མཁའ་འགྲོ་གསང་བ་ཀུན་འདུས་ལས། བརྒྱུད་པའི་གསོལ་འདེབས་པདྨའི་རྒྱུད་མངས།

From Khyentse Lineage - A Tsadra Foundation Project
JKW-KABAB-06-CHA-008
Wylie title mkha' 'gro gsang ba kun 'dus las brgyud pa'i gsol 'debs pad+ma'i rgyud mangs JKW-KABAB-06-CHA-008.pdf
Location mkhyen brtse'i bka' babs
Volume 6, Text 8, Pages 107-109 (Folios 1a1 to 2a3)
Author འཇམ་མགོན་ཀོང་སྤྲུལ་
Less details More details
Tertön ཇོ་མོ་སྨན་མོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (jo mo sman mo, 'jam dbyangs mkhyen brtse'i dbang po)
Citation 'jam mgon kong sprul. mkha' 'gro gsang ba kun 'dus las brgyud pa'i gsol 'debs pad+ma'i rgyud mangs. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 6: 107-109. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Revelations - gter ma  ·  Lineage Supplications - brgyud 'debs
Cycle མཁའ་འགྲོ་གསང་བ་ཀུན་འདུས་ (mkha' 'gro gsang ba kun 'dus)
Karchag page JKW-KABAB-Volume-06-CHA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-NGI-042
Colophon
  • Author colophon: ཅེས་ཟབ་ཆོས་འདི་ཉིད་བཀའ་བབས་ཀྱི་ལུང་མཆོག་ཐོབ་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་མཆོག་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ། སརྦ་ཐཱ་མདྒ་ལཾ།
  • Editor colophon: མཁའ་འགྲོ་རྒྱ་མཚོའི་སོགས་ནས་རྒྱལ་ཀུན་གསང་བ་ཞེས་པའི་བར༌། བརྒྱུད་པའི་ཁ་སྐོངས་འདི་ཆོས་ཀྱི་བློ་གྲོས་པས་སོ།
  • Author colophon: ces zab chos 'di nyid bka' babs kyi lung mchog thob pa blo gros mtha' yas kyis rdzong shod bde gshegs 'dus pa'i gnas mchog chen por sbyar ba dge legs 'phel/__sarba thA mad+ga laM/
  • Editor colophon: mkha' 'gro rgya mtsho'i sogs nas rgyal kun gsang ba zhes pa'i bar/__brgyud pa'i kha skongs 'di chos kyi blo gros pas so
[edit]
༄༅། མཁའ་འགྲོ་གསང་བ་ཀུན་འདུས་ལས། བརྒྱུད་པའི་གསོལ་འདེབས་པདྨའི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ། །གདོད་ནས་རྣམས་དག་རང་བྱུང་གསང་བའི་དབྱིངས། །བརྡལ་བ་ཆེན་པོ་ཆོས་རྣམས་འབྱུང་བའི་གནས། །རྣམ་ཀུན་མཆོག་ལྡན་ཆོས་སྐུ་ཡུམ་ཆེན་མོར། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །རིག་མདངས་འོད་གསལ་ཡེ་ཤེས་སྙིང་པོའི་སྤྲིན། །མཁའ་ཁྱབ་ཞིང་དང་སྐུ་ཡི་བཀོད་པ་རྫོགས། །དབྱིངས་ཕྱུག་ལོངས་སྐུ་རྡོ་རྗེ་ཕག་མོ་ལ། །གསོལ་བ༴ །བདེ་སྟོང་རོལ་པ་རིགས་ལྔའི་ཕྱག་རྒྱར་བཞེངས། །སྲིད་ཞིའི་སྤྱི་དཔལ་གནས་གསུམ་མཁའ་འགྲོའི་གཙོ། །བདེ་གཤེགས་སྤྲུལ་སྐུ་དགྱེས་མ་རྣལ་འབྱོར་མར། །གསོལ་བ༴ །ཧེ་རུ་ཀ་དཔལ་འཆི་མེད་རིག་འཛིན་ཚུལ། །བདུད་བཞིའི་འཇིགས་བཅོམ་བདེ་ཆེན་རྡོ་རྗེའི་སྐུ། །མཁའ་འགྲོའི་དབང་ཕྱུག་པདྨ་ཐོད་ཕྲེང་ལ། །གསོལ་བ༴ །དབྱིངས་ཀྱི་ཡུམ་ཆེན་གསང་སྔགས་བཀའ་ཡི་མཛོད། །མཆོག་གི་གྲུབ་བརྙེས་བོད་འབངས་སྐྱོབ་པའི་མ། །བཀའ་དྲིན་མཉམ་མེད་ཡེ་ཤེས་ཌཱ་ཀི་ལ། །གསོལ་བ༴ །མཚོ་རྒྱལ་དངོས་བྱོན་ཕག་མོས་བྱིན་གྱིས་བརླབས། །འཇའ་ལུས་མཆོག་གྲུབ་ཇོ་མོ་སྨན་མོར་གྲགས། །ཡེ་ཤེས་མཁའ་འགྲོ་པདྨ་མཚོ་སྐྱིད་ལ། །གསོལ་བ༴ །རྡོ་རྗེ་བཙུན་མོས་རྗེས་བཟུང་འབར་བ་དང༌། །འདུ་བ་གསུམ་ཐོབ་བཀའ་བབས་བདུན་གྱི་བདག །པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། །གསོལ་བ༴ །མཁའ་འགྲོ་རྒྱ་མཚོའི་གསང་བའི་མཛོད་འཆང་བ། །རྣམ་པར་སྣང་མཛད་ཡེ་ཤེས་སྒྱུ་མའི་འཕྲུལ། །པདྨ་གར་དབང་བློ་གྲོས་མཐའ་ཡས་ལ། །གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ། །ཀུན་བཟང་འགྲོ་བ་འདུལ་བའི་ཕྲིན་ལས་ཅན། །འཁོར་འདས་ཆོས་ཀུན་སྣ་ཚོགས་རང་སར་གྲོལ། །འཆི་མེད་གྲུབ་པ་སྣང་མཛད་རྡོ་རྗེ་ལ། །གསོལ་བ༴ །རྒྱལ་ཀུན་གསང་བ་མི་ཟད་རྒྱན་འཁོར་ལྔ། །གནས་གསུམ་མཁའ་འགྲོའི་ཚུལ་སྣང་ཐུགས་གསུང་སྐུར། །རྣམ་དག་དཀྱིལ་འཁོར་བཀའ་སྡོད་བཅས་པ་ལ། །གསོལ་བ༴ །ཕྱི་ནང་གསང་བ་དེ་ཉིད་རིམ་པས་སྨིན། །བསགས་དང་སྦྱངས་པས་རྒྱུད་དག་བྱིན་རླབས་ཕེབ། །གསལ་བ་གསུམ་ལྡན་བསྐྱེད་རིམ་ཚད་དུ་ཕྱིན། །རྣམ་སྨིན་རིག་འཛིན་ཚེ་འདིར་འགྲུབ་པར་ཤོག །གཏུམ་མོའི་གཞི་ཐེངས་སྒྱུ་ལུས་རྩལ་ཆེན་འབྱོངས། །འོད་གསལ་མངོན་གྱུར་རྨི་ལམ་གཏན་ལ་ཕེབ། །བསྲེ་འཕོ་བར་དོའི་ཉམས་ལེན་གདིང་ཐོབ་ཅིང༌། །ཚེ་དབང་རིག་པ་འཛིན་པའི་སྐུ་བརྙེས་ཤོག །ཆོས་ཀྱི་ཕྱག་རྒྱས་བདག་བྱིན་བརླབ་པ་རྫོགས། །དམ་ཚིག་ལས་རྒྱས་རང་གཞན་ཐབས་ལམ་འབྱོངས། །ཕྱག་ཆེན་སློབ་པའི་འོད་གསལ་མཐའ་རུ་ཕྱིན། །རིགས་ལྔ་ཕྱག་རྒྱའི་རིག་འཛིན་མངོན་གྱུར་ཤོག །ལྟ་བས་ཀ་དག་ཆོས་སྐུར་ཐག་ཆོད་དེ། །སྒོམ་པས་སྣང་སྟོང་ལོངས་སྐུའི་ཉམས་ལེན་རྫོགས། །སྤྱོད་པ་བསྲེ་བ་སྤྲུལ་སྐུའི་རྩལ་འབྱོངས་ཏེ། །ལྷུན་གྱིས་གྲུབ་པའི་རིག་འཛིན་སར་འཁོད་ཤོག །གདོས་བཅས་དྭངས་མ་སྐུ་ཡི་རྡོ་རྗེར་དག །སྲོག་རྩོལ་དྷཱུ་ཏིར་གསུང་གི་རྡོ་རྗེར་རྫོགས། །ཐིག་ལེ་འཕོ་མེད་ཐུགས་ཀྱི་རྡོ་རྗེར་སྨིན། །ཡེ་ཤེས་བླ་མའི་ས་ལ་བྱང་ཆུབ་ཤོག ཅེས་ཟབ་ཆོས་འདི་ཉིད་བཀའ་བབས་ཀྱི་ལུང་མཆོག་ཐོབ་པ་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་གནས་མཆོག་ཆེན་པོར་སྦྱར་བ་དགེ་ལེགས་འཕེལ། སརྦ་ཐཱ་མདྒ་ལཾ། མཁའ་འགྲོ་རྒྱ་མཚོའི་སོགས་ནས་རྒྱལ་ཀུན་གསང་བ་ཞེས་པའི་བར༌། བརྒྱུད་པའི་ཁ་སྐོངས་འདི་ཆོས་ཀྱི་བློ་གྲོས་པས་སོ།
[edit]

@#/__mkha' 'gro gsang ba kun 'dus las/__brgyud pa'i gsol 'debs pad+ma'i rgyud mangs zhes bya ba bzhugs so/__/gdod nas rnams dag rang byung gsang ba'i dbyings/__/brdal ba chen po chos rnams 'byung ba'i gnas/__/rnam kun mchog ldan chos sku yum chen mor/__/gsol ba 'debs so mchog thun dngos grub stsol/__/rig mdangs 'od gsal ye shes snying po'i sprin/__/mkha' khyab zhing dang sku yi bkod pa rdzogs/__/dbyings phyug longs sku rdo rje phag mo la/__/gsol ba=__/bde stong rol pa rigs lnga'i phyag rgyar bzhengs/__/srid zhi'i spyi dpal gnas gsum mkha' 'gro'i gtso/__/bde gshegs sprul sku dgyes ma rnal 'byor mar/__/gsol ba=__/he ru ka dpal 'chi med rig 'dzin tshul/__/bdud bzhi'i 'jigs bcom bde chen rdo rje'i sku/__/mkha' 'gro'i dbang phyug pad+ma thod phreng la/__/gsol ba=__/dbyings kyi yum chen gsang sngags bka' yi mdzod/__/mchog gi grub brnyes bod 'bangs skyob pa'i ma/__/bka' drin mnyam med ye shes DA ki la/__/gsol ba=__/mtsho rgyal dngos byon phag mos byin gyis brlabs/__/'ja' lus mchog grub jo mo sman mor grags/__/ye shes mkha' 'gro pad+ma mtsho skyid la/__/gsol ba=__/rdo rje btsun mos rjes bzung 'bar ba dang*/__/'du ba gsum thob bka' babs bdun gyi bdag__/pad+ma 'od gsal mdo sngags gling pa la/__/gsol ba=__/mkha' 'gro rgya mtsho'i gsang ba'i mdzod 'chang ba/__/rnam par snang mdzad ye shes sgyu ma'i 'phrul/__/pad+ma gar dbang blo gros mtha' yas la/__/gsol ba 'debs so mchog thun dngos grub stsol/__/kun bzang 'gro ba 'dul ba'i phrin las can/__/'khor 'das chos kun sna tshogs rang sar grol/__/'chi med grub pa snang mdzad rdo rje la/__/gsol ba=__/rgyal kun gsang ba mi zad rgyan 'khor lnga/__/gnas gsum mkha' 'gro'i tshul snang thugs gsung skur/__/rnam dag dkyil 'khor bka' sdod bcas pa la/__/gsol ba=__/phyi nang gsang ba de nyid rim pas smin/__/bsags dang sbyangs pas rgyud dag byin rlabs pheb/__/gsal ba gsum ldan bskyed rim tshad du phyin/__/rnam smin rig 'dzin tshe 'dir 'grub par shog__/gtum mo'i gzhi thengs sgyu lus rtsal chen 'byongs/__/'od gsal mngon gyur rmi lam gtan la pheb/__/bsre 'pho bar do'i nyams len gding thob cing*/__/tshe dbang rig pa 'dzin pa'i sku brnyes shog__/chos kyi phyag rgyas bdag byin brlab pa rdzogs/__/dam tshig las rgyas rang gzhan thabs lam 'byongs/__/phyag chen slob pa'i 'od gsal mtha' ru phyin/__/rigs lnga phyag rgya'i rig 'dzin mngon gyur shog__/lta bas ka dag chos skur thag chod de/__/sgom pas snang stong longs sku'i nyams len rdzogs/__/spyod pa bsre ba sprul sku'i rtsal 'byongs te/__/lhun gyis grub pa'i rig 'dzin sar 'khod shog__/gdos bcas dwangs ma sku yi rdo rjer dag__/srog rtsol d+hU tir gsung gi rdo rjer rdzogs/__/thig le 'pho med thugs kyi rdo rjer smin/__/ye shes bla ma'i sa la byang chub shog__ces zab chos 'di nyid bka' babs kyi lung mchog thob pa blo gros mtha' yas kyis rdzong shod bde gshegs 'dus pa'i gnas mchog chen por sbyar ba dge legs 'phel/__sarba thA mad+ga laM/__mkha' 'gro rgya mtsho'i sogs nas rgyal kun gsang ba zhes pa'i bar*/__brgyud pa'i kha skongs 'di chos kyi blo gros pas so/_

Footnotes

Other Information