རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག་སྙིང་ཏིག་ཟབ་མོའི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་བདུད་རྩིའི་སྤྲིན་ཕུང༌།

From Khyentse Lineage - A Tsadra Foundation Project
JKW-KABAB-07-JA-017
Wylie title rdo rje bdud rtsi gsang ba chen po'i man ngag snying tig zab mo'i las byang bklag chog tu bkod pa bdud rtsi'i sprin phung JKW-KABAB-07-JA-017.pdf
Location mkhyen brtse'i bka' babs
Volume 7, Text 17, Pages 517-529 (Folios 1a to 7a3)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Tertön ར་མོ་ཤེལ་སྨན་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (ra mo shel sman, 'jam dbyangs mkhyen brtse'i dbang po)
Citation Phun tshogs rnam rgyal. rdo rje bdud rtsi gsang ba chen po'i man ngag snying tig zab mo'i las byang bklag chog tu bkod pa bdud rtsi'i sprin phung. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 7: 517-529. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Activity Manual - las byang  ·  Revelations - gter ma
Cycle དཔལ་རྡོ་རྗེ་བདུད་རྩི་བདེ་བ་ཆེན་པོ་ (dpal rdo rje bdud rtsi bde ba chen po)
Karchag page JKW-KABAB-Volume-07-JA-Karchag
Colophon

ཅེས་པའང་འཁོར་ལོའི་མགོན་པོ་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་ཞལ་སྔ་ནས་ཟབ་ཆོས་འདི་དག་གི་སྨིན་གྲོལ་ནོད་པའི་སྐལ་བཟང་ཐོབ་པ། ཕུན་ཚོགས་རྣམ་རྒྱལ་པས་འཇུག་པ་བདེ་ཕྱིར་བཀླག་ཆོག་ཏུ་བགྱིས་པ་སྟེ། དགེ་བས་ཆོས་འདིའི་ཕྲིན་ལས་མཁའ་ཁྱབ་ཏུ་འཕེལ་བའི་རྒྱུར་གྱུར་ཅིག།

ces pa'ang 'khor lo'i mgon po 'jam dbyangs mkhyen brtse thub bstan chos kyi rgya mtsho'i zhal snga nas zab chos 'di dag gi smin grol nod pa'i skal bzang thob pa/__phun tshogs rnam rgyal pas 'jug pa bde phyir bklag chog tu bgyis pa ste/__dge bas chos 'di'i phrin las mkha' khyab tu 'phel ba'i rgyur gyur cig

[edit]
༄༅། །རྡོ་རྗེ་བདུད་རྩི་གསང་བ་ཆེན་པོའི་མན་ངག་སྙིང་ཏིག་ཟབ་མོའི་ལས་བྱང་བཀླག་ཆོག་ཏུ་བཀོད་པ་བདུད་རྩིའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །སྟོང་ཉིད་རྡོ་རྗེ་བདེ་བའི་གར། །སྙིང་རྗེའི་བདུད་རྩི་ཐིག་ལེའི་སྐུ། །རྒྱལ་ཀུན་སྤྱི་གཟུགས་ལ་བཏུད་ནས། །བདུད་རྩི་གསང་བའི་ཕྲིན་ལས་སྤེལ། དེ་ལ་བྱང་ཆུབ་ཀྱི་སེམས་འབྱོངས་ཤིང༌། དབང་ཐོབ་ཅིང་དམ་ཚིག་རྣམ་པར་དག་པའི་གང་ཟག་གིས། གནས་དབེན་ཞིང་བྱིན་རླབས་ཀྱི་ཟིལ་ལྡན་པར་སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་སྨན་གཏོར་རཀྟ་ཚོགས་ཀྱི་ཡོ་བྱད་ཆད་བརྟན་དཀར་བགེགས་རོལ་མོའི་བྱེ་བྲག་སོགས་ཚོགས་པར་བྱས་ནས། བདུད་རྩི་ཆུ་ཡི་ཁྲུས་བྱས་བདེ་བའི་སྟན་ལ་ལུས་གནད་བསྲང་རླུང་རོ་བསལ་ཞིང་ངེས་འབྱུང་དང་བྱང་ཆུབ་སེམས་གཉིས་ཡིད་ལ་བྱས་ཏེ། ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་ལས་དང་པོ་ལའང་དྲུག་ལས་ཐོག་མར་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་ཁྲག་འཐུང་ལ་ཕྱོགས་བཅུ་དུས་བཞི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་བཛྲ་ས་མ་ཛཿ ཧཱུྃ༔ འཁོར་འདས་རྡོ་རྗེ་བདུད་རྩི་ཆེ༔ དབྱེར་མེད་ཟུང་འཇུག་ཧེ་རུ་ཀ༔ བླ་མ་མཁའ་འགྲོའི་ཚོགས་བཅས་ལ༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ལན་གསུམ། གཉིས་པ་སེམས་བསྐྱེད་པ་ནི། མཐའ་ཡས་འགྲོ་བ་ཐམས་ཅད་ལ༔ དམིགས་མེད་སྙིང་རྗེས་ཀུན་བསླངས་ཏེ༔ བདེ་ཆེན་ས་ལ་འགོད་པའི་ཕྱིར༔ ཁྲག་འཐུང་ཆེན་པོའི་རྣལ་འབྱོར་བསྒོམ༔ སྡིག་སྒྲིབ་ཉེས་ལྟུང་བཤགས་ཤིང་བསྡམ༔ རྩ་བ་ཡན་ལག་དམ་ཚིག་བཟུང་༔ གསང་བ་མཆོག་གི་སྤྱོད་པ་ཡིས༔ རྡོ་རྗེའི་ཡེ་ཤེས་གྲུབ་གྱུར་ཅིག༔ ལན་གསུམ། གསུམ་པ་དཀར་བགེགས་བསྔོ་བ་ནི། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ྄ཿ རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར་པར་བསམས་ལ། གཏོར་མ་རྟ་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧོཿས་བརླབ། བྷཱུ་མི་པ་ཏི་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿས་སྤྱན་དྲང༌། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀ་རོ་མུ་ཁཾ་སོགས་ལན་གསུམ་གྱིས་བསྔོ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། ཞེས་ལན་གསུམ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪཿས་རང་གནས་སུ་གཤེགས་པར་བསམས་ལ། གཏོར་མ་གཙང་སར་བསྐྱལ། རྃ་ཡྃ་ཁྃ་གིས་བསང༌། ཨོཾ་ཨཱཿ་ཧཱུྃ་ཧོཿལན་གསུམ་གྱིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿས་མགྲོན་དགུག ཨོཾ་སརྦ་བིགྷྣཱ་ན་མཿསོགས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ༔ ང་ནི་དཔལ་ལྡན་རྡོ་རྗེ་འཆང་༔ བཀའ་ཡི་འཁོར་ལོ་སྦྱོར་བ་ཡིས༔ དངོས་པོ་ཐམས་ཅད་འཇིག་འགྱུར་ན༔ བར་ཆད་བགེགས་ལ་སྨོས་ཅི་དགོས༔ ཉོན་ཅིག་ལོག་འདྲེན་འབྱུང་པོའི་ཚོགས༔ རྡོ་རྗེ་བདུད་རྩིའི་བཀའ་ཐོས་ནས༔ རྒྱ་མཚོའི་ཕ་མཐར་མྱུར་དུ་དེངས༔ འདས་ན་བརླག་པར་གདོན་མི་ཟ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཧཱུྃ་ཧཱུྃ་ཕཊ༔ བཞི་པ་མཚམས་བཅད་པ་ནི། ཧཱུྃ༔ འདི་ལྟར་སྣང་ཞིང་འབྱུང་བ་ཀུན༔ ཧེ་རུ་ཀ་ཡི་གསང་བ་གསུམ༔ མི་ཕྱེད་རྡོ་རྗེའི་དམ་ཚིག་གིས༔ གཟུང་འཛིན་འབྱུང་པོ་མཚམས་བཅད་དོ༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ༔ ལྔ་པ་བྱིན་དབབ་པ་ནི། སྤོས་རོལ་དབྱངས་དང་བཅས་པས། ཧཱུྃ༔ རིན་ཆེན་ཉི་མ་རྟག་པའི་དབྱིངས༔ རྒྱུན་དང་ཤུགས་ཀྱི་ཐུགས་རྗེར་སྣང་༔ བསྐུལ་ཞིང་གསོལ་བ་བཏབ་པ་ཡིས༔ ཡེ་ཤེས་སྒྱུ་འཕྲུལ་ཅིར་ཡང་སྟོན༔ དམ་ཚིག་ཆེན་པོའི་དུས་ལགས་ན༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔ བདེ་ཆེན་བདུད་རྩིའི་དབང་མཆོག་སྐུར༔ རྣལ་འབྱོར་མཐུ་དང་ལྡན་པ་ཡིས༔ དངོས་གྲུབ་མ་ལུས་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་སིདྡྷི་ཧཱུྃ༔ ཨེ་ཨཱ་རལླི་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨ་ཨཱཿ དྲུག་པ་མཆོད་པ་བྱིན་བརླབ་ནི། ཧཱུྃ༔ གནས་ཡུལ་དུར་ཁྲོད་རོལ་པའི་ཞིང་༔ མཆོད་རྫས་བསོད་ནམས་ཡེ་ཤེས་རྒྱ༔ བདེ་བ་ཆེན་པོའི་རྣམ་པར་རོལ༔ འགྲིབ་མེད་རྟག་པའི་རྒྱན་དུ་ཤར༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་སརྦ་པཱུ་ཛ་ས་མ་ཡེ་ཨཱཿཧཱུྃ༔ གཉིས་པ་དངོས་གཞི་ལའང་བརྒྱད་ལས། དང་པོ་དམ་ཚིག་གི་དཀྱིལ་འཁོར་བསྐྱེད་པ་ནི། ཧཱུྃ༔ རྡོ་རྗེ་དེ་བཞིན་ཉིད་ཀྱི་དབྱིངས༔ བདུད་རྩི་བདེ་ཆེན་སྙིང་རྗེའི་སྤྲིན༔ ཟུང་འཇུག་རང་རྩལ་ཡི་གེ་ཧཱུྃ༔ ཡེ་ཤེས་འབར་བའི་ཆོ་འཕྲུལ་གྱིས༔ གཟུང་འཛིན་ཆོས་ཀུན་སྟོང་པར་སྦྱངས༔ སྟོང་པའི་ངང་ལས་འབྱུང་རིམ་སྟེང་༔ རིན་ཆེན་དུར་ཁྲོད་གཞལ་ཡས་དབུས༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང་༔ ཧཱུྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ རིན་ཆེན་ཉི་མ་དེ་བཞིན་གཤེགས༔ རྡོ་རྗེ་བདུད་རྩི་སྐུ་མདོག་ལྗང་༔ བཙོ་མ་གསེར་གྱི་མདངས་འོད་འཚེར༔ ཞལ་གསུམ་ཕྱག་དྲུག་ཞི་བའི་ཚུལ༔ ཁྲོ་ཆགས་སྒེག་ལྡན་སྤྱན་གསུམ་གཡོ༔ གཡས་དཀར་གཡོན་དམར་འཛུམ་འོད་འཕྲོ༔ རྩ་ཕྱག་རྡོ་རྗེ་དྲིལ་བུ་འཛིན༔ རང་འདྲའི་ཡུམ་འཁྱུད་མཉམ་པར་སྦྱོར༔ ལྷག་མ་འཁོར་ལོ་རལ་གྲི་གཡས༔ ཞགས་པ་ལྕགས་ཀྱུ་གཡོན་ན་བསྣམས༔ དར་དང་རིན་ཆེན་རུས་པས་བརྒྱན༔ སྐྱིལ་ཀྲུང་ཕྱེད་པའི་རོལ་པ་ཡིས༔ འོད་ཟེར་འབར་འཕྲོའི་ཀློང་ན་བཞུགས༔ ཕྱི་རོལ་པདྨ་འདབ་བརྒྱད་ལ༔ ཤར་དུ་དཀར་མོ་ཞི་བ་མ༔ ལྷོ་རུ་སེར་མོ་ཞི་གདོང་མ༔ ནུབ་ཏུ་དམར་མོ་ཟླ་ཅན་མ༔ བྱང་དུ་ལྗང་མོ་རི་བོང་ཅན༔ ཤར་ལྷོར་སྔོན་མོ་ཟླ་དཀྱིལ་མ༔ ལྷོ་ནུབ་ལྗང་གསལ་ཟླ་མཛེས་མ༔ ནུབ་བྱང་སྔོ་བསངས་ཡིད་འོང་མ༔ བྱང་ཤར་སྔོན་མོ་སིམ་བྱེད་མ༔ ཀུན་ཀྱང་རྡོ་རྗེ་དྲིལ་བུ་བསྣམས༔ བུད་མེད་སྒྱུ་མའི་སྒེག་འཆང་ཞིང་༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ རང་འོད་ཀློང་ན་ཕྱེད་སྐྱིལ་རོལ༔ སྒོ་བཞིར་དཀར་སེར་དམར་ལྗང་གི༔ ལྷ་མོ་ཕྱག་རྒྱ་བཞི་འཛིན་པ༔ གཡོན་པས་དྲིལ་འཁྲོལ་ཁྲོ་འཛུམ་ཉམས༔ རིན་ཆེན་དར་དཔྱངས་རྒྱན་དང་ལྡན༔ པད་ཟླའི་སྟེང་ན་གར་ཐབས་བཞེངས༔ བར་མཚམས་ཕྱི་ནང་མཆོད་སྤྲིན་ཚོགས༔ བདེ་ཆེན་ཆར་འབེབས་ལྷ་མོས་གང་༔ གཙོ་བོའི་ཐུགས་ཀར་པད་ཉིའི་སྟེང་༔ རྡོ་རྗེ་བདུད་རྩི་ཧེ་རུ་ཀ༔ མཐིང་ནག་ཁྲོ་ཚུལ་འཇིགས་པའི་ཉམས༔ རྡོ་རྗེ་གདེངས་ཤིང་ཁ་ཊྭཱཾ་གསོར༔ སྦྲུལ་དང་སྟག་ཤམ་རུས་པས་བརྒྱན༔ རང་འོད་ཡུམ་འཁྱུད་མེ་ཕུང་དབུས༔ གར་དགུའི་རོལ་པས་རྣམ་པར་འགྱིང་༔ གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ ཨོཾ་ཨཱཿཧཱུྃ་གིས་རྒྱས་བཏབ་པས༔ སངས་རྒྱས་ཀུན་གྱི་གསང་གསུམ་དང་༔ དབྱེར་མེད་བདེ་ཆེན་འོད་ཟེར་གྱིས༔ ཡེ་ཤེས་དགྱེས་པ་ཆེན་པོའི་ལྷ༔ ནམ་མཁའ་གང་བར་སྤྱན་དྲངས་གྱུར། གཉིས་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བ་ནི། ཧཱུྃ༔ རྡོ་རྗེ་ཉི་མ་ལས་བྱུང་བ༔ བདེ་ཆེན་བདུད་རྩིས་དགྱེས་པ་ཅན༔ ཧེ་རུ་ཀ་དང་བཙུན་མོར་བཅས༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ ཨོཾ་ཤྲཱི་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧེ་རུ་ཀ་མཎྜ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ༔ རྡོ་རྗེ་དགའ་བ་རྣམ་པ་བཞིའི༔ ཕྱག་རྒྱས་དགུག་ཅིང་ཉེ་བར་གཞུག༔ དབྱེར་མེད་དགྱེས་པ་ཆེན་པོ་ཡི༔ དམ་ཚིག་མཆོག་གི་གནས་ལ་རོལ༔ མ་ཧཱ་སུ་ཁ་ཛྙཱ་ན་ཛཿཧཱུྃ་བྃ་ཧོཿ བཞི་པ་དབང་བསྐུར་རྒྱས་གདབ་ནི། དམ་ཚིག་ཡེ་ཤེས་ལྡན་བྱས་པའི༔ ཐུགས་ཀའི་འོད་ཀྱིས་དབང་ལྷའི་ཚོགས༔ སྤྱན་དྲངས་མངོན་པར་དབང་བསྐུར་བསམ༔ ཨོཾ་ལྷ་ཡི་བདུད་རྩི་དྲི་མ་མེད༔ ཡེ་ཤེས་ལྔ་དང་ཡང་དག་སྦྱོར༔ བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས༔ རྟོག་པའི་དྲི་མ་སྦྱང་བར་བྱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བོ་དྷི་ཙིཏྟ་ཨ་མྲྀ་ཏ་ཏྲཱྃ་ཧཱུྃ་ཨོཾ་ཧྲཱིཿཨཱཿཨ་བྷི་ཥིཉྩ་མི༔ བོ་དྷི་ཙིཏྟ་བདེ་བ་ཆེས༔ དབང་བསྐུར་རིགས་ལྔས་དབུར་བརྒྱན་བསམ༔ ལྔ་པ་བརྡ་ཕྱག་འཚལ་བ་ནི། ཧཱུྃ༔ རྡོ་རྗེ་རྐང་ལག་མཛེས་པའི་གར༔ དགའ་བའི་གླུ་དང་རབ་ཏུ་སྦྱོར༔ ངོ་མཚར་ཆེན་པོའི་དམ་ཚིག་གིས༔ རྗེས་སུ་ཆགས་པའི་ཕྱག་བགྱིའོ༔ ཤྲཱི་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ན་མཱ་མི༔ དྲུག་པ་མཆོད་པ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ ནམ་མཁའ་ལས་བྱུང་ཡེ་ཤེས་སྤྲིན༔ ལྷ་ཡི་མེ་ཏོག་དམར་བའི་མདངས༔ རྡོ་རྗེ་རྗེས་སུ་ཆགས་པའི་སྤོས༔ རིན་ཆེན་གཟི་ལྡན་སྒྲོན་མ་ཆེ༔ སྣ་ཚོགས་དྲི་ཞིམ་བསིལ་བའི་ཆབ༔ རོ་བཅུད་ནུས་ལྡན་འཆི་མེད་བཤོས༔ འཇིག་རྟེན་དགེ་བའི་དམ་ཚིག་གིས༔ མཆོད་པས་བདག་ལ་དགྱེས་པར་མཛོད༔ ཧཱུྃ་བཛྲ་པུཥྤཾ་དྷཱུ་པཾ་དཱི་པཾ་གནྡྷཾ་ནཻ་ཝི་དྱཱ་པཱུ་ཛ་ཧོཿ ཧཱུྃ༔ དྲུག་ལས་སྐྱེས་སོགས་གླུ་བླངས་ཤིང་༔ ཀུན་ཏུ་བཟང་པོའི་རོལ་མོ་ཆེ༔ ནམ་མཁའ་གང་བའི་གར་བཅས་པས༔ རྡོ་རྗེ་རྗེས་སུ་ཆགས་པར་མཛོད༔ ཧཱུྃ་ཤྲཱི་བཛྲ་རཱ་ག་གཱིརྟི་ནཱིརྟི་ཤབྡ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ༔ ལྕགས་ཀྱུ་ལྔ་ཡི་རྒྱ་མཚོ་ཆེ༔ ཤ་ཆེན་ལྔ་དང་ཡང་དག་ལྡན༔ རྡོ་རྗེ་གསུམ་དང་མཉམ་སྦྱོར་བ༔ བདུད་རྩི་མཆོག་གིས་མཆོད་པར་བགྱི༔ བཛྲ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ༔ ཨ་མྲྀ་ཏུ་སིདྡྷི་ཀུ་རུ་ཧོ༔ ཧཱུྃ༔ ཁ་དོག་དྲི་རོ་ནུས་བཅུད་ལྡན༔ དམར་གྱི་ཨརྒྷཾ་བཏུད་པས་བྲན༔ འདོད་ཡོན་རྣམ་པ་ཐམས་ཅད་པའི༔ གཏོར་མའི་མཆོད་པ་བཞེས་སུ་གསོལ༔ བཛྲ་ཨ་མྲྀ་ཏ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཤྲཱི་ཧེ་རུ་ཀ་རཀྟ་པི་པཱ་ཧོཿ བདུན་པ་བསྟོད་པ་ནི། ཧཱུྃ༔ མ་རྒད་ལྷུན་པོའི་སྐུ་ཅན་ཉི་མ་འབུམ་གྱི་གཟི༔ རྡོ་རྗེ་བདུད་རྩིའི་སྣང་བས་ཁམས་གསུམ་སད་པར་མཛད༔ ཤེས་རབ་མ་དང་མཉམ་སྦྱོར་དཔའ་མོའི་ཚོགས་སུ་སྤྱོད༔ ཧེ་རུ་ཀ་དཔལ་བཙུན་མོར་བཅས་ལ་ཕྱག་འཚལ་འདུད༔ གང་ཞིག་ཡིད་ལ་དྲན་པས་ཀྱང་༔ དངོས་གྲུབ་མཆོག་ཀུན་སྩོལ་མཛད་པ༔ དཔལ་ལྡན་བདེ་ཆེན་མགོན་པོ་ཀྱེ༔ བདག་ལ་རྗེས་སུ་དགོངས་པར་མཛོད༔ ས་མ་ཡ་སིདྡྷི་ཨ་ལ་ལ་ཧོཿ ཅེས་བསྟོད་ལ་སེམས་རྩེ་གཅིག་པས་བསྐྱེད་རིམ་གྱི་གསལ་སྣང་ལ་སེམས་བཟུང༌། བརྒྱད་པ་བཟླས་པ་ནི། ཡེ་ཤེས་སེམས་དཔའི་ཐུགས་དབུས་སུ༔ ཉི་ཟླ་ཁ་སྦྱོར་ལྟེ་བར་ཧཱུྃ༔ སྔགས་མཚན་འབར་བའི་འོད་ཟེར་གྱིས༔ སྒྲིབ་བྱང་ཡེ་ཤེས་བསྐྱེད་པར་བསམ༔ ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་སིདྡྷི་སྭཱ་ཧཱ༔ འབུམ་ཕྲག་བཞི་བཟླ། སླར་ཡང་ཧེ་རུ་ཀ་དཔལ་གྱི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འཕྲོས༔ རྒྱལ་བ་མཆོད་ཅིང་འགྲོ་སྒྲིབ་སྦྱངས༔ ཐམས་ཅད་ལྷ་སྔགས་ཆོས་སྐུར་བརྟག༔ ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ་བྷྱོ་སྭཱ་ཧཱ༔ འབུམ་ཕྲག་བཞི་བཟླ། གཞུང་ལས། དེ་ནས་སྒྲུབ་པ་ཆེན་པོའི་སླད༔ བྷནྡྷ་མཚན་བཟང་བདུད་རྩིས་གཏམས༔ དུར་ཁྲོད་ཞུན་གྱི་མར་མེ་སྦར༔ ཐོ་རངས་དུས་སུ་དངོས་གྲུབ་གསོལ༔ ཅེས་ཚུལ་བཞིན་བྱ་བའམ་རྒྱུན་དུ་བདུད་རྩི་ཆོས་སྨན་ལ་རྟེན་བྱས་ཀྱང་རུང་ལ་བས། ཨོཾ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེའི༔ ཡེ་ཤེས་མཆོག་དང་མཉམ་སྦྱོར་བའི༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དབྱིག༔ དེང་འདིར་བདག་ལ་སྩལ་དུ་གསོལ༔ ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧཱུྃ་ཧཱུྃ༔ ཅུང་ཟད་བཟླས་ནས། བསྐུལ་བས་ཐོད་པའི་ནམ་མཁའ་རུ༔ ལྷ་རྣམ་ཡབ་ཡུམ་རྗེས་ཆགས་ཀྱིས༔ འཁོར་འདས་ཀུན་གྱི་དངོས་གྲུབ་བསྡུས༔ འོད་ཞུ་བདུད་རྩིར་རོ་གཅིག་བསམ༔ ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཧཱུྃ༔ ཞེས་བརྗོད་གནས་གསུམ་རེག་བྱས་ལ༔ བདུད་རྩི་བཏུང་ཞིང་བདེ་ཉམས་བསྐྱང་༔ དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བརྗོད་ཅིང་སྔགས་ཀྱི་ནུས་པ་བརྟན་པར་བྱས་ལ་མཆོད་ཅིང་བསྟོད། ཆོས་སྐྱོང་ལ་གཏོར་འབུལ་དང་བསྐང་བཤགས་ཇི་ལྟར་རིགས་པ་གྲུབ་ནས། གསུམ་པ་རྗེས་ཀྱི་བྱ་བ་ལ་དྲུག་ལས། དང་པོ་ཚོགས་ཀྱི་འཁོར་ལོ་ལ། ཐོག་མར་བྱིན་གྱིས་བརླབ་པ་ནི། མ་ད་ན་དང་བ་ལ་སོགས་ཚོགས་ཀྱི་མཆོད་པ་འདུ་བྱས་ལ་བདུད་རྩིས་བྲན། ཧཱུྃ༔ སྣོད་ནི་ཨཱ་ལས་ཀ་པཱ་ལ༔ མཚན་ལྡན་སྟོང་གསུམ་ཁྱོན་དང་མཉམ༔ བཅུད་མཆོག་ལྕགས་ཀྱུ་སྒྲོན་མ་ལྔ༔ ཡེ་ཤེས་འདོད་ཡོན་ཕུང་པོར་བསམ༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཚོགས་ཞིང་སྤྱན་འདྲེན་པ་ནི། ཧཱུྃ༔ རྡོ་རྗེ་བདུད་རྩི་བདེ་བ་ཆེ༔ ཞི་ཁྲོ་འདུས་པའི་ལྷ་ཚོགས་དང་༔ གནས་ཡུལ་དཔའ་བོ་མཁའ་འགྲོ་ཀུན༔ དམ་ཚིག་ལོངས་སྤྱོད་ཆེན་པོར་གཤེགས༔ ཅེས་སྤྱན་དྲང་ལ་མཆོད་ཅིང་བཤགས་པ་ནི། ཧཱུྃ༔ ཨཱ་ལི་ཀཱ་ལི་སྙོམས་ཞུགས་པའི༔ འཆི་མེད་པཉྩ་ཨ་མྲྀ་ཏ༔ བཟའ་བཅའ་བཏུང་བར་ཡང་དག་ལྡན༔ འདོད་པའི་ཡོན་ཏན་བསམ་མི་ཁྱབ༔ བཞེས་ཤིག་བདེ་བ་ཆེན་པོར་བཞེས༔ སྡོམ་དང་དམ་ཚིག་ཉམས་ཆག་བཤགས༔ སྒྲིབ་མེད་ཚངས་པར་དབུགས་ཕྱུང་ནས༔ དངོས་གྲུབ་འབྲས་བུ་མཆིས་པར་མཛོད༔ ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་མཎྜལ་སརྦ་ག་ཎ་ཙཀྲ་ས་མ་ཡ་ཧོཿ ཞེས་དང་ཧེ་རུ་ཀ་ཡི་ཡིག་བརྒྱ་བཟླ། བརྡ་དང་བརྡའི་འབུལ་ལེན་བཅས་དམ་ཚིག་གི་རྫས་ལ་ལོངས་སྤྱོད་ཅིང༌། ལྷག་མ་བསྡུས་ལ་བདུད་རྩིས་བྲན། ཧཱུྃ་ཧོཿཧྲཱིཾ་ཧྲཱིཾ་ཕེཾ༔ འབྱུང་པོ་ལྷག་གི་གཉེར་འཛིན་ཀུན༔ དམ་ཚིག་བདུད་རྩིའི་ཚོགས་ལྷག་བཞེས༔ རྣལ་འབྱོར་ལམ་གྱི་བར་ཆད་སོལ༔ བཅོལ་བའི་ལས་ཀུན་འགྲུབ་པར་མཛོད༔ ཨོཾ་ཨུཙྪིཥྟབ་ལིཾ་ཏ་ཁཱ་ཧིཿ ཅེས་ཕྱི་རོལ་གོམ་པ་བདུན་ཅུའི་སར་བསྐྱལ། གཉིས་པ་སྨོན་ལམ་གདབ་པ་ནི། རྡོ་རྗེ་ཉི་མའི་རིགས་ལས་ཡང་དག་བྱུང་གྱུར་ཅིང་༔ བདེ་ཆེན་བདུད་རྩིས་བརྟན་གཡོའི་དངོས་ཀུན་ཁྱབ་པར་མཛད༔ ཞི་ཁྲོ་འདུས་པ་བཙུན་མོའི་ཚོགས་དང་བཅས་པ་ཡིས༔ འབྱུང་པོ་ཀུན་ལ་རྟག་ཏུ་དགེ་ལེགས་སྦྱིན་གྱུར་ཅིག༔ འཇིག་རྟེན་ཉེ་བར་འཚེ་བ་དང་༔ རྣལ་འབྱོར་ཟབ་མོའི་བར་ཆད་ཞི༔ བདེ་བའི་གནས་ནས་བདེ་བའི་ལམ༔ བདེ་ཆེན་འབྲས་བུ་མྱུར་ཐོབ་ཤོག༔ གསུམ་པ་ཆད་མདོ་བསྐྱང་བ་ནི། ཧཱུྃ་བྷྱོ༔ སྔོན་ཚེ་འོག་མིན་བདེ་ཆེན་ཞིང་༔ གསང་བ་མཆོག་གི་དགྱེས་པ་ན༔ བཅོམ་ལྡན་རྡོ་རྗེ་ཧེ་རུ་ཀས༔ ཐ་ཚིག་ཕོག་པའི་སྲུང་མ་ཀུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོཿ བར་དུ་ལྷ་མིན་འདུ་བའི་གནས༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་བདེ་བ་ཆེན་པོ་ཡིས༔ དམ་ལ་བཞག་པའི་དྲེགས་ཚོགས་ཀུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོཿ ད་ལྟ་སྒྲུབ་པའི་གནས་མཆོག་འདིར༔ གསང་བའི་དཀྱིལ་འཁོར་ཞལ་ཕྱེ་ནས༔ རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ འབོད་ཅིང་བསྐུལ་བའི་སྲུང་མ་ཀུན༔ འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཤྲཱི་བཛྲ་དྷརྨ་པཱ་ལ་སརྦ་ས་མ་ཡ་ཀརྨ་ཀུ་རུ་ཧོ༔ བཞི་པ་བརྟན་མ་བསྐྱང་བ་ནི། ཧཱུྃ་བྷྱོ༔ ཨ་སུ་ར་ཡི་བྲག་ཕུག་ཏུ༔ སློབ་དཔོན་བདེ་བ་ཆེན་པོ་དང་༔ རིགས་ལྡན་ཤཱཀྱ་དེ་ཝཱི་ཡིས༔ རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དུ༔ གསང་བའི་དམ་ཚིག་གཉེར་གཏད་པའི༔ བརྟན་མ་སྐྱོང་མ་ཡ་མའི་ཚོགས༔ སྨན་ཕྲན་འབུམ་གྱི་འཁོར་དང་བཅས༔ ཚུར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ བོད་ཁམས་སོ་ཁ་སྲུང་བ་དང་༔ མཐའ་དམག་གདུག་པའི་འཚེ་བ་ཟློག༔ ནད་མུག་འཁྲུགས་རྩོད་དལ་ཡམས་སོལ༔ ལེགས་ཚོགས་རྒྱས་པའི་ཕྲིན་ལས་མཛོད༔ མ་མ་ཌཱ་ཀི་ནཱི་སརྦ་ས་མ་ཡ་ཨ་མྲྀ་ཏ་པཱུ་ཛ་ཧོཿ དེ་ནས་མཆོད་བསྟོད་མདོར་བསྡུས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། ལྔ་པ་བསྡུ་ལྡང་ནི། སྣོད་བཅུད་འོད་གསལ་ཐིག་ལེར་ཐིམ༔ སླར་ཡང་སྣང་བ་ལྷ་ཡི་སྐུ༔ བརྗོད་པའི་ངག་ཀུན་སྔགས་ཀྱི་ཚིག༔ ཡེ་ཤེས་སྒྱུ་མའི་རོལ་པར་སྤྱོད༔ ཨོཾ་ཨཱཿཧཱུྃ༔ དྲུག་པ་བསྔོ་སྨོན་ཤིས་བརྗོད་ནི། ཨོཾ༔ དགེ་བ་འདི་ཡིས་བདག་དང་མཐའ་ཡས་སེམས་ཅན་ཀུན༔ རྡོ་རྗེ་བདུད་རྩིའི་བདེ་བ་མཆོག་དང་མཉམ་སྦྱོར་བས༔ ཐུན་མོང་དངོས་གྲུབ་དཀའ་བ་མེད་པར་འཐོབ་པ་དང་༔ མཆོག་གི་ཡེ་ཤེས་མྱུར་དུ་འགྲུབ་པའི་བཀྲ་ཤིས་ཤོག༔ ཅེས་སོགས་ཤིས་པར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པས་དགེ་ལེགས་སུ་བྱའོ། ཅེས་པའང་འཁོར་ལོའི་མགོན་པོ་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོའི་ཞལ་སྔ་ནས་ཟབ་ཆོས་འདི་དག་གི་སྨིན་གྲོལ་ནོད་པའི་སྐལ་བཟང་ཐོབ་པ། ཕུན་ཚོགས་རྣམ་རྒྱལ་པས་འཇུག་པ་བདེ་ཕྱིར་བཀླག་ཆོག་ཏུ་བགྱིས་པ་སྟེ། དགེ་བས་ཆོས་འདིའི་ཕྲིན་ལས་མཁའ་ཁྱབ་ཏུ་འཕེལ་བའི་རྒྱུར་གྱུར་ཅིག། །།
[edit]

@#/__/rdo rje bdud rtsi gsang ba chen po'i man ngag snying tig zab mo'i las byang bklag chog tu bkod pa bdud rtsi'i sprin phung zhes bya ba bzhugs so/__/stong nyid rdo rje bde ba'i gar/__/snying rje'i bdud rtsi thig le'i sku/__/rgyal kun spyi gzugs la btud nas/__/bdud rtsi gsang ba'i phrin las spel/__de la byang chub kyi sems 'byongs shing*/__dbang thob cing dam tshig rnam par dag pa'i gang zag gis/__gnas dben zhing byin rlabs kyi zil ldan par sku gsung thugs kyi rten bkram sman gtor rak+ta tshogs kyi yo byad chad brtan dkar bgegs rol mo'i bye brag sogs tshogs par byas nas/__bdud rtsi chu yi khrus byas bde ba'i stan la lus gnad bsrang rlung ro bsal zhing nges 'byung dang byang chub sems gnyis yid la byas te/__cho ga dngos la sbyor dngos rjes gsum las dang po la'ang drug las thog mar skyabs su 'gro ba ni/__mdun gyi nam mkhar bla ma rdo rje khrag 'thung la phyogs bcu dus bzhi skyabs yul ma tshang ba med pas bskor ba badz+ra sa ma dzaH__hU~M:__'khor 'das rdo rje bdud rtsi che:__dbyer med zung 'jug he ru ka:__bla ma mkha' 'gro'i tshogs bcas la:__sgo gsum gus pas skyabs su mchi:__lan gsum/__gnyis pa sems bskyed pa ni/__mtha' yas 'gro ba thams cad la:__dmigs med snying rjes kun bslangs te:__bde chen sa la 'god pa'i phyir:__khrag 'thung chen po'i rnal 'byor bsgom:__sdig sgrib nyes ltung bshags shing bsdam:__rtsa ba yan lag dam tshig bzung :__gsang ba mchog gi spyod pa yis:__rdo rje'i ye shes grub gyur cig:__lan gsum/__gsum pa dkar bgegs bsngo ba ni/__oM hrIHbadz+ra kro d+ha ha ya grI wa hu lu hu lu hU~M phaTa?H__rang nyid skad cig gis rta mchog he ru ka khro gtum bzod par dka' ba'i gzi brjid bskal pa'i me ltar 'bar bar gyur par bsams la/__gtor ma rta sngags kyis bsang*/__swa b+hA was sbyang*/__stong pa'i ngang las b+h+rU~M las rin po che'i snod yangs shing rgya che ba'i nang du gtor ma kha dog dri ro nus pa phun sum tshogs par gyur/__oM AHhU~M hoHsa brlab/__b+hU mi pa ti sa pa ri wa ra badz+ra sa mA dzaHsa spyan drang*/__b+hU mi pa ti sa pa ri wA ra a ka ro mu khaM sogs lan gsum gyis bsngo/__gang dag 'dir gnas lha dang klu/__/gnod sbyin srin po'am gzhan dag la/__/dkyil 'khor don du sa phyogs 'di/__/bdag zhu khyed kyis stsal du gsol/__zhes lan gsum/__b+hU mi pa ti sa pa ri wA ra gats+tshaHsa rang gnas su gshegs par bsams la/__gtor ma gtsang sar bskyal/__ra~M ya~M kha~M gis bsang*/__oM AH hU~M hoHlan gsum gyis brlab/__oM sarba b+hU ta a kar+Sha ya dzaHsa mgron dgug__oM sarba big+h+nA na maHsogs lan gsum gyis bsngos la/__hU~M:__nga ni dpal ldan rdo rje 'chang :__bka' yi 'khor lo sbyor ba yis:__dngos po thams cad 'jig 'gyur na:__bar chad bgegs la smos ci dgos:__nyon cig log 'dren 'byung po'i tshogs:__rdo rje bdud rtsi'i bka' thos nas:__rgya mtsho'i pha mthar myur du dengs:__'das na brlag par gdon mi za:__oM badz+ra kro d+ha a mr-i ta hU~M hU~M phaT:__bzhi pa mtshams bcad pa ni/__hU~M:__'di ltar snang zhing 'byung ba kun:__he ru ka yi gsang ba gsum:__mi phyed rdo rje'i dam tshig gis:__gzung 'dzin 'byung po mtshams bcad do:__oM AHhU~M badz+ra rak+Sha rak+Sha hU~M hU~M phaT:__lnga pa byin dbab pa ni/__spos rol dbyangs dang bcas pas/__hU~M:__rin chen nyi ma rtag pa'i dbyings:__rgyun dang shugs kyi thugs rjer snang :__bskul zhing gsol ba btab pa yis:__ye shes sgyu 'phrul cir yang ston:__dam tshig chen po'i dus lags na:__sku gsung thugs kyi byin chen phob:__bde chen bdud rtsi'i dbang mchog skur:__rnal 'byor mthu dang ldan pa yis:__dngos grub ma lus stsal du gsol:__oM AHhU~M badz+ra a mr-i ta ma hA su kha sid+d+hi hU~M:__e A ral+li dz+nyA na A we sha ya a AH__drug pa mchod pa byin brlab ni/__hU~M:__gnas yul dur khrod rol pa'i zhing :__mchod rdzas bsod nams ye shes rgya:__bde ba chen po'i rnam par rol:__'grib med rtag pa'i rgyan du shar:__oM shrI he ru ka badz+ra a mr-i ta ma hA su kha sarba pU dza sa ma ye AHhU~M:__gnyis pa dngos gzhi la'ang brgyad las/__dang po dam tshig gi dkyil 'khor bskyed pa ni/__hU~M:__rdo rje de bzhin nyid kyi dbyings:__bdud rtsi bde chen snying rje'i sprin:__zung 'jug rang rtsal yi ge hU~M:__ye shes 'bar ba'i cho 'phrul gyis:__gzung 'dzin chos kun stong par sbyangs:__stong pa'i ngang las 'byung rim steng :__rin chen dur khrod gzhal yas dbus:__sna tshogs pad zla'i gdan gyi steng :__hU~M yig yongs gyur skad cig gis:__rin chen nyi ma de bzhin gshegs:__rdo rje bdud rtsi sku mdog ljang :__btso ma gser gyi mdangs 'od 'tsher:__zhal gsum phyag drug zhi ba'i tshul:__khro chags sgeg ldan spyan gsum g.yo:__g.yas dkar g.yon dmar 'dzum 'od 'phro:__rtsa phyag rdo rje dril bu 'dzin:__rang 'dra'i yum 'khyud mnyam par sbyor:__lhag ma 'khor lo ral gri g.yas:__zhags pa lcags kyu g.yon na bsnams:__dar dang rin chen rus pas brgyan:__skyil krung phyed pa'i rol pa yis:__'od zer 'bar 'phro'i klong na bzhugs:__phyi rol pad+ma 'dab brgyad la:__shar du dkar mo zhi ba ma:__lho ru ser mo zhi gdong ma:__nub tu dmar mo zla can ma:__byang du ljang mo ri bong can:__shar lhor sngon mo zla dkyil ma:__lho nub ljang gsal zla mdzes ma:__nub byang sngo bsangs yid 'ong ma:__byang shar sngon mo sim byed ma:__kun kyang rdo rje dril bu bsnams:__bud med sgyu ma'i sgeg 'chang zhing :__dar dang rin chen rgyan gyis mdzes:__rang 'od klong na phyed skyil rol:__sgo bzhir dkar ser dmar ljang gi:__lha mo phyag rgya bzhi 'dzin pa:__g.yon pas dril 'khrol khro 'dzum nyams:__rin chen dar dpyangs rgyan dang ldan:__pad zla'i steng na gar thabs bzhengs:__bar mtshams phyi nang mchod sprin tshogs:__bde chen char 'bebs lha mos gang :__gtso bo'i thugs kar pad nyi'i steng :__rdo rje bdud rtsi he ru ka:__mthing nag khro tshul 'jigs pa'i nyams:__rdo rje gdengs shing kha T+wAM gsor:__sbrul dang stag sham rus pas brgyan:__rang 'od yum 'khyud me phung dbus:__gar dgu'i rol pas rnam par 'gying :__gtso 'khor kun gyi gnas gsum du:__oM AHhU~M gis rgyas btab pas:__sangs rgyas kun gyi gsang gsum dang :__dbyer med bde chen 'od zer gyis:__ye shes dgyes pa chen po'i lha:__nam mkha' gang bar spyan drangs gyur/__gnyis pa ye shes kyi dkyil 'khor spyan drang ba ni/__hU~M:__rdo rje nyi ma las byung ba:__bde chen bdud rtsis dgyes pa can:__he ru ka dang btsun mor bcas:__thugs rje'i dbang gis gnas 'dir gshegs:__oM shrI badz+ra a mr-i ta ma hA su kha he ru ka maN+Da la sa pa ri wA ra e h+ye hi:__sa ma ya ho:__sa ma ya s+t+waM:__gsum pa bzhugs su gsol ba ni/__hU~M:__rdo rje dga' ba rnam pa bzhi'i:__phyag rgyas dgug cing nye bar gzhug:__dbyer med dgyes pa chen po yi:__dam tshig mchog gi gnas la rol:__ma hA su kha dz+nyA na dzaHhU~M ba~M hoH__bzhi pa dbang bskur rgyas gdab ni/__dam tshig ye shes ldan byas pa'i:__thugs ka'i 'od kyis dbang lha'i tshogs:__spyan drangs mngon par dbang bskur bsam:__oM lha yi bdud rtsi dri ma med:__ye shes lnga dang yang dag sbyor:__byang chub sems kyi chu rgyun gyis:__rtog pa'i dri ma sbyang bar bya:__oM sarba ta thA ga ta bo d+hi tsit+ta a mr-i ta trA~M hU~M oM hrIHAHa b+hi Shiny+tsa mi:__bo d+hi tsit+ta bde ba ches:__dbang bskur rigs lngas dbur brgyan bsam:__lnga pa brda phyag 'tshal ba ni/__hU~M:__rdo rje rkang lag mdzes pa'i gar:__dga' ba'i glu dang rab tu sbyor:__ngo mtshar chen po'i dam tshig gis:__rjes su chags pa'i phyag bgyi'o:__shrI badz+ra a mr-i ta ma hA su kha na mA mi:__drug pa mchod pa 'bul ba ni/__oM AHhU~M:__nam mkha' las byung ye shes sprin:__lha yi me tog dmar ba'i mdangs:__rdo rje rjes su chags pa'i spos:__rin chen gzi ldan sgron ma che:__sna tshogs dri zhim bsil ba'i chab:__ro bcud nus ldan 'chi med bshos:__'jig rten dge ba'i dam tshig gis:__mchod pas bdag la dgyes par mdzod:__hU~M badz+ra puSh+paM d+hU paM dI paM gan+d+haM nai wi d+yA pU dza hoH__hU~M:__drug las skyes sogs glu blangs shing :__kun tu bzang po'i rol mo che:__nam mkha' gang ba'i gar bcas pas:__rdo rje rjes su chags par mdzod:__hU~M shrI badz+ra rA ga gIrti nIrti shab+da pU dza hoH__oM AHhU~M:__lcags kyu lnga yi rgya mtsho che:__sha chen lnga dang yang dag ldan:__rdo rje gsum dang mnyam sbyor ba:__bdud rtsi mchog gis mchod par bgyi:__badz+ra a mr-i ta oM AHhU~M:__a mr-i tu sid+d+hi ku ru ho:__hU~M:__kha dog dri ro nus bcud ldan:__dmar gyi ar+g+haM btud pas bran:__'dod yon rnam pa thams cad pa'i:__gtor ma'i mchod pa bzhes su gsol:__badz+ra a mr-i ta ma hA ba liM ta khA hi:__shrI he ru ka rak+ta pi pA hoH__bdun pa bstod pa ni/__hU~M:__ma rgad lhun po'i sku can nyi ma 'bum gyi gzi:__rdo rje bdud rtsi'i snang bas khams gsum sad par mdzad:__shes rab ma dang mnyam sbyor dpa' mo'i tshogs su spyod:__he ru ka dpal btsun mor bcas la phyag 'tshal 'dud:__gang zhig yid la dran pas kyang :__dngos grub mchog kun stsol mdzad pa:__dpal ldan bde chen mgon po kye:__bdag la rjes su dgongs par mdzod:__sa ma ya sid+d+hi a la la hoH__ces bstod la sems rtse gcig pas bskyed rim gyi gsal snang la sems bzung*/__brgyad pa bzlas pa ni/__ye shes sems dpa'i thugs dbus su:__nyi zla kha sbyor lte bar hU~M:__sngags mtshan 'bar ba'i 'od zer gyis:__sgrib byang ye shes bskyed par bsam:__oM badz+ra a mr-i ta ma hA su kha sid+d+hi swA hA:__'bum phrag bzhi bzla/__slar yang he ru ka dpal gyi:__sku gsung thugs kyi phyag rgya 'phros:__rgyal ba mchod cing 'gro sgrib sbyangs:__thams cad lha sngags chos skur brtag:__oM dz+wa la dz+wa la hU~M phaT b+h+yo swA hA:__'bum phrag bzhi bzla/__gzhung las/__de nas sgrub pa chen po'i slad:__b+han+d+ha mtshan bzang bdud rtsis gtams:__dur khrod zhun gyi mar me sbar:__tho rangs dus su dngos grub gsol:__ces tshul bzhin bya ba'am rgyun du bdud rtsi chos sman la rten byas kyang rung la bas/__oM:__rdo rje bdud rtsi bde ba che'i:__ye shes mchog dang mnyam sbyor ba'i:__sku gsung thugs kyi dngos grub dbyig:__deng 'dir bdag la stsal du gsol:__oM badz+ra a mr-i ta ma hA su kha hU~M hU~M:__cung zad bzlas nas/__bskul bas thod pa'i nam mkha' ru:__lha rnam yab yum rjes chags kyis:__'khor 'das kun gyi dngos grub bsdus:__'od zhu bdud rtsir ro gcig bsam:__oM badz+ra a mr-i ta ma hA su kha kA ya wA ka tsit+ta sid+d+hi hU~M hU~M:__zhes brjod gnas gsum reg byas la:__bdud rtsi btung zhing bde nyams bskyang :__dngos grub thams cad thob par bsam:__thun mthar dbyangs gsal rten snying yig brgya brjod cing sngags kyi nus pa brtan par byas la mchod cing bstod/__chos skyong la gtor 'bul dang bskang bshags ji ltar rigs pa grub nas/__gsum pa rjes kyi bya ba la drug las/__dang po tshogs kyi 'khor lo la/__thog mar byin gyis brlab pa ni/__ma da na dang ba la sogs tshogs kyi mchod pa 'du byas la bdud rtsis bran/__hU~M:__snod ni A las ka pA la:__mtshan ldan stong gsum khyon dang mnyam:__bcud mchog lcags kyu sgron ma lnga:__ye shes 'dod yon phung por bsam:__oM AHhU~M ha ho hrIH__tshogs zhing spyan 'dren pa ni/__hU~M:__rdo rje bdud rtsi bde ba che:__zhi khro 'dus pa'i lha tshogs dang :__gnas yul dpa' bo mkha' 'gro kun:__dam tshig longs spyod chen por gshegs:__ces spyan drang la mchod cing bshags pa ni/__hU~M:__A li kA li snyoms zhugs pa'i:__'chi med pany+tsa a mr-i ta:__bza' bca' btung bar yang dag ldan:__'dod pa'i yon tan bsam mi khyab:__bzhes shig bde ba chen por bzhes:__sdom dang dam tshig nyams chag bshags:__sgrib med tshangs par dbugs phyung nas:__dngos grub 'bras bu mchis par mdzod:__oM badz+ra a mr-i ta ma hA su kha maN+Dal sarba ga Na tsakra sa ma ya hoH__zhes dang he ru ka yi yig brgya bzla/__brda dang brda'i 'bul len bcas dam tshig gi rdzas la longs spyod cing*/__lhag ma bsdus la bdud rtsis bran/__hU~M hoHhrIM hrIM pheM:__'byung po lhag gi gnyer 'dzin kun:__dam tshig bdud rtsi'i tshogs lhag bzhes:__rnal 'byor lam gyi bar chad sol:__bcol ba'i las kun 'grub par mdzod:__oM uts+tshiSh+tab liM ta khA hiH__ces phyi rol gom pa bdun cu'i sar bskyal/__gnyis pa smon lam gdab pa ni/__rdo rje nyi ma'i rigs las yang dag byung gyur cing :__bde chen bdud rtsis brtan g.yo'i dngos kun khyab par mdzad:__zhi khro 'dus pa btsun mo'i tshogs dang bcas pa yis:__'byung po kun la rtag tu dge legs sbyin gyur cig:__'jig rten nye bar 'tshe ba dang :__rnal 'byor zab mo'i bar chad zhi:__bde ba'i gnas nas bde ba'i lam:__bde chen 'bras bu myur thob shog:__gsum pa chad mdo bskyang ba ni/__hU~M b+h+yo:__sngon tshe 'og min bde chen zhing :__gsang ba mchog gi dgyes pa na:__bcom ldan rdo rje he ru kas:__tha tshig phog pa'i srung ma kun:__'dir gshegs rgyan gyi gtor ma bzhes:__rnam bzhi'i phrin las 'grub par mdzod:__hU~M b+h+yoH__bar du lha min 'du ba'i gnas:__a su ra yi brag phug tu:__slob dpon bde ba chen po yis:__dam la bzhag pa'i dregs tshogs kun:__'dir gshegs rgyan gyi gtor ma bzhes:__rnam bzhi'i phrin las 'grub par mdzod:__hU~M b+h+yoH__da lta sgrub pa'i gnas mchog 'dir:__gsang ba'i dkyil 'khor zhal phye nas:__rig 'dzin rnal 'byor bdag cag gis:__'bod cing bskul ba'i srung ma kun:__'dir gshegs rgyan gyi gtor ma bzhes:__rnam bzhi'i phrin las 'grub par mdzod:__shrI badz+ra d+harma pA la sarba sa ma ya karma ku ru ho:__bzhi pa brtan ma bskyang ba ni/__hU~M b+h+yo:__a su ra yi brag phug tu:__slob dpon bde ba chen po dang :__rigs ldan shAkya de wI yis:__rdo rje bdud rtsi'i dkyil 'khor du:__gsang ba'i dam tshig gnyer gtad pa'i:__brtan ma skyong ma ya ma'i tshogs:__sman phran 'bum gyi 'khor dang bcas:__tshur gshegs bshal chu'i bdud rtsi bzhes:__bod khams so kha srung ba dang :__mtha' dmag gdug pa'i 'tshe ba zlog:__nad mug 'khrugs rtsod dal yams sol:__legs tshogs rgyas pa'i phrin las mdzod:__ma ma DA ki nI sarba sa ma ya a mr-i ta pU dza hoH__de nas mchod bstod mdor bsdus dang yi ge brgya pas nongs pa bshags/_lnga pa bsdu ldang ni/__snod bcud 'od gsal thig ler thim:__slar yang snang ba lha yi sku:__brjod pa'i ngag kun sngags kyi tshig:__ye shes sgyu ma'i rol par spyod:__oM AHhU~M:__drug pa bsngo smon shis brjod ni/__oM:__dge ba 'di yis bdag dang mtha' yas sems can kun:__rdo rje bdud rtsi'i bde ba mchog dang mnyam sbyor bas:__thun mong dngos grub dka' ba med par 'thob pa dang :__mchog gi ye shes myur du 'grub pa'i bkra shis shog:__ces sogs shis par brjod cing me tog gi char dbab pas dge legs su bya'o/__ces pa'ang 'khor lo'i mgon po 'jam dbyangs mkhyen brtse thub bstan chos kyi rgya mtsho'i zhal snga nas zab chos 'di dag gi smin grol nod pa'i skal bzang thob pa/__phun tshogs rnam rgyal pas 'jug pa bde phyir bklag chog tu bgyis pa ste/__dge bas chos 'di'i phrin las mkha' khyab tu 'phel ba'i rgyur gyur cig/__//

Footnotes

Other Information