སྨན་གྱི་བརྒྱུད་མཆོད།

From Khyentse Lineage - A Tsadra Foundation Project
JKW-KABAB-06-CHA-012
Wylie title sman gyi brgyud mchod JKW-KABAB-06-CHA-012.pdf
Location mkhyen brtse'i bka' babs
Volume 6, Text 12, Pages 169-170 (Folios 1a1 to 1b1)
Author འཇམ་མགོན་ཀོང་སྤྲུལ་
Less details More details
Tertön ཇོ་མོ་སྨན་མོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (jo mo sman mo, 'jam dbyangs mkhyen brtse'i dbang po)
Citation 'jam mgon kong sprul. sman gyi brgyud mchod. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 6: 169-170. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Lineage Supplications - brgyud 'debs
Cycle མཁའ་འགྲོ་གསང་བ་ཀུན་འདུས་ (mkha' 'gro gsang ba kun 'dus)
Karchag page JKW-KABAB-Volume-06-CHA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-NGI-046
Colophon
  • Author colophon: ཅེས་པའང་བློ་གྲོས་མཐའ་ཡས་ཀྱིས་སོ།
  • Contributor colophon: འཇམ་མགོན་པདྨ་གར་གྱི་ནས་འཆི་མེད་སྣང་མཛད་རྡོ་རྗེ་སོགས། ཞེས་པའི་བར་དྷརྨ་མ་ཏིས་ཁ་བསྐང་བའོ།
  • Author colophon: ces pa'ang blo gros mtha' yas kyis so
  • Contributor colophon: 'jam mgon pad+ma gar gyi nas 'chi med snang mdzad rdo rje sogs/__zhes pa'i bar d+harma ma tis kha bskang ba'o/
[edit]
༄༅། །སྨན་གྱི་བརྒྱུད་མཆོད་ནི། དབྱིངས་ཀྱི་ཡུམ་ཆེན་ཀུན་བཟང་མོ། །རྡོ་རྗེ་བཙུན་མོ་གནམ་ཞལ་མ། །རབ་དགྱེས་ཁྲོས་མ་ནག་མོ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི། །རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །ཡེ་ཤེས་མཚོ་རྒྱལ་ཁྲི་སྲོང་རྗེ། །ཌཱ་ཀི་པདྨ་མཚོ་སྐྱིད་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི། །པདྨ་འོད་གསལ་མདོ་སྔགས་གླིང༌། །འཇམ་མགོན་པདྨ་གར་གྱི་དབང༌། །རིག་འཛིན་སྣ་ཚོགས་རང་གྲོལ་ལ། །སྨན་མཆོད་འབུལ་ལོ༴ །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི། །འཆི་མེད་སྣང་མཛད་རྡོ་རྗེ་སོགས། །རྩ་བརྒྱུད་རིག་འཛིན་བླ་མ་དང༌། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི། །རྡོ་རྗེ་རིན་ཆེན་པདྨ་ལས། །གནས་ཡུལ་དཔའ་བོ་རྣལ་འབྱོར་མ། །དམ་ཚིག་འབྱུང་བའི་མཁའ་འགྲོ་ལ། །སྨན་མཆོད་འབུལ་ལོ་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི། །སྤྱང་ཞོན་ཆེན་མོ་མཆེད་གསུམ་སོགས། །བཀའ་གཏེར་སྲུང་མ་རྒྱ་མཚོ་དང༌། །འབུམ་ཕྲག་ཡངས་པའི་འཁོར་ཚོགས་ལ། །སྨན་མཆོད་འབུལ་ལོ་དངོས༴ །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི། ཅེས་པའང་བློ་གྲོས་མཐའ་ཡས་ཀྱིས་སོ། འཇམ་མགོན་པདྨ་གར་གྱི་ནས་འཆི་མེད་སྣང་མཛད་རྡོ་རྗེ་སོགས། ཞེས་པའི་བར་དྷརྨ་མ་ཏིས་ཁ་བསྐང་བའོ།

Footnotes

Other Information