི་ཀློང༔ ནམ་ཡང་འདུ་འབྲལ་མེད་པར་བཞུགས༔ ཨོཾ་ཛྙཱ་ན་བཛྲ་རཀྵ་ཧཱུྃ་བྷྲཱུྃ༔ དགུ་པ་བརྡ་སྒོ་དབྱེ་བ་ནི། ཧོཿ སྣང་སྲིད་རྣམ་དག་རྡོ་རྗེ་སེམས༔ བདེ་ཆེན་རང་སྣང་ཞིང་ཁམས་ཆེར༔ དག་པ་ཚད་མེད་ཐུགས་རྗེའི་སྒོ༔ ཡེ་ཤེས་ཕྱག་རྒྱ་བཞིས་དབྱེའོ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ྄༔ བཅུ་པ་བརྡ་ཕྱག་ནི། ཧཱུྃ༔ རང་བྱུང་གསང་བའི་ཡེ་ཤེས་དབྱིངས༔ ཡེ་ནས་རྣམ་དག་དཀྱིལ་འཁོར་ལྷ༔ རང་སྣང་ཙམ་དུ་ཤེས་པའི་བློས༔ གཉིས་སུ་མེད་པའི་ངོ་བོར་འདུད༔ ན་མོ་ན་མ་མི༔ བཅུ་གཅིག་པ་བཤགས་པ་ནི། ཡེ་ཤེས་སྐུ་མཆོག་སྔོན་དུ་འགྲོ་བས། ཧོཿ གདོད་མའི་ཡེ་ཤེས་འཁོར་ལོ་ཆེ༔ མངོན་དུ་མ་གྱུར་སྒོ་གསུམ་གྱིས༔ འགལ་འཁྲུལ་ཉེས་པར་སྤྱོད་པའི་ནོངས༔ དངོས་གྲུབ་སྒྲིབ་པའི་རྒྱུ་ཀུན་བཤགས༔ དག་ཚངས་ཆེན་པོར་སོར་ཆུད་ནས༔ སྒྲིབ་མེད་ཚངས་པའི་ཞལ་སྟོན་ཅིག༔ ས་མ་ཡ་ཤུདྡྷེ་ཨཱཿ ཡིག་བརྒྱ་བརྗོད། བཅུ་གཉིས་པ་དམ་བཅའ་བ་ནི། རྡོ་རྗེ་རྩེ་གཅིག་པའི་རྒྱ་བཅས། ཧཱུྃ༔ བླ་མེད་བྱང་ཆུབ་རྡོ་རྗེའི་སེམས༔ དཀྱིལ་འཁོར་བདག་པོ་རང་ལ་བཞུགས༔ རང་ངོ་ཤེས་པ་སྙིང་པོའི་བར༔ སྲོག་ཕྱིར་བསྒྲུབ་པར་དམ་བཅའོ༔ ས་མ་ཡ་སྟྭྃ༔ བཅུ་གསུམ་པ་བྱིན་དབབ་པ་ནི། སྤོས་རོལ་དང་དར་སྣ་གཡབ་ཅིང་གཟི་བྱིན་བསྐྱེད་ལ། ཨོཾ་ཨཱཿཧཱུྃ༔ ཨ་ལ་ལ་ཧོཿ བྷ་ག་ཝན༔ ས་མ་ཡ་ཧོཿ ས་མ་ཡ་སྟྭྃ༔ ཆོས་དབྱིངས་དང་མཉམ་སངས་རྒྱས་ཀུན༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བར་བཞེངས༔ བདེ་ཆེན་འཁོར་ལོ་བསམ་ཡས་པ༔ ནམ་མཁའ་མཉམ་པའི་སྤྲོ་བསྡུ་ཡིས༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ༔ ཁྱད་པར་བསྟན་པའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དབང་མཆོག་བསྐུར་བའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ བྱིན་གྱིས་བརླབ་པའི་དུས་ལ་བབ༔ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས༔ དབང་ཆེན་དབང་བསྐུར་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས༔ བདག་ཅག་ལས་འབྲས་མཆིས་པར་མཛོད༔ ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛྙཱ་ན་མཎྜ་ལ་ཨ་བེ་ཤ་ཡ་ཨ་ཨཿ ཧྲཱིཾ་ཧྲཱིཾ༔ ཕཻཾ་ཕཻཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ས་མ་ཡ་ཧོཿ བཅུ་བཞི་པ་མཆོད་པ་བྱིན་རླབས་ནི་མཆོད་རྫས་བསངས་གཏོར་བྱས་ལ། ཕྱི་མཆོད་ནི། ཨོཾ་ཨཱཿཧཱུྃ༔ སྣང་སྲིད་རྣམ་དག་འོག་མིན་ཞིང༔ བཀོད་པ་ཚད་མེད་ཡོན་ཏན་རྫོགས༔ རྫས་རྣམས་ཀུན་བཟང་མཆོད་པའི་སྤྲིན༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་གྱུར༔ ཨོཾ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ནས། ཤབྡའི་བར་དང༌། ནང་མཆོད་ནི། ཧཱུྃ་ཧྲཱིཿ དབྱིངས་ཀྱི་ངོ་བོ་ཀ་པཱ་ལར༔ རིག་པ་བླ་མེད་དམ་ཚིག་རྫས༔ སྨན་གཏོར་རཀྟའི་ཚོགས་ཆེན་པོ༔ མཆོག་གི་མཆོད་པ་བསམ་ཡས་ཤར༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིངྟ་ཨཱཿཧཱུྃ༔ ཨོཾ་རཀྟ་རཱ་ག་ཨཱཿཧཱུྃ༔ ཨོཾ་མ་ཧཱ་སུ་ཁ་ཨཱཿཧཱུྃ༔ སྔགས་རྣམས་ལན་གསུམ་རེ་བརྗོད། གཉིས་པ་དངོས་གཞི་ལ། རྟེན་གྱི་དཀྱིལ་འཁོར་སྒྲུབ་པ་དང༌། བདག་ཉིད་འཇུག་པའི་ཆོ་ག་བྱ་བའོ། ། | ༄༅། །དངོས་ཀུན་བདེ་ཆེན་དག་པའི་ཡེ་ཤེས་མདངས། །སྒྱུ་འཕྲུལ་དྲྭ་བའི་རོལ་པ་བསམ་ཡས་ཀྱིས། །གྲུབ་གཉིས་བདེ་བླག་སྟེར་མཛད་རིགས་ཀུན་བདག །བླ་མ་རྡོ་རྗེ་སེམས་དཔས་དགེ་ལེགས་སྩོལ། །རྡོ་རྗེའི་གསང་གསུམ་རྣམ་རོལ་རིམ་གཉིས་ཀྱི། །རིག་འཛིན་གྲུབ་མཐའ་སྙོགས་ལ་མི་བསླུ་བ། །རྒྱུད་ལུང་བཀའ་གཏེར་མན་ངག་དགོངས་པ་བཞིན། །འཇུག་བདེའི་ཕྲིན་ལས་སྐལ་བཟང་བཙས་སུ་དབྱེ། །འདི་ལ་བཞི། ཕྱི་བསགས་སྦྱོང་སྙིང་པོར་བྱེད་པའི་སྒྲུབ་པ། ནང་རིགས་གསུམ་ཞི་ཁྲོ་གཅིག་དྲིལ་དུ་སྒྲུབ་པ། གསང་བ་རྡོ་རྗེ་རྣམ་འཇོམས་ལྟར་སྒྲུབ་པ། ཡང་གསང་རིགས་བརྒྱའི་དཀྱིལ་འཁོར་ལྟར་སྒྲུབ་པའོ། །དང་པོ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོ་སྦྱོར་བའི་ཆོས་ལའང་བཞི་ལས་དང་པོ་ཡོ་བྱད་བཤམ་པ་ནི། གཙང་མའི་གནས་ཁང་བྱི་དོར་བྱས་ཤིང་རྒྱན་བཀོད་མཛེས་པར་བསྟར་བའི་གུང་དུ་གཞུང་མཐུན་གྱི་སྐུ་རྟེན་བཀྲམ་པའི་སྤྱན་སྔར་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་དམ། མཎྜལ་སྟེང་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པ། མཐའ་བསྐོར་དུ་ཉེར་སྤྱོད་བདུན་གྱི་མཆོད་པས་གཡས་སུ་མཛེས་པར་བསྐོར། མཆོད་པའི་མཎྜལ་དྲི་བཟང་གིས་སྦགས་པའི་འབྲུ་སྨན་དང་རིན་པོ་ཆེ་སྣ་ལྔ་བཅས་འདུ་བྱས་ལ། སྒྲུབ་པ་པོ་རྣམས་ཁྲུས་དང་གཙང་སྦྲ་ལ་གནས་པས་བདེ་བའི་སྟན་ལ་འཁོད་དེ། ངེས་འབྱུང་དང་སྙིང་རྗེ་གཞན་ཕན་གྱི་བསམ་པའི་ཀུན་སློང་དང་བཅས་པས། གཉིས་པ་སྐྱབས་སུ་འགྲོ་བ་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་བཏང་ནས། མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་སེམས་དཔའ་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་བཛྲ་ས་མཱ་ཛཿས་ཚོགས་ཞིང་གསལ་གདབ་སྟེ། ན་མོ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ ཁྱབ་བདག་རྡོ་རྗེ་སེམས་དཔའ་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། གསུམ་པ་སེམས་བསྐྱེད་པ་ནི། བླ་མ་རྡོ་རྗེ་སེམས་དཔའ་ཡིས༔ བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར༔ བདག་གིས་འགྲོ་ལ་ཕན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། བཛྲ་མུཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ་མོ། །བཞི་པ་མཆོད་རྫས་བྱིན་གྱིས་རློབ་པ་ནི། སངས་རྒྱས་བྱང་སེམས་བྱིན་རླབས་དང༌། །བདག་གི་བསོད་ནམས་སྨོན་ལམ་སྟོབས། །རིག་སྔགས་མཐུ་ཡིས་མཆོད་རྫས་རྣམས། །ཀུན་བཟང་སྤྱོད་ལས་མངོན་མཐོ་བའི། །མཆོད་སྤྲིན་རྒྱ་ཆེན་འཕྲོ་གྱུར་ཅིག །ན་མཿསརྦ་བུདྡྷ་བོ་དྷི་སཏྭ་བྷྱཿ སརྦ་ཐཱ་ཁྃ་ཨུདྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ལན་བརྒྱད་བརྗོད། གཉིས་པ་དངོས་གཞི་ལ་བཞི་ལས་དང་པོ་ཚོགས་རྟེན་གསལ་གདབ་པ་ནི། ཨ༔ བདག་གི་ཚངས་པའི་གནས་ཉིད་དུ༔ པད་དཀར་ཟླ་བ་རྒྱས་པའི་སྟེང༔ ཧཱུྃ་ཡིག་ཆུ་ཤེལ་ལྟར་འཚེར་བའི༔ འོད་ཀྱིས་སྤྲོ་བསྡུས་དོན་གཉིས་བྱས༔ ཡོངས་གྱུར་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་ཟླ་བ་རྒྱས་པའི་མདོག༔ མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར༔ ཞི་འཛུམ་ཚུལ་དགུས་སྒེག་པའི་སྐུ༔ རིན་ཆེན་དར་གྱི་རྒྱན་ཆས་མཛེས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ སེམས་དཔའི་སྐྱིལ་ཀྲུང་འོད་ཟེར་འབར༔ རྒྱལ་ཀུན་སྤྲོ་དང་བསྡུ་བ་ཡི༔ བདག་པོ་མཆོག་ཏུ་ཡང་དག་བཞུགས༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ རྡོ་རྗེའི་གསང་བ་ཡོངས་རྫོགས་པའི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་འོད་ཀྱིས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་ཐིམ། །གཉིས་པ་དྲངས་བསྟིམ་དབང་བསྐུར་བ་ནི། ཨོཾ། ཡོད་མེད་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས། །ནམ་མཁའ་བཞིན་དུ་དམ་ཚིག་ཉེ་བར་གནས། །བདེ་མཆོག་བདེ་བར་གཤེགས་པ་དགོངས་སུ་གསོལ། །རྡོ་རྗེ་སེམས་དཔའ་སྐལ་བཟང་དཔལ་ཁྱོད་བདག །ཛཿཧཱུྃ་བཾ་ཧོཿ ཞེས་རྡོ་རྗེའི་གླུས་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས། ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བྃ། ཨོཾ་བཛྲ་གཎྜེ་ཧོཿ ཞེས་ཕྱག་རྒྱ་བཞིས་དམ་ཚིག་སེམས་དཔའ་ལ་དབྱེར་མེད་དུ་བསྟིམ། སླར་ཡང་དབང་ལྷ་སྤྱན་དྲངས་ནས༔ ཡེ་ཤེས་བདུད་རྩིའི་དབང་བསྐུར་བས༔ རིགས་བདག་མི་བསྐྱོད་གཙོར་གྱུར་པའི༔ བདེ་གཤེགས་རིགས་ལྔས་དབུ་བརྒྱན་གྱུར༔ གསུམ་པ་བསགས་སྦྱོང་གི་སྙིང་པོ་ཡན་ལག་བདུན་འབུལ་བ་ནི། རྒྱས་པར་འདོད་ན་རྡོར་སེམས་བླ་མཆོད་ལྟར་སྦྱར་ཡང་རུང་མོད། སྤྲོས་པ་འཚམས་པའི་ཕྱིར། ཧོཿ དགོངས་ཀློང་དབྱེར་མེད་བརྡ་ཡིས་མཚོན༔ སྙན་བརྒྱུད་བདུད་རྩིས་སྐལ་ལྡན་སྐྱོང༔ བྱིན་རླབས་ཐུགས་རྗེའི་བདག་ཉིད་ཆེ༔ རྩ་བརྒྱུད་བླ་མ་ལ་ཕྱག་འཚལ༔ ཆོས་སྐུའི་ངང་ལས་ལོངས་སྤྱོད་རྫོགས༔ སྤྲུལ་པའི་སྒྱུ་འཕྲུལ་ཅིར་ཡང་སྟོན༔ དངོས་གྲུབ་རྣམ་གཉིས་ཆར་བཞིན་འབེབས༔ ཡི་དམ་ཞི་ཁྲོ་ལ་ཕྱག་འཚལ༔ ལྷན་སྐྱེས་ངང་ལས་མ་གཡོས་བཞིན༔ ཞིང་སྔགས་ཌཱ་ཀིའི་སྤྲིན་ཕུང་འཕྲོ༔ མཆོག་ཐུན་ཕྲིན་ལས་གློག་ལྟར་འཁྱུགས༔ གནས་གསུམ་མཁའ་འགྲོ་ལ་ཕྱག་འཚལ༔ རིག་འཛིན་བླ་མའི་བཀའ་བཞིན་དུ༔ རྣལ་འབྱོར་སྒྲུབ་མཆོག་བུ་བཞིན་སྐྱོང༔ ལེགས་ཉེས་སྟངས་འཛིན་བར་ཆད་སེལ༔ ཆོས་སྲུང་གཏེར་བདག་ལ་ཕྱག་འཚལ༔ ཕྱག་བྱར་འོས་པ་ཐམས་ཅད་ལ༔ སྒོ་གསུམ་གུས་པས་དད་ཕྱག་འཚལ༔ ཉམས་ཆག་སྡིག་སྒྲིབ་ཞི་བ་དང༔ ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་པྲ་ཎ་མེ་ན་བནྡྷ་ནཾ་ཀ་རོ་མི༔ སྤྲོ་ན་མཎྜལ་ཚོམ་བུ་སོ་བདུན་མ་འབུལ་ཞིང༌། ཨོཾ་ཨཱ་ཧཱུྃ༔ ཆོས་དབྱིངས་རང་བྱུང་དག་པའི་ཞིང༔ ཀུན་བཟང་རིགས་ལྔ་སྒྱུ་འཕྲུལ་རྒྱན༔ གང་འདུལ་སྤྲུལ་པའི་བཀོད་པ་ཅན༔ བླ་མ་རྡོ་རྗེ་སེམས་དཔར་འབུལ༔ ཨོཾ་རཏྣ་མཎྜལ་ལ་པཱུ་ཛ་ས་མ་ཡ་ཧོ༔ ཞེས་འབུལ། ཨོཾ༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ རབ་འབྱམས་ཞིང་གི་མཆོད་པའི་སྤྲིན། །བླ་མ་རྡོ་རྗེ་སེམས་དཔར་འབུལ༔ དགྱེས་བཞེས་དམ་སྐོང་དངོས་གྲུབ་སྩོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། གཞན་ཡང༌། ཨོཾ། རབ་འབྱམས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི། །འདོད་པའི་ཡོན་ཏན་དྲུག་ལྡན་མཆོད་པའི་སྤྲིན༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །རིན་ཆེན་སྣ་བདུན་ཉེ་བའི་རིན་ཆེན་བདུན། །སྒྲུབ་རྫས་སྣ་ཚོགས་བདུད་རྩི་སྨན་མཆོག་དང༌། །བསྟོད་དབྱངས་རོལ་མོ་ལྷ་རྫས་ཁྲུས་རྒྱན་དང༌། །རྡོ་རྗེ་ལྷ་མོ་བཅུ་དྲུག་ལ་སོགས་པ། །བདག་གཞན་ལུས་དང་ལོངས་སྤྱོད་རྒྱུར་བྱས་པའི། །འཇིག་རྟེན་འཇིག་རྟེན་འདས་པའི་མཆོད་པའི་སྤྲིན། །དངོས་འབྱོར་ཡིད་སྤྲུལ་ཟག་མེད་མཆོད་པ་བཅས། །མ་ལུས་ལུས་མེད་ཀུན་བཟང་བདེ་ཆེན་གཏེར། །རྡོ་རྗེ་སེམས་དཔའ་འཁོར་དང་བཅས་ལ་འབུལ། །ཨོཾ་མ་ཧཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། བཤགས་པ་སོགས་ཡན་ལག་ལྷག་མ་རྣམས་ནི། རྒྱས་པར་སྤྲོ་ན་སྤྱི་བཤགས་བླ་མ་རྡོར་འཛིན་ཀྱང་བཏང༌། དཀྱུས་སུ། གང་ཞིག་ཐོག་མེད་སྲིད་པའི་ཆུ་ཀླུང་དུ། །མ་ལུས་ཀུན་རྟོག་གིས་བསགས་རྙོག་པ་རྣམས། །ཐུགས་རྗེ་ཆེ་ལྡན་སྤྱན་སྔར་དེ་དག་ནི། །ཆོ་ག་བཞིན་དུ་ཐམས་ཅད་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང༌། །འཕགས་པ་གཞན་གྱིས་དགེ་བ་གང་མཛད་པ། །མ་ལུས་འགྲོ་བའི་བསོད་ནམས་རྒྱ་མཚོའི་ཚོགས། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ༌། །མོས་དང་བསམ་པ་ཇི་བཞིན་ཟབ་པ་དང༌། །རྒྱ་ཆེའི་ཆོས་འཁོར་ཆད་པ་མེད་པར་བསྐུལ། །སྤྲུལ་པ་འགྲོ་ལ་སྨན་སླད་རྟག་བཞུགས་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་གྱི་ཡན་ལག་བདུན་གྱི་བསགས་སྦྱོང་རྣམས་ལན་གསུམ་སོགས་ཇི་ལྟར་རིགས་པ་བྱ། བཞི་པ་ཛཔ་བསྐུལ་དང་དམིགས་བཟླས་བཤགས་པ་རྣམས་ནི། ཨོཾ། བདེ་བ་ཆེན་པོ་རིགས་ཀུན་བདག །བླ་མ་རྡོར་སེམས་ཧེ་རུ་ཀཿ རེ་ལྟོས་ཁྱེད་ལས་གཞན་མེད་པས༔ སྡིག་ལྡན་བདག་ལ་རྗེས་སུ་དགོངས༔ འཇིགས་རུང་སྲིད་པའི་སྡུག་བསྔལ་དང༔ ཉོན་མོངས་མ་ལུས་སྦྱོང་དུ་གསོལ༔ ཁྱེད་ནི་བདེ་ཆེན་ཡེ་ཤེས་བརྙེས༔ སྟོབས་བཅུའི་ཕྲིན་ལས་བསམ་མི་ཁྱབ༔ འགྲོ་བའི་མགོན་པོ་ཉིད་ལགས་ན༔ མ་གཡེལ་ཐུགས་རྗེ་ཆེན་པོས་སྐྱོངས༔ ཞེས་མོས་གུས་དྲག་པོས་ཐུགས་རྒྱུད་བསྐུལ་ཏེ། བཟླས་པས་ཐུགས་དམ་རྒྱུད་བསྐུལ་བས༔ ས་བོན་སྔགས་ཀྱི་ཕྲེང་བ་ལས༔ བདུད་རྩི་འོ་རྒྱུན་ལྟ་བུར་བབ༔ ཞབས་ཀྱི་མཐེ་བོང་ལས་ཐོན་ནས༔ པདྨ་ལས་བྱུང་སྤྱི་བོར་ཞུགས༔ ལུས་གང་ནད་གདོན་སྡིག་སྒྲིབ་དང༔ སྡུག་བསྔལ་དྲུག་གི་ཚོགས་ཐམས་ཅད༔ མི་གཙང་རྣམ་པར་བྱུང་ནས་ནི༔ ལྷག་མེད་བྱང་སྟེ་ལུས་ཀྱི་ནང༔ ཡེ་ཤེས་བདུད་རྩིས་གང་བའི་མཐུས༔ དབང་དང་བྱིན་རླབས་ཐོབ་པར་བསམ༔ ཞེས་པའི་དམིགས་པ་དང་བཅས། ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས་ནས། སཏྭ་ཨཱཿ ཞེས་གསང་སྔགས་ཡི་གེ་བརྒྱ་པ་རྩེ་གཅིག་ཏུ་བཟླ། ཐུན་མཐར་སྤྲོ་ན་རུ་ཏྲའི་སྨྲེ་བཤགས་སྔོན་དུ་འགྲོ་བས། ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདག་ལ་རེ་ས་ཁྱེད་ལས་མེད༔ ཐུགས་རྗེའི་སྤྱན་གྱིས་གཟིགས་མཛོད་ལ༔ ཉམས་ཆག་སྡིག་ལྟུང་སྦྱོང་མཛད་གསོལ༔ བདག་ཅག་ཉོན་མོངས་གཞན་དབང་དང༔ མི་ཤེས་བག་མེད་མ་གུས་པས༔ རང་བཞིན་ཁ་ན་མ་ཐོ་དང༔ བཅས་པའི་བསླབ་ལས་འགལ་བ་གང༔ དག་ཅིང་ཚངས་པར་བསྩལ་དུ་གསོལ༔ ཁྱད་པར་རྡོ་རྗེ་ཐེག་པ་ཡི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ མེད་ཕྱལ་གཅིག་པུ་ལྷུན་གྲུབ་སོགས༔ རང་བཞིན་ལྟ་བའི་དམ་ཚིག་ལས༔ ཉམས་འགལ་རལ་བར་གྱུར་པ་ཀུན༔ སྙིང་ནས་འགྱོད་པས་མཐོལ་བཤགས་ན༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩོལ༔ ཉིད་དང་དབྱེར་མེད་བྱིན་རློབས་ཤིག༔ སྙིང་ནས་གདུང་བས་གསོལ་བཏབ་པས༔ བླ་མ་རྡོ་རྗེ་སེམས་དཔའ་ཡིས༔ སྡིག་ལྟུང་དག་པའི་གནང་བ་བསྩལ༔ དགྱེས་པས་འོད་ཞུ་རང་ལ་ཐིམ༔ རང་ཡང་ཀུན་གཞི་མ་བཅོས་པའི༔ ངང་ལ་ཡིད་ནི་འཛིན་པ་བྲལ༔ རྣམ་དག་སྤྲོས་བྲལ་ཆོས་ཀྱི་སྐུ༔ ཆོས་ཀྱི་སྐུ་ལ་གཉིས་སུ་མེད༔ ཡེ་སྲུང་ཐིག་ལེ་ཉག་གཅིག་ངང༔ སྤང་བླང་ལས་འདས་ཕྱལ་བ་ཆེ༔ རང་ཤར་རང་གྲོལ་ལྷུན་གྱིས་གྲུབ༔ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་གྲོལ༔ མ་བཅོས་རྫོགས་པ་ཆེན་པོ་འོ༔ ཨ་ཨ་ཨཿ གསུམ་པ་རྗེས་ཀྱི་ལས་རིམ་ལས་བསྔོ་བ་ནི། བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་བསྒྲུབས་པའི་དགེ་བ་དང༌། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས། །བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །སྨོན་ལམ་ནི། ཉམས་ཆག་རྟོག་སྒྲིབ་མ་སྤངས་གནས་སུ་དག །ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐང༌། །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག །བཀྲ་ཤིས་ནི། འགྱུར་བ་མེད་པ་རང་གི་གཤིས༔ རྟག་ཅིང་བརྟན་པ་རྡོ་རྗེའི་གནས༔ རང་རིག་ཡེ་ཤེས་དབྱེར་མེད་པར༔ མངོན་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་བརྗོད་ཇི་ལྟར་རིགས་པ་བྱའོ།། །། ༈ གཉིས་པ་ནང་སྒྲུབ་རིགས་གསུམ་ཞི་ཁྲོ་གཅིག་དྲིལ་དུ་སྒྲུབ་པའི་ཚུལ་ལ། སྦྱོར་བ་དང་ཆོ་ག་དངོས་གཉིས་ལ། དང་པོ་ནི། བསམ་གཏན་དང་རྗེས་སུ་མཐུན་པའི་གནས་ཁང་བྱི་དོར་དང་རྒྱན་བཀོད་ཀྱིས་མཛེས་པར་སྤྲས་པའི་གུང་དུ་སྐུ་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུ་ལ་དཀྱིལ་འཁོར་གཞུང་མཐུན་ནམ། ཚོམ་བུ་བྱེད་ན། དང་པོ་ལྔ་བཀོད་པའི་དབུས་དང་ཤར་གྱི་ཚོམ་བུའི་བར་དུ་ཆུང་བ་གཅིག་བཅས་དྲུག་དང༌། དེ་རྒྱབ་བརྒྱད། དེ་རྒྱབ་བཞི་བཀོད་པར་ཉེར་སྤྱོད་ཀྱིས་བསྐོར། མདུན་དུ་གཏོར་མ་དཀར་ཟླུམ་བཤམས། གཞན་ཡང་སྔོན་འགྲོའི་གཏོར་མ་སོགས་འདུ་བྱ་ཞིང་བདག་འཇུག་བྱ་ན་དེ་ལ་དགོས་པའི་ཡོ་བྱད་རྣམས་ཀྱང་ལེགས་པར་བཤམས་ལ། གཉིས་པ་ཆོ་གའི་རིམ་པ་དངོས་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི། དང་པོ་ལ་དྲུག་ལས། དང་པོ་སྐྱབས་སུ་འགྲོ་བ་ནི། བརྒྱུད་པའི་གསོལ་འདེབས་སྔོན་དུ་བཏང་ནས། ན་མོ༔ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། རྒྱལ་བ་སྲས་དང་བཅས་རྣམས་ཀྱིས༔ བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར༔ བདག་གིས་འགྲོ་ལ་ཕན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། གསུམ་པ་ཚོགས་བསགས་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བྱ། བཞི་པ་བགེགས་བསྐྲད་པ་ནི། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་འདིར༔ གཉིས་འཛིན་ལོག་པར་འདྲེན་པའི་བདུད༔ ཧེ་རུ་ཀཿདཔལ་བཀའ་བྱུང་བས༔ བརླག་པར་འགྱུར་གྱིས་གཞན་དུ་སོང༔ སུམྦྷ་ནིའི་དྲག་སྔགས་དང༌། ཡུངས་ཐུན་རོལ་མོར་བཅས་པས་བགེགས་བསྐྲད། ལྔ་པ་མཚམས་གཅད་པ་ནི། ཧཱུྃ༔ ཀུན་ཀྱང་རྡོ་རྗེའི་རང་བཞིན་ལ༔ ཡེ་ཤེས་མེ་ཕུང་ཀུན་ཏུ་འབར༔ སྣང་སྲིད་སྐུ་གསུང་ཐུགས་ཀྱི་ངང༔ གཉིས་མེད་ཡེ་ཤེས་ལྷུན་གྱིས་གྲུབ༔ བཛྲ་རཀྵ་རཀྵ་བྷྲཱུྃ༔ དྲུག་པ་མཆོད་པ་བྱིན་རླབས་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །རིན་ཆེན་སྣོད་མཆོག་རྒྱ་ཆེའི་ནང༌། །ཨོཾ་ལས་བྱུང་བའི་མཆོད་པའི་རྫས། །དྭངས་ཤིང་ཐོགས་མེད་ཀུན་བཟང་གི །རྣམ་ཐར་ལས་ལྷག་མཆོད་སྤྲིན་གྱུར། །ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝཱརྟ་ཡ་ཨཱ་ཝཱརྟ་ཡ་ཧོཿ ཨོཾ་བཛྲ་སྥ་ར་ཎ་ཁཾ། ཨོཾ་བཛྲ་ཨརྒྷཾ་ཨཱ་ཧཱུྃ། སོགས་ནས། ཤབྡའི་བར་བརྗོད་པས་མཆོད་པའི་སྤྲིན་རབ་འབྱམས་སུ་སྤེལ་ལོ། །གཉིས་པ་དངོས་གཞི་ལ། རྟེན་དང་བརྟེན་པའི་དཀྱིལ་འཁོར་སྒྲུབ་པ་དང༌། བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བའོ། །དང་པོ་ལ་བདུན་ལས། དང་པོ་བདག་མདུན་དམ་ཚིག་གི་ལྷ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་སོགས་བརྗོད་པས། དངོས་འཛིན་མ་དག་ཀུན་སྦྱངས་པའི༔ སྟོང་པའི་ངང་ལས་རྟེན་འབྱུང་རྩལ༔ སྣོད་བཅུད་དག་པའི་ཡེ་ཤེས་ཆེ༔ བལྟ་ན་སྡུག་གི་ཞིང་ཁམས་ནི༔ བཀོད་པ་ཚད་མེད་མངོན་པར་དགའ༔ དབུས་སུ་རིན་ཆེན་ཕོ་བྲང་གི༔ རྒྱན་བཀོད་ཚད་ལས་འདས་པའི་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་ལྟེར༔ ངོ་མཚར་སེང་གེའི་ཁྲི་གནས་པར༔ པདྨ་ཟླ་བའི་དཀྱིལ་འཁོར་སྟེང༔ ས་བོན་ཧཱུྃ་མཐིང་སྤྲོ་བསྡུ་ལས༔ རྒྱལ་ཀུན་གསང་གསུམ་བྱིན་རླབས་བསྡུས༔ ཡོངས་གྱུར་བཅོམ་ལྡན་རྡོ་རྗེ་སེམས༔ མཐིང་ག་ཨིནྡྲ་ནཱི་ལའི་མདོག༔ ཞི་འཛུམ་མཚན་དཔེའི་གཟི་བྱིན་འབར༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ༔ གསོར་བའི་ཚུལ་གྱིས་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ འོད་ཟེར་དཔག་ཡས་དབུས་ན་འགྱིང༔ གཡོན་ཕྱོགས་རྡོ་རྗེ་དབྱིངས་ཕྱུག་མ༔ ཞི་འཛུམ་ཆགས་པས་ཡབ་ལ་གཟིགས༔ རྡོ་རྗེ་དྲིལ་འཛིན་འགྱིང་སྟབས་བཞུགས༔ ཤར་དུ་བདེ་གཤེགས་སེམས་དཔའ་ནི༔ དཀར་གསལ་འཁོར་ལོ་དྲིལ་བུ་འཛིན༔ ལྷོ་རུ་འཇིགས་མཛད་གཤིན་རྗེ་གཤེད༔ སེར་ནག་བེ་ཅོན་ཐོད་ཁྲག་འཛིན༔ ནུབ་ཏུ་པདྨ་སེམས་དཔའ་ནི༔ དམར་གསལ་པདྨ་དྲིལ་བུ་བསྣམས༔ བྱང་དུ་པདྨ་རྟ་ཡི་རྒྱལ༔ པདྨ་ཞགས་འཛིན་ཁྲོ་ཆས་རྫོགས༔ གཙོ་བོའི་མདུན་དུ་གསང་བའི་བདག༔ རྡོ་རྗེ་དྲིལ་འཛིན་ཁྲོ་ཆས་ཅན༔ ཤར་ཕྱོགས་པདྨ་རྒྱས་པའི་ལྟེར༔ རང་ཉིད་སེམས་དཔའ་གཞོན་ནུའི་གཟུགས༔ ཐལ་སྦྱར་གུས་པའི་ཚུལ་དུ་འཁོད༔ ཁྱམས་ལ་མཆོད་པའི་ལྷ་མོ་བརྒྱད༔ རང་རང་ཕྱག་རྒྱས་མཆོད་པའི་སྤྲིན༔ བསམ་ཡས་སྤྲོ་བས་དཀྱིལ་འཁོར་མཆོད༔ སྒོ་བཞིར་ཁྲོ་རྒྱལ་དཔའ་བོའི་ཚུལ༔ ཕྱག་རྒྱ་བཞི་འཛིན་བཞེངས་སྟབས་ཀྱིས༔ པད་ཉིའི་སྟེང་ན་མཛེས་པར་འགྱིང༔ ཕྱི་རོལ་དཔལ་མགོན་བདུན་ཅུ་སོགས༔ བཀའ་སྡོད་འཇིག་རྟེན་སྐྱོང་བས་བསྐོར༔ སྣང་སྟོང་ཡེ་ཤེས་སྒྱུ་མ་ཡི༔ ལྷ་རྣམས་ཀུན་གྱི་གནས་གསུམ་དུ༔ ཡིག་འབྲུ་གསུམ་གྱིས་མཚན་པ་ལས༔ འཕྲོས་པའི་འོད་ཀྱིས་ཡེ་ཤེས་སེམས། །སྒོམ་པ་ཇི་བཞིན་སྤྱན་དྲངས་གྱུར། གཉིས་པ་ཡེ་ཤེས་པ་སྤྱན་དྲངས་པའི་ཕྱིར་རྡོ་རྗེའི་གླུའི་སྙན་གསན་དབབ་པ་དང་རྒྱས་གདབ་དབང་བསྐུར་བ་ནི། ཨོཾ༔ ཐུགས་རྗེ་ཆེན་པོ་རྡོ་རྗེ་སེམས༔ ཡེ་ཤེས་འཁོར་ལོ་བསམ་ཡས་པ༔ བརྩེ་བའི་ཐུགས་ཀྱིས་གནས་འདིར་དགོངས༔ རྫུ་འཕྲུལ་ཆེན་པོས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀ་རུ་ཎི་ཀ་བཛྲ་སཏྭ་མཎྜ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་པས་མདུན་གྱི་ནམ་མཁར་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་རྣམས། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བྃ༔ ཨོཾ་བཛྲ་གྷཎྜེ་ཧོ༔ ཞེས་ཕྱག་རྒྱ་བཞིས་དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་རྒྱས་གདབ། ལྷ་སྐུ་ཕྱག་རྒྱ་ཆེན་པོ་ལ། །ས་བོན་ཆོས་ཀྱི་ཕྱག་རྒྱས་མཚན། །དམ་ཚིག་ཕྱག་རྒྱས་རབ་བཅིངས་ནས། །ལས་ཀྱི་ཕྱག་རྒྱས་ཕྲིན་ལས་གཞོལ། །པད་ཀོར་བཅས་ཐལ་མོ་སྦྱར་ལ་ཡིག་བརྒྱ་བརྗོད། བཅོམ་ལྡན་རིགས་གསུམ་ཞི་ཁྲོ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །སྒྲིབ་པའི་དྲི་མ་བསལ་བ་དང༌། །ཡེ་ཤེས་སྣང་བ་རྒྱས་པར་མཛོད། །ཅེས་གསོལ། དེའི་ཡན་ལག་དབང་བསྐུར་བ་ནི། སངས་རྒྱས་ཀུན་གྱི་གསང་བ་དང༔ གཉིས་མེད་མཁའ་ཁྱབ་དབང་ལྷ་ཡིས༔ བདུད་རྩིའི་དབང་བསྐུར་སྒྲིབ་བྱང་ཞིང༔ དུག་ལྔ་ཡེ་ཤེས་ངོ་བོར་དག༔ རིགས་ཀྱི་བདག་པོས་རྒྱས་བཏབ་གྱུར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ གསུམ་པ་ཕྱག་འཚལ་བ་ནི། བདེ་གཤེགས་ཀུན་གྱི་སྐུ་གསུང་ཐུགས། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གཏེར། །རིགས་གསུམ་ཞི་ཁྲོའི་དཀྱིལ་འཁོར་ལ། །སྒོ་གསུམ་གུས་པའི་ཡིད་ཀྱིས་བཏུད། །ན་མོ་ན་མ་མི། བཞི་པ་མཆོད་པ་ལ་ཐོག་མར་ཉེར་སྤྱོད་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང༌། །བདུག་སྤོས་སྣང་གསལ་དྲི་ཆབ་དང༌། །ཞལ་ཟས་རོལ་མོ་ལ་སོགས་པའི། །མཆོད་རྫས་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་པདྱཾ་ནས་ཤབྡ་འི་བར་བཅུག་ལ་སོ་སོའི་ཕྱག་རྒྱ་བཅས་འབུལ། གཞན་ཡང་སྒེག་སོགས་ལྷ་མོ་བརྒྱད་ནི། རྡོ་རྗེ་སྒེག་མོས་གར་གྱི་སྒྱུ་འཕྲུལ་སྟོན། །རྡོ་རྗེ་ཕྲེང་མས་རིན་ཆེན་རྒྱན་ཕྲེང་བསྟར། །རྡོ་རྗེ་གླུ་མས་ཚངས་དབྱངས་སྙན་འགྱུར་སྒྲོག །རྡོ་རྗེ་གར་མས་མཛེས་པའི་སྟངས་སྟབས་བསྒྱུར། །རྡོ་རྗེ་མེ་ཏོག་ཀུན་ཏུ་འཐོར་ཞིང་འབུལ། །རྡོ་རྗེ་བདུག་སྤོས་དྲི་ཞིམ་སྤྲིན་ཆེན་འགྲིམ། །རྡོ་རྗེ་སྣང་གསལ་འོད་ཀྱི་ཕྲེང་བ་འགྱེད། །རྡོ་རྗེ་དྲི་མས་ངད་ལྡན་ཁྲུས་ཆབ་སྟོབ། །རྡོ་རྗེ་དགའ་བཞི་སྟོང་བཞིའི་དེ་ཉིད་དང༌། །རྡོ་རྗེ་སྡོམ་མ་མཉམ་སྦྱོར་ཆོ་འཕྲུལ་ཆེ། །རིགས་གསུམ་ཞི་ཁྲོའི་དཀྱིལ་འཁོར་ལྷ་ལ་འབུལ། །རྡོ་རྗེའི་གསང་བ་ཆེན་པོར་རོ་གཅིག་མཛོད། །ཨོཾ་བཛྲ་ལཱ་སྱེ་ཧཱུྃ། ཨོཾ་བཛྲ་མ་ལེ་ཏྲཱྃ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱཿ ཨོཾ་བཛྲ་པུཥྤེ་ཏྲཱྃ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ ལྔ་པ་བསྟོད་པ་ནི། མཉམ་ཉིད་མི་གཡོ་མཉམ་ཉིད་མཆོག་གི་ཆོས་ཉིད་ཅན། །ཐུགས་རྗེའི་བདག་ཉིད་འགྲོ་བའི་སྡུག་བསྔལ་སེལ་བར་མཛད། །ཡོན་ཏན་མཐའ་ཡས་དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། །དྲི་མེད་མི་གཡོ་མཉམ་མེད་དམ་པའི་མཆོག་ཆོས་ཅན། །ཡོན་ཏན་ཤིན་ཏུ་ཕྲ་བའི་ཆ་ལའང་ཚད་མེད་དེ། །དཔེ་ནི་ནམ་མཁའ་དང་ཡང་བསྒྲུན་དུ་ཡོད་མ་ཡིན། །དངོས་གྲུབ་རྣམ་གཉིས་མཉམ་མེད་དཔེ་དང་བྲལ་བ་རྣམས། །སེམས་ཅན་ཁམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །རྟག་ཏུ་དྲི་མ་མེད་པ་ཐུགས་རྗེའི་ཤུགས་ལས་བྱུང༌། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་འགྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །ཐུགས་རྗེ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་སྣང༌། །ཚད་མེད་ཚད་དང་བྲལ་བ་ཤིན་ཏུ་ཡོངས་རྫོགས་པའི། །བདེ་བར་གཤེགས་པའི་གོ་འཕང་དམ་པ་བརྙེས་གྱུར་ཀྱང༌། །ཁམས་གསུམ་རྣམས་ལ་དངོས་གྲུབ་མཆོག་སྩོལ་མཛད་པ་ཡི། །ཐུགས་རྗེའི་སྤྱོད་པ་མི་གཡོ་འགག་པར་ཡོངས་མི་འགྱུར། །ཨེ་མ་ཧོ་ཤིན་ཏུ་བཟང་པོའི་ཆོས་ཉིད་མཆོག་དང་ལྡན། །མཆོག་སྦྱིན་རྣམས་ཀྱི་ནང་ནས་གོ་འཕང་མཆོག་བརྙེས་པ། །ཁམས་གསུམ་ཀུན་ལ་རྟག་ཏུ་དངོས་གྲུབ་མཆོག་སྩོལ་མཛད། །མགོན་པོ་དུས་གསུམ་སྒྲིབ་པ་མེད་པར་རབ་མཁྱེན་པས། །དམ་ཚིག་མཆོག་གསུམ་དངོས་གྲུབ་དམ་པ་བདག་ལ་སྩོལ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཏེ། །ལན་གཅིག་ཙམ་ཞིག་བརྗོད་པས་ཀྱང༌། །སངས་རྒྱས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་པའི་བར་གྱིས་བསྟོད། དྲུག་པ་གསོལ་བ་གདབ་པ་ནི། བླ་མ་རྡོ་རྗེ་སེམས་དཔའ་ཀྱེ༔ ན་རཀ་སྡུག་བསྔལ་བསྐྱབ་ཏུ་གསོལ༔ སྡིག་པའི་ཚོགས་ལ་བདག་གནོང་ཞིང༔ འགྱོད་པས་མགོན་པོའི་དྲུང་དུ་བཤགས༔ ཕྱིས་ནས་མི་བགྱིད་དམ་བཅའ་བས༔ མགོན་པོས་ཚངས་པར་བསྩལ་དུ་གསོལ༔ སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར༔ རྡོ་རྗེ་སེམས་དཔའ་བདག་གིས་བསྒྲུབ༔ སྐུ་གསུང་ཐུགས་སུ་བདག་སྦྱོར་ཏེ༔ བླ་མེད་ས་ལ་དྲང་དུ་གསོལ༔ ཞེས་པས་དངོས་གྲུབ་ཀྱི་གནས་ལ་ཐུགས་དམ་བསྐུལ་བའི་ཕྱིར་གསོལ་བ་རྩེ་གཅིག་ཏུ་གདབ། བདུན་པ་བཟླས་པ་ལ། དངོས་དང་ཞར་བྱུང་གཉིས། དང་པོ་ལ་གསུམ་ལས། དང་པོ་གཙོ་བོ་ཞི་ཁྲོའི་བསྙེན་པའི་དམིགས་བཟླས་ནི། མདུན་བསྐྱེད་རྡོ་རྗེ་སེམས་དཔའ་ཡི༔ ཐུགས་ཀར་ཉ་གང་ཟླ་བ་མཛེས༔ ལྟེ་བར་ཧཱུྃ་ཡིག་རབ་དཀར་བ༔ སྟན་ལ་ཁབ་བཙུགས་ལྟ་བུར་གསལ༔ སྔགས་ཀྱིས་བསྐོར་བའི་འོད་ཟེར་གྱིས༔ སྒྲིབ་སྦྱངས་བྱིན་རླབས་དངོས་གྲུབ་བསྡུས༔ དྭངས་མ་མི་ཤིགས་ཐིག་ལེ་ལས༔ དངོས་གྲུབ་བདུད་རྩིའི་ཟེགས་མ་ཡིས༔ སྒོ་གསུམ་ཡེ་ཤེས་གསང་བ་དང༔ གཉིས་མེད་བྱིན་གྱིས་བརླབ་པར་གྱུར༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་གཙོ་བོར་བཟླ། གཙོ་བོའི་འོད་ཀྱིས་མདུན་བཞུགས་པའི༔ ཁྲོ་བོ་བསྐུལ་བས་དངོས་གྲུབ་ལ༔ བར་དུ་གཅོད་པའི་གདོན་བཏུལ་ནས༔ ཡེ་ཤེས་ཆེན་པོས་སྲུང་བར་གྱུར༔ ཨོཾ་བཛྲ་ཙཎྜ་ཧཱུྃ་ཕཊ྄༔ ཞེས་རྡོ་རྗེ་གཏུམ་པོའི་རིགས་སྔགས་སྔ་མའི་ཕྱེད་ཙམ་བཟླ། གཉིས་པ་རིགས་བཞིའི་སྒྲུབ་པའི་དམིགས་བཟླས་ནི། སླར་ཡང་གཙོ་བོས་བསྐུལ་བའི་ཕྱིར༔ འོད་སྤྲོས་རིགས་བཞིའི་ལྷ་ལ་ཕོག༔ རྡོ་རྗེ་བཞི་ཡི་ཡེ་ཤེས་དབྱིངས༔ མངོན་སུམ་ཉིད་དུ་བྱིན་བརླབས་བསམ༔ ཨོཾ་བུདྡྷ་སཏྭ་ཨོཾ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ༔ ཨོཾ་པདྨ་སཏྭ་ཨཾ༔ ཧྲཱི་ཧ་ཡ་གྲཱྀ་ཝ་ཨཱཿ ཞེས་ཞི་ཁྲོ་རིགས་བཞི་སོ་སོར་གཙོ་བསྙེན་གྱི་སུམ་ཆ་ཙམ་བཟླ། གསུམ་པ་སྒོ་སྐྱོང་བཞིའི་ལས་སྦྱོར་གྱི་དམིགས་བཟླས་ནི། འོད་ཀྱིས་སྒོ་བ་བཞི་བསྐུལ་བས༔ ཕྱག་རྒྱ་བཞི་ཡི་ཏིང་འཛིན་གྱིས༔ ལས་བཞིའི་ཕྲིན་ལས་ལྷུན་གྲུབ་ནས༔ དོན་གཉིས་ཡིད་བཞིན་འགྲུབ་པར་གྱུར༔ ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བཾ༔ ཨོཾ་བཛྲ་གཎྜེ་ཧོཿ ཞེས་སྒོ་བ་བཞིའི་སྔགས་རིགས་བཞིའི་ཕྱེད་ཙམ་བཟླ་ཞིང༌། བསྙེན་ཚད་ནི་གཙོ་བོ་ཞི་ཁྲོ་ལ་འབྲུ་འབུམ། རིགས་བཞི་སོ་སོར་འབུམ་བཞི་རེ། ལས་སྦྱོར་ཁྲི་བཟླས་པས་ལས་རུང་དུ་འགྱུར་རོ། །གཉིས་པ་ཞར་བྱུང་གཙོ་ལས་ཀྱི་བུམ་བཟླས་ནི། བདག་ཉིད་དཀྱིལ་འཁོར་དུ་འཇུག་པ་དང་གཞན་ལམ་འདིར་སྨིན་པར་བྱེད་པ་དབང་བསྐུར་གྱི་ཆོ་ག་དང་འབྲེལ་ན་ནི་མེད་དུ་མི་རུང་བའི་ཡན་ལག་ཏུ་གྱུར་པ་ཡིན་ལ་དེ་ལས་གཞན་པའི་གནས་སྐབས་དག་ལ་ནི་བྱ་དགོས་པ་མ་ཡིན་ནོ། །བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷ་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་བཀྲ་ལམ་གྱིས་གསལ་བར་གྱུར། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་འོད་ཟེར་བདུད་རྩིའི་རྒྱུན། །བབ་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཞེས་དམིགས་ལ་བསྙེན་སྒྲུབ་ལས་ཀྱི་སྔགས་རྣམས་སྐབས་ཕྱེད་པར་བཟླས་མཐར། ཨོཾ་ཨཱཿཧཱུྃ་ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་བུམ་ཆུ་དང་རོ་གཅིག་ཏུ་གྱུར། ཞེས་འོད་ཞུ་དང༌། ལས་བུམ་གྱི་ཆུ་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄༔ ཅི་ནུས་བཟླ། ལྷག་ཆད་བསྐང་ཞིང་བྱིན་རླབས་བརྟན་ཕྱིར་དབྱངས་གསལ་རྟེན་སྙིང་ལན་གསུམ་རྗེས་མཆོད་བསྟོད་མདོར་བསྡུས་དང་ཡིག་བརྒྱ་ལན་གསུམ་བརྗོད་པས་ཉམས་པ་བཤགས་པར་བྱའོ། །གཉིས་པ་བདག་ཉིད་དཀྱིལ་འཁོར་དུ་འཇུག་ཅིང་དབང་བླང་བ་ལ། རང་གཞུང་ལྟར་རྒྱས་པར་འཇུག་པ་དང༌། རིག་པའི་མེ་ཏོག་དོར་བས་མདོར་བསྡུས་ཏེ་འཇུག་པའོ། །དང་པོ་ནི། བདག་གི་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོར་རྫོགས་པ་བླ་མ་དང་དཀྱིལ་འཁོར་གྱི་བདག་པོ་དབྱེར་མེད་པ་དབང་ལེན་བྱའི་ཡུལ་ལ། རྣམ་འགྱུར་གློ་བུར་གྱི་འཁྲུལ་ངོ་རྣམ་སྨིན་བག་ཆགས་ཀྱི་རྟེན་སློབ་བུའི་ཚུལ་དུ་བྱས་ནས་འཇུག་པ་སྟེ། ཐོག་མར་ལས་བུམ་གྱི་ཆུས་ཁྲུས་བྱ། མཎྜལ་ཕུལ་ལ་ཐལ་མོ་སྦྱར་ཏེ། སྐུ་གསུང་ཐུགས་ཀྱི་རིགས་འཆང་བ༔ རྡོ་རྗེ་མི་ཕྱེད་གསུམ་གྱི་བདག༔ བཅོམ་ལྡན་ཞི་ཁྲོའི་དཀྱིལ་འཁོར་ལྷའི༔ གསང་བ་གསུམ་གྱི་དབང་བསྐུར་སྩོལ༔ ཞེས་ལན་གསུམ་གྱིས་གསོལ་བ་བཏབ། ཚོགས་བསགས་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོགས་ལན་གསུམ་གྱིས་ཚོགས་བསགས། སྡོམ་བཟུང་ནི། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ཞེས་པས་སྡོམ་པ་བཟུང༌། དམ་ལ་བཞག་པ་ནི། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེའི་གཡར་དམ་བླ་ན་མེད༔ དམ་ཚིག་ཆེན་པོ་ཧཱུྃ་གི་ཚོགས༔ ཁྱེད་ཀྱི་སྙིང་ལ་ཡང་དག་གནས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་པས་དམ་ཆུ་མྱང༌། ཡེ་ཤེས་དབབ་པ་ནི། ལུས་གནད་ཆོས་བདུན་ལྡན་བཅའ། ངག་གནད་རླུང་ཁ་སྦྱོར་དུ་འཆིང༌། དམིགས་གནད་འདི་ལྟར། སྭ་བྷཱ་བས་སྦྱངས། སྣོད་བཅུད་མི་དམིགས་སྟོང་པའི་ངང༔ དངོས་འཛིན་མ་དག་ཀུན་སྦྱངས་པའི༔ སྟོང་པའི་ངང་ལས་རྟེན་འབྱུང་རྩལ༔ སྣོད་བཅུད་དག་པའི་ཡེ་ཤེས་ཆེ༔ བལྟ་ན་སྡུག་གི་ཞིང་ཁམས་ནི༔ བཀོད་པ་ཚད་མེད་མངོན་པར་དགའ༔ དབུས་སུ་རིན་ཆེན་ཕོ་བྲང་གི༔ རྒྱན་བཀོད་ཚད་ལས་འདས་པའི་དབུས༔ སྣ་ཚོགས་པདྨ་འདབ་བཞིའི་སྟེང༔ ངོ་མཚར་སེང་གེའི་ཁྲི་གནས་པར༔ པདྨ་ཟླ་བའི་དཀྱིལ་འཁོར་སྟེང༔ ས་བོན་ཧཱུྃ་མཐིང་སྤྲོ་བསྡུ་ལས༔ རྒྱལ་ཀུན་གསང་གསུམ་བྱིན་རླབས་བསྡུས༔ ཡོངས་གྱུར་བཅོམ་ལྡན་རྡོ་རྗེ་སེམས༔ མཐིང་ག་ཨིནྡྲ་ནཱི་ལའི་མདོག༔ ཞི་འཛུམ་མཚན་དཔེའི་གཟི་བྱིན་འབར༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ༔ གསོར་བའི་ཚུལ་གྱིས་ཐུགས་ཀར་འཛིན༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ འོད་ཟེར་དཔག་ཡས་དབུས་ན་འགྱིང༔ དེ་ལྟར་ཡོངས་སུ་གསལ་བར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། །གནས་གསུམ་གྱི་ཡི་གེའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་རིག་གསུམ་ཞི་ཁྲོ་ཡབ་ཡུམ་གྱི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་སྙིང་ག་ནས་སིབ་སིབ་ཐིམ་པར་མོས་ལ། ཨོཾ༔ ཐུགས་རྗེ་ཆེན་པོ་རྡོ་རྗེ་སེམས༔ ཡེ་ཤེས་འཁོར་ལོ་བསམ་ཡས་པ༔ བརྩེ་བའི་ཐུགས་ཀྱིས་གནས་འདིར་དགོངས༔ རྫུ་འཕྲུལ་ཆེན་པོས་གཤེགས་སུ་གསོལ༔ ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀ་རུ་ཎི་ཀ་བཛྲ་སཏྭ་མཎྜལ་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཛ་ཧཱུྃ་བྃ་ཧོཿ ཞེས་ཁྱད་པར་གྱི་རྫས་དུད་བདུག །ཌཱ་དྲིལ་འཁྲོལ་ཞིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྦྱར་ཏེ་དབབ་ལ་ཕེབས་པ་ན། ཏིཥྛ་བཛྲ་ཞེས་པས་བརྟན་པར་བྱའོ། །དེ་ནས་མཎྜལ་སྔོན་དུ་འགྲོ་བས། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་སྐྱོབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་པས། དཀྱིལ་འཁོར་པའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས། དེ་རྣམས་ཀྱིས་བུམ་པ་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱི་གང་བ་ལ་སོགས་པའི་རིགས་ལྔའི་དབང་རྫས་རྣམས་ཐོགས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བར་མོས་ལ། ཧཱུྃ༔ མི་བསྐྱོད་ཡེ་ཤེས་བདུད་རྩིའི་ཆུས༔ རྡོ་རྗེ་རང་བྱུང་ལས་ཀུན་བྱེད༔ དབང་མཆོག་བུ་ལ་བྱིན་པ་ཡིས༔ སྒྲིབ་དག་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་གཏིག། བུམ་པ་བདུད་རྩིའི་ཆུ་རྒྱུན་གྱི་དབང་བསྐུར་བས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་བའི་དབང་དམ་པ་ཐོབ་པར་གྱུར་ཅིག །དབུ་རྒྱན་སྤྱི་བོར་བཅིངས་ཏེ། ཏྲཱྃ༔ རིན་ཆེན་དབུ་རྒྱན་ཅོད་པན་ཅན༔ ཡང་དག་ཡེ་ཤེས་ལྔ་དང་ལྡན༔ དོན་རྟགས་འབྲེལ་བས་དབང་བསྐུར་བས༔ ཟག་མེད་འབྲས་བུའི་སར་ཕྱིན་ཤོག༔ ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ དབུ་རྒྱན་རིགས་ལྔའི་དབང་བསྐུར་བས། ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་སྐུ་དང་ཡེ་ཤེས་ལྔའི་ངང་དུ་གནས་གྱུར་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྡོ་རྗེ་ལག་གཡས་སུ་གཏད་དེ་བཟུང་ལ། ཧྲཱིཿ རྡོ་རྗེ་བླ་མེད་མན་ངག་ཆོས༔ གསུང་གི་དབང་ཕྱུག་དཀྱིལ་འཁོར་ཆེའི༔ ཕྱག་རྒྱ་ཆེན་པོས་དབང་བསྐུར་བས༔ ཆོས་ཀུན་འབྱུང་བའི་ས་ཐོབ་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨཱཿ རྡོ་རྗེའི་དབང་བསྐུར་བས། དུག་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གནས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དྲིལ་བུ་ལག་གཡོན་དུ་གཏད་དེ་བཟུང་ལ། ཨཱཿ དྲིལ་བུ་ཡེ་ཤེས་སྒྲ་དང་ལྡན༔ དོན་ཀུན་གྲུབ་པ་དཀྱིལ་འཁོར་གཙོའི༔ ཡང་དག་ཕྱག་རྒྱའི་དབང་བྱིན་པས༔ ཕྲིན་ལས་རྩོལ་མེད་ལྷུན་གྲུབ་ཤོག༔ ཨོཾ་གྷཎྜེ་ཨ་བྷི་ཥིཉྩ་ཧོཿ དྲིལ་བུའི་དབང་བསྐུར་བས། ཆོས་ཐམས་ཅད་སྒྲ་བརྙན་ལྟ་བུའི་ཡེ་ཤེས་ཀྱིས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །རྡོར་དྲིལ་བསྣོལ་མ་སྤྱི་བོར་དཀྲོལ་ལ། ཨོཾ༔ རྡོ་རྗེ་སྣང་མཛད་ཡེ་ཤེས་སྐུ༔ དེ་ཉིད་མཚོན་པ་རྡོ་རྗེའི་མིང༔ སྲིད་གསུམ་ཁྱབ་པར་བསྒྲགས་པ་ཡིས༔ ཞིང་ཀུན་མཛེས་པའི་དབང་ཐོབ་ཤོག༔ ཨོཾ་བྷུརྦྷུ་ཝ་སྭ་ཨ་བྷི་ཥིཉྩ་ཨོཾ༔ དེ་ལྟར་རྡོ་རྗེའི་མིང་གི་དབང་བསྐུར་བས། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་རྡོ་རྗེའི་མཚན་གྱི་གྲགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་ལྟར་རིག་པའི་དབང་ལྔས་ཉོན་མོངས་དུག་ལྔ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་བསྒྱུར་བའོ། །དེ་ལྟར་ཡེ་ཤེས་ལྔ་སྐྱེས་པ་མི་ཉམས་པར་བརྟན་ཞིང་གོང་འཕེལ་དུ་བྱ་བའི་ཕྱིར་རིགས་དྲུག་པའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་རྒྱལ་བུམ་པས་སླར་ཡང་དབང་བསྐུར་བར་མོས་ལ། རྣམ་བུམ་སྤྱི་བོར་བཞག་སྟེ། ཨོཾ༔ བཀྲ་ཤིས་བུམ་པ་མཚན་ཉིད་རྫོགས༔ ཡེ་ཤེས་ཆེན་པོའི་བདུད་རྩིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡོན་ཏན་མ་ལུས་རྫོགས་པར་ཤོག༔ ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་ཆུ་མྱང༌། དེའི་རྗེས་འབྲེལ་སྐུ་གསུང་ཐུགས་དབང་ལས་སྐུ་ཕྱག་རྒྱའི་དབང་ནི། རང་ཉིད་སེང་གེས་བཏེགས་པའི་ཁྲི་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཡུམ་དང་བཅས་པའི་རྣམ་པས་འཁོད་པ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱོན་ནས་གཉིས་མེད་དུ་ཐིམ་པར་གྱུར་པའི་མོས་པ་བཅས་སོ་སོའི་ཙཀླི་ཐོགས་ལ། ཧཱུྃ༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ནི༔ རྡོ་རྗེ་དྲིལ་འཛིན་སྐུ་མདོག་མཐིང༌། །དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨོཾ་བཛྲ་སཏྭ་ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱ༔ ཧཱུྃ། ཤེས་རབ་རང་བཞིན་སྟོང་པ་ཉིད། །རྡོ་རྗེའི་རིགས་ཀྱི་འཁོར་ལོས་བསྒྱུར། །དབྱིངས་ཕྱུག་མ་ཡིས་དབང་བསྐུར་བས། །ཆོས་ཀུན་དེ་ཉིད་མངོན་གྱུར་ཤོག །མཱུཾ་དྷ་ཏི་ཤྭ་རི་ཨཱཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། རྡོ་རྗེ་འབར་བ་ཁྲོ་བོའི་རྒྱལ། །ཞེ་སྡང་འདུལ་མཛད་རྡོར་དྲིལ་བསྣམས། །ཐུགས་མཆོག་ཕྱག་རྒྱས་དབང་བསྐུར་བས། །མི་ཕྱེད་རྡོ་རྗེའི་ས་ཐོབ་ཤོག །ཨོཾ་བཛྲ་ཙཎྜ་ཧཱུྃ་ཕཊ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། བཅོམ་ལྡན་དེ་བཞིན་གཤེགས་པའི་རིགས། །འཁོར་ལོ་དྲིལ་འཛིན་སྐུ་མདོག་དཀར། །སྐལ་ལྡན་བུ་ལ་དབང་བསྐུར་བས། །བདེ་གཤེགས་སྐུ་ཡི་དབང་ཐོབ་ཤོག །ཨོཾ་བུདྡྷ་སཏྭ་ཨོཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། འཇིགས་མཛད་ཁྲག་འཐུང་གཤིན་རྗེ་གཤེད། །སེར་ནག་བེ་ཅོན་ཐོད་ཁྲག་འཛིན། །རྒྱལ་བ་རྟག་པས་དབང་བསྐུར་བས། །ཡེ་ཤེས་ཕྱག་རྒྱ་མངོན་གྱུར་ཤོག །ཨོཾ་ཡ་མཱནྟ་ཀ་ཧཱུྃ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། བཅོམ་ལྡན་སྣང་བ་མཐའ་ཡས་ནི། །པདྨ་དྲིལ་འཛིན་སྐུ་མདོག་དམར། །ཆགས་མེད་གསུང་གི་དབང་བསྐུར་བས། །གསུང་མཆོག་པདྨའི་ས་ཐོབ་ཤོག །ཨོཾ་པདྨ་སཏྭ་ཨཾ་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། དབང་ཆེན་པདྨ་ཧེ་རུ་ཀཿ པདྨ་ཞགས་འཛིན་ཁྲོ་ཆས་རྫོགས། །ཁྲོ་བོའི་རྒྱལ་པོས་དབང་བསྐུར་བས། །དྲེགས་པ་ཟིལ་གནོན་དབང་ཐོབ་ཤོག །ཧྲཱིཿཧ་ཡ་གྲཱྀ་བ་ཨཱཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ ཧཱུྃ། རྡོ་རྗེ་ཕྱག་རྒྱ་བཞི་ཡི་བདག །ལས་བཞིའི་རྡོ་རྗེ་རང་རྟགས་འཛིན། །སྒོ་བ་བཞི་ཡི་དབང་བསྐུར་བས། །ཕྲིན་ལས་ལྷུན་གྱིས་འགྲུབ་པར་ཤོག །ཛཿཧཱུྃ་བྃ་ཧོཿསརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བས། སྣོད་བཅུད་རྣམ་པར་དག་པ་ཡེ་ཤེས་ལྷའི་དཀྱིལ་འཁོར་དུ་བལྟ་ཞིང་སྒོམ་པ་ལ་དབང་བ་ཡིན་ནོ། །གསུང་བཟླས་ལུང་གི་དབང་ནི། དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཀྱི་ཕྲེང་བ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྔགས་ཕྲེང་གཉིས་པ་ཞིག་བྱུང༌། ཞལ་ནས་ཐོན་རང་ཉིད་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ། ཨོཾ་བཛྲ་སཏྭ་ཧཱུྃ༔ ཨོཾ་བཛྲ་ཙཎྜ་ཧཱུྃ་ཕཊ྄༔ ཨོཾ་བུདྡྷ་སཏྭ་ཨོཾ༔ ཨོཾ་ཡ་མཱནྟ་ཀ་ཧཱུྃ༔ ཨོཾ་པདྨ་སཏྭ་ཨཾ༔ ཧྲཱིཿཧ་ཡ་གྲཱྀ་བ་ཨཱཿ ཨོཾ་བཛྲ་ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ ཨོཾ་བཛྲ་སྥོ་ཊ་བཾ༔ ཨོཾ་བཛྲ་གཎྜེ་ཧོཿ ཞེས་གཙོ་འཁོར་གྱི་སྔགས་རྣམས་ལན་གསུམ་རེ་བཟླ། དེ་ལྟར་གསུང་བཟླས་པའི་ལུང་ཐོབ་པས་བསྙེན་སྒྲུབ་ལས་གསུམ་གྱི་སྔགས་བཟླ་བ་ལ་དབང་ཞིང༌། བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་སྔགས་ཀྱི་རང་བཞིན་དུ་དག་པ་ཡིན་ནོ། །ཐུགས་བརྡ་ཐབས་ཀྱི་དབང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་ཉིད་ལྷར་གསལ་བའི་སྣང་ཆ་སྒྱུ་མ་ལྟ་བུ་དེ་ཉིད་མེ་ལོང་ལ་ཧས་བཏབ་པ་བཞིན་དབྱིངས་སུ་ཡལ་བར་གྱུར་པའི་ངང་ལ་ཅུང་ཟད་མཉམ་པར་བཞག །སླར་ཡང་བརྟན་གཡོ་སྣོད་བཅུད་ཐམས་ཅད་ཡེ་ཤེས་ལྷ་ཡི་སྐུ་དང་ཞིང་ཁམས་ཀྱི་རོལ་པར་གྱུར། དེས་ཐུགས་ཡེ་ཤེས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། སེམས་ཀྱི་དྲན་རྟོག་ཐམས་ཅད་པའི་ཡེ་ཤེས་ཕྱག་རྒྱའི་རང་བཞིན་དུ་དག་ཅིང་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་སྒོམ་པ་ལ་དབང་བའོ། །དམ་ཚིག་གསུམ་དང་སློབ་དཔོན་གྱི་དབང་ནི། རང་ཉིད་སྐད་ཅིག་གིས་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གསལ་བ་ལ་གསང་སྔགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗེ་དང་དྲིལ་བུ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཐམས་ཅད་པའི་བདག་ཉིད་འདི་ལག་ཏུ་གཏད་པ་ཙམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ས་བོན་ཐེབས། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་གྱུར་པས། དབང་བསྐུར། རྒྱུད་འཆད། སློབ་མ་བསྡུ་བ་ལ་སོགས་པའི་ལས་བྱེད་པ་ལ་དབང་བར་མོས། ཧཱུྃ༔ རྡོ་རྗེ་ཡང་དག་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་ཐུགས་ཉིད་དེ༔ དེ་རིང་བུ་ལ་བྱིན་པ་ཡིས༔ ཁྱོད་ཀྱང་རྡོ་རྗེའི་ཐུགས་འགྲུབ་ཤོག༔ ཨོཾ་བཛྲ་ཧཱུྃ༔ རྡོ་རྗེ་ལག་གཡས་ཀྱིས་ཐུགས་ཀར་བཟུང༌། ཧཱུྃ༔ དྲིལ་བུ་སྟོང་པའི་སྒྲ་སྒྲོགས་པ༔ ཆོས་ཀུན་དེ་ཉིད་རྗེས་སུ་མཚོན༔ སངས་རྒྱས་གསུང་གིས་དབང་བསྐུར་བས༔ རྡོ་རྗེའི་གསུང་མཆོག་འགྲུབ་པར་ཤོག༔ ཨོཾ་གྷཎྜེ་ཧཱུྃ༔ དྲིལ་བུ་ལག་གཡོན་གྱིས་དཀྲོལ་ཏེ་དཀུར་བརྟེན། ཧཱུྃ༔ བདེ་ཆེན་མི་འགྱུར་རྡོ་རྗེ་སེམས༔ ཤེས་རབ་ཡུམ་དང་གཉིས་སུ་མེད༔ རྟག་ཏུ་ཕྱག་རྒྱ་དགྱེས་རོལ་བའི༔ སངས་རྒྱས་སྐུ་དང་གཉིས་མེད་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ལག་གཉིས་འཁྱུད་རྒྱས་རྡོར་དྲིལ་ཐུགས་ཀར་བསྣོལ། མངའ་གསོལ་ཆས་ཐོགས་ལ། ཨོཾ༔ ཁྱོད་ནི་ངེས་པར་རྡོ་རྗེ་སེམས༔ ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས༔ དོན་རྣམས་ཐམས་ཅད་སྒྲུབ་པ་དང༔ རྡོ་རྗེའི་སློབ་མའི་ཚོགས་སྡུས་ཤིག༔ ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མངའ་གསོལ་བའི་མོས་པ་བྱའོ། །གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ཅེས་དམ་ཚིག་ཁས་བླང་ཞིང༌། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱིས་སློབ་མར་བཟུང་བ་དང༌། །བདག་གི་ལུས་ཀྱང་བཞེས་སུ་གསོལ། །ཅེས་དང་གཏང་རག་གི་མཎྜལ་འབུལ་བར་བྱའོ། །གཉིས་པ་རིག་པའི་མེ་ཏོག་དོར་བས་མདོར་བསྡུས་ཏེ་འཇུག་པ་ནི། གཞན་ལ་དབང་བསྐུར་བ་དང་འབྲེལ་ན་སྤྲོས་པ་མཚམས་པའི་ཕྱིར། བདག་ཉིད་དཀྱིལ་འཁོར་གྱི་ལྷ་དང་རང་བཞིན་དབྱེར་མེད་དུ་ཤེས་ནས་རིག་པའི་མེ་ཏོག་དོར་བ་ཉིད་དོན་གྱིས་དཀྱིལ་འཁོར་དུ་ཞུགས་པ་ཡིན་པས། དྲིལ་བུ་གསིལ་ཞིང་མེ་ཏོག་འཐོར་བ་དང་བཅས། ཨོཾ་བཛྲ་ས་མ་ཡ་ཨོཾ། ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ༔ སྭཱ་བཛྲ་ས་མ་ཡ་སྭཱ༔ ཧཱ་བཛྲ་ས་མ་ཡ་ཧཱ། ཞེས་དང༌། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཞེས་རིག་པའི་མེ་ཏོག་དོར་བས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་གཉིས་སུ་མེད་པར་གྱུར་པར་བསམ། ཨོཾ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །ཨོཾ་བཛྲ་ས་མ་ཡ་ཧཱུྃ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ཞེས་དང༌། ཨོཾ། ཁྲོ་ལ་ཁྲོས་པ་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །ད་ལྟ་ཉིད་དུ་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ྄ཿ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ཞེས་དངོས་གྲུབ་བསྐུལ་ཞིང་བསྟིམ་མོ། །དེ་གཉིས་གང་ལྟར་ཡང༌། གཞན་རྗེས་སུ་འཛིན་པ་དང་འབྲེལ་ན། དཀྱིལ་འཁོར་གྱི་ལྷ་ལ་ཐལ་མོ་སྦྱར་བས་བཏུད་དེ། ཨོཾ། རྡོ་རྗེ་ཡེ་ཤེས་ཐོབ་བྱེད་པའི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གི་སློབ་མ་འཇུག་པར་འཚལ། །ཞེས་གསོལ་བས་གནང་བ་བྱིན་པར་བསམ་མོ། །གསུམ་པ་རྗེས་ལ་ལྔ་ལས་དང་པོ་མཆོད་བསྟོད་གསོལ་གདབ་ནི། ཐུན་མཐར་སྔགས་ཙམ་གྱིས་མཆོད་ཅིང༌། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང༌། །ཕྱག་འཚལ་རིགས་འདུས་སེམས་དཔའ་ལའོ། །བསྟོད་པར་འོས་པ་སོགས། བཅོམ་ལྡན་རིགས་གསུམ་ཞི་ཁྲོ་ཡིས། །བདག་དང་མཐའ་ཡས་སེམས་ཅན་ཀུན། །སྒྲིབ་པའི་དྲི་མ་བསལ་བ་དང༌། །མཁྱེན་བརྩེ་ནུས་གསུམ་འཕེལ་བར་མཛོད། །ཞེས་གསོལ་བ་གདབ། གཉིས་པ་ནོངས་བཤགས་ནི། མ་འབྱོར་པ་དང་སོགས་ཡི་གེ་བརྒྱ་པས་ནོངས་པ་བཤགས། གསུམ་པ་གཤེགས་བསྡུ་ནི། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་དང༌། ཨོཾ་བཛྲ་མུཿ ཞེས་ཡེ་ཤེས་པ་གཤེགས། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་པ་ཐམས་ཅད་འོད་དུ་ཞུ་ནས་གཙོ་བོ་ལ་ཐིམ། གཙོ་བོ་དམ་ཚིག་གི་རྟེན་ལ་ཐིམ་པར་གྱུར། སླར་ཡང་སྣང་གྲགས་རིག་པའི་ཚོགས༔ རིགས་འདུས་སེམས་དཔའི་གསང་གསུམ་ཤར༔ ཨོཾ་ཨཱཿཧཱུྃ༔ གིས་གཙོ་བོ་རྡོ་རྗེ་སེམས་དཔའི་སྐུར་ལྡང་བའི་གནས་གསུམ་དུ་སྐུ་གསུང་ཐུགས་ཀྱི་ས་བོན་གྱིས་རྒྱས་གདབ་ཅིང༌། རྗེས་ཐོབ་ཀྱི་སྣང་ཆ་ལྷ་སྔགས་ཆོས་སྐུའི་རོལ་པར་ལམ་དུ་ཁྱེར། བཞི་པ་བསྔོ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རིགས་གསུམ་རྒྱལ་བ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་དང༌། ལྔ་པ་ཤིས་བརྗོད་ནི། སྐུ་ཡི་དབང་ཕྱུག་བཅོམ་ལྡན་མཉྫུ་ཤྲཱི། །གསུང་གི་རྡོ་རྗེ་པདྨ་གར་གྱི་དབང༌། །ཐུགས་ཀྱི་གསང་བའི་མཛོད་འཛིན་རྡོ་རྗེ་ཅན། །རིགས་གསུམ་རྒྱལ་བ་འདུས་པའི་བཀྲ་ཤིས་ཤོག །གཞན་ཡང་ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །གསུམ་པ་གསང་བ་དཀྱིལ་འཁོར་རབ་འབྱམས་ཕྲིན་ལས་ཀྱི་ལྷ་མཆོག་རྡོ་རྗེ་རྣམ་པར་འཇོམས་པ་ལྟར་སྒྲུབ་པའི་ཚུལ་ནི། གཙང་མའི་གནས་སུ་ཀུ་ཤའི་གདན་ལ་འཁོད་དེ། མདུན་དུ་གཞུང་མཐུན་དཀྱིལ་འཁོར་གྱི་སྟེང་དུ་གཏོར་མ་དཀར་ཟླུམ་དང༌། ཉེར་སྤྱོད་ཀྱི་མཆོད་པ་བཅས་འདུ་བྱ་ཞིང་བདག་འཇུག་དང་འབྲེལ་ན་དེ་ལ་དགོས་པའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བྱས་ལ། ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལ་སྔོན་འགྲོ། དངོས་གཞི། རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལའང་བཞི་ལས། སྐྱབས་སེམས་ནི། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །བླ་མེད་བྱང་ཆུབ་མཆོག་འཐོབ་ཕྱིར། །རྡོ་རྗེ་རྣམ་འཇོམས་བསྒོམ་པར་བགྱི། །ལན་གསུམ། གཉིས་པ་མཆོད་པ་བྱིན་རླབས་ནི་ནང་སྒྲུབ་ལྟར་བྱ། གསུམ་པ་བགེགས་བསལ་ཞིང་མཚམས་བཅད་པ་ནི། ཧཱུྃ་བཛྲ་དྷྲྀཀ །རང་ཉིད་ལས་ཀྱི་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་སྐུར་གྱུར་པའི་ཐུགས་ཀ་ནས་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས་བགེགས་ཐམས་ཅད་རིང་དུ་བསྐྲད་པར་མོས་ལ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་སོགས་ཉེ་སྙིང་ཚར་གཅིག་བརྗོད། སླར་ཡང་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་རྡོ་རྗེའི་སྤྲིན་དུ་འཁྲིགས་པས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་རེ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་སྲུང་བའི་གུར་གྱིས་ཁྱབ་པར་མོས་ལ། ན་མོ་རཏྣ་ཏྲཱ་ཡཱ་ཡ་ཕྱི་མ་ནས། ཱིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ྄་ཀྱི་བར་གྱི་སྙིང་པོ་ཉིད་བརྗོད་པས་མཚམས་བཅད། བཞི་པ་ཚོགས་བསགས་པ་ནི། དེ་ནས་རང་གི་ཐུགས་ཀ་ནས་བྱུང་བའི་འོད་ཟེར་གྱིས་རྡོ་རྗེ་རྣམ་པར་འཇོམས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་བཅུ་ཡི་ཚོགས་ཀྱིས་བསྐོར་བ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་པ་མདུན་གྱི་ནམ་མཁར་བཞུགས་པ་ལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ཡན་ལག་བདུན་པས་ཚོགས་བསགས། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སོགས་ཚད་མེད་བཞི་སྒོམ་ཞིང༌། དེས་བསྐྱེད་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྟོང་ཉིད་ལ་བློ་བཞག །གཉིས་པ་དངོས་གཞི་ལ། བདག་མདུན་བུམ་པའི་དཀྱིལ་འཁོར་བསྒྲུབ་པ་དང༌། རང་ཉིད་ཀྱི་དབང་གི་ཡེ་ཤེས་གསོ་བ་དང་གཞན་དག་ལམ་འདིར་སྨིན་པར་བྱ་རུང་བའི་ཕྱིར་བདག་ཉིད་འཇུག་པའི་ཆོ་ག་བྱ་བའོ། །དང་པོ་ལ་བདུན་ལས། དང་པོ་དམ་ཚིག་པ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས་བརྗོད་པས། ཆོས་ཀུན་སྟོང་པའི་ཐིག་ལེར་སྦྱངས༔ དེ་ཡི་ངང་ལས་འོད་གསལ་བའི༔ ཡེ་ཤེས་རོལ་པའི་སྣོད་བཅུད་ཀྱི༔ རྡོ་རྗེའི་ཞིང་ཁམས་ཆེན་པོའི་དབུས༔ རྡོ་རྗེའི་སྲུང་བའི་འཁོར་ལོའི་ནང༔ རྡོ་རྗེའི་གཞལ་མེད་ཁང་ཆེན་པོ༔ རྡོ་རྗེ་རིན་ཆེན་སྣང་བ་ཆེ༔ ཁ་དོག་ལྔ་པའི་རྩིག་པ་དང༔ ཕ་གུ་དྲྭ་བ་དྲྭ་ཕྱེད་མཛེས༔ མདའ་ཡབ་པུ་ཤུ་རྡོ་རྗེའི་ཏོག༔ འོད་ཟེར་སྣང་བས་ཕྱོགས་ཀུན་ཁྱབ༔ གྲུ་བཞི་རྣམ་པར་ཐར་པའི་སྒོ༔ རྟ་བབ་བང་རིམ་མཛེས་པར་བཀྲ༔ ཆོས་འཁོར་རི་དྭགས་གདུགས་དང་བཅས༔ ལྟེ་བར་པད་འདབ་བཞི་དང་བཅུའི༔ ཟེའུ་འབྲུར་རྡོ་རྗེའི་གདན་ཡངས་པར༔ པད་ཟླ་རྒྱས་སྟེང་ས་བོན་ཧཱུྃ༔ སྤྲོ་བསྡུའི་འོད་ཀྱིས་དངོས་འཛིན་སྦྱངས༔ ཡེ་ཤེས་ཆེན་པོར་བྱིན་བརླབས་པའི༔ རྡོ་རྗེ་སྙིང་པོ་ནམ་མཁའི་མདོག༔ རྩེ་ལྔ་གཞོམ་གཞིག་བྲལ་བ་རུ༔ ཡོངས་གྱུར་བཅོམ་ལྡན་རྣམ་པར་འཇོམས༔ རྡོ་རྗེ་ཁྲོ་བོ་ལས་བྱུང་བ༔ ལྗང་སྔོན་ཨིནྡྲ་ནི་ལའི་མདོག༔ ཁྲོ་འཛུམ་རོལ་པ་མཚན་དཔེའི་སྐུ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ སྤྱན་གསུམ་མཆེ་བ་ཡིད་ཙམ་གཙིགས༔ ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཆེ༔ ཐུགས་ཀར་གསོར་ཞིང་བསྐྱོད་པས་འཛིན༔ གཡོན་པས་དྲིལ་བུ་དཀུར་བརྟེན་ནས༔ རྡོ་རྗེའི་སྐྱིལ་ཀྲུང་མཛེས་པར་བཞུགས༔ སྣ་ཚོགས་འོད་ཟེར་འཁྲུགས་པའི་ཀློང༔ གཟི་བྱིན་མཚུངས་པ་མེད་པར་རོལ༔ ཐུགས་དབུས་བཛྲ་སཏྭ་ཡི༔ ཐུགས་ལས་འཕྲོས་པའི་ས་བོན་གྱིས༔ ཕྱོགས་བཞིར་རིགས་བཞིའི་རྣམ་པར་འཇོམས༔ དཀར་ཨོཾ་སེར་ཏྲཱྃ་དམར་ཧྲཱིཿམཐིང་ཨཱཿགཙོ་བོ་བཞིན༔ རིགས་ཀྱི་ཁྱབ་བདག་དམ་པར་གསལ༔ ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ༔ ཧུ་ལུ་ཧུ་ལུ༔ ཏིཥྛ་ཏིཥྛ༔ བྷནྡྷ་བྷནྡྷ༔ ཧ་ན་ཧ་ན༔ ཨ་མྲྀ་ཏེ་ཧཱུྃ་ཕཊ྄༔ སླར་ཡང་ཐུགས་ནས་ཧཱུྃ་བཅུ་སྤྲོས༔ པདྨའི་འདབ་མར་བབ་པ་ལས༔ ཧཱུྃ་མཛད་རྣམ་རྒྱལ་དབྱུག་པ་སྔོ༔ གཤིན་རྗེ་མི་གཡོ་རྟ་ཡི་མགྲིན༔ འདོད་པའི་རྒྱལ་པོ་བདུད་རྩི་འཁྱིལ༔ ཁམས་གསུམ་རྣམ་རྒྱལ་སྟོབས་པོ་ཆེ༔ ཀུན་ཀྱང་ཞབས་གཉིས་བཞེངས་པའི་སྟབས༔ དར་དང་སྟག་ལྤགས་སྨད་དཀྲིས་ཤིང༔ རྡོ་རྗེ་དྲིལ་འཛིན་པད་ཉིའི་སྟེང༔ འོད་ཟེར་མེ་ལྕེ་འཁྱིལ་དབུས་རོལ༔ ན་མཤྩཎྜ་བཛྲ་པཱ་ཎ་ཡ༔ མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ༔ ཏདྱ་ཐཱ༔ ཨོཾ་ཧ་ར་ཧ་ར་བཛྲ༔ མ་ཐ་མ་ཐ་བཛྲ༔ དྷུ་ན་དྷུ་ན་བཛྲ༔ ད་ཧ་ད་ཧ་བཛྲ༔ པ་ཙ་པ་ཙ་བཛྲ༔ དྷ་ར་དྷ་ར་བཛྲ༔ དྷཱ་ར་ཡ་དྷཱ་ར་ཡ་བཛྲ༔ དཱ་རུ་ཎ་དཱ་རུ་ཎ་བཛྲ༔ ཚིནྡྷ་ཚིནྡྷ་བཛྲ༔ བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ྄༔ ཐུགས་ཀའི་འོད་ཀྱི་ས་བོན་བཞི༔ ཛཿཧཱུྃ་བྃ་ཧོཿ ཡོངས་གྱུར་སྒོ་བཞིར་ཁྲོ་བོའི་རྒྱལ༔ རིགས་བཞིའི་ཕྱག་རྒྱ་བཞི་འཛིན་པས༔ བར་ཆད་གདོན་བགེགས་སྲུང་བར་གྱུར༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ རཏྣ་པཱ་ཤ་ཧཱུྃ༔ པདྨ་སྥོ་ཊ་བྃ༔ ཀརྨ་གྷཎྜེ་ཧོ༔ གཉིས་པ་སྤྱན་དྲངས་ཤིང་བསྟིམ་པ་ནི། དེ་ལྟར་ཡོངས་སུ་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམ་ཞིང༌། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་རིགས་སྔགས་རྒྱལ། །བདག་གི་མཆོད་ཡོན་བཞེས་ནས་ཀྱང༌། །མཆོད་པས་བདག་ལ་དགྱེས་པར་མཛོད། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ྄། སྙིང་ག་ནས་བདུད་རྩི་འཁྱིལ་བ་སྤྲོས་པས་ཕྱིར་འབྲང་གི་བགེགས་བསྐྲད་ནས། ཨོཾ་ཨ་ཧ་ར་ཨ་ཧ་ར་སརྦ་བིདྱ་དྷཱ་ར་པཱུ་ཛི་ཏེ་སྭཱ་ཧཱ། དེས་མཆོད་ཡོན་དབུལ། ཧཱུྃ༔ རྡོ་རྗེ་ལྕགས་ཀྱུ་འབར་བ་ཆེ༔ འདྲེན་པ་ཆེན་པོ་རྡོ་རྗེའི་རིགས༔ ཐུགས་རྗེའི་ཐུགས་དམ་བསྐུལ་བ་ལས༔ སངས་རྒྱས་མ་ལུས་ཉེ་བར་བྱེད༔ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ རྡོ་རྗེ་ཞགས་པ་གདེངས་པ་ནི༔ འཆིང་བ་ཆེན་པོ་རིན་ཆེན་རིགས༔ དབྱིངས་ཀྱི་གནས་ནས་སྤྱན་འདྲེན་པའི༔ ཕོ་ཉ་མཆོག་ཏུ་འཕྲོ་བའོ༔ ཨོཾ་བཛྲ་པཱ་ཤ་ཧཱུྃ༔ རྡོ་རྗེ་ལྕགས་སྒྲོག་སྡོམ་པ་སྟེ༔ གཉིས་མེད་ཆེན་པོ་པདྨའི་རིགས༔ གནས་ནས་བསྐྱོད་ཅིང་བསྟིམ་པ་ཡི༔ དམ་ཚིག་ཕྱག་རྒྱ་ཆེ་མཆོག་གོ༔ ཨོཾ་བཛྲ་སྥོ་ཊ་བྃ༔ རྡོ་རྗེ་དྲིལ་བུ་སྙོམས་པ་ནི༔ དགྱེས་པ་ཆེན་པོ་ལས་ཀྱི་རིགས༔ གཉིས་སུ་མེད་པའི་བདག་ཉིད་ཀྱི༔ ཡེ་ཤེས་ཐིག་ལེ་གཅིག་ཏུ་འཆིང༔ ཨོཾ་བཛྲ་གཎྜེ་ཧོ༔ རྣམ་འཇོམས་རྩ་བའི་རྒྱ་རྡོ་རྗེ་རྩེ་ལྔ་པའི་ཚུལ་དུ་བཅས་ལ། ཨོཾ་བཛྲ་ཛྭ་ལཱ་ན་ཡ་སྭཱ་ཧཱ། ཞེས་སྤྱན་དྲངས་པའི་ལྷ་རྣམས་དམ་ཚིག་པ་ལ་དབྱེར་མེད་དུ་ཐིམ་པར་བསམ་ཞིང་བརྟན་པར་བྱས་ལ། གསུམ་པ་དབང་བསྐུར་བ་ནི། སླར་ཡང་དབང་ལྷ་སྤྱན་དྲངས་ནས༔ ཡེ་ཤེས་བདུད་རྩིས་དབང་བསྐུར་བས༔ རྡོ་རྗེ་མི་བསྐྱོད་གཙོར་གྱུར་པའི༔ བདེ་གཤེགས་རིགས་ལྔས་དབུ་བརྒྱན་གྱུར༔ བཞི་པ་མཆོད་པ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་དང༌། །བདུག་སྤོས་སྣང་གསལ་དྲི་ཆབ་དང༌། །ཞལ་ཟས་རོལ་མོ་ལ་སོགས་པའི། །མཆོད་རྫས་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །ཇི་སྙེད་རྒྱལ་བ་སྲས་དང་བཅས། །དེ་སྙེད་རྣམས་ལ་བདག་འབུལ་ན། །ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་བར་ནི་བཞེས་ནས་ཀྱང༌། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དྷ་ར་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་པདྱཾ་ནས་ཤབྡའི་བར་བཅུག་ལ་སོ་སོའི་ཕྱག་རྒྱས་འབུལ། གཞན་ཡང་སྒེག་སོགས་ལྷ་མོ་བརྒྱད་ནི། སྤྲོ་ན་ནང་སྒྲུབ་སྐབས་ལྟར་ཚིགས་བཅད་ཀྱང་སྦྱར། ཨོཾ་བཛྲ་ལཱ་སྱེ་ཧཱུྃ། ཨོཾ་བཛྲ་མ་ལེ་ཏྲྃ། ཨོཾ་བཛྲ་གཱིརྟི་ཧྲཱིཿ ཨོཾ་བཛྲ་ནཱིརྟི་ཨཱཿ ཨོཾ་བཛྲ་པུཥྤེ་ཏྲཱྃ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གནྡྷེ་ཨཱཿ ལྔ་པ་བསྟོད་པ་ནི། ཨོཾ༔ རྡོ་རྗེའི་སྐུ་ནི་རྡོ་རྗེའི་རིགས༔ རྡོ་རྗེ་ཡེ་ཤེས་ཕྱག་རྒྱ་ཆེ༔ རྡོ་རྗེ་ལས་བྱུང་རྡོ་རྗེའི་སྐུ༔ རྡོ་རྗེ་རྣམ་པར་འཇོམས་ལའོ༔ རྡོ་རྗེའི་གསུང་ནི་རྡོ་རྗེ་ཆེ༔ རྡོ་རྗེ་ཚངས་པའི་དབྱངས་སུ་ལྡན༔ རྡོ་རྗེའི་སྒྲ་སྟེ་རྡོ་རྗེའི་གསུང༔ རྡོ་རྗེ་ཀུན་ཏུ་ཁྱབ་པ་ལའོ༔ རྡོ་རྗེའི་ཐུགས་ནི་རྡོ་རྗེའི་མཁའ༔ རྡོ་རྗེ་ཡེ་ཤེས་སྙིང་པོར་མཁྲེགས༔ རྡོ་རྗེ་ལས་བྱུང་རྡོ་རྗེའི་དབྱིངས༔ རྡོ་རྗེའི་དཀྱིལ་འཁོར་ཉིད་ལའོ༔ རྡོ་རྗེའི་ཡོན་ཏན་བསམ་མི་ཁྱབ༔ རྡོ་རྗེའི་ས་མཆོག་མངོན་གྱུར་པས༔ རྡོ་རྗེ་དེ་བཞིན་གཤེགས་ཀུན་དང༔ རྡོ་རྗེ་གཉིས་མེད་གསང་བ་ལའོ༔ རྡོ་རྗེའི་ཕྲིན་ལས་ཁྱབ་པ་ཆེ༔ རྡོ་རྗེ་ཀུན་ཏུ་ཟབ་མོའི་ཀློང༔ རྡོ་རྗེའི་རིགས་ཅན་ཀུན་སྒྲོལ་བའི༔ རྡོ་རྗེའི་སེམས་དཔའ་ཆེན་པོ་ལའོ༔ དྲུག་པ་འཛབ་བཟླས་ནི། ཕྲེང་བ་བླངས་ཏེ། ཨོཾ་བཛྲ་ཨ་ཙིནྡྷཱ་ཡ་སྭཱ་ཧཱ། ཞེས་བདུན་བཟླས་པས་ཕྲེང་བ་བསྒྲུབས་ནས། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜལ་ཕཊ྄་ཛཿ བདག་ཉིད་རྩ་བའི་དཀྱིལ་འཁོར་ལས་ཡེ་ཤེས་དཀྱིལ་འཁོར་གཉིས་པ་ཞིག་མདུན་དུ་ཕྱེ་ནས་མེ་རི་འདབས་འབྱོར་གྱི་ཚུལ་དུ་བཞུགས་པར་གྱུར། གཙོ་བོའི་ཐུགས་ཀར་འོད་ལྔའི་ཀློང༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས༔ རྒྱན་མེད་མཛེས་པར་རོལ་པ་ཡི༔ ཐུགས་དབུས་རྡོ་རྗེའི་ལྟེ་བར་ཧཱུྃ༔ མཐའ་བསྐོར་རྒྱུ་སྐར་ལྟར་མཛེས་པའི༔ གསང་སྔགས་རྒྱལ་པོས་དོན་ཆེན་བྱེད༔ འོད་ཀྱི་སྤྲོ་བསྡུས་ལས་ཀུན་སྒྲུབ༔ དངོས་གྲུབ་ཐོགས་མེད་སྩོལ་བར་བསམ༔ འདི་སྐད་བདག་གིས་ཐོས་པ་སོགས་ནས་སྨྲས་སོ་ཡི་བར་ཚར་གཅིག་གི་རྗེས་སུ། ན་མོ་རཏྣ་ཏྲ་ཡཱ་ཡ་དང་པོ་ནས། ཛྭ་ལཱ་ཡ་སྭཱ་ཧཱའི་བར་རྩ་སྔགས་སམ་གཟུངས་རིང་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ་ཕྱི་མ་ནས། བྷིནྡྷ་བྷིནྡྷ་བཛྲ་ཧཱུྃ་ཕཊ྄་ཀྱི་བར་སྙིང་པོ། ན་མཤྩཎྜ་བཛྲ་ཀྲོ་དྷ་ཡ་ཧུ་ལུ་ཧུ་ལུ་མན་ཆད་ཉེ་སྙིང་ངོ༌། དེ་རྣམས་ཐོག་མར་གསུམ་ཀ་སྦྲགས་ཏེ་ཚར་གཅིག་ངེས་པར་འདོན། དེ་ནས་རང་གི་མོས་པ་དང་སྦྱར་ཏེ་རིམ་པ་བཞིན་ཅི་ནུས་སུ་བཟླས་པས་རུང་ངོ༌། །དབང་དང་ཁྲུས་སོགས་ཀྱི་ཆེད་བུམ་པ་བསྒྲུབ་ན། བྷྲཱུྃ༔ རྣམ་རྒྱལ་བུམ་ནང་བདུད་རྩིའི་སྟེང༔ རྡོ་རྗེའི་དཀྱིལ་འཁོར་ལྷ་ཚོགས་གསལ༔ སྐུ་ལས་བདུད་རྩིའི་རྒྱུན་བབས་པས༔ བུམ་པ་ཡོངས་སུ་གང་བར་གྱུར༔ ཅེས་གསལ་བཏབ་སྟེ་གཟུངས་ཐག་བླངས་ལ། རང་གི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་འཁྲིལ་ནས་སོང་བ་བུམ་པའི་ལྷའི་ཐུགས་ཀར་ཐིམ་པས་དགྱེས་པ་བསྐྱེད། བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བསྩལ་བས་བུམ་པ་གང་བར་བསམ་ལ། གཡས་པས་ཕྲེང་བ་བགྲང་ཞིང་གཡོན་པས་གཟུངས་ཐག་ལ་འཇུས་ཏེ་གཟུངས་རིང་དང་སྙིང་པོ་ཉེ་སྙིང་དང་བཅས་པ་རྣམས་བཟླ་ཚུལ་གོང་དང་མཐུན་པར་སྐྱོན་དང་བྲལ་བ་ཅི་ནུས་སུ་བཟླ། ལས་བུམ་གྱི་ཆུ་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་གྱུར། ཨོཾ་ཨ་མྲྀ་ཏེ་ཧཱུྃ། ཞེས་པ་ཅི་ནུས་བཟླའོ། །བུམ་བཟླས་ཡོད་མེད་གང་ལྟར་ཡང་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བི་དྷ་ར་ཎ་ས་པ་རི་བཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་པདྱཾ་ནས་ཤབྡབའི་བར་བཅུག་ཏེ་སོ་སོའི་ཕྱག་རྒྱས་ཕུལ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཐུ་སྟོབས་གཅིག་ཏུ་བསྡུས་པ་ཡི། །རྡོ་རྗེ་ཁྲོ་བོའི་སྐུར་སྟོན་པ། །རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་དང༌། སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་པའི་བར་གྱི་ཕན་ཡོན་ཡང་བརྗོད་དོ། བདུན་པ་གཏོར་མ་གཏང་བ་ནི། ཆབ་ཀྱིས་བྲན་ལ། སྟོང་པའི་ངང་ལས་ཨོཾ་ཡིག་ལས༔ རིན་ཆེན་སྣོད་མཆོག་ཡངས་པའི་ནང༔ འབྲུ་གསུམ་ལས་བྱུང་གཏོར་མ་ནི༔ ཟག་མེད་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ། མདུན་བསྐྱེད་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཉེ་སྙིང་ལ། ཨ་ཀཱ་རོ་བཏགས་པ་བདུན་གྱིས་ཕུལ་ནས། མཆོད་སྦྱིན་གཏོར་མ་སོགས་ཀྱིས་འདོད་དོན་གསོལ། འཇིག་རྟེན་པའི་གཏོར་མ་ཆ་གསུམ་སྤྱི་ལྟར་བྱ། བུམ་བཟླས་བྱས་ཡོད་ན་བུམ་པའི་ཡེ་ཤེས་པ་ཨོཾ་ཨཱཿཧཱུྃ་བཛྲ་མུཿ ཞེས་པས་གཤེགས་ཤིང༌། དམ་ཚིག་པ་བདག་ལ་བསྟིམ་མོ། །གཉིས་པ་རང་ཉིད་ཀྱི་དབང་གི་ཡེ་ཤེས་གསོ་བ་དང་གཞན་དག་ལམ་འདིར་སྨིན་པར་བྱ་རུང་བའི་ཕྱིར་བདག་ཉིད་འཇུག་པའི་ཆོ་ག་བྱ་བ་ལ། ལོང་སྐབས་ཆེ་ན་དབང་གཞུང་ལྟར་རྒྱས་པར་བྱ་བ་དང༌། གཞན་ལ་དབང་བསྐུར་གྱི་ཚེ་བདག་འཇུག་རྒྱས་པར་མི་ནུས་ན་བསྡུས་ཏེ་རིག་པའི་མེ་ཏོག་དོར་བའོ། །དང་པོ་ནི། རང་གི་སེམས་ཉིད་རྣམ་པར་དག་པ་དཀྱིལ་འཁོར་གྱི་འཁོར་ལོར་རྫོགས་པ་རྩ་བའི་བླ་མ་དང་དབྱེར་མེད་དུ་བལྟས་པ་དབང་ལེན་ཡུལ་དང༌། རྣམ་འགྱུར་གློ་བུར་གྱི་འཁྲུལ་ངོ་རྣམ་སྨིན་བག་ཆགས་ཀྱི་ལུས་སློབ་བུའི་ཚུལ་དུ་བྱས་ལ། དབང་གི་བྱ་བ་རྣམས་གཙོ་བོ་ལས་བྱེ་བའི་རྒྱལ་ཐེབ་ཀྱིས་མཛད་པར་མོས་ནས་འཇུག་པ་སྟེ། དང་པོར་ཁྲུས་བྱས། མཎྜལ་ཕུལ། དཀྱིལ་འཁོར་གྱི་ལྷ་ལ་དད་མོས་དྲག་པོས་ཐལ་མོ་སྦྱར་ཏེ། དགའ་ཆེན་ཁྱབ་བདག་སྟོན་པ་པོ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བསྩལ་དུ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ནི་སྩལ་དུ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །ལན་གསུམ་གྱིས་གསོལ་བ་བཏབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོགས་ལན་གསུམ་གྱིས་སྐྱབས་སེམས་ཚོགས་བསགས་བྱ། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །རིག་པ་འཛིན་པ་བདག་གིས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་ཡོངས་སུ་གཟུང་བར་བགྱི། །ཞེས་ལན་གསུམ་གྱིས་སྡོམ་པ་བཟུང༌། ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེའི་གཡར་དམ་བླ་ན་མེད༔ དམ་ཚིག་ཆེན་པོ་ཧཱུྃ་གི་ཚོགས༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དམ་ཆུ་མྱང༌། དེ་ནས་ཡེ་ཤེས་ལྷ་ཡི་གཟི་བྱིན་དབབ་པ་ནི་ལུས་ངག་ཡིད་གསུམ་གྱི་གནད་ལེགས་པར་གཅུན་ལ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས། ཞེས་བརྗོད་པས་སྣོད་བཅུད་ཐམས་ཅད་མི་དམིགས་སྟོང་ཉིད་དུ་གྱུར་པའི་ངང་ལས་འོད་གསལ་ཡེ་ཤེས་ཀྱི་རོལ་པ་རྣམ་དག་རྡོ་རྗེའི་ཞིང་ཁམས་ཆེན་པོར་ལྷུན་གྱིས་གྲུབ་པའི་དབུས་སུ་སྣ་ཚོགས་རྡོ་རྗེ་དང་པད་ཉི་ཟླ་བའི་གདན་ལ། རང་གི་སེམས་ཉིད་ཧཱུྃ་ཡིག་མཐིང་ག་ལས་རྡོ་རྗེ་རྩེ་ལྔར་གྱུར། དེ་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་སྐུ་རྒྱན་ཆས་ཡོངས་སུ་རྫོགས་པ་ལམ་གྱིས་གསལ་བའི་གནས་གསུམ་རྡོ་རྗེའི་འབྲུ་གསུམ་གྱིས་མཚན་པ་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་རབ་འབྱམས་ཀྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ་ཏེ་སྒོམ་པ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་ཚོགས་ཆར་དྲག་ཏུ་བབ་པ་བཞིན་བྱོན་ནས་སྒོ་གསུམ་ལ་སིབ་སིབ་ཐིམ་པར་མོས་ལ། ཉེ་སྙིང་གི་མཐར། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ར་ར་ར་ར་ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཧ་ཛྷཻཾ༔ སྤོས་དང་རོལ་མོ་ཏིང་ངེ་འཛིན་གྱིས་དབབ་པའི་ཡེ་ཤེས་པ། བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བཛྲ་གཎྜེ་ཧོཿ ཕྱག་རྒྱ་བཞི་དང༌། ཏིཥྛ་བཛྲ་བརྗོད་པས་བརྟན་པར་བྱ། སླར་ཡང་མཎྜལ་སྔོན་དུ་འགྲོ་བས། དཀྱིལ་འཁོར་དབང་ཕྱུག་བླ་མ་རྗེ། །རྡོ་རྗེའི་གསང་བ་ཀུན་གྱི་བདག །ཁྲོ་བོའི་རྒྱལ་པོ་དགོངས་སུ་གསོལ། །འཇུག་ཅིང་སྨིན་པའི་བཀའ་དྲིན་སྩོལ། །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་པས་ཐོག་མར་ཕྱི་ཕན་པའི་དབང་ནི། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་དབྱེར་མེད་པའི་ཐུགས་ཀ་ནས་དབང་ལྷ་ནམ་མཁའ་གང་བར་སྤྲོས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་མི་བསྐྱོད་པའི་རང་བཞིན་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱི་གང་བས་དབང་བསྐུར་ཞིང་ཁྲུས་བྱས་པར་མོས། རྣམ་བུམ་ཐོགས་ལ། ཧཱུྃ༔ མི་བསྐྱོད་ཡེ་ཤེས་བདུད་རྩིའི་ཆུས༔ རྡོ་རྗེ་རང་བྱུང་ལས་ཀུན་བྱེད༔ དབང་མཆོག་བུ་ལ་བྱིན་པ་ཡིས༔ སྒྲིབ་དག་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་བུམ་ཆུས་ཁྲུས་བྱ་ཞིང་འཐུང༌། དེ་ལྟར་མི་བསྐྱོད་པའི་བདག་ཉིད་བུམ་པ་བཟང་པོ་ལས་བྱུང་བའི་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ཉོན་མོངས་པ་ཞེ་སྡང་དག །རྣམ་ཤེས་ཀྱི་ཕུང་པོ་མི་བསྐྱོད་པར་གནས་གྱུར། སངས་རྒྱས་རྡོ་རྗེ་རིགས་ཀྱི་ཁྱབ་བདག་མི་བསྐྱོད་པ་ཆུའི་དབང་ཐོབ་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་རིན་པོ་ཆེའི་དབུ་རྒྱན་གྱི་དབང་བསྐུར་བར་མོས། དབུ་རྒྱན་སྤྱི་བོར་བཅིང་ལ། ཏྲཱྃ༔ རིན་ཆེན་དབུ་རྒྱན་ཅོད་པན་ཅན༔ ཡང་དག་ཡེ་ཤེས་ལྔ་དང་ལྡན༔ དོན་རྟགས་འབྲེལ་བས་དབང་བསྐུར་བས༔ ཟག་མེད་འབྲས་བུའི་སར་ཕྱིན་ཤོག༔ ཨོཾ་རཏྣ་མུ་ཀུ་ཊ་ཨབྷི་ཥིཉྩ་ཏྲཱྃ༔ དེ་ལྟར་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་བསྐུར་བས། ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་རིན་ཆེན་འབྱུང་ལྡན་དུ་གནས་གྱུར། སངས་རྒྱས་རིན་ཆེན་རིགས་ཀྱི་ཁྱབ་བདག་རིན་ཆེན་འབྱུང་ལྡན་དབུ་རྒྱན་གྱི་དབང་ཐོབ་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་རང་བཞིན་རྡོ་རྗེའི་དབང་བསྐུར་བར་མོས། རྡོ་རྗེ་ལག་གཡས་པས་འཕྱར་ལ། ཧྲཱིཿ རྡོ་རྗེ་བླ་མེད་མན་ངག་ཆོས༔ གསུང་གི་དབང་ཕྱུག་དཀྱིལ་འཁོར་ཆེའི༔ ཕྱག་རྒྱ་ཆེན་པོས་དབང་བསྐུར་བས༔ ཆོས་ཀུན་འབྱུང་བའི་ས་ཐོབ་ཤོག༔ ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་ལ་ཐུགས་ཀར་གཏོད། དེ་ལྟར་སྣང་བ་མཐའ་ཡས་རྡོ་རྗེས་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་དག །འདུ་ཤེས་ཀྱི་ཕུང་པོ་སྣང་བ་མཐའ་ཡས་སུ་གནས་གྱུར། སངས་རྒྱས་པདྨའི་རིགས་ཀྱི་ཁྱབ་བདག་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ཐོབ་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་དོན་ཡོད་གྲུབ་པའི་རང་བཞིན་དྲིལ་བུའི་དབང་བསྐུར་བར་མོས། དྲིལ་བུ་གཡོན་པས་དཀྲོལ་ཞིང་དཀུར་བསྟེན་ལ། ཨཱཿ དྲིལ་བུ་ཡེ་ཤེས་སྒྲ་དང་ལྡན༔ དོན་ཀུན་གྲུབ་པ་དཀྱིལ་འཁོར་གཙོའི༔ ཡང་དག་ཕྱག་རྒྱའི་དབང་བྱིན་པས༔ ཕྲིན་ལས་རྩོལ་མེད་ལྷུན་གྲུབ་ཤོག༔ ཨོཾ་གྷཎྜེ་ཨ་བྷི་ཥིཉྩ་ཧོཿ དེ་ལྟར་དོན་ཡོད་གྲུབ་པ་དྲིལ་བུས་དབང་བསྐུར་བས། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་དོན་ཡོད་གྲུབ་པར་གནས་གྱུར། སངས་རྒྱས་ལས་ཀྱི་རིགས་ཀྱི་ཁྱབ་བདག་དོན་ཡོད་གྲུབ་པ་དྲིལ་བུའི་དབང་ཐོབ་པ་ཡིན་ནོ། །སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་བདག་ཉིད་རྡོར་དྲིལ་བསྣོལ་མ་མིང་གིས་དབང་བསྐུར་བར་མོས། རྡོར་དྲིལ་བསྣོལ་མ་སྤྱི་བོར་བཟུང་ལ། ཨོཾ༔ རྡོ་རྗེ་སྣང་མཛད་ཡེ་ཤེས་སྐུ༔ དེ་ཉིད་མཚོན་པ་རྡོ་རྗེའི་མིང༔ སྲིད་གསུམ་ཁྱབ་པར་བསྒྲགས་པ་ཡིས༔ ཞིང་ཀུན་མཛེས་པའི་དབང་ཐོབ་ཤོག༔ ཨོཾ་བྷུརྦྷུ་ཝ་སྭ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་དཀྲོལ། དེ་ལྟར་རྣམ་པར་སྣང་མཛད་རྡོ་རྗེའི་མིང་གི་དབང་བསྐུར་བས། ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་རྣམ་པར་སྣང་མཛད་དུ་གནས་གྱུར། སངས་རྒྱས་དེ་བཞིན་གཤེགས་པའི་རིགས་ཀྱི་ཁྱབ་བདག་རྣམ་པར་སྣང་མཛད་རྡོ་རྗེ་མིང་གི་དབང་ཐོབ་པ་ཡིན་ནོ། །དེ་ལྟར་ཡེ་ཤེས་ལྔ་སྐྱེས་པ་མི་ཉམས་པར་བརྟན་ཞིང་གོང་འཕེལ་དུ་བྱ་བའི་ཕྱིར་རིགས་དྲུག་པའི་ཡེ་ཤེས་ཀྱི་བདག་ཉིད་རྣམ་རྒྱལ་བུམ་པས་སླར་ཡང་དབང་བསྐུར་བར་མོས། རྣམ་བུམ་བཏེགས་ལ། ཨོཾ༔ བཀྲ་ཤིས་བུམ་པ་མཚན་ཉིད་རྫོགས༔ ཡེ་ཤེས་ཆེན་པོའི་བདུད་རྩིས་གཏམས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡོན་ཏན་མ་ལུས་རྫོགས་པར་ཤོག༔ ཉེ་སྙིང་མཐར། ཨོཾ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་བུམ་པ་སྤྱི་བོར་བཞག་ཅིང་བུམ་ཆུ་མྱང༌། དེ་ལྟར་ཐུན་མོང་རིག་པའི་དབང་ལྔ་མཐའ་བརྟེན་དང་བཅས་པས་སྨིན་པར་བྱས་པས། ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང༌། དྲི་མ་བག་ཆགས་དང་བཅས་པ་དག །ཐོབ་བྱ་དཀྱིལ་འཁོར་གྱི་བདག་པོའི་གོ་འཕང་མངོན་དུ་གྱུར་པར་མོས་ཞིང་སྐུར་གསལ། དེ་དང་རྗེས་འབྲེལ་ནང་ནུས་པའི་དབང་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་རང་འདྲའི་སྐུ་གཉིས་པ་སྤྲོས་ནས། རང་གི་སྤྱི་བོར་ཐིམ་པས་ཡེ་ཤེས་ཕྱག་རྒྱའི་སྐུ་ཡི་བྱིན་རླབས་རྒྱུད་ལ་ཞུགས་པར་མོས། ལྷ་སོ་སོའི་ཙཀླི་རིམ་པར་ཐོགས་ཏེ། ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ རྡོ་རྗེ་མི་ཕྱེད་གསུམ་གྱི་བདག༔ རིགས་ཀྱི་གཙོ་བོ་བཅོམ་ལྡན་འདས༔ རྣམ་པར་འཇོམས་པས་དབང་བསྐུར་རོ༔ ཨོཾ་བཛྲ་བིད་སྭཱ་ཧཱ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཧཱུྃ། ཡེ་ཤེས་དག་པའི་ཕྱག་རྒྱའི་གཟུགས། །རྡོ་རྗེ་གསང་བ་ཀུན་གྱི་བདག །དེ་བཞིན་གཤེགས་པ་རིགས་མཆོག་བཞིས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཨོཾ་ཏྲཱྃ་ཧྲཱིཿཨཱ་ཨ་བྷི་ཥིཉྩ་ཨོཾ། ཧཱུྃ། རྡོ་རྗེའི་ཡེ་ཤེས་འབར་བའི་སྐུ། །ཕྱོགས་བཅུའི་གདོན་འདུལ་ཁྲོ་བོ་བཅུ། །བཅོམ་ལྡན་སྲུང་བ་ཆེན་པོ་ཡིས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨོཾཿ ཧཱུྃ། འབར་བའི་ཡེ་ཤེས་གཏུམ་པོ་ཆེ། །ལས་ཀུན་སྒྲུབ་ལ་ཐོགས་པ་མེད། །སྒོ་སྲུང་ཁྲོ་རྒྱལ་རྣམ་བཞི་ཡིས། །སྐལ་ལྡན་བུ་ལ་དབང་བསྐུར་རོ། །ཛ་ཧཱུྃ་བྃ་ཧོཿ ཨ་བྷི་ཥིཉྩ་ཨོཾ༔ དཀྱིལ་འཁོར་གྱི་གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས་དཔའི་ཐུགས་དབུས་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་གཟུངས་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་སྦྲུལ་འཁྱིལ་བ་ལྟར་གནས་པ་ལས་སྔགས་ཕྲེང་གཉིས་པ་ཞིག་ནར་གྱིས་བྱུང༌། ཞལ་ནས་ཐོན་རང་གི་ཁར་ཞུགས། སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་སྲོག་ཧཱུྃ་གི་མཐར་འཁོད་པར་མོས་ལ་གཟུངས་རིང་འབྲིང་ཐུང་གསུམ་རྗེས། ཛཿཤནྟིཾ་ཀུ་རུ་ཧཱུྃ༔ ཧཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ བྃ་ཝཱ་ཤཾ་ཀུ་རུ་ཧོ༔ ཧོཿམ་ར་ཡ་ཕཊ྄༔ ཅེས་བཏགས་པ་ལན་གསུམ་བཟླའོ། །དཀྱིལ་འཁོར་པའི་ཐུགས་ཡེ་ཤེས་ཀྱི་དགོངས་པ་སྣང་སྟོང་སྒྱུ་མ་ལྟ་བུའི་དོན་དཔེ་མེ་ལོང་ནང་གི་གཟུགས་བརྙན་གྱིས་མཚོན་པར་མོས་ལ། མེ་ལོང་ལ་གཙོ་སྐུ་ཤར་བ་བསྟན་ཏེ། ཧཱུྃ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ མ་འགག་རོལ་པ་ཅིར་ཡང་ཤར༔ སྣང་ཡང་ཞེན་མེད་བརྡ་འདི་ཡིས༔ དོན་གྱི་གནས་ལུགས་ཤེས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨཿ དེ་དག་གིས་བུམ་པའི་དབང་བསྐུར་མཐའ་རྟེན་དང་བཅས་པ་ཐོབ། བསྐྱེད་རིམ་དབྱིབས་ཀྱི་རྣལ་འབྱོར་སྒོམ་པ་ལ་དབང༌། ལུས་ཀྱི་སྒྲིབ་པ་དག །སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གསང་དབང་ནི། ཡབ་ཡུམ་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ལྕེ་ཐོག་ཏུ་བཞག་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་པར་མོས་ལ། ཧཱུྃ༔ བདེ་སྟོང་རོལ་པའི་བྱང་ཆུབ་སེམས༔ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ གཉིས་མེད་མཉམ་པའི་ཡེ་ཤེས་རྒྱུན༔ གཙང་དམེ་མེད་པར་རོལ་བར་གྱིས༔ ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་བདུད་རྩི་མྱངས་པས་རྩ་ཐམས་ཅད་བདུད་རྩིས་གང༌། དུག་གསུམ་གྱི་རྣམ་རྟོག་འགགས། བདེ་བའི་ཡེ་ཤེས་སྐྱེས་པར་བསམ། དེས་གསང་བའི་དབང་བསྐུར་བ་ཐོབ། བདག་བྱིན་བརླབ་པའི་ཡེ་ཤེས་སྒོམ་པ་ལ་དབང༌། རླུང་གི་སྒྲིབ་པ་དག །ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །ཤེར་དབང་ནི། དཀྱིལ་འཁོར་པའི་ཐུགས་ཀ་ནས་རིག་མ་གཟུགས་དང་ལང་ཚོས་བརྒྱན་པ་བྱོན་ནས་རང་ལ་འཁྱུད་པར་མོས་ལ། རིག་ཙཀ་དང་དྲིལ་བུ་ལག་གཡོན་དུ་ཐོགས་ལ། ཧཱུྃ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ དཔེ་ཡི་ཐབས་ཀྱིས་མངོན་བྱེད་པའི༔ བཅུ་དྲུག་དགའ་སྦྱིན་སྒྱུ་མ་ཆེ༔ སྒྱུ་མའི་རོལ་པས་སྤྱོད་ཅིག་བུ༔ ཨོཾ་ཨཱཿཧཱུྃ་པདྨ་བྷཉྫ་མོ་ཀྵ་ཧོ༔ ཞེས་འདུ་ཤེས་གསུམ་ལྡན་གྱིས་རིག་མ་དང་མཉམ་པར་སྦྱར་བས་དགའ་བ་བཞིའི་རིམ་པས་ལྷན་སྐྱེས་ཀྱིས་བདེ་བ་བརྟན་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ཅིང་འཁྱུད་རྒྱ་བྱ། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ། གཞན་ལུས་ཕྱག་རྒྱའི་རྣལ་འབྱོར་སྒོམ་པ་ལ་དབང༌། ཐིག་ལེའི་སྒྲིབ་པ་དག །ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཚིག་དབང་ནི། སེམས་དུས་གསུམ་གྱི་རྟོག་པས་མ་བསླད་པ་ཆོས་ཉིད་གཉུག་མའི་ངང་དུ་མཉམ་པར་བཞག་ལ། ཧཱུྃ༔ སྟོང་གསལ་རིག་པ་ཡེ་ཤེས་སེམས༔ ཀུན་ཁྱབ་རྡོ་རྗེའི་ཁམས་ཆེན་པོ༔ རང་རིག་ཐིག་ལེ་གཉིས་མེད་པས༔ ཆོས་དབྱིངས་གནས་ལུགས་རྟོག་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨ༔ དེས་དབང་བཞི་པ་ཐོབ། ལམ་ཟུང་འཇུག་སྒོམ་པ་ལ་དབང༌། འཕོ་བའི་སྒྲིབ་པ་དག །ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པའོ། །དེ་དག་གིས་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པས་རང་ཉིད་བདག་པོ་ཆེན་པོའི་གོ་འཕང་བརྙེས་ཏེ་སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་རྣམ་པར་འཇོམས་པའི་སྐུར་གསལ་བ་ལ་གསང་སྔགས་ཀྱི་ཕྱག་རྒྱའི་དམ་ཚིག་གི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗེ་དང་དྲིལ་བུ་གསང་བ་གསུམ་གྱི་དཀྱིལ་འཁོར་མ་ལུས་པའི་བདག་ཉིད་འདི་ལག་ཏུ་གཏད་པ་ཙམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་ས་བོན་ཐེབས། སངས་རྒྱས་ཐམས་ཅད་ཀྱི་མེས་པོ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཏུ་གྱུར་པས། དབང་བསྐུར། རྒྱུད་འཆད། སློབ་མ་བསྡུ་བ་ལ་སོགས་པའི་ལས་བྱེད་པ་ལ་དབང་བར་མོས། རྡོ་རྗེ་ལག་གཡས་སུ་ཐོགས་ལ། ཧཱུྃ༔ རྡོ་རྗེ་ཡང་དག་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་ཐུགས་ཉིད་དེ༔ དེ་རིང་བུ་ལ་བྱིན་པ་ཡིས༔ ཁྱོད་ཀྱང་རྡོ་རྗེའི་ཐུགས་འགྲུབ་ཤོག༔ ཨོཾ་བཛྲ་ཧཱུྃ༔ ཞེས་སྙིང་གར་གསོར། དྲིལ་བུ་ལག་གཡོན་དུ་ཐོགས་ལ། ཧཱུྃ༔ དྲིལ་བུ་སྟོང་པའི་སྒྲ་སྒྲོག་པ༔ ཆོས་ཀུན་དེ་ཉིད་རྗེས་སུ་མཚོན༔ སངས་རྒྱས་གསུང་གིས་དབང་བསྐུར་བས༔ རྡོ་རྗེའི་གསུང་མཆོག་འགྲུབ་པར་ཤོག༔ ཨོཾ་གྷཎྜེ་ཧཱུྃ༔གིས་དཀྲོལ་ཏེ་དཀུ་གཡོན་དུ་གཏད། ཧཱུྃ༔ བདེ་ཆེན་མི་འགྱུར་རྡོ་རྗེ་སེམས༔ ཤེས་རབ་ཡུམ་དང་གཉིས་སུ་མེད༔ རྟག་ཏུ་ཕྱག་རྒྱ་དགྱེས་རོལ་བའི༔ སངས་རྒྱས་སྐུ་དང་གཉིས་མེད་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཞེས་ལག་གཉིས་པད་ཀོར་དང་འཁྱུད་རྒྱས་རྡོར་དྲིལ་ཐུགས་ཀར་བསྣོལ། མངའ་གསོལ་གྱི་ཆས་ཐོགས་ལ། ཨོཾ༔ ཁྱོད་ནི་ངེས་པར་རྡོ་རྗེ་སེམས༔ ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས༔ དོན་རྣམས་ཐམས་ཅད་སྒྲུབ་པ་དང༔ རྡོ་རྗེ་སློབ་མའི་ཚོགས་སྡུས་ཤིག༔ ས་མ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང༌། དེ་ནས་རྗེས་ཀྱི་དམ་ཚིག་ཁས་བླང་བ་ནི། གཙོ་བོས་ཇི་ལྟར་སོགས་བྱ། དེང་ནས་བརྩམས་ཏེ་སོགས་ཀྱིས་ལུས་འབུལ་དང༌། གཏང་རག་མཎྜལ་ཡང་བྱས་པས་གྲུབ་པའོ། །གཉིས་པ་གཞན་ལ་དབང་བསྐུར་གྱི་ཚེ་དེ་ལྟར་རྒྱས་པར་མི་ནུས་ན་བསྡུས་ཏེ་རིག་པའི་མེ་ཏོག་དོར་བ་ནི། གོང་གི་ནང་སྒྲུབ་སྐབས་ལྟར་བྱའོ། །གཞན་ཡང་སྒྲུབ་ཐབས་འདི་ལ་བརྟེན་པའི་ཁྲུས་ཀྱི་ཆོ་ག་བྱ་ན། སྟེགས་གཙང་མར་རྡུལ་ཚོན་ནམ་རས་བྲིས་ཀྱི་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་བུམ་པ་བཀོད། གོང་གཏོར་དང་མཆོད་གཏོར་ཆ་གསུམ་དང་བཅས་པ་བཤམས་པའི་མཐའ་ཉེར་སྤྱོད་ཀྱིས་བསྐོར་ལ། བདག་མདུན་བུམ་པ་འདས་མ་འདས་ཀྱི་གཏོར་ཆོག་བུམ་ལྷ་འོད་ཞུའི་བར་སྒྲུབ་ཐབས་ལྟར་བྱ་བ་ལས་ཕན་ཡོན་བརྗོད་པ་དོར་ལ། སྦྱོང་བ་སྔོན་དུ་འགྲོ་བས་བཀྲུ་བྱབ་སྲུང་བའི་རིམ་པ་རྣམས་ཁྲུས་ཆོག་གཞན་དང་མཚུངས་པར་བྱ་ཞིང༌། གོང་གི་ཕན་ཡོན་འདིར་བརྗོད། རྗེས་སུ་ཤིས་པ་བརྗོད་པས་དགེ་ལེགས་རྒྱ་ཆེར་སྤེལ་བར་བྱའོ། །གསུམ་པ་རྗེས་ལ་ལྔ་ལས། དང་པོ་མཆོད་བསྟོད་ནི། སྔགས་ཙམ་གྱིས་མཆོད་ཅིང༌། དེ་བཞིན་གཤེགས་པ་སོགས་ཀྱིས་བསྟོད། གཉིས་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་སོགས་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས། གསུམ་པ་བསྡུ་ལྡང་ནི། བདག་ཉིད་ལྷར་གསལ་བ་འོད་གསལ་གྱི་ངང་དུ་ཐིམ། སླར་ཡང་ལས་ཀྱི་ཁྲོ་བོའི་སྐུར་ལངས་ལ་སྤྱོད་ལམ་བསྐྱང་ངོ༌། །བཞི་པ་བསྔོ་སྨོན་ནི། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་རྣམ་འཇོམས་སོགས་བརྗོད། ལྔ་པ་ཤིས་བརྗོད་ནི། རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེ། །ཁྲོ་བོའི་སྐུར་བཞེངས་བདུད་བཞིའི་དཔུང༌། །རྣམ་པར་འཇོམས་མཛད་ལྷག་པའི་ལྷའི། །སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་ཚིག་གཞན་ཡང་བརྗོད་དོ། །ཆོ་ག་དང་བཟླས་པའི་རིམ་པ་དེ་ལྟ་བུས་སྔགས་གསུམ་པོ་གང་ཡང་རུང་བ་གཅིག་འབུམ་དུ་བཟླ་བ་ནི་གྲངས་བསྙེན་དང༌། ལྷ་ལ་མཐོང་རེག་གི་མཚན་མ་དང་ཡི་དམ་གྱི་རྟེན་བཞད་པ་མཐོང་བ་སོགས་ནི་རྟགས་ཀྱི་བསྙེན་པའོ། །བཞི་པ་ཡང་གསང་རིགས་བརྒྱའི་དཀྱིལ་འཁོར་ལྟར་སྒྲུབ་པ་ལ་སྔོན་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་བཅུ་བཞི་ལས། དང་པོ་སྦྱོར་བའི་ཆོས་ནི། གནས་ཁང་རྒྱན་གྱིས་སྤྲས་པའི་གུང་དུ་དཀྱིལ་འཁོར་གཞུང་གསལ་ལྟར་རམ་ཚོམ་བུ་ལྷ་གྲངས་བཀོད་པ་དང༌། སྨན་རཀ་གཏོར་མ་ཉེར་སྤྱོད་ཀྱི་མཆོད་པ་དང་ཚོགས་ཆད་བརྟན་སྲུང་མའི་གཏོར་མ་དཀར་བགེགས་བཅས་འདུ་བྱས་ལ། བདག་འཇུག་དང་སྦྲེལ་ན་དེའི་ཡོ་བྱད་ཐམས་ཅད་བསགས་ཤིང༌། རང་ཉིད་བདེ་བའི་སྟན་ལ་འཁོད་ནས་ངེས་འབྱུང་དང་སྙིང་རྗེའི་བློ་དང་བཅས་པས། གཉིས་པ་བསང་ཆུ་སྒྲུབ་པ་ནི། བརྒྱུད་འདེབས་སྔོན་དུ་འགྲོ་བས། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅ཧཾ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཁྲོ་བོའི་ཆས་ཅན་རྡོ་རྗེ་དང་དུང་ཁྲག་འཛིན་པའི་སྐུར་གྱུར་པར་བསམ་ལ། དེའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུརཡ་མཎྜ་ལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ཎ་ཕཊ྄། སཾ་ཧ་ར་ཎ་ཧཱུྃ༔ འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ྄། ཁྲོ་མོ་དབྱིངས་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང༌། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་པས། ཁྲོ་མོ་དབྱིངས་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ་ཕཊ྄། ཞེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསངས་གཏོར་བྱ་ཞིང༌། ཐོག་མཐའ་ཀུན་ཏུ་བསངས་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །གསུམ་པ་དཀར་ཕྱོགས་ལ་གཏོར་མ་བསྔོ་བ་ནི། རྃ་ཡྃ་ཁྃ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་སྤྱན་དྲངས། སྠ་ན་ལོ་ཀ་པཱ་ལཉྩ་ན་མཿསརྦ་སོགས། གྷྲྀ་ཧྣ་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་ཕུལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ། ཞེས་བརྗོད་ཅིང་གཏོར་མ་དང་གསེར་སྐྱེམས་ཕྱི་རོལ་དུ་ཕུལ། བཞི་པ་སྐྱབས་སུ་འགྲོ་བ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་བསྐུལ་ཏེ་བླ་མ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་མདུན་གྱི་ནམ་མཁར་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ནས་ཡིད་ཆེས་དང་དད་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་བར་གྱུར། ན་མོ༔ བདེ་ཆེན་འོད་གསལ་བྱང་ཆུབ་སེམས༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ བླ་མ་རྡོ་རྗེ་སེམས་དཔའ་ནི༔ རང་གིས་རིག་པས་སྐྱབས་སུ་མཆི༔ ལན་གསུམ། ལྔ་པ་སེམས་བསྐྱེད་པ་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་ཟུང་འཇུག་བདེ་བ་ཆེན་པོ་བླ་མ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་གོ་འཕང་ལ་དགོད་པར་བྱ་དེའི་ཆེད་དུ་རྡོ་རྗེའི་རྣལ་འབྱོར་ཟབ་མོའི་ཏིང་འཛིན་ལ་འཇུག་པར་བགྱིའོ་སྙམ་པས། ཧོཿ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ ཡེ་ནས་སངས་རྒྱས་སྐུ་དང་ཞིང༔ མ་རྟོགས་སྲིད་ལས་བསྒྲལ་བའི་ཕྱིར༔ གནས་ལུགས་རྡོ་རྗེའི་སེམས་མཆོག་བསྐྱེད༔ ལན་གསུམ། དྲུག་པ་ཚོགས་བསགས་ཡན་ལག་བདུན་པ་ནི། ཧོཿ ཆོས་དབྱིངས་དང་མཉམ་རྩ་གསུམ་ལྷ༔ མངོན་སུམ་རིག་པས་ཕྱག་འཚལ་ལོ༔ སྣང་སྲིད་ཀུན་བཟང་རོལ་པས་མཆོད༔ བློས་བྱས་ཡིད་དཔྱོད་སྡིག་ལྟུང་བཤགས༔ ཟག་མེད་ཆོས་ལ་རྗེས་ཡི་རང༔ ཟབ་རྒྱས་ངེས་དོན་ཆོས་འཁོར་བསྐོར༔ མྱ་ངན་མི་འདར་རྟག་བཞུགས་གསོལ༔ བྱང་ཆུབ་ཆེན་པོའི་དབྱིངས་སུ་བསྔོ༔ བདེ་ཆེན་རྡོ་རྗེ་སེམས་འགྲུབ་ཤོག༔ ལན་གསུམ། བདུན་པ་བགེགས་ལ་བཀའ་བསྒོ་བ་ནི། བགེགས་གཏོར་ཆབ་ཀྱིས་བྲན་ལ། རྃ་ཡྃ་ཁྃ། ཡིད་མཐུན་སྣོད་དུ་གཏོར་མ་ནི། །ཁཾ་ལས་འདོད་ཡོན་རྒྱ་མཚོར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ། སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿཞེས་ལྕགས་ཀྱུའི་ཕྱག་རྒྱས་མགྲོན་དགུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ནས། གྷྲྀ་ཧྣ་དཾ་བ་ལིཾ་ཏ་སྭཱ་ཧཱ། ལན་གསུམ་གྱིས་གཏོར་མ་བསྔོས་ལ། བཀའ་བསྒོ་བ་དངོས་ནི། ཧཱུྃ༔ ང་ནི་རང་བྱུང་ཧེ་རུ་ཀ༔ བཛྲ་ཀྲོ་དྷ་དཔལ་ཆེན་པོ༔ བཀའ་ལས་འདའ་ནུས་སུ་ཡང་མེད༔ འདི་རུ་རྡོ་རྗེའི་དཀྱིལ་འཁོར་སྒྲུབ༔ ཁྱེད་རྣམས་བལྟ་ཉན་མི་དབང་བས༔ སྐྱེ་མེད་དབྱིངས་ཀྱི་ཀློང་དུ་དེངས༔ བསྒོ་བའི་བཀའ་ལས་འདས་གྱུར་ན༔ ཡེ་ཤེས་རྡོ་རྗེ་འབར་བ་ཡིས༔ རྡུལ་དུ་བརླག་པར་གདོན་མི་ཟ༔ ཧཱུྃ་ཧཱུྃ་ཧཱུྃ༔ བིགྷྣཱན་ཨུཥཙ་ཊ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་དང་ཡུངས་ཐུན་གྱིས་གཟིར་ལ་གུ་གུལ་བདུག་གོ །བརྒྱད་པ་སྲུང་འཁོར་ནི། ཧཱུྃ༔ སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ གཞོམ་མེད་རྡོ་རྗེའི་སྲུང་བའི་གུར༔ འབར་བའི་ཁྲོ་རྒྱལ་དཀྱིལ་འཁོར་བཅས༔ དབྱིངས་ལས་བྱུང་ཞིང་ལྷུན་གྱིས་གྲུབ༔ ཆོས་ཉིད་བདེ་བ་ཆེན་པོའི་ཀློང༔ ནམ་ཡང་འདུ་འབྲལ་མེད་པར་བཞུགས༔ ཨོཾ་ཛྙཱ་ན་བཛྲ་རཀྵ་ཧཱུྃ་བྷྲཱུྃ༔ དགུ་པ་བརྡ་སྒོ་དབྱེ་བ་ནི། ཧོཿ སྣང་སྲིད་རྣམ་དག་རྡོ་རྗེ་སེམས༔ བདེ་ཆེན་རང་སྣང་ཞིང་ཁམས་ཆེར༔ དག་པ་ཚད་མེད་ཐུགས་རྗེའི་སྒོ༔ ཡེ་ཤེས་ཕྱག་རྒྱ་བཞིས་དབྱེའོ༔ བྷྲཱུྃ་པྲ་བེ་ཤ་ཡ་ཕཊ྄༔ བཅུ་པ་བརྡ་ཕྱག་ནི། ཧཱུྃ༔ རང་བྱུང་གསང་བའི་ཡེ་ཤེས་དབྱིངས༔ ཡེ་ནས་རྣམ་དག་དཀྱིལ་འཁོར་ལྷ༔ རང་སྣང་ཙམ་དུ་ཤེས་པའི་བློས༔ གཉིས་སུ་མེད་པའི་ངོ་བོར་འདུད༔ ན་མོ་ན་མ་མི༔ བཅུ་གཅིག་པ་བཤགས་པ་ནི། ཡེ་ཤེས་སྐུ་མཆོག་སྔོན་དུ་འགྲོ་བས། ཧོཿ གདོད་མའི་ཡེ་ཤེས་འཁོར་ལོ་ཆེ༔ མངོན་དུ་མ་གྱུར་སྒོ་གསུམ་གྱིས༔ འགལ་འཁྲུལ་ཉེས་པར་སྤྱོད་པའི་ནོངས༔ དངོས་གྲུབ་སྒྲིབ་པའི་རྒྱུ་ཀུན་བཤགས༔ དག་ཚངས་ཆེན་པོར་སོར་ཆུད་ནས༔ སྒྲིབ་མེད་ཚངས་པའི་ཞལ་སྟོན་ཅིག༔ ས་མ་ཡ་ཤུདྡྷེ་ཨཱཿ ཡིག་བརྒྱ་བརྗོད། བཅུ་གཉིས་པ་དམ་བཅའ་བ་ནི། རྡོ་རྗེ་རྩེ་གཅིག་པའི་རྒྱ་བཅས། ཧཱུྃ༔ བླ་མེད་བྱང་ཆུབ་རྡོ་རྗེའི་སེམས༔ དཀྱིལ་འཁོར་བདག་པོ་རང་ལ་བཞུགས༔ རང་ངོ་ཤེས་པ་སྙིང་པོའི་བར༔ སྲོག་ཕྱིར་བསྒྲུབ་པར་དམ་བཅའོ༔ ས་མ་ཡ་སྟྭྃ༔ བཅུ་གསུམ་པ་བྱིན་དབབ་པ་ནི། སྤོས་རོལ་དང་དར་སྣ་གཡབ་ཅིང་གཟི་བྱིན་བསྐྱེད་ལ། ཨོཾ་ཨཱཿཧཱུྃ༔ ཨ་ལ་ལ་ཧོཿ བྷ་ག་ཝན༔ ས་མ་ཡ་ཧོཿ ས་མ་ཡ་སྟྭྃ༔ ཆོས་དབྱིངས་དང་མཉམ་སངས་རྒྱས་ཀུན༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བར་བཞེངས༔ བདེ་ཆེན་འཁོར་ལོ་བསམ་ཡས་པ༔ ནམ་མཁའ་མཉམ་པའི་སྤྲོ་བསྡུ་ཡིས༔ འཕགས་མཆོག་ཐུགས་རྗེའི་དུས་ལ་བབ༔ ཁྱད་པར་བསྟན་པའི་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ དབང་མཆོག་བསྐུར་བའི་དུས་ལ་བབ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ བྱིན་གྱིས་བརླབ་པའི་དུས་ལ་བབ༔ མཐུ་ཆེན་བདུད་འདུལ་བཅོམ་ལྡན་འདས༔ བྱིན་ཆེན་བྱིན་ཕོབ་བཅོམ་ལྡན་འདས༔ དབང་ཆེན་དབང་བསྐུར་བཅོམ་ལྡན་འདས༔ དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས༔ བདག་ཅག་ལས་འབྲས་མཆིས་པར་མཛོད༔ ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛྙཱ་ན་མཎྜ་ལ་ཨ་བེ་ཤ་ཡ་ཨ་ཨཿ ཧྲཱིཾ་ཧྲཱིཾ༔ ཕཻཾ་ཕཻཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ས་མ་ཡ་ཧོཿ བཅུ་བཞི་པ་མཆོད་པ་བྱིན་རླབས་ནི་མཆོད་རྫས་བསངས་གཏོར་བྱས་ལ། ཕྱི་མཆོད་ནི། ཨོཾ་ཨཱཿཧཱུྃ༔ སྣང་སྲིད་རྣམ་དག་འོག་མིན་ཞིང༔ བཀོད་པ་ཚད་མེད་ཡོན་ཏན་རྫོགས༔ རྫས་རྣམས་ཀུན་བཟང་མཆོད་པའི་སྤྲིན༔ བདེ་ཆེན་ལོངས་སྤྱོད་ཆེན་པོར་གྱུར༔ ཨོཾ་སརྦ་པཱུ་ཛ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ནས། ཤབྡའི་བར་དང༌། ནང་མཆོད་ནི། ཧཱུྃ་ཧྲཱིཿ དབྱིངས་ཀྱི་ངོ་བོ་ཀ་པཱ་ལར༔ རིག་པ་བླ་མེད་དམ་ཚིག་རྫས༔ སྨན་གཏོར་རཀྟའི་ཚོགས་ཆེན་པོ༔ མཆོག་གི་མཆོད་པ་བསམ་ཡས་ཤར༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིངྟ་ཨཱཿཧཱུྃ༔ ཨོཾ་རཀྟ་རཱ་ག་ཨཱཿཧཱུྃ༔ ཨོཾ་མ་ཧཱ་སུ་ཁ་ཨཱཿཧཱུྃ༔ སྔགས་རྣམས་ལན་གསུམ་རེ་བརྗོད། གཉིས་པ་དངོས་གཞི་ལ། རྟེན་གྱི་དཀྱིལ་འཁོར་སྒྲུབ་པ་དང༌། བདག་ཉིད་འཇུག་པའི་ཆོ་ག་བྱ་བའོ། ། | ||
Revision as of 12:09, 12 December 2022
🚧 This website is under continued development. We appreciate your patience!
སྙན་བརྒྱུད་སྙིང་གི་གསང་མཛོད་ལས། ཡི་དམ་ཞི་བ་རྡོ་རྗེ་སེམས་དཔའི་ཕྱི་ནང་གསང་བ་ཡང་གསང་དང་བཅས་པའི་སྒྲུབ་ཐབས་ཡེ་ཤེས་གསང་ཐིག་བཀླག་ཆོག་ཏུ་བཀོད་པ་བདེ་ཆེན་སྒྱུ་འཕྲུལ་རྡོ་རྗེའི་རོལ་རྩེད།
Wylie title | snyan brgyud snying gi gsang mdzod las/_yi dam zhi ba rdo rje sems dpa'i phyi nang gsang ba yang gsang dang bcas pa'i sgrub thabs ye shes gsang thig bklag chog tu bkod pa bde chen sgyu 'phrul rdo rje'i rol rtsed | |
---|---|---|
Location | dil mgo mkhyen brtse bka' 'bum Volume 20, Text 3, Pages 25-73 (Folios 1a to 49b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Snyan brgyud snying gi gsang mdzod las/_yi dam zhi ba rdo rje sems dpa'i phyi nang gsang ba yang gsang dang bcas pa'i sgrub thabs ye shes gsang thig bklag chog tu bkod pa bde chen sgyu 'phrul rdo rje'i rol rtsed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 20: 25-73. Delhi: Shechen Publications, 1994. | |
Genre | Sadhanas - Evocation Ritual - sgrub thabs | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | rdo rje sems dpa' | |
Colophon |
| |
|