ཛབ྄་ཁང་དབྱེ་བ།

From Khyentse Lineage - A Tsadra Foundation Project
JKW-KABAB-06-CHA-013
Wylie title dzab khang dbye ba JKW-KABAB-06-CHA-013.pdf
Location mkhyen brtse'i bka' babs
Volume 6, Text 13, Pages 171-172 (Folios 1a1 to 1b5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་, ཇོ་མོ་སྨན་མོ་ ('jam dbyangs mkhyen brtse'i dbang po, jo mo sman mo)
Citation 'jam dbyangs mkhyen brtse chos kyi blo gros. dzab khang dbye ba. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 6: 171-172. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Mantra Repetition Preparatory Liturgies - dzab khang dbye ba - dzab bskul  ·  Revelations - gter ma
Cycle མཁའ་འགྲོ་གསང་བ་ཀུན་འདུས་ (mkha' 'gro gsang ba kun 'dus)
Karchag page JKW-KABAB-Volume-06-CHA-Karchag
Recension Link Other Versions on this site: མཁའ་འགྲོ་གསང་འདུས་ཛབ྄་ཁང་དབྱེ་བ།
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-NGI-047
[edit]
༄༅། །ཛབ྄་ཁང་དབྱེ་བ་ནི། ཨོཾ་སརྦ་ཛྙཱ་ན་དྷཱ་ཀི་ནི་མཎྜ་ལ་སྥ་ར་ཎ་ཕཊ༔ ཅེས་པས་རང་འདྲའི་དཀྱིལ་འཁོར་གཉིས་པ་སྤྲོ༔ སཾ་ཧ་ར་ཎ་ཧཱུྃ༔ ཞེས་པས་མདུན་རྟེན་དང་དབྱེར་མེད་དུ་བཞུགས་པར་གྱུར༔ ཧཱུྃ༔ མཁའ་འགྲོ་རྒྱ་མཚོ་སོགས། ཛབ྄་བསྐུལ་ནི། ཧཱུྃ༔ དབུས་ཀྱི་ཕྱོགས་ནས་རང་བྱུང་གྲུབ་པའི་ལྷ༔ བཅོམ་ལྡན་ཁྱབ་བདག་བདེ་ཆེན་ཁྲོས་མ་ནག༔ བཟླས་པའི་ཕྲིན་ལས་གཡེལ་མེད་མཛད་ནས་ཀྱང་༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ རྩ་སྔགས། ཧཱུྃ༔ ཕྱོགས་བཞིའི་གནས་ནས་རང་༴ བཅོམ་ལྡན་ལས་ཀྱི་མཁའ་འགྲོ་རིགས་བཞིའི་ཚོགས༔ བཟླས་པ་ཕྲིན་ལས༴ མཆོག་ཐུན་དངོས་གྲུབ༴ རིགས་བཞིའི་སྔགས། ཧཱུྃ༔ འཁོར་ལོ་གསུམ་ནས་རང་༴ གནས་ཡུལ་ཉེར་བཞིའི་དཔའ་བོ་རྣམ་འབྱོར་མ༔ བཟླས་པའི་ཕྲིན་ལས༴ མཆོག་ཐུན་དངོས་གྲུབ༴ སྐུ་གསུང་ཐུགས་སྔགས། ཧཱུྃ༔ སྒོ་བཞི་མཚམས་བཞིར་རང་༴ ཕྲ་མེན་ལས་བྱེད་མཁའ་འགྲོའི་ཚོགས་རྣམས་ཀུན༔ བཟླས་པའི་ཕྲིན་ལས་གཡེལ་མེད་མཛད་ནས་ཀྱང་༔ མཆོག་ཐུན་དངོས་གྲུབ་ཡེ་ཤེས་ཆར་དུ་ཕོབ༔ ལས་དང་དམ་ཚིག་མཁའ་འགྲོའི་སྔགས། ༈ ཐོད་བུམ་སྒྲུབ་པ་ནི། བྷནྡྷའི་སྣོད་དུ་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་དུ་བཅུད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོར་འཁྱིལ་པའི་དབུས་སུ་བཅོམ་ལྡན་འདས་མ་རྡོ་རྗེ་ཁྲོས་མ་ནག་མོ། ཕྱོགས་བཞིར་སྙིང་པོའི་མཁའ་འགྲོ་རིགས་བཞི། དེ་རྒྱབ་གནས་ཡུལ་གྱི་དཔའ་བོ་མཁའ་འགྲོ། ཕྲ་མན་དང་དམ་ཚིག་གི་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་དྭངས་བའི་མཚོ་ལ་ཟླ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། གཟུངས་ཐག་བླངས་ལ། རང་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ཏེ་ལྷ་རྣམས་ལ་ཕོག་པས་བདེ་བ་ཆེན་པོའི་རྗེས་ཆགས་བསྐུལ། བྱང་ཆུབ་སེམས་ཀྱི་བདུད་རྩི་ཡེ་ཤེས་ཀྱི་བཅུད་དུ་འཁྱིལ་པར་གྱུར། ལྷ་སྔགས་རྣམས་ཅུང་ཟད་རེ་བཟླས། ཛབ྄་དབྱངས། དགོངས་པ་བསྐྱངས་ལ་ཧཱུྃ་བླུ་བླང༌། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་རྣམས་ལན་གསུམ་རེ་བཟླ། མཆོད་བསྟོད་ནོངས་བཤགས་བཅས་བྱས་ལ། ལྷ་རྣམས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་ཐོད་པའི་བདུད་རྩི་དང་དབྱེར་མེད་གྱུར། ༈ །ཚོགས་བསྒྲལ་བའི་སྐབས། ཨོཾ་སཿཀརྨ་དྷཱ་ཀཱི་ནི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱྃ་ཤ་ཏྲུན་མཱ་ར་ཡ་ཧཱུྃ་ཕཊ༔ རང་ཉིད་རྡོ་རྗེ་ཁྲོས་མའི་སྐུར་གྱུར། ན་མོ་སོགས་འགུགས་པ་ལན་གཅིག་དང༌། སྒོ་བཞིའི་སྔགས་རྒྱ་བརྗོད་ཅིང་གཡབ་རོལ་སོགས་མཐོང་རྒྱུད་ལྟར་བྱ། སློབ་དཔོན་གྱིས་ཕུར་བུ་ཐོགས་ལ།། །།

Footnotes

Other Information