JKW-KABUM-14-PHA-028: Difference between revisions
No edit summary |
No edit summary |
||
Line 41: | Line 41: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །པྲ ཧེ བ ཛྲ སྱ ཙི ཏྟ ཏི ལ ཀཱ ཏྲ། ཨཱ དཱ ན ཤྴ མ སྱ སཱ དྷཱ ན ཤྩ ཀ རྨ ནཿ པ ཏྟྲཾ ལེ ཁཱ སཾ ཡོ ཛི ཏ མ ཧཱ སུ ཁཾ ཤཱི གྷྲཾ པ ནྠཱཿ ནཱ མ བི ཧ ར ཏི སྨ ། ། | {{TibP|༄༅། །པྲ ཧེ བ ཛྲ སྱ ཙི ཏྟ ཏི ལ ཀཱ ཏྲ། ཨཱ དཱ ན ཤྴ མ སྱ སཱ དྷཱ ན ཤྩ ཀ རྨ ནཿ པ ཏྟྲཾ ལེ ཁཱ སཾ ཡོ ཛི ཏ མ ཧཱ སུ ཁཾ ཤཱི གྷྲཾ པ ནྠཱཿ ནཱ མ བི ཧ ར ཏི སྨ ། ། | ||
༄༅། །དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཡི་དམ་ཞི་བའི་སྒྲུབ་ཐབས་དང་ཕྲིན་ལས་ཀྱི་བྱང་བུ་ཁྲིགས་སུ་བསྡེབས་པ་བདེ་ཆེན་མྱུར་ལམ་ཞེས་བྱ་བ་བཞུགས་སོ། | ༄༅། །དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཡི་དམ་ཞི་བའི་སྒྲུབ་ཐབས་དང་ཕྲིན་ལས་ཀྱི་བྱང་བུ་ཁྲིགས་སུ་བསྡེབས་པ་བདེ་ཆེན་མྱུར་ལམ་ཞེས་བྱ་བ་བཞུགས་སོ། | ||
།ན་མོ་གུ་རུ་བཛྲ་ས་ཏྭཱ་ཡ། རྡོ༷་རྗེ༷་གདོད་ནས་རྣམ་དག་དབྱིངས། །སེམ༷ས་དཔ༷འ་ཡེ་ཤེས་ཆེན་པོར་ཤར། །ཟུང་འཇུག་གཉུག་མའི་བླ་མ་ལྷར། །བཏུད་ནས་དེ་ཡི་ཕྲིན་ལས་དབྱེ། །དེ་ལ་འདིར་ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བྱེ་བྲག །སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེའི་སྙིང་ཏིག་ལས། ཡི་དམ་ཞི་བ་དཔལ་རྡོ་རྗེ་སེམས་དཔའ་སངས་རྒྱས་མཉམ་སྦྱོར་གྱི་སྒྲུབ་ཐབས་དང་ཕྲིན་ལས་ཀྱི་བྱང་བུ་ཁྲིགས་སུ་བསྡེབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། དབང་དང་སྒྲུབ་མཆོད་སོགས་ཀྱི་སྐབས་གནས་དབེན་ཞིང་ཡིད་དང་རྗེས་སུ་མཐུན་པར་སྟེགས་བུའི་དབུས་སུ་རྡུལ་ཚོན་ནམ་རས་བྲིས་ཀྱི་ཞི་དཀྱིལ་རྟ་བབས་སྣམ་བུ་བཞི་མ་སྤྱི་དང་མཐུན་པའི་ལྟེ་བར་སྐུའམ་ཕྱག་མཚན་གང་རིགས་བྲིས་པ་དགྲམ་པའམ། དེ་ཙམ་མ་གྲུབ་ན་མཎྜ་ལར་ཚོམ་བུ་གཅིག་བཀོད་པའི་སྟེང་དུ་མཉྫིའི་ཁར་བུམ་པ་བཅུད་ལྡན་དང་། ཐོད་པ་བདུད་རྩིས་གང་བ། མེ་ལོང་ཤེལ་རྡོ་དང་བཅས་པ་རྣམས་བརྩེགས་མར་བཤམས་པའི་མཐའ་སྐོར་དུ་སྨན་རཀ་གཏོར་གསུམ་དང་། ཉེར་སྤྱོད། ཚོགས་གཏོར། ཉེ་ལོགས་ཅི་བདེ་བར་སྔོན་གཏོར་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། བསྙེན་རྐྱང་ཙམ་གྱི་སྐབས་སུ་སྨན་གཏོར་རཀྟ་ཉེར་སྤྱོད་བཅས་བཤམས་པས་ཀྱང་འཐུས། རྒྱུན་གྱི་རྣལ་འབྱོར་ལ་མཆོད་གཏོར་སོགས་ཀྱི་སྤྲོས་པ་མེད་ཀྱང་ཆོག་གོ །གཉིས་པ་ལ། མཚམས་གཅོད་སྐྱབས་སེམས་ཚོགས་བསག་དང་། དམ་བཅའ་བྱིན་དབབ་མཆོད་པ་བརླབ། །ཅེས་བརྒྱད་ལས། དང་པོ་ནི། སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་ལ་གནས་པས་འཁོད་དེ། ཚིག་བདུན་གསོལ་འདེབས་ཀྱིས་ཐོག་དྲངས་བླ་མ་སྐུ་གསུམ་དང་། སྤྲོས་བྲལ་བདེ་ཆེན་མ་སོགས་གསོལ་འདེབས་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས། བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ྅་ཧཾ། རང་ཉིད་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཁྲོ་བོའི་ཆས་ཅན་རྡོ་རྗེ་དང་དུང་ཁྲག་འཛིན་པའི་སྐུར་གྱུར་པར་བསམས་ལ། དེའི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པས་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ། མ་སཱུཪྻ་མཎྜལ། ཉི་མ་ལ་གནས་པའི་ཧཱུྃ་ཡིག་དམར་པོ། སྥ་ར་ཎ་ཕཊ། སཾ་ཧ་ར་ཎ་ཧཱུྃ། འཕྲོས་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་ཧཱུྃ་ཕཊ། ཁྲོ་མོ་དབང་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པའི་སྐུར་གྱུར་པར་བསམ་ཞིང་། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ལ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋཱ། ཞེས་བརྒྱ་རྩ་བརྒྱད་ཀྱིས་བྱིན་གྱིས་བརླབས་ནས། ཁྲོ་མོ་དབང་ཕྱུག་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རཱི་སརྦ་དྲ་བྱཾ་ཤོ་དྷ་ཡ་ཧཱུྃ་ཕཊ། ཅེས་པས་བདག་གནས་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ་ཞིང་། ཐོག་མཐའ་ཀུན་ཏུ་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱ། སྔོན་གཏོར། རྃ་ཡྃ་ཁྃ་གྱིས་བསྲེག་གཏོར་བཀྲུ། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང་། གཏོར་མ་དང་པོ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཾ་ཨཱདྱ་ནུ་ཏྭ་ནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །ཞེས་གསོལ། གཏོར་མ་གཉིས་པ། ཨོཾ་སརྦ་བིགྷྣཱཾ་ན་མ་སྶརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། རྒྱལ་བ་རྟག་པ་རྡོ་རྗེ་འཛིན༔ ཧེ་རུ་ཀ་དང་གར་དབང་ཆེ༔ ཉི་མ་རྟ་མཆོག་སྣང་མཛད་པའི༔ ཁྲོ་བོའི་རྒྱལ་པོ་ང་ཡིན་གྱི༔ ང་ཡི་བཀའ་ལས་འདའ་མ་བྱེད༔ དངོས་གྲུབ་ཆུ་ལ་རྡུལ་འཇུག་པའི༔ ལོག་འདྲེན་བདུད་རྣམས་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་བི་ཤྭ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུྃ༔ ཞེས་བརྗོད་ཅིང་དྲག་པོའི་ཚོམ་རྔམས་དང་བཅས་པས་བགེགས་བསྐྲད་དེ་གཏོར་མ་ཕྱི་རོལ་ཏུ་དོར། ཧཱུྃ༔ ཡང་དག་གསང་བའི་དཀྱིལ་འཁོར་དུ༔ དཔལ་ཆེན་དཔལ་འབར་ཁྲོ་བོའི་རྒྱལ༔ གཉིས་མེད་ཡུམ་དང་རོལ་པ་ཡི༔ རྡོ་རྗེའི་ཞུགས་ནི་ཕྱོགས་བཅུར་འཕྲོ༔ མཚོན་ཆ་མེ་ཕུང་གུར་དུ་འཁྲིགས༔ ལས་ཀྱི་ཁྲོ་བོའི་དམག་དཔུང་གིས༔ ཕྱོགས་བཅུའི་འབྱུང་པོ་རྡུལ་དུ་རློག༔ ཧཱུྃ་ཧཱུྃ་བཛྲ་ཏཱིཀྵྞ་ཛྭ་ལ་རྃ་རཀྵ་རཀྵ༔ ཞེས་སྲུང་བའི་འཁོར་ལོས་མཚམས་གཅད། གཉིས་པ་ནི། ཞིང་ཁམས་ཡོངས་སུ་དག་པ་འོག་མིན་སྟུག་པོ་བཀོད་པ་དང་དབྱེར་མི་ཕྱེད་པར་གྱུར་པའི་མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་སེམས་དཔའ་དཀོན་མཆོག་ཀུན་འདུས་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེན་པོར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་ཀུན་རྫོབ་བརྡའི་སྐྱབས་འགྲོ་དང་། དོན་དམ་རང་བཞིན་ཡོངས་ཤེས་ཀྱི་སྐྱབས་འགྲོའི་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པས། དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ རིག་པ་ལྷུན་གྲུབ་དམ་པའི་ཆོས༔ དབྱིངས་རིག་གཉིས་མེད་ཚོགས་མཆོག་ལ༔ ཡེ་ནས་དག་པར་སྐྱབས་སུ་མཆི༔ ལན་གསུམ་སོགས་ཇི་ལྟར་རིགས་པ་བྱ། གསུམ་པ་ནི། ཀུན་རྫོབ་སྨོན་འཇུག་གཉིས་གསལ་བཏབ་ལ། ཨེ་མ་ཧོ་རང་རིག་བྱང་ཆུབ་སེམས༔ མ་རྟོག་འཁྲུལ་པར་གྱུར་བ་ཀུན༔ གཉིས་སུ་མེད་པར་བསྒྲལ་བའི་ཕྱིར༔ རང་བྱུང་རང་གསལ་སེམས་བསྐྱེད་དོ༔ ཞེས་བརྗོད་ཅིང་དོན་དམ་བྱང་སེམས་རང་བཞིན་གཉུག་མའི་ངང་དུ་ངལ་བསོ། །བཞི་པ་ནི། ཀུན་རྫོབ་དང་དོན་དམ་པའི་ཡན་ལག་བདུན་པ་ཟུང་དུ་འབྲེལ་བའི་དམིགས་འདོན་རྩེ་གཅིག་པས། ནམ་མཁའ་ལྟ་བུའི་བདེ་གཤེགས་ལ༔ གསལ་བ་ཆེན་པོར་ཕྱག་འཚལ་ལོ༔ རིག་པའི་ངང་དུ་མཆོད་པར་འབུལ༔ རྒྱུན་ཆད་མེད་པའི་ཀློང་དུ་བཤགས༔ རྟག་ཅིང་སྒྲིབ་མེད་ཡི་རང་ངོ་༔ ཡིན་མིན་མེད་པར་ཆོས་འཁོར་བསྐོར༔ མྱོང་བ་ཅན་དུ་བཞུགས་སུ་གསོལ༔ ངེས་པ་ཅན་གྱི་མཆོག་ཐོབ་ཤོག༔ ཅེས་བརྗོད། །ལྔ་པ་ནི། ཐལ་མོ་སྦྱར་ཏེ་སྟོབས་བཞིའི་དམིགས་གནད་དང་ལྡན་པས། ཧཱུྃ༔ མི་གནས་ཡེ་ཤེས་ཐུགས་ཀྱི་དཀྱིལ་འཁོར་དུ༔ མ་རིག་དབང་གིས་རྨོངས་པའི་ལས་བགྱིས་པ༔ གཉིས་མེད་མཉམ་པའི་ངང་དུ་བཤགས་པར་བགྱི༔ དག་ཅིང་ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཞེས་དང་ཡི་གེ་བརྒྱ་པ་བརྗོད། དྲུག་པ་ནི། རྡོ་རྗེ་རྩེ་གཅིག་བའི་རྒྱ་དང་བཅས་ལྷག་པའི་བསམ་པ་བརྟན་པོས། ཧཱུྃ༔ དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ བླ་མ་མཆོག་དང་རྡོ་རྗེ་སེམས་དཔའ་ཡུམ༔ བྱང་ཆུབ་སེམས་མཆོག་སངས་རྒྱས་མཉམ་སྦྱོར་བ༔ རྣམ་པ་ཀུན་ཏུ་མི་འབྲལ་བསྒྲུབ་པར་བགྱི༔ ཞེས་དམ་བཅའ། བདུན་པ་ནི། ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་བྱས་ལ། ཨོཾ་ཧཱུྃ་ཨ་ལ་ལ་ཧོཿ བྷ་ག་ཝཱན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ཧཱུྃ༔ ཕྱོགས་བཅུའི་ཞིང་ན་བཞུགས་པའི་རྒྱལ་བ་སྲས༔ འགྲོ་བའི་མགོན་པོ་གང་ན་སུ་བཞུགས་པ༔ གསང་བའི་དཀྱིལ་འཁོར་ཆེན་པོར་སྤྱན་འདྲེན་ན༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ༔ གཉིས་མེད་མཉམ་པར་རོལ་པའི་སྐུ་གསུང་ཐུགས༔ ལུས་ངག་ཡིད་ལ་རབ་ཏུ་བརྟན་པར་མཛོད༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨཱཿ ཞེས་སྤོས་དང་རོལ་མོའི་མཚོན་པས་བྱིན་དབབ་ཅིང་། ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་པས་བྱིན་བསྡུས་ལ། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་བྱིན་རླབས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་བསམ་མོ། །བརྒྱད་པ་ནི། མཆོད་རྫས་རྣམས་ལ་བསངས་ཆུ་འཐོར་ཞིང་། རྃ་ཡྃ་ཁྃ༔ ཞི་གནས་ལྷག་མཐོང་ཡེ་ཤེས་ལས༔ རྃ་ཡྃ་ཁྃ་འཕྲོས་དངོས་འཛིན་སྦྱངས༔ དབྱིངས་རིག་གཉིས་མེད་གཏོར་ཆེན་དང་༔ ཀློང་ལྔའི་རང་བཞིན་བདུད་རྩི་ཆེ༔ སེམས་ཉིད་འཁྲུལ་པ་བསྒྲལ་བའི་ཁྲག༔ ཡེ་ཤེས་འོད་གསལ་མཆོད་སྤྲིན་འཁྲིགས༔ སྣང་བ་སྒྱུ་མར་རྟོགས་པ་ཡི༔ ཕྱི་ཡི་མཆོད་པ་བསམ་མི་ཁྱབ༔ སྟོང་པའི་རང་རྩལ་གསལ་བ་ཆེ༔ ནང་གི་མཆོད་སྤྲིན་མཐའ་ལས་འདས༔ བདེ་བའི་རང་བཞིན་དགའ་བ་ཆེ༔ གསང་བའི་མཆོད་པར་ལྷུན་གྱིས་གྲུབ༔ ཨོཾ་མ་ཧཱ་བ་ལིཾ་ཏ་ཨཱཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཛྭ་ལ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་སྨན་གཏོར་རཀྟ་དང་། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱདྱཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ༔ ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ༔ ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ༔ ཨོཾ་བཛྲ་ནཻ་བིདྱཱ་ཨཱཿཧཱུྃ༔ ཨོཾ་བཛྲ་ཤཔྡ་ཨཱཿཧཱུྃ༔ ཞེས་སོ་སོའི་ཕྱག་རྒྱ་དང་བཅས་བརྗོད་ཅིང་ཉེར་སྤྱོད་བྱིན་གྱིས་བརླབས་ལ་རོལ་མོས་བྱིན་དབབ། ཨོཾ་ཨཱཿཧཱུྃ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་ཨཱཿཧཱུྃ༔ ཨོཾ་ཨཱཿབོདྷི་ཙིཏྟ་ཨཱཿཧཱུྃ༔ ཞེས་པས་ནང་མཆོད་དང་གསང་མཆོད་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ། དམ་ཚིག་དཀྱིལ་འཁོར་གསལ་གདབ་ཅིང་། །དབང་བསྐུར་དགུག་བསྟིམ་བཞུགས་སུ་གསོལ། །ཕྱག་འཚལ་མཆོད་བསྟོད་བཟླས་པ་བྱ། །ཞེས་བརྒྱད་ལས། དང་པོ་ནི། ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུས་ཅིང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པའི་ཚུལ་དམིགས་འདོན་ཟུང་དུ་འཇུག་པས། ཨཿ ཀ་དག་གཏིང་གསལ་དབྱིངས་ཀྱི་ངང་༔ ལྷུན་གྲུབ་ཀུན་སྣང་རིག་པའི་རྩལ༔ རྒྱུ་ཡི་ཡི་གེ་ཨ་དཀར་པོ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ དེ་ལས་རང་བྱུང་ཐུགས་རྗེའི་རྩལ༔ ཡེ་ཤེས་རིག་གདངས་མེ་རླུང་ཆུས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཀློང་ལྔ་ཡུམ་གྱི་མཁའ་དབྱིངས་སུ༔ མི་འགྱུར་རྡོ་རྗེའི་ས་གཞི་ལ༔ བདེ་ཆེན་ཐིག་ལེར་འཁྱིལ་པ་ཡི༔ ཕོ་བྲང་གཞལ་ཡས་མཚན་ཉིད་རྫོགས༔ དེ་དབུས་པད་ཉི་ཟླ་བའི་སྟེང་༔ ཨ་ལས་རང་རིག་གདོད་མ་ནས༔ ཆོས་ཀྱི་སྐུ་རུ་རྣམ་དག་པ༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ བཟུང་བས་མི་ཟིན་ཆུ་ཟླ་འདྲ༔ ཀུན་ཏུ་བཟང་པོའི་རོལ་པ་ལས༔ རང་བཞིན་ཡོངས་གྲུབ་ཕྱག་རྒྱའི་སྐུ༔ གཟུགས་སྐུ་ཡེ་ཤེས་སྒྱུ་མའི་ཚུལ༔ སངས་རྒྱས་ཐམས་ཅད་མཉམ་སྦྱོར་བ༔ མཁའ་འགྲོ་སྒྱུ་མ་བདེ་བའི་མཆོག༔ དཀར་གསལ་དྲི་མེད་སྟོན་ཟླའི་མདངས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གསོར༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ལོངས་སྤྱོད་རྫོགས་སྐུའི་རྒྱན་གྱིས་མཛེས༔ མཚན་དཔེའི་གཟི་བྱིན་ལྷམ་མེ་བ༔ རང་འོད་རིག་མའི་བདེ་བས་བགྱེས༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ ཡེ་ཤེས་འོད་ལྔའི་ཀློང་ན་བཞུགས༔ གཟུགས་ཕུང་རྣམ་པར་སྣང་མཛད་དེ༔ ཚོར་བ་རྡོ་རྗེ་ཉི་མའོ༔ འདུ་ཤེས་པདྨ་གར་གྱི་དབང་༔ འདུ་བྱེད་བཅོམ་ལྡན་རྟ་མཆོག་དཔལ༔ རྣམ་པར་ཤེས་པ་ཧེ་རུ་ཀ༔ ཡེ་ཤེས་བཛྲ་ས་ཏྭ་ལས༔ རྩ་གསུམ་དཀྱིལ་འཁོར་འཁོར་ལོ་ཆེ༔ བསམ་ཡས་ཞི་དང་ཁྲོ་བོའི་ལྷ༔ སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཕུང་འཕྲོ༔ ཞེས་བརྗོད་ཅིང་གསལ་གདབ། གཉིས་པ་ནི། དུག་གསུམ་ཡེ་དག་རྡོ་རྗེ་གསུམ༔ ལྷུན་གྲུབ་རྫོགས་པར་བྱིན་གྱིས་རློབས༔ དུག་ལྔ་རྣམ་དག་ཡེ་ཤེས་ལྔ༔ སྐུ་ལྔ་ཡེ་རྫོགས་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརྗོད་ཅིང་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་གནས་གསུམ་དུ་རེག་པས་རྒྱས་གདབ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཞེས་བརྗོད་ཅིང་རིགས་ལྔའི་དབང་རྒྱ་སྤྱི་བོའི་གནས་ལྔར་བཞག་པས་དབང་བསྐུར་རོ། །གསུམ་པ་ནི། སྤོས་དང་རོལ་མོའི་སྒྲས་མཚོན་ཏེ་འདུན་པ་རྩེ་གཅིག་པས། ཧཱུྃ༔ མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་ཚོགས༔ ཡི་དམ་དཔའ་བོ་མཁའ་འགྲོ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཀུན་གཞི་དག་པའི་ཞིང་ཁམས་ནས༔ གསལ་བ་ལོངས་སྤྱོད་རྫོགས་སྐུར་བཞེངས༔ ཐུགས་རྗེ་སྤྲུལ་སྐུའི་འཁོར་དང་བཅས༔ དབྱེར་མེད་ཆེན་པོར་གཤེགས་སུ་གསོལ༔ དབྱིངས་ལས་གཞན་མིན་ཆོས་སྐུའི་ཚོགས༔ བདེ་བ་ཆེ་ལ་ལོངས་སྤྱོད་པ༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ སྣང་ཡུལ་འཛིན་པ་དབྱིངས་སུ་ཁྲོལ༔ དབང་པོ་སྐུ་ལྔར་བྱིན་གྱིས་རློབས༔ རྣམ་ཤེས་ཡེ་ཤེས་ཆེན་པོར་སྒྱུར༔ ཀུན་གཞི་ཀློང་དུ་ཐིམ་པར་མཛོད༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཛཿཧཱུྃ་བྃ་ཧོཿ ཞེས་ཡེ་ཤེས་པ་སྤྱན་དྲང་། བཞི་པ་ནི། ཧཱུྃ༔ ཡེ་ནས་དག་པའི་ཀུན་བཟང་ལ༔ གཤེགས་དང་བཞུགས་པའི་མཚན་མ་མེད༔ ཕྱོགས་ལྷུང་བྲལ་བ་ཀུན་ཏུ་རྫོགས༔ གདོད་ནས་གཉིས་མེད་ངང་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་པས་དམ་ཡེ་དབྱེར་མེད་དུ་བཞུགས་སུ་གསོལ། ལྔ་པ་ནི། ཧཱུྃ༔ འཁྲུལ་མ་མྱོང་བའི་བྱང་ཆུབ་སེམས༔ ཨེ་མ་བདེ་བར་གཤེགས་པ་རྣམས༔ འགྲོ་བ་ཀུན་ལ་ཁྱབ་པའི་ཕྱིར༔ གཉིས་འཛིན་བྲལ་བར་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱི་ཙྪ་ཧོཿ དྲུག་པ་ལ་བཞི་ལས། དང་པོ་ཕྱི་ཉེར་སྤྱོད་ཀྱི་མཆོད་པ་ནི། ཨེ་མ་ཧོཿ གདོད་ནས་དག་པའི་མཁའ་དབྱིངས་སུ༔ སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ལས༔ མཆོད་པའི་ཕྱག་རྒྱ་ཅིར་ཡང་སྤྲུལ༔ རྒྱལ་བའི་ཚོགས་རྣམས་དགྱེས་གྱུར་ཅིག༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་པྲ་ཏཱི་ཙྪ་སྭཱ་ཧཱ༔ གཉིས་པ་ནང་འདོད་ཡོན་གྱི་མཆོད་པ་ནི། ཤེས་ཡུལ་དབང་པོས་མཚམས་སྦྱར་བས༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ ཞེན་པ་མེད་པའི་རང་བཞིན་ཉིད༔ ཆོས་ཀྱི་སྐུ་ཡི་རྒྱན་དུ་མཆོད༔ ཨོཾ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་ཨཱཿཧཱུྃ༔ གསུམ་པ་གསང་བ་ཟབ་མོའི་མཆོད་པ་ནི། གསལ་བ་ཐབས་ཀྱི་རང་བཞིན་ལ༔ མི་རྟོག་ཤེས་རབ་སྦྱོར་བ་ཡིས༔ བདེ་བ་ཆེན་པོ་ཆགས་པ་ཆེ༔ དབྱེར་མེད་ངང་དུ་མཆོད་པར་བགྱི༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧོཿ བཞི་པ་རྨད་དུ་བྱུང་བའི་མཆོད་པ་ནི། དབྱིངས་ཀྱི་གཏོར་མ་རྒྱན་དང་ལྡན༔ རིག་པ་ཡེ་ཤེས་བདུད་རྩི་ལྔ༔ དབྱིངས་རིག་དབྱེར་མེད་ཁྲག་ཆེན་པོ༔ བྱ་རྩོལ་བྲལ་བར་མཆོད་པ་འབུལ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་བ་ལིཾཏྟ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ སྤྲོ་ན། རིགས་ཀུན་ཁྱབ་བདག་སྟོན་པ་ཀུན་ཏུ་བཟང་། །ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གང་ཆེན་མཚོ། །སྤྲུལ་པའི་གར་མཛད་དགའ་རབ་རྡོ་རྗེ་ལ། །སྨན་མཆོད་འབུལ་ལོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །རྩ་གསུམ་ཀུན་འདུས་པདྨ་སམྦྷ་ཝ། །ཡེ་ཤེས་མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་ཡུམ། །འཇིག་རྟེན་མིག་གཅིག་བཻ་རོ་ཙ་ན་ལ། །སྨན་མཆོད༴ །ཨོཾ་སརྦ༴ །འཇམ་དཔལ་རྡོ་རྗེ་ཁྲི་སྲོང་ཡབ་སྲས་ཞབས། །ཟབ་གཏེར་མཛོད་འཛིན་མཆོག་གྱུར་བདེ་ཆེན་གླིང་། །བཀའ་དྲིན་མཉམ་མེད་རྩ་བརྒྱུད་བླ་མ་ལ། །སྨན་མཆོད༴ །ཨོཾ་སརྦ༴ སྟོང་ཉིད་དབྱིངས་ལས་ཡེ་ཤེས་རང་ཤར་བ། །དཀྱིལ་འཁོར་གཙོ་མཆོག་དཔལ་ལྡན་རྡོ་རྗེ་སེམས། །རིགས་དྲུག་ཞི་ཁྲོ་འདུས་པའི་ལྷ་ཚོགས་ལ། །སྨན་མཆོད༴ །ཨོཾ་སརྦ༴ །སྣོད་བཅུད་ཡོངས་རྫོགས་རྡོ་རྗེ་དབྱིངས་ཀྱི་ལྷ། །སྣང་གྲགས་རྟོག་ཚོགས་སྐུ་དང་ཡེ་ཤེས་སྤྲིན། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ། །སྨན་མཆོད༴ །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་བརྗོད་ཅིང་བདུད་རྩི་ཐིགས་གཏོར་བྱ། བཛྲ་ཨ་མྲྀ་ཏ་སྭ་ད་ནཾ་ཀུ་རུ་ཥྛ་མེ། ཞེས་བདུད་རྩི་ལྕེ་ལ་བཞག་ཅིང་དངོས་གྲུབ་བླང་། བདུན་པ་ནི། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་སྐུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེའི་ཕྲིན་ལས་བསམ་མི་ཁྱབ༔ སྤྲོས་པའི་ཚུལ་སྟོན་སྤྲུལ་སྐུ་མཆོག༔ སྤྲོས་མེད་ལོངས་སྤྱོད་རྫོགས་པའི་སྐུ༔ ཤིན་ཏུ་རྣམ་དག་ཆོས་ཀྱི་སྐུ༔ རབ་ཏུ་ཞི་བ་ངོ་བོ་ཉིད༔ སྐུ་བཞིའི་བདག་ཉིད་རྣམས་ལ་བསྟོད༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་གསུང་༔ ཡན་ལག་དྲུག་ཅུ་དང་ལྡན་ཞིང་༔ ནམ་མཁའ་ལྟ་བུར་ཀུན་ཁྱབ་ཉིད༔ ཉི་ཟླ་བཞིན་དུ་ཀུན་ལ་གསལ༔ རྒྱ་མཚོ་ལྟ་བུར་གཏིང་མཐའ་བྲལ༔ འཇའ་ཚོན་བཞིན་དུ་སོ་སོར་སྣང་༔ རིན་ཆེན་ལྟ་བུར་དགོས་འདོད་འབྱུང་༔ ཀློང་ལྔའི་གསུང་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཐུགས༔ ཀུན་གཞི་བྱ་རྩོལ་བྲལ་བ་ལས༔ ཅིར་ཡང་མི་དམིགས་ཅིར་ཡང་སྣང་༔ འོད་གསལ་ཤེས་པ་ཟང་ཐལ་ལེ༔ སྐྱེ་བ་མེད་པའི་རང་བཞིན་ཉིད༔ འགག་པ་མེད་པའི་དབང་པོར་གསལ༔ ཡུལ་སྣང་གང་ཤར་དངོས་པོས་སྟོང་༔ སེམས་ཉིད་ཤར་གྲོལ་ཐུགས་ལ་བསྟོད༔ བརྒྱད་པ་ལ་གཉིས་ལས། དང་པོ་ཛཔ྄་ཀྱི་ཕྲིན་ལས་སྐུལ་བ་ནི། ཧཱུྃ། སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀུན༔ མཁའ་ལས་འཇའ་ཚོན་ཤར་བ་བཞིན༔ འོད་གསལ་ཀློང་ནས་ཅིར་ཡང་སྣང་༔ རང་བྱུང་ཛཔ྄་ཀྱི་འཕྲོ་འདུ་ལས༔ ཅིར་ཡང་གསལ་ཞིང་འགག་པ་མེད༔ མ་བཅོས་ཡེ་རྫོགས་སྣང་སྲིད་རྣམས༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་རྫོགས༔ ལྷུན་གྱིས་གྲུབ་པའི་རང་བཞིན་བསྒོམ༔ ཞེས་དགོངས་པའི་སྲོག་ཏུ་བཟུང་ལ། གཉིས་པ་ཛཔ྄་དགོངས་ནི། སྙིང་དབུས་ཐིག་ཟླུམ་འོད་ལྔའི་ཀློང་༔ ཨ་ཡིག་ཐ་མར་སྔགས་ཀྱིས་བསྐོར༔ བདེ་ཆེན་ཡེ་ཤེས་སྣང་བ་ལས༔ འཁོར་འདས་སྣོད་བཅུད་རྟོག་པ་སྦྱངས༔ ཉམས་ཆག་སྡིག་སྒྲིབ་རིག་ངོར་དག༔ བསོད་ནམས་ཚོགས་ཆེན་གཞི་ལ་རྫོགས༔ ཡེ་ཤེས་འབྲས་བུ་ལྷུན་གྱིས་གྲུབ༔ ཐམས་ཅད་མ་ལུས་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་པོ་ཆེ༔ སྣང་སྲིད་གཞིར་བཞེངས་ཆེན་པོའི་ངང་༔ གྲགས་སྟོང་རྡོ་རྗེའི་ཛཔ྄་འདི་བཟླས༔ ཞེས་གསལ་བཏབ་ལ། བཟླ་བྱའི་སྔགས་ནི། ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་རྩ་བའི་བསྙེན་སྔགས་ཡང་སྙིང་འབྲུ་དྲུག་པ་དང་། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨཱཿཛཿཧཱུྃ་བྃ་ཧོཿསུ་ར་ཏ་སྟྭཾ་ཨོཾ་ཏྲཱཾ་ཧྲཱིཿཧྃ་ཧཱུྃ༔ ཞེས་སྒྲུབ་པའི་སྔགས་རྡོ་རྗེ་སེམས་དཔའ་འཁོར་ལོས་སྒྱུར་པ་དྲུག་དང་བཅས་པའི་ཉེ་སྙིང་འབྲུ་ཉེར་གསུམ་པ་དང་། ཨོཾ་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏྭེ་ནོ་པ༔ ཏིཥྛ་དྲྀ་ཌྷྲོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡ་ཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱ་ན་སརྦ་ཏ་ཐཱ་ག་ཏ༔ བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱཿ སྒྲུབ་པ་ཆེན་པོ་ལས་སྦྱོར་ཡི་གེ་བརྒྱ་པ་སྟེ། དེའང་སྒྲུབ་མཆོད་སོགས་ཀྱི་སྐབས་སུ་ཡང་སྙིང་འབྲུ་དྲུག་པ་ཇི་ཙམ་བཟླས་པའི་ཕྱེད་ཉེ་སྙིང་དང་། དེའི་ཕྱེད་ལས་སྦྱོར་གྱི་བཟླས་པ་བྱ་ཞིང་། བསྙེན་སྒྲུབ་ཀྱི་སྐབས་རབ་རྟགས་ཀྱི་བསྙེན་པ། སྡིག་སྒྲིབ་ཞི་དང་ཡེ་ཤེས་རྒྱས༔ གཟུངས་དྲན་མངོན་ཤེས་མཚན་མ་འབྱུང་༔ ཞེས་པའི་མཚན་མ་ཐོབ་པ་དང་། འབྲིང་གྲངས་བསྙེན་བསྙེན་སྔགས་འབུམ་ཕྲག་དྲུག །སྒྲུབ་སྔགས་འབུམ་ཕྲག་བཞི། ལས་སྦྱོར་གྱི་བཟླས་པ་འབུམ་ཕྲག་གཅིག་གིས་མཐའ་བརྟེན་བ་བཟླ། ཐ་མ་དུས་བསྙེན་དེ་རྣམས་བདུན་ཕྲག་རེར་བཟླས་བ་བྱས། བཟླས་དམིགས་ཀྱང་བསྙེན་པ་ལ་བཀོད་པའི་བཟླས་པ། སྒྲུབ་པ་ལ་དོ་ལའི་བཟླས་པ། ལས་སྦྱོར་ལ་སྤྲོ་བསྡུའི་བཟླས་པ་གཙོ་བོར་བྱ་བ་ཡིན་ཅིང་། སྤྱིར་དེ་གསུམ་ཀ་བསྙེན་སྒྲུབ་ལས་གསུམ་ཀར་ཡང་སྦྱར་དུ་རུང་བས་མཚོན་ཞིབ་པར་བསྙེན་ཡིག་དང་བླ་མའི་ཞལ་ལས་རྟོགས་པར་བྱའོ། །གང་ལྟར་ཡང་ཐུན་མཐར་དབྱངས་གསལ་རྟེན་སྙིང་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་བརྟན་པར་བྱ། ཨོཾ་གུ་རུ་ཤྲཱི་བཛྲ་ས་ཏྭ་ཨརྒྷཾ་ནས། ཤཔྡ་པྲ་ཏཱི་ཙྪ་སྭཱ་ཧཱ། མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི། ཞེས་པས་མཆོད། མི་རྟོག་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཡི་གེ་བརྒྱ་པ་བརྗོད། །གསུམ་པ་རྗེས་ལ། ཚོགས་མཆོད་བྱ་ཞིང་དངོས་གྲུབ་སྐུལ། །གཏང་རག་ནོངས་བཤགས་བརྟན་བཞུགས་བྱ། །ཉེར་བསྡུ་བསྔོ་སྨོན་ཤིས་པ་བརྗོད། །ཅེས་བརྒྱད་ལས། དང་པོ་ནི། ཐབས་ཤེས་སུ་འོས་བའི་དམ་ཚིག་གི་རྫས་བཤམས་ལ་བསངས་ཆུ་དང་བདུད་རྩིས་བྲན་ཏེ་བྱིན་གྱིས་བརླབ་པ་ནི། ཧཱུྃ། དངོས་འཛིན་འཁྲུལ་རྟོག་ཐམས་ཅད་ཀུན༔ སྣང་སྟོང་རིག་སྟོང་ཚོར་སྟོང་གི༔ ངོ་བོ་ཉིད་དུ་གདོད་ནས་དག༔ ཅིར་ཡང་འབྱུང་ཞིང་འཆར་བ་ལས༔ ཤེས་རབ་ཆེན་པོའི་སྣོད་ཡངས་སུ༔ དགའ་བ་བཞི་ཡི་ཚོགས་གཏོར་བཤམས༔ འདོད་ཡོན་ལྔ་ཡིས་རབ་བརྒྱན་པའི༔ བླ་ན་མེད་པའི་མཆོད་སྤྲིན་གཏིབས༔ ཨོཾ་ཨཱཿཧཱུྃ༔ ཞེས་མང་དུ་བརྗོད། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ འཁོར་འདས་ཕ་མཐའ་བྲལ་བའི་དབྱིངས༔ གཞོན་ནུ་བུམ་སྐུའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུའི་ལྷ་ཚོགས་རྣམས༔ དགྱེས་མཆོད་བཞེས་ཕྱིར་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་བཛྲ་ས་མ་ཡ་ཛ་ཛཿ ཚོགས་ཕུད་ཆ་གསུམ་དུ་སྤྲོས་ལ། དང་པོ་མཆོད་པ་ནི། ཧཱུྃ། གདོད་མའི་དབྱིངས་ཀྱི་བྷནྡྷ་རུ༔ རིག་པ་བདེ་ཆེན་འདོད་ཡོན་བཤམས༔ དབྱིངས་རིག་གཉིས་མེད་ཚོགས་མཆོད་འདི༔ རྫོགས་པ་ཆེན་པོའི་ལྷ་ལ་འབུལ༔ མ་ཧཱ་ཛྙཱ་ན་ག་ཎ་ཙཀྲ་པཱུ་ཛ་ཧོཿ བར་པ་བཤགས་པ་ནི། ཧོཿ གསལ་བའི་ངང་དུ་འཛིན་པ་བཤགས༔ མི་རྟོག་ཕྱལ་ཆད་མིན་པར་བསྐང་༔ བདེ་བ་ཆེན་པོའི་དངོས་གྲུབ་སྩོལ༔ དབྱེར་མེད་ངང་དུ་ལྷུན་གྲུབ་ཤོག༔ ས་མ་ཡ་ཤུདྡྷེ་ཨ༔ ཞེས་དང་ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་མཆོད་ནི། ཧཱུྃ། ཡུལ་གྱི་དྲྭ་བར་ཆུད་པའི་བདུད༔ དབང་པོའི་དྲྭ་བར་གཅིག་ཏུ་བསྡུས༔ རྣམ་ཤེས་དག་པའི་མཚོན་གྱིས་བསྒྲལ༔ ཀུན་གཞིའི་ཀློང་དུ་ཞལ་དུ་བསྟབ༔ མཱ་ར་ཡ་ཕཊ༔ སྐབས་འདིར་སྤྲོ་ཞིང་ནུས་ན་སྐོང་བཤགས་ཀྱི་ཆོ་ག་རྒྱས་པ་ཇི་ལྟར་རིགས་པ་ཡང་བྱ། སྣང་སྲིད་ཆོས་ཀུན་མ་ལུས་པ༔ བདེ་བ་ཆེན་པོའི་ཚོགས་ལ་རོལ༔ སེམས་ཉིད་རྣམ་པར་དག་གྱུར་ཏེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཨ་ལ་ལ་ཧོཿ ཞེས་དམ་ཚིག་གི་རྫས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ཚིམ་པར་རོལ། ལྷག་མ་བདུད་རྩིས་བྲན་ལ། པཉྩ་ཨམྲྀ་ཏ་ཧཱུྃ་ཧ་ཧོཿཧྲཱིཿས་བརླབ། ཧཱུྃ༔ རྣམ་རྟོག་དག་པའི་ལྷག་སྡུད་རྣམས༔ འཛིན་མེད་རང་གསལ་ལྷག་གཏོར་བཞེས༔ དྲན་སྣང་སོ་མའི་བར་ཆད་སོལ༔ རང་གྲོལ་ཀློང་དུ་ཕྲིན་ལས་སྒྲུབས༔ ཨུཙྪིཥྟ་བ་ལིཾ་ཏ་ཁཱ་ཧི༔ ཞེས་བསྔོས་ལ་ཕྱི་རོལ་ཏུ་དོར། གསལ་སྟོང་བདེ་ཆེན་མི་ཕྱེད་པའི༔ སྣང་སེམས་གཉིས་མེད་ཀློང་ཡངས་སུ༔ ཡུལ་དབང་ཤེས་གཞི་དག་པའི་ཚོགས༔ ཕུལ་བས་དབྱིངས་རིག་ཟུང་འཇུག་ཤོག༔ ཅེས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་བདེན་པས་སྨོན་ལམ་གདབ་བོ། །གཉིས་པ་ནི། ཧོཿ ཀ་དག་རང་བྱུང་དབྱིངས་ཀྱི་ལྷ༔ ལྷུན་གྲུབ་རིག་པའི་ངང་དུ་བསྒྲུབས༔ ཟུང་འཇུག་འདུས་མ་བྱས་པའི་ཀློང་༔ མཆོག་ཐུན་གྲུབ་པའི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་ས་ཏྭ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་རྒྱུན་དང་དུས་ཀྱི་དངོས་གྲུབ་གསོལ། །གསུམ་པ་ནི། སྔགས་ཙམ་གྱིས་མཆོད་པ་དང་། མི་རྟོག་རྡོ་རྗེ་སོགས་ཀྱིས་བསྟོད། བཞི་པ་ནི། ཨ༔ གཟུང་འཛིན་རྣམ་རྟོག་ལས་བྱུང་བའི༔ ལས་དང་ཉོན་མོངས་སྡིག་སྒྲིབ་ཀུན༔ རང་བཞིན་སྐྱེ་མེད་ངང་ཉིད་དུ༔ འཁོར་གསུམ་མཚན་མ་བྲལ་བར་བཤགས༔ ཞེས་དང་ཡི་གེ་བརྒྱ་པ་བརྗོད། ལྔ་པ་ནི། མདུན་བསྐྱེད་ཀྱི་རྟེན་ཡོད་ན། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་མེ་ཏོག་འཐོར། མེད་ན། བཛྲ་མུཿས་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་གཤེགས། སྤྲུལ་པའི་དཀྱིལ་འཁོར་རང་ལ་གཉིས་སུ་མེད་པར་བསམ། དྲུག་པ་ནི། དབྱིངས་ལས་ཤར་བའི་ལྷ་ཚོགས་རྣམས༔ རིག་པ་དབྱིངས་སུ་ཐིམ་པ་ལས༔ དབྱིངས་ཡེ་ཟུང་འཇུག་རྫོགས་པ་ཆེ༔ འཁོར་འདས་དབྱེར་མེད་ཉིད་དུ་རྫོགས༔ ཨ་ཨ༔ ཞེས་ལྟར་སྣང་རིག་སྟོང་ཟུང་འཇུག་གི་དབྱིངས་སུ་སྦྱངས་ཏེ་མཉམ་པར་གཞག །རྗེས་ཐོབ་ཅིར་སྣང་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་འཁོར་ལོར་རང་ཤར་བའི་ཚུལ་ལ་བསླབ། བདུན་པ་ནི། ལྟ་བ་ཆོས་ཉིད་ཡེ་ནས་དག༔ སྒོམ་པ་བློ་ལས་འདས་པའི་ངང་༔ སྤྱོད་པ་བསམ་ཡས་དགེ་བ་ཀུན༔ འབྲས་བུ་སྐུ་གསུམ་ཐོབ་ཕྱིར་བསྔོ༔ ཞེས་འཁོར་གསུམ་སྤྲོས་པ་དང་བྲལ་བས་རྒྱས་གདབ། བརྒྱད་པ་ནི། བསམ་དུ་མེད་པའི་ལྟ་བ་རྟོགས༔ བརྗོད་དུ་མེད་པའི་སྡོམ་ཉམས་ལོངས༔ བླང་དོར་མེད་པའི་སྤྱོད་པ་སྤྱད༔ འབྲས་བུ་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཅེས་དང་། སྤྲོ་ན། ཧོཿ ལྟ་བ་ངང་གཞག་བློ་ལས་འདས༔ ཆོས་ཀྱི་སྐུ་ཡི་བཀྲ་ཤིས་ཤོག༔ སྒོམ་པ་མངོན་སུམ་ཚད་ལ་ཕེབས༔ ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག༔ སྤྱོད་པ་དབྱིངས་རིག་འདུ་འབྲལ་མེད༔ སྤྲུལ་པའི་སྐུ་ཡི་བཀྲ་ཤིས་ཤོག༔ འབྲས་བུ་གཞི་སྣང་ཐིག་ལེ་ཆེར༔ དབྱེར་མེད་ཆེན་པོའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་ཇི་ལྟར་རིགས་པ་བརྗོད། མེ་ཏོག་གི་ཆར་དབབ། རོལ་མོའི་སྒྲ་དལ་ཞིང་སྙན་པར་སྦྱར་བས་དགེ་ལེགས་སུ་བྱའོ། །དཔལ་ལྡན་རྡོ༷་རྗེ་སེམ༷ས་དཔའ་ཡི། །ཕྲིན་ལས་ཁྲིགས་སུ་བསྡེབས་པའི་དགེས། །སེམས་ཅན་ཁམས་ཀུན་སང༷ས་རྒྱས༷་སར། །མཉ༷མ་པར་སྦྱོར༷་བ་ཉིད་གྱུར་ཅིག །ཅེས་དགེ་སློང་སྡེ་སྣོད་འཛིན་པ་པདྨ་བྷ་དྲ་སོགས་དོན་གཉེར་ཅན་རྣམས་ཀྱིས་སྔ་ཕྱིར་ལན་མང་དུ་བསྐུལ་བ་ལས། རང་གཞུང་རྩ་བའི་སྒྲུབ་ཐབས་དང་བྱང་བུ་ཁྲིགས་སུ་བསྡེབས་ཤིང་། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཧེ་རུ་ཀ་འདུས་པའི་ཐུགས་ཏིག་སོགས་ཀྱི་ཕྲིན་ལས་ནས་ཀྱང་ཅུང་ཟད་ཟུར་བརྒྱན་ཏེ་བཀླགས་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་སྡེབ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་ནང་རིག་པའི་སྡེ་སྣོད་ཁྱད་པར་དུ་སྨྲ་བ་དགེ་སློང་དགེ་བའི་བཤེས་གཉེན་ལུང་རྟོགས་བསྟན་པའི་ཉི་མས་བགྱིས་བ་དགེ་ལེགས་སུ་གྱུར་ཅིག ། | |||
}} | }} |
Revision as of 15:42, 16 June 2021
Wylie title | dga' rab rdo rje'i snying tig las yi dam zhi ba'i sgrub thabs dang phrin las kyi byang bu khrigs su bsdebs pa bde chen myur lam | |
---|---|---|
Location | mkhyen brtse'i bka' 'bum Volume 14, sde tshan 28, Pages 443-461 (Folios 1a to 10a3) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Tertön | མཆོག་གྱུར་གླིང་པ་ (mchog gyur gling pa) | |
Citation | 'jam dbyangs mkhyen brtse'i dbang po. dga' rab rdo rje'i snying tig las yi dam zhi ba'i sgrub thabs dang phrin las kyi byang bu khrigs su bsdebs pa bde chen myur lam. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 14: 443-461. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Activity Manual - las byang · Sadhanas - Evocation Ritual - sgrub thabs | |
Cycle | དགའ་རབ་རྡོ་རྗེའི་སྙིང་ཏིག་ (dga' rab rdo rje'i snying tig) | |
RTZ | In the Rinchen Terdzö: https://rtz.tsadra.org/index.php/Terdzo-SI-020 | |
Colophon |
།ཅེས་དགེ་སློང་སྡེ་སྣོད་འཛིན་པ་པདྨ་བྷ་དྲ་སོགས་དོན་གཉེར་ཅན་རྣམས་ཀྱིས་སྔ་ཕྱིར་ལན་མང་དུ་བསྐུལ་བ་ལས། རང་གཞུང་རྩ་བའི་སྒྲུབ་ཐབས་དང་བྱང་བུ་ཁྲིགས་སུ་བསྡེབས་ཤིང་། སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་ཧེ་རུ་ཀ་འདུས་པའི་ཐུགས་ཏིག་སོགས་ཀྱི་ཕྲིན་ལས་ནས་ཀྱང་ཅུང་ཟད་ཟུར་བརྒྱན་ཏེ་བཀླགས་པས་གྲུབ་པར་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་པདྨ་འོད་གསལ་མདོ་སྔགས་གླིང་པས་སྡེབ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་ནང་རིག་པའི་སྡེ་སྣོད་ཁྱད་པར་དུ་སྨྲ་བ་དགེ་སློང་དགེ་བའི་བཤེས་གཉེན་ལུང་རྟོགས་བསྟན་པའི་ཉི་མས་བགྱིས་བ་དགེ་ལེགས་སུ་གྱུར་ཅིག | |
ces dge slong sde snod 'dzin pa pad+ma b+ha dra sogs don gnyer can rnams kyis snga phyir lan mang du bskul ba las/__rang gzhung rtsa ba'i sgrub thabs dang byang bu khrigs su bsdebs shing /__sangs rgyas thams cad mnyam par sbyor ba he ru ka 'dus pa'i thugs tig sogs kyi phrin las nas kyang cung zad zur brgyan te bklags pas grub par mtsho skyes bla ma dgyes pa'i 'bangs pad+ma 'od gsal mdo sngags gling pas sdeb legs par sbyar ba'i yi ge pa ni nang rig pa'i sde snod khyad par du smra ba dge slong dge ba'i bshes gnyen lung rtogs bstan pa'i nyi mas bgyis ba dge legs su gyur cig |
1 Texts in this Section (sde tshan or chos tshan)
Footnotes
Other Information
- JKW-KABUM-14-PHA-028
- Tibetan Publications
- Tibetan Texts
- mkhyen brtse'i bka' 'bum
- dga' rab rdo rje'i snying tig
- Activity Manual - las byang
- Sadhanas - Evocation Ritual - sgrub thabs
- 'jam dbyangs mkhyen brtse'i dbang po
- rdzong sar blo gros phun tshogs
- mchog gyur gling pa
- Section (sde tshan) pages
- JKW-KABUM-Volume-14-PHA
- Khyentse Lineage Project