པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་གཏེར་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ལས། བཅོམ་ལྡན་འདས་མ་ནོར་རྒྱུན་ཡབ་ཡུམ་གྱི་ཕྲིན་ལས་འདོད་རྒུའི་སྤྲིན་གྱི་ཏིང་འཛིན་ཆེན་པོ་དང་འབྲེལ་བའི་ཕྲིན་དབང་ལས་ཚོགས་ཀྱི་གསལ་བྱེད་ཟུར་རྒྱན་ནོར་བུ་རྨད་དུ་བྱུང་བའི་ཆར་རྒྱུན།

From Khyentse Lineage - A Tsadra Foundation Project
JKW-KABAB-03-GA-037
Wylie title pad+ma 'od gsal mdo sngags gling pa'i zab gter rtsa gsum sgyu 'phrul drwa ba las bcom ldan 'das ma nor rgyun yab yum gyi phrin las 'dod rgu'i sprin gyi ting 'dzin chen po dang 'brel ba'i phrin dbang las tshogs kyi gsal byed zur rgyan nor bu rmad du byung ba'i char rgyun JKW-KABAB-03-GA-037.pdf
Location mkhyen brtse'i bka' babs
Volume 3, Text 37, Pages 631-678 (Folios 1a to 24b1)
Author མཁའ་ཁྱབ་རྡོ་རྗེ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation Karmapa, 15th. pad+ma 'od gsal mdo sngags gling pa'i zab gter rtsa gsum sgyu 'phrul drwa ba las bcom ldan 'das ma nor rgyun yab yum gyi phrin las 'dod rgu'i sprin gyi ting 'dzin chen po dang 'brel ba'i phrin dbang las tshogs kyi gsal byed zur rgyan nor bu rmad du byung ba'i char rgyun. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 3: 631-678. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Activity Manual - las byang  ·  Revelations - gter ma  ·  Empowerment Ritual - dbang chog - dbang skur  ·  Supplemental Instructions - zur 'debs - zur rgyan  ·  Activity Practices - las tshogs
Cycle རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ (rtsa gsum sgyu 'phrul drwa ba)
Deity nor rgyun ma
Karchag page JKW-KABAB-Volume-03-GA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-WI-039
Colophon

།ཅེས་པའང་གཏེར་མའི་ཕྱོགས་དང། ཁྱད་པར་བླ་མེད་ཀྱི་རྒྱུད་སྡེ་ལྟར་བྱོན་པ་ཆེས་དཀོན་པས། འདི་ཉིད་གྱི་རྒྱུན་ཆད་པར་ཕངས་ཤིང༌། མཆོག་གླིང་རིགས་ཆོས་ཀྱི་བརྒྱུད་འཛིན། སྤྲུལ་སྐུ་བསམ་གཏན་རྒྱ་མཚོས་གསུངས་བསྐུལ་གནང་བ་དང༌། ཉེར་མཁོའི་ཆ་རྐྱེན་དུ་གྱུར་པས་མཚམས་སྦྱར། ལྷག་བསམ་བཟང་པོས་ཀུན་ནས་བསླངས་ཏེ། སངས་རྒྱས་ཀརྨ་པའི་མཚན་གྱི་ཅོད་པན་འཆང་བའི་རིག་འཛིན་གྱི་བཙུན་པ། ཀུན་བཟང་མཁའ་ཁྱབ་རང་བྱུང་བདེ་བའི་རྡོ་རྗེས། གཏེར་གཞུང་རྩ་བར་བཟུང༌། ཁ་འགེང་དང༌། ལས་ཕྲན། གཡང་འགུགས་སོགས་ཕལ་ཆེར་ཀུན་མཁྱེན་བླ་མ་ཉིད་ཀྱི་གཏེར་ཁ་ལས་བཏུས་ཏེ། ཉུང་དུ་རྣམ་གསལ་དུ་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་མཚུར་མདོའི་གནྡྷོ་ལ་ཆེན་པོའི་རྒྱབ་རི། ནོར་སྦྱིན་སྙིང་རྗེའི་གཏེར་འཆང་གི་ཕོ་བྲང༌། བྲག་རི་རིན་ཆེན་བརྩེགས་འདྲའི་ལྟེ་བ། སྒྲུབ་སྡེ་ཆེན་མོ་ལྷུན་གྲུབ་ཕོ་བྲང་དུ་སྦྱར་བའི་ཡི་གེ་གཉིས་པར་འགོད་པ་པོ་ནི་དགེ་སློང་བླ་མ་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བགྱིས་པའི་དགེ་བས་འགྲོ་རྣམས་ཚོགས་གཉིས་དཔལ་གྱི་འབྱོར་པས་ཕྱུག་པའི་དཔྱིད་དུ་འབབས་པར་གྱུར་ཅིག །ཕྲིན་ལས་དང་དབང་ཆོག་གཉིས་ཟུར་རྒྱན་ལྟར་ནག་འགྲོས་སུ་བགྱིད་པ་པོ་ནི་ཕུན་ཚོགས་རྣམ་རྒྱལ་ལོ།

ces pa'ang gter ma'i phyogs dang/__khyad par bla med kyi rgyud sde ltar byon pa ches dkon pas/__'di nyid gyi rgyun chad par phangs shing*/__mchog gling rigs chos kyi brgyud 'dzin/__sprul sku bsam gtan rgya mtshos gsungs bskul gnang ba dang*/__nyer mkho'i cha rkyen du gyur pas mtshams sbyar/__lhag bsam bzang pos kun nas bslangs te/__sangs rgyas karma pa'i mtshan gyi cod pan 'chang ba'i rig 'dzin gyi btsun pa/__kun bzang mkha' khyab rang byung bde ba'i rdo rjes/__gter gzhung rtsa bar bzung*/__kha 'geng dang*/__las phran/__g.yang 'gugs sogs phal cher kun mkhyen bla ma nyid kyi gter kha las btus te/__nyung du rnam gsal du mkha' spyod thugs kyi 'khor lo mtshur mdo'i gan+d+ho la chen po'i rgyab ri/__nor sbyin snying rje'i gter 'chang gi pho brang*/__brag ri rin chen brtsegs 'dra'i lte ba/__sgrub sde chen mo lhun grub pho brang du sbyar ba'i yi ge gnyis par 'god pa po ni dge slong bla ma 'jam dpal tshul khrims kyis bgyis pa'i dge bas 'gro rnams tshogs gnyis dpal gyi 'byor pas phyug pa'i dpyid du 'babs par gyur cig__/phrin las dang dbang chog gnyis zur rgyan ltar nag 'gros su bgyid pa po ni phun tshogs rnam rgyal lo

[edit]
༄༅། །པདྨ་འོད་གསལ་མདོ་སྔགས་གླིང་པའི་ཟབ་གཏེར་རྩ་གསུམ་སྒྱུ་འཕྲུལ་དྲྭ་བ་ལས། བཅོམ་ལྡན་འདས་མ་ནོར་རྒྱུན་ཡབ་ཡུམ་གྱི་ཕྲིན་ལས་འདོད་རྒུའི་སྤྲིན་གྱི་ཏིང་འཛིན་ཆེན་པོ་དང་འབྲེལ་བའི་ཕྲིན་དབང་ལས་ཚོགས་ཀྱི་གསལ་བྱེད་ཟུར་རྒྱན་ནོར་བུ་རྨད་དུ་བྱུང་བའི་ཆར་རྒྱུན་ཞེས་བྱ་བ་བཞུགས།།

ཤྲཱི་པདྨ་ནིརྟི་ཤྭ་ར་ལེ་ན་མོ། །ཚད་མེད་ཐུགས་རྗེའི་ནམ་མཁའ་ལས། །རྒྱུ་འབྲས་དབུལ་བས་ཉེན་རྣམས་ལ། །རེ་སྐོང་ནོར་དབྱིག་རྒྱུན་འབེབས་ལྷར། །བཏུད་ནས་ཕྲིན་དབང་གསལ་བྱེད་སྤེལ། །དེ་ལ་རྩ་བའི་ཕྲིན་ལས། དབང་བསྐུར། ཡན་ལག་ཉེར་མཁོའི་ལས་ཕྲན་བཅས་གསུམ་ལས། དང་པོ་ཕྲིན་ལས་ལ་བཞིའི་དང་པོ་སྦྱོར་བ་ནི། རས་བྲིས་ཞི་དཀྱིལ་སྒོ་རྫོགས་ཐམས་ཅད་གསེར་མདོག །རྟ་བབ་སྣམ་བཞི་མའི་ལྟེ་བ་ཟླུམ་སྐོར་དམར་སེར། དེ་རྒྱབ་པདྨ་འདབ་བརྒྱད་གསེར་མདོག །དབུས་དང་ཕྱོགས་མཚམས་རྣམས་སུ་ཐིག་ལེ་སེར་པོ་ཟུང་འབྲེལ་རེ། སྒོ་བཞིར་གཡས་བསྐོར་གྱི་ཐིག་ལེ་དཀར་མཐིང་དམར་སེར་རེ། ཕྱི་རོལ་པད་རྭ། དེ་རྒྱབ་ནོར་བུས་མཚན་པ། དེ་རྒྱབ་རྡོ་རྭ། དེ་རྒྱབ་ནོར་འཛིན་པ་ཊས་བསྐོར་བ། ཕོ་བྲང་གི་རྒྱན་དང༌། རྩིག་པ་སོགས་རིན་པོ་ཆེའི་རིགས་ཀྱིས་བརྗིད་ཅིང་མཛེས་པར་བཀྲམ། མ་འབྱོར་ན་མཎྜལ་པདྨ་འདབས་བརྒྱད་ལ་ཚོམ་བུ་སེར་པོ་དགུ་བཀོད། དེ་སྟེང་ཁྲིའུ་ལ་གཏེར་བུམ། གཡང་སྒྲུབ་ཉི་ཚེ་བར་གཏོར་མའི་རྩེར་གཙོ་སྐུའི་རྒྱབ་ཏུ་གནས་ཡིག །སྔགས་བྱང༌། ཕྱག་མཚན་བྲིས་པའི་ཙཀླི་དར་སྣས་སྤྲས་པ་བཞུགས། མདུན་དུ་གཏོར་མ་རིན་ཆེན་འབར་བའི་དབྱིབས་ཅན་སེར་པོ། དར་གདུགས་སེར་པོས་སྤྲས་ཤིང་ཟས་སྣ་བཟང་པོས་བསྐོར་བ། གཡས་གཡོན་དུ་སྨན་རཀ །ཆུ་གཉིས་ཉེར་སྤྱོད། མཆོད་པའི་མཎྜལ་ཚོམ་བུ་བདུན་པ་བཀོད། ཙནྡན་དཀར་པོ་དང་ཨ་ཀ་རུ་སོགས་དྲི་ཞིམ་སྦྱར་བའི་བདུག་སྤོས། བསང་ཆུ། སྦྱིན་བསྲེག་འབུལ་ན་དེའི་ཆས་དང༌། གཡང་འགུགས་སྦྱོར་ན་གཡང་མདའ་དར་སེར་རམ་སྣ་ལྔ་དང་རིན་པོ་ཆེས་བརྒྱན་པ། སྔོན་གཏོར། དཀར་མངར་གཙོ་བོར་གྱུར་པའི་ཐབས་ཤེས་ཀྱི་ཚོགས་རྫས་ལ་སོགས་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་སྔོན་དུ་འགྲོ་བ་ལ། ཐོག་མར་ཚིག་བདུན་དང་གསོལ་འདེབས་རིགས་སྔོན་དུ་འགྲོ་བས། བརྒྱུད་འདེབས་ནི། ཀུན་བཟང་ཞི་ཁྲོ་རྡོར་སེམས་གསང་བའི་བདག །རྒྱལ་པོ་ཛཿདང་ཆོས་རྒྱལ་ཨིནྡྲའི་ཞབས། །དགའ་རབ་ཤྲི་སེང་ཨུ་པ་གོ་མ་སར། །གསོལ་བ་འདེབས་སོ་སིདྡྷི་རྣམ་གཉིས་སྩོལ། །སྒེག་རྡོར་ཀུ་ཀུའི་མཚན་དང་རོ་ལངས་བདེ། །བཞད་པ་པྲ་ཧས་བུདྡྷ་དྲི་མེད་བཤེས། །པདྨ་ཀཱ་ར་མཚོ་རྒྱལ་ཁྲི་སྲོང་རྗེར། །གསོལ་བ་འདེབས་སོ་དབང་བཅུའི་དངོས་གྲུབ་སྩོལ། །མདོ་སྔགས་གླིང་པ་ཆོས་བདག་ཌཱ་ཀིའི་རྗེ། །བཀའ་བབ་སྲས་སློབ་བརྒྱུད་པར་བཅས་རྣམས་དང༌། །ཏནྟྲ་བཅོ་བརྒྱད་རྩ་གསུམ་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག །བཅོམ་ལྡན་སེམས་མའི་ཚུལ་སྟོན་ནོར་རྒྱུན་མ། །ཐབས་དང་བཅས་པའི་དཀྱིལ་འཁོར་ལྷ་ཡི་ཚོགས། །བཀའ་སྲུང་དམ་ཅན་གཏེར་བདག་བཅས་པ་ལ། །གསོལ་བ་འདེབས་སོ་གཏན་གྱི་དབུལ་བ་སོལ། །བསྐྱེད་སྔགས་རྫོགས་པའི་རྣལ་འབྱོར་མཐར་ཕྱིན་པའི། །ཕྲིན་ལས་རིན་ཆེན་སྤྲིན་ལས་འདོད་རྒུའི་ཆར། །དབབ་པས་བདག་གཞན་བདེ་ལེགས་མཆོག་གིས་འབྱོར། །ཚོགས་གཉིས་མཐར་ཕྱིན་རྒྱལ་བའི་གནས་ཐོབ་ཤོག །ཚོགས་ཞིང་གསལ་གདབ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་བླ་མ་བཅོམ་ལྡན་འདས་ནོར་རྒྱུན་མ་ཡབ་ཡུམ་ལ། དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་མངོན་སུམ་བཞུགས་པའི་སྤྱན་སྔར། རང་གཞན་སེམས་ཅན་ཐམས་ཅད་འདུན་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་ཞིང་བསགས་སྦྱང་གི་ལས་རིམ་ལ་འཇུག་པར་གྱུར། སྐྱབས་འགྲོ་ནི། ན་མོཿ བླ་མ་ཡི་དམ་བཅོམ་ལྡན་མ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། ཧོཿ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ལན་གསུམ། ཚོགས་བསགས་ནི། ཧོཿ འཕགས་མ་ཡབ་ཡུམ་འཁོར་བཅས་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག༔ སྡུག་བསྔལ་ཀུན་དང་བྲལ་བར་ཤོག༔ བདེ་དང་རྟག་ཏུ་མི་འབྲལ་ཞིང་༔ ཆོས་ཀུན་མཉམ་ཉིད་རྟོགས་པར་ཤོག༔ །ཅེས་ཚད་མེད་བཞི་བསྒོམ། ཛ༔ཧཱུྃ་བྃ་ཧོཿས་ཚོགས་ཞིང་རྣམས༔ བདག་ཐིམ་སྒྲིབ་དག་བྱིན་བརླབ་བསམ། ཨ་མྲྀ་ཏས་ལྷའི་ང་རྒྱལ་བཟུང་ལ། སྔགས་དེ་ཉིད་ཀྱིས་བསང་ཆུ་བསྒྲུབ། སྔོན་གཏོར་གཞུང་དུ་མ་གསུངས་ཀྱང་སྤྲོ་ན་ལེགས་པས། རྃ་ཡྃ་ཁྃ་གིས་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་ཧོཿས་བརླབས་ཤིང་སྤེལ། རང་གི་ཐུགས་ཀའི་འོད་ཟེར་གྱི་རྩེ་ལས་ཁྲོ་བོ་འདོད་པའི་རྒྱལ་པོ་གྲངས་མེད་པ་འཕྲོས་པས། དབུལ་འདྲེ་གདོན་བགེགས་ཐམས་ཅད་བཀུག་པར་གྱུར། སརྦ་བྷཱུ་ཏ་ཨངྐུ་ཤཱ་ཛཿ འདོད་ཡོན་གང་ལ་གང་འདོད་དུ་འཆར་བའི་སྤྲིན་མཁའ་ཁྱབ་ཏུ་འཆར་བ་བསྔོས་པས། ལན་ཆགས་བྱང་ཞིང་ཚིམས་པར་བསམས་ལ། སརྦ་བིགྷྣཱན་ནམཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས། གྲྀ་ཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ལན་གསུམ་གྱིས་བསྔོས་ལ་བཀའ་བསྒོ་བ་ནི། ཧཱུྃཿ གདོད་ནས་འཁོར་འདས་དབྱེར་མེད་ཀྱང་༔ གློ་བུར་འཁྲུལ་པའི་གདོན་བགེགས་ཀུན༔ མཆོད་སྦྱིན་གཏོར་མ་འདི་ལོངས་ལ༔ རང་བཞིན་མེད་པའི་དབྱིངས་སུ་དེངས༔ ཧཱུྃ་བཞིའི་དྲག་སྔགས་རོལ་མོའི་སྒྲ་དང་གུ་གུལ་ཡུངས་ཐུན་བཅས་ཞི་བརྔན་གྱིས་མི་འགྲོ་བའི་རིགས་རྣམས། ཁྲོ་བོའི་སེར་སྤྲིན་གྱིས་བསྐྲད་གཟིར་རྡུལ་དུ་བརླག་པར་བསམ། སྲུང་མཚམས་བཅད་པ་ནི། ཧྲཱིཿ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ རྡོ་རྗེ་སྲུང་བའི་གུར་ཁང་དང་༔ ལྷ་སྔགས་གཉུག་མའི་ཡེ་ཤེས་ལས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ བཛྲ་ཛྙཱ་ན་རཀྵ་ཨོཾ་ཨཱཿཧཱུྃ༔ བྱིན་འབེབས་ནི། ཕྱོགས་བཅུ་དུས་བཞིའི་རྩ་གསུམ་ལྷ༔ འཕགས་མའི་གསང་གསུམ་ཕྱག་རྒྱར་སད༔ བདག་གནས་སྒྲུབ་པའི་རྫས་ལ་ཐིམ༔ བྱིན་རླབས་གཟི་བྱིན་འབར་བར་བསམ༔ སྤོས་རོལ་དབྱངས་དང་བཅས་ཏེ། ཏྲཱྃ༔ ཆོས་ཀུན་རང་བཞིན་མཉམ་པའི་དབྱིངས༔ ཡེ་ཤེས་སྒྱུ་མའི་རྣམ་པར་འཕྲུལ༔ འདོད་རྒུའི་ཆར་འབེབས་བཅོམ་ལྡན་མས༔ བྱིན་ཕོབ་དབང་དང་དངོས་གྲུབ་སྩོལ༔ ཛྙཱ་ན་བཛྲ་ས་མ་ཡ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾཿ ཞེས་བྱིན་དབབ། ཧཱུྃ་ཧཱུྃ་ཧཱུྃ་གིས་བྱིན་བསྡུ། མཆོད་རྫས་བྱིན་རླབས་ནི། རྃ་ཡྃ་ཁྃཿ ཨོཾ་ཨཱཿཧཱུྃཿ གནས་ཡུལ་འདོད་འབྱུང་རིན་ཆེན་བཀོད༔ དག་པ་རབ་འབྱམས་ཞིང་གི་དབུས༔ ཕྱི་ནང་གསང་བའི་མཆོད་རྫས་ཀུན༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ་སརྦ་པཱུ་ཛ་མེ་གྷ་ས་མ་ཡ་ཧཱུྃ༔ ཞེས་པས་མཁའ་ཁྱབ་ཏུ་སྤེལ། གསུམ་པ་དངོས་གཞི་ལ། བདག་མདུན་དབྱེར་མེད་ཀྱི་ལྟ་སྒོམ་ལྡན་པས། ཨཱཿ འཁོར་འདས་ཆོས་ཀུན་མཉམ་པ་ཉིད༔ ཟུང་འཇུག་འདུས་པ་བྱས་པའི་དབྱིངས༔ རིག་གདངས་བརྩེ་བའི་སྙིང་རྗེའི་རྩལ༔ རིན་ཆེན་སྤྲིན་གྱི་ཏིང་འཛིན་ལས༔ རྒྱུ་ཡི་ས་བོན་བྃ་སེར་པོ༔ གསེར་མདོག་ཉི་མ་ལྟ་བུར་ཤར༔ དེ་ལས་འབྲོས་པའི་འོད་ཟེར་གྱིས༔ སྣོད་བཅུད་ཐ་མལ་སྣང་ཞེན་སྦྱངས༔ སྟོང་གསལ་ངང་ལས་འབྱུང་རིམ་སྟེང་༔ ལྷ་དང་མི་ལས་ཁྱད་འཕགས་པའི༔ བྱང་ཆུབ་སེམས་དཔའི་ནོར་བུའི་མཆོག༔ རིན་ཆེན་ཏོག་གི་བློ་གྲོས་ཀྱི༔ གཞལ་མེད་ཁང་ཆེན་ཉམས་དགའ་བ༔ བཀོད་པ་དུ་མས་འཕགས་པའི་དབུས༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང་༔ བྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ འཕགས་མ་ནོར་རྒྱུན་ལྷ་མོ་ནི༔ གསེར་མདོག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཡིས༔ དགོས་འབྱུང་གང་བའི་འབྲས་བུ་དང་༔ གཡོན་པས་སྐྱབས་སྦྱིན་འབྲས་སྙེ་ནི༔ འདོད་རྒུའི་ཆར་འབེབས་རབ་ཏུ་བསྣམས༔ སྣ་ཚོགས་དར་གྱི་ན་བཟའ་དང་༔ རྣམ་མང་རིན་ཆེན་རྒྱན་གྱིས་བརྒྱན༔ མཆོག་ཏུ་སྒེག་ཅིང་འཛུམ་པའི་ཉམས༔ ཞབས་ཟུང་སེམས་མའི་སྐྱིལ་ཀྲུང་བཞུགས༔ རང་འོད་ཐབས་མཆོག་ཛམྦྷ་ལ༔ སེར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ཡུམ་གྱི་མགུལ་ནས་འཁྱུད༔ བཱི་ཛ་པཱུ་རའི་འབྲས་བུ་བསྣམས༔ གཡོན་པས་ནོར་གྱི་རྒྱུན་སྩོལ་བའི༔ ནེའུ་ལེ་ཡི་མགྲིན་པ་བཟུང་༔ ཨུཏྤལ་དར་དང་རིན་ཆེན་བརྒྱན༔ སྒེག་ཅིང་རྗེས་ཆགས་གཏུམ་པའི་ཉམས༔ ཡབ་ཡུམ་མཉམ་སྦྱོར་མཁའ་གསང་ནས༔ ཛྃ་དང་བྃ་ཡིག་ཕྱོགས་མཚམས་འཕྲོས༔ སོ་སོའི་གདན་སྟེང་ཡོངས་གྱུར་ལས༔ ཤར་དུ་ཟླ་འོད་ནོར་བུ་བཟང་༔ ལྷོ་རུ་སྦྱིན་མ་གང་བ་བཟང་༔ ནུབ་ཏུ་རབ་སྦྱིན་ནོར་སྦྱིན་ཆེ༔ བྱང་དུ་འཕགས་མ་རྣམ་ཐོས་སྲས༔ ཤར་ལྷོ་རབ་བཟང་རོལ་པའི་ཕྲེང་༔ ལྷོ་རུ་སྦས་མ་འཇམ་པོ་འཁྱིལ༔ ནུབ་བྱང་མཛེས་མ་གདོང་གི་དབང་༔ བྱང་ཤར་དབྱངས་ཅན་སྤྱོད་བའི་དབང་༔ ཀུན་ཀྱང་གསེར་མདོག་རྒྱན་ཆ་ལུགས༔ གཙོ་བོ་ཡབ་ཡུམ་རིགས་སུ་བཞེངས༔ སྒོ་བཞིར་འཇིག་རྟེན་སྐྱོང་བ་དང་༔ བར་མཚམས་ནོར་ལྷ་རབ་འབྱམས་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་ཡེ་རྫོགས་འཕྲོ་ཞིང་འདུ༔ འགྲོ་ཀུན་དབུལ་བའི་གདུང་སེལ་ཞིང་༔ འདོད་རྒུའི་དངོས་གྲུབ་ཆར་བཞིན་འབེབས༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ བྱང་སེམས་བདུད་རྩིའི་དབང་བསྐུར་བས༔ ཡེ་ཤེས་རིགས་ལྔའི་ཕྱག་རྒྱས་བཏབ༔ ཨོཾ་ཨཱཿཧཱུྃ༔ ཏྲྃ་ཨོཾ་ཧཱུྃ་ཧྲཱིཿཨཱ༔ སྤྱན་དྲངས་པ་ནི། ཨོཾ༔ འཕགས་མ་ཀུན་གཤེགས་སྙིང་རྗེའི་བདག༔ སྙིགས་མ་ལྔ་ཡི་མཐར་སྐྱེས་པའི༔ འགྲོ་རྣམས་དབུལ་འཕོངས་བསལ་བ་དང་༔ འདོད་རྒུའི་དངོས་གྲུབ་སྩོལ་བའི་ཕྱིར༔ བཅོམ་ལྡན་ལྷ་མོ་ནོར་རྒྱུན་མ༔ ཡབ་ཡུམ་སྤྲུལ་པའི་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ ཨོཾ་ཤྲཱི་སརྦ་བ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ བསྟིམ་པ་ནི། ཧོཿ སྙིང་རྗེའི་ལྕགས་ཀྱུས་རྒྱུད་བསྐུལ་ཞིང་༔ བྱམས་པའི་ཞགས་པས་རྟེན་དང་བསྲེ༔ དགའ་བ་ཆེན་པོའི་སྒྲོག་གིས་བཅིངས༔ བཏང་སྙོམས་དྲིལ་བུས་དགྱེས་པ་བསྐྱེད༔ ཛཿཧཱུྃ་བྃ་ཧོཿ བརྡ་ཕྱག་ནི། ཧོཿ ཆོས་ཀུན་རང་བཞིན་མཉམ་ཉིད་དབྱིངས༔ ཡེ་ཤེས་སྒྱུ་མའི་རྣམ་པར་འཕྲུལ༔ འདོད་རྒུ་ཆར་འབེབས་ལྷ་མོ་ལ༔ མི་ཕྱེད་གུས་པས་ཕྱག་གིས་འདུད༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ མཆོད་པ་ནི། རང་ལས་སྤྲུལ་པའི་ལྷ་མོའི་ཚོགས༔ ནམ་མཁའ་གང་བར་རབ་སྤྲུལ་ཏེ༔ མཆོད་པའི་སྤྲིན་ཆེན་གཏིབས་པར་བསམ༔ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་རིན་ཆེན་གཏེར༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ ཀུན་ཏུ་བཟང་པོའི་སྤྲིན་གྱིས་མཆོད༔ ཨོཾ་ཤྲཱི་བ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ཨ༔ པཱ་དྱཾ་བཾ༔ པུཥྤེ་ཏྲཱྃ༔ དྷཱུ་པེ་ཧཱུྃ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་ཨཱ༔ ནཻ་བིདྱ་ཨྃ༔ ཤཔྡ་ཧོ༔ རུ་པ༔ ཤབྡ༔ གནྡྷེ༔ རཱ་ས༔ སྤརྵེ༔ དྷརྨ་དྷཱ་ཏུ་ཧོ༔ སརྦ་པཱུ་ཛ་ག་ག་ན་མེ་གྷ་ས་མ་ཡེ་ཧཱུྃ༔ ཨོཾ༔ རྩ་བརྒྱད་སྟོང་སྦྱར་ཨ་མྲྀ་ཏ༔ ཁམས་གསུམ་བསྒྲལ་བའི་རཀྟའི་བཅུད༔ འདོད་ཡོན་ལྔ་ལྡན་བ་ལིཾ་ཏས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཞེས་སྨན་རཀ་གཏོར་མ་འབུལ། ཨཱཿ མཆོད་བྱ་མཆོད་བྱེད་མཆོད་ཡུལ་སོགས༔ འཁོར་གསུམ་སྤྲོས་པ་ལས་འདས་པའི༔ རང་བཞིན་འོད་གསལ་བྱང་ཆུབ་སེམས༔ མཆོག་གི་མཆོད་པ་ཆེན་པོ་བཞེས༔ སརྦ་དྷརྨ་དྷཱ་ཏུ་ཨཏྨ་ཀོ྅ཧྃ༔ ཞེས་དེ་ཁོ་ན་ཉིད་ཀྱི་དོན་མཆོད་འབུལ། བསྟོད་པ་ནི། ཧཱུྃ༔ རིན་ཆེན་རྣམ་པར་བལྟ་བ་ཡི༔ ཡེ་ཤེས་གསེར་མདོག་ཡིད་འོང་སྐུ༔ མཚན་དཔེའི་སྒྱུ་འཕྲུལ་རོལ་པས་མཛེས༔ དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད༔ ཨཱཿ སྐྱེ་བ་མེད་པའི་ཡི་གེའི་སྤྲིན༔ འགགས་མེད་གཟུགས་ཀྱི་སྒྲ་རུ་ཤར༔ དྲན་པས་དངོས་གྲུབ་མཆོག་སྩོལ་བའི༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ༔ ཧཱུྃཿ མི་གནས་མི་དམིགས་འོད་གསལ་ངང་༔ འཁོར་འདས་ཆོས་ཀུན་མཉམ་པ་ཉིད༔ རིན་ཆེན་སྤྲིན་གྱི་ཏིང་འཛིན་ཅན༔ འཕོ་མེད་ཐིག་ལེ་ཆེན་པོར་འདུད༔ ཏྲཱྃ༔ དཔག་བསམ་ཤིང་ཆེན་རྒྱས་པ་སྟེ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པོ་སེམས་ཅན་ཀུན་དོན་བྱེད༔ ཡོན་ཏན་ཕ་མཐའ་ཡས་ལ་བསྟོད༔ ཨཱཿ གང་གིས་ཁྱོད་ལ་བསྙེན་པའི་མོད༔ ཞི་རྒྱས་དབང་དྲག་གྲུབ་པ་བརྒྱད༔ དབང་བཅུའི་དངོས་གྲུབ་འདོད་རྒུའི་གཏེར༔ ཕྲིན་ལས་བསམ་མི་ཁྱབ་ལ་འདུད༔ ཧོཿ ཡེ་ཤེས་དགུ་ཡི་ཆོ་འཕྲུལ་ལས༔ གཙོ་འཁོར་སྤྲུལ་པ་ཅིར་ཡང་སྟོན༔ གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ བཟླས་པ་བྱ་བ་ནི། བྷྲཱུྃ་བི་ཤྭ་བི་ཤུདྡྷེ་མཎྜལ་བྃ་ཕཊ་ཛཿས་ཛབ྄་ཁང་ཕྱེས་ལ། གཙོ་མོའི་ཐུགས་ཀའི་དཔལ་བེའུར༔ བརྟན་གཡོའི་དྭངས་མ་འོད་ལྔའི་ཀློང་༔ མི་འགྱུར་ཐུགས་སྲོག་བྃ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་དབུལ་འཕོངས་སྡུག་བསྔལ་བསལ༔ འཁོར་འདས་འདོད་རྒུའི་དགེ་མཚན་ཀུན༔ ཉི་མ་འཆར་ཀའི་མདངས་ལྟར་བསྡུས༔ ནམ་མཁའི་མཛོད་ལ་དབང་བསྒྱུར་བའི༔ ཡིད་བཞིན་དངོས་གྲུབ་མཆོག་ཐོབ་གྱུར༔ གཟུངས་ཐག་བླངས་ནས། ཨོཾ་བ་སུ་དྷཱ་རཱི་སྭཱ་ཧཱ༔ ཞེས་གཙོ་མོའི་སྙིང་པོ་ལྔ་བརྒྱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཡབ་སྔགས་བརྒྱ་རྩ། སྤྲོ་ན་འཁོར་གྱི་སྔགས་ནི། ཨོཾ་ཙནྡྲ་ཀནྟྱཻ་སྭཱ་ཧཱ༔ ཟླ་འོད་མ་དང༌། ཤར། ཨོཾ་མ་ཎི་བྷ་དྲཱ་ཡེ་སྭཱ་ཧཱ༔ ནོར་བུ་བཟང་པོའོ། ཨོཾ་ད་དཱ་ཡཻ་སྭཱ་ཧཱ༔ སྦྱིན་མ་དང༌། ལྷོར། ཨོཾ་པཱུརྞ་བྷྲ་དྲཱ་ཡ་སྭཱ་ཧཱ༔ གང་བ་བཟང་པོའོ། ཨོཾ་སུ་ད་དཱ་ཡཻ་སྭཱ་ཧཱ༔ རབ་སྦྱིན་མ་དང༌། ནུབ། ཨོཾ་དྷ་ན་དཱ་ཡ་སྭཱ་ཧཱ༔ ནོར་སྦྱིན་ནོ། ཨོཾ་ཨཱརྻ་ཡཻ་སྭཱ་ཧཱ༔ འཕགས་མ་དང༌། བྱང༌། ཨོཾ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ༔ རྣམ་ཐོས་སྲས་སོ། ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ༔ རབ་བཟང་མ་དང༌། ཤར་ལྷོ། ཨོ་ཀི་ལི་མཱ་ལི་ནི་སྭཱ་ཧཱ༔ རོལ་པའི་ཕྲེང་བའོ། ཨོ་གུཔྟཱ་ཡཻ་སྭཱ་ཧཱ༔ རབ་སྦས་མ་དང༌། ལྷོ་ནུབ། ཨོཾ་པི་ཙི་ཀུནྜ་ལི་ནི་སྭཱ་ཧཱ༔ འཇམ་པོ་འཁྱིལ་པའམ་ཀུཎྜ་ལིའོ། ཨོཾ་དཻ་བྱཻ་སྭཱ་ཧཱ༔ མཛེས་མ་དང༌། ནུབ་བྱང༌། ཨོཾ་མུ་ཁེནྡྲ་ཡ་སྭཱ་ཧཱ༔ སྒོའམ་གདོང་གི་དབང་པོའོ། ཨོཾ་སྭཱ་ར་སྭ་ཏྱེ་སྭཱ་ཧཱ༔ དབྱངས་ཅན་མ་དང༌། བྱང་ཤར་རོ། ཨོཾ་ཙརྱནྡྲ་ཡ་སྭཱ་ཧཱ༔ གཡོ་བའམ་སྤྱོད་པའི་དབང་པོའོ། །འཁོར་གྱི་ཡུམ་སྔགས་རྣམས་བརྒྱ་རྩ་རེ་དང༌། ཡབ་སྔགས་རྣམས་ལྔ་བཅུ་རེ་ཙམ་གཙོ་འཁོར་ཡུམ་ཡབ་ཀྱི་ཆ་ཕྱེད་བར་བཟླས་མཐར་གཟུངས་ཐག་བསྡུ། དབྱངས་གསལ། ཡིག་བརྒྱ། རྟེན་སྙིང་རྣམས་སྦྲེལ་མ་ལན་གསུམ་ཀྱིས་ཁ་བསྐང་ཤིང་ནུས་པ་བརྟན་པར་བྱ། ཐུན་མཚམས་སུ་མཎྜལ་གྱི་མཆོད་པ་ནི། མཎྜལ་ཚོམ་བུ་ཁ་གསོ་ཞིང༌། ཨོཾ༔ ནོར་ལྷ་གཏེར་བདག་འཁོར་བཅས་ལ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ སྣོད་བཅུད་འབྱོར་པའི་མཎྜལ་འབུལཿ བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བ་སུ་དྷཱ་རི་ཛམྦྷ་ལ་ས་པཱ་རི་ཝཱ་ར་སརྦ་མཎྜལ་པཱུ་ཛ་ཧོ༔ ཞེས་གྲངས་ཇི་ལྟར་འོས་པ་འབུལ། གཏོར་མའི་མཆོད་པ་ནི། རྃ་ཡྃ་ཁྃ། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་བདུད་རྩིའི་རྒྱ་མཚོ་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པ་འདོད་ཡོན་མི་ཟད་པའི་སྤྲིན་ཕུང་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། བཅོམ་ལྡན་འདས་མ་ནོར་རྒྱུན་ལྷ་མོ་ཡབ་ཡུམ་འཁོར་དང་བཅས་པའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་པར་གྱུར། ཨོཾ་ཤྲཱི་བ་སུ་དྷ་རི་ནི་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ས་པཱ་རི་ཝཱ་ར་མ་ཧཱ་པཱུ་ཛ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་ལྔའམ། བདུན་གྱིས་འབུལ། ཨརྒྷཾ་སོགས་ཀྱིས་མཆོད། ཧཱུྃ༔ བདེ་བར་གཤེགས་པའི་སྨོན་ལམ་ལས༔ འདོད་འབྱུང་ནོར་བུའི་གཞལ་ཡས་ནས༔ དཔའ་མོ་ནོར་རྒྱུན་ལྷ་མོ་ནི༔ དཔལ་ལྡན་མགོན་པོ་ཛམྦྷ་ལ༔ གཉིས་མེད་གཙོ་དང་མཆེད་བརྒྱད་འཁོར༔ རྩ་གསུམ་ནོར་ལྷ་རབ་འབྱམས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལཿ བདུད་རྩི་མཆོག་གི་མཆོད་ཡོན་དང་༔ མེ་ཏོག་ལ་སོགས་ཉེར་སྤྱོད་ཚོགས༔ བཟའ་བཅའ་བཏུང་བ་དང་བཅས་པའི༔ འདོད་ཡོན་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣལ་འབྱོར་བར་ཆད་སོལ༔ ཚེ་དང་བསོད་ནམས་སྙན་གྲགས་སྤེལ༔ འཛད་མེད་འབྲུ་ནོར་ལོངས་སྤྱོད་དང་༔ གནོད་སྦྱིན་གཏེར་གྱི་དངོས་གྲུབ་སྩོལ༔ ཨོཾ་ཤྲཱི་བ་སུ་དྷཱ་རི་ཛམྦྷ་ལ་ས་པཱ་རི་ཝཱ་ར་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་མཆོད་བསྟོད་ཕྲིན་ལས་གསོལ། གཏོར་མ་ཕུད་དང་བཅས་པ་མཛོད་ཕུག་སོགས་གཙངས་སར་གཤེགས་པའམ། རང་གི་དངོས་གྲུབ་ཏུ་རོལ། ཕྱིར་མི་བཏང་བ་གནད་དོ། ཚོགས་མཆོད་འབུལ་བ་ནི། དཀར་མངར་ལ་དུ་ཤིང་ཏོག་སོགས་གཙང་ཞིང་གསོད་པའི་བཟའ་བཏུང་དང༌། ཚོགས་ཆང་བདུད་རྩི་བཅས་བཤམས་ལ། རྃ་ཡྃ་ཁྃ་གིས་བསང་སྦྱང༌། སྟོང་པའི་ངང་ལས་རླུང་མེའི་སྟེང་༔ སྣོད་ནི་བདེ་ཆེན་ཀ་པཱ་ལར༔ བཅུད་ནི་རིགས་ལྔའི་དམ་ཚིག་རྫས༔ འདོད་ཡོན་བདུད་རྩིའི་ཕུང་པོར་གྱུར༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཧ་ཧོ་ཧྲཱིཿ ཞེས་བྱིན་གྱིས་བརླབས། ཧྲཱིཿ སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས༔ བཅོམ་ལྡན་ནོར་སྦྱིན་དབང་ཕྱུག་ཡུམ༔ རྩ་གསུམ་ཆོས་སྲུང་རྒྱ་མཚོར་བཅས༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་གཤེགས༔ སརྦ་ས་མ་ཡ་ཛ་ཛཿ །ཞེས་པས་སྤྱན་དྲངས། ཧོཿ རང་བྱུང་བྷཉྫ་སྣང་བ་སྣོད༔ རྩ་འཁོར་དབྱིངས་ཀྱི་ཀ་པཱ་ལར༔ བཟའ་བཏུང་སྲིད་བཅུད་བྱང་ཆུབ་སེམས༔ རིག་པ་རང་གསལ་ཚོགས་གཏོར་བཤམས༔ ཕྱི་ནང་གསང་བ་བླ་མེད་པའི༔ ཚོགས་ཀྱི་མཆོད་པ་བཞེས་སུ་གསོལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ གསང་གསུམ་དམ་ཚིག་ཉམས་པ་བཤགས༔ བདུད་བཞིའི་བར་ཆད་དབྱིངས་སུ་སྒྲོལ༔ སྐུ་གསུང་ཐུགས་ཀྱི་ཚེ་དབང་དང་༔ ཡོ་བྱད་དབང་བའི་ཏིང་འཛིན་འཕྲུལ༔ དགོས་འདོད་རེ་སྐོང་དངོས་གྲུབ་སྩོལ། ས་མ་ཡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ག་ཎ་ཙཀྲ་པཱུ་ཛ་ཧོཿ །ཞེས་ཚོགས་དང་པོ་མཆོད་བཤགས་བསྒྲལ་བ་ཕྱོགས་འཐུས་སུ་འབུལ་ཞིང་དཀྱིལ་འཁོར་ལྷ་ཚོགས་མཆོད། བར་པ་མཎྜལ་དྲུང་དུ་བཞག་ལ་སླར་དངོས་གྲུབ་བསྡུ་བ་ནི། ལྷ་ཚོགས་བདུད་རྩིས་རབ་མཉེས་ནས༔ བདེ་བའི་སྒྲ་དང་འོད་ཟེར་གྱིས༔ སྲིད་དང་ཞི་བའི་དྭངས་བཅུད་བསྡུས༔ དམ་ཚིག་ཚོགས་ཀྱི་རྫས་ལ་ཐིམ༔ མྱང་གྲོལ་བདུད་རྩིའི་ཕུང་པོ་ནི༔ འདོད་འབྱུང་དབང་གི་རྒྱལ་པོར་གྱུར༔ ཞེས་གསལ་བཏབ་ལ། ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཨ་མྲྀ་ཏ་ག་ཎ་ཙཀྲ་སརྦ་སིདྡྷི་ཧཱུྃ་ཧྲཱིཿཋ༔ བརྒྱ་རྩ་བརྒྱད་ཀྱིས་བྱིན་བརླབས་ནས། ལུས་ཀྱི་དཀྱིལ་འཁོར་མཆོད་པར་བྱ༔ ཕྱི་ནས་དམ་ལྡན་གཞན་ལ་ཡང་༔ བྱིན་ན་ཚེ་བསོད་ཡེ་ཤེས་རྒྱས༔ ཚོགས་ཐ་མ་རྣལ་འབྱོར་པའི་ལྷག་མ་བསྡུས་པ་གཙང་ལྷག་གིས་མནན་པར་ཞལ་ཆབ་བམ། བདུད་རྩིས་བྲན་ཏེ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལྷག་གཏོར་ཡེ་ཤེས་ཀྱི་བདུད་རྩིར་བརླབ་ལ། ཧྲཱིཿཕེཾ༔ དཔའ་བོ་མཁའ་འགྲོ་ཞིང་སྐྱོང་ཚོགས༔ ལྷག་གཏོར་འདི་བཞེས་བར་ཆད་སོལ༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་བསྐྱེད༔ རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨུཙྪིཥྟ་ག་ཎ་ཙཀྲ་པཱུ་ཛ་ཧོཿ ཞེས་ལྷག་མ་བསྔོ། བདེ་ཆེན་རྡོ་རྗེའི་དམ་ཚིག་རྫས༔ ཚོགས་ཀྱི་མཆོད་པ་བླ་ན་མེད༔ དགྱེས་པ་ཆེན་པོའི་ལོངས་སྤྱོད་ཀྱིས༔ བསོད་ནམས་ཡོངས་རྫོགས་སྐུ་ཐོབ་ཤོག༔ ཅེས་སྨོན་ལམ་གདབ། བཞི་པ་རྗེས་ཀྱི་རིམ་པ་ནི། སླར་མདུན་བསྐྱེད་ལ་མཆོད་པ་ནི། ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་རིན་ཆེན་གཏེར༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ ཀུན་ཏུ་བཟང་པོའི་སྤྲིན་གྱིས་མཆོད༔ ཨོཾ་ཤྲཱི་བ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ཨཿ པཱ་དྱཾ་བཾ༔ པུཥྤེ་ཏྲཱྃ༔ དྷཱུ་པེ་ཧཱུྃ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་ཨཱཿ ནཻ་བིདྱ་ཨྃ༔ ཤཔྡ་ཧོ༔ རུ་པ༔ ཤབྡ༔ གནྡྷེ༔ རཱ་ས༔ སྤརྵེ༔ དྷརྨ་དྷཱ་ཏུ་ཧོཿ སརྦ་པཱུ་ཛ་ག་ག་ན་མེ་གྷ་ས་མ་ཡེ་ཧཱུྃ༔

བསྟོད་པ་ནི། ཧཱུྃ༔ རིན་ཆེན་རྣམ་པར་བལྟ་བ་ཡི༔ ཡེ་ཤེས་གསེར་མདོག་ཡིད་འོང་སྐུ༔ མཚན་དཔེའི་སྒྱུ་འཕྲུལ་རོལ་པས་མཛེས༔ དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད༔ ཡེ་ཤེས་དགུ་ཡི་ཆོ་འཕྲུལ་ལས༔ གཙོ་འཁོར་སྤྲུལ་པ་ཅིར་ཡང་སྟོན༔ གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ དངོས་གྲུབ་གསོལ་བ་ནི། བུམ་པ་སོགས་རྟེན་སྤྱྀ་བོར་བླངས་ལ། ཧཱུྃཿ བཅོམ་ལྡན་དཔའ་མོ་ནོར་རྒྱུན་མ༔ ཡབ་ཡུམ་སྲས་འཁོར་སྤྲུལ་པ་བཅས༔ དང་པོར་གདུང་བས་རྩེ་གཅིག་བསྙེན༔ བར་དུ་དངོས་གྲུབ་ཏིང་འཛིན་བསྒྲུབས༔ ད་ལྟ་གསོལ་བའི་དུས་ལགས་ན༔ སྔོན་གྱི་ཞལ་བཞེས་དམ་བཅས་ལྟར༔ ཐུགས་རྗེའི་ཐུགས་དམ་དབྱིངས་ནས་དགོངས༔ ཡེ་ཤེས་ཆེན་པོའི་མཐུ་རྩལ་བསྐྱེད༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ འདོད་རྒུའི་ལོངས་སྤྱོད་ཆར་ལྟར་ཕོབ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དངོས་གྲུབ་མ་ལུས་སྩལ་དུ་གསོལ༔ ཨོཾ་བ་སུ་དྷཱ་རཱི་སྭཱ་ཧཱ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་དངོས་གྲུབ་བླངས། ནོངས་ཚོགས་བཟོད་གསོལ་ནི། ཧོཿ བཅོམ་ལྡན་ཡབ་ཡུམ་དཀྱིལ་འཁོར་དུ༔ མཆོད་དང་ཏིང་འཛིན་ཕྲིན་ལས་སོགས༔ ཚུལ་བཞིན་མ་བགྱིས་ནོངས་པ་ཀུན༔ འོད་གསལ་གཉུག་མའི་ངང་དུ་བཤགས༔ ཡིག་བརྒྱས་ཉམས་ཆགས་བཤགས། ཨ་ཨ་ཨཿ དགོངས་ཉམས་བསྐྱང༌། ཨོཾ༔ འདིར་ནི་རྟེན་དང་སོགས་ཀྱིས་མདུན་བསྐྱེད་ཡེ་ཤེས་པ་རྟེན་ལ་བཞུགས། འབྲུ་གསུམ་བརྗོད་ཅིང་དམ་ཚིག་པ་རང་ལ་བསྡུ། བསྡུ་རིམ་དང༌། ལྷར་ལྡང་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞིན་བྱ། དགེ་བསྔོ་ནི། ཧོཿ གདོད་ནས་དག་པའི་ཡེ་ཤེས་དང་༔ རྟེན་ཅིང་འབྲེལ་འབྱུང་བསོད་ནམས་ཚོགས༔ ཟུང་འཇུག་འདུས་མ་བྱས་པའི་ཀློང་༔ བྱང་ཆུབ་སྙིང་པོའི་དབྱིངས་སུ་བསྔོ༔ སྨོན་ལམ་གདབ་པ་ནི། འདི་ནས་སྐྱེ་བ་ཐམས་ཅད་དུ༔ འཕགས་མ་མཆོག་གིས་རྗེས་བཟུང་ནས༔ ཡོ་བྱད་དབང་བའི་དངོས་གྲུབ་ཀྱིས༔ རང་གཞན་དོན་གཉིས་ལྷུན་གྲུབ་ཤོག༔ ཤིས་བརྗོད་ནི། མེ་ཏོག་འཐོར་ཞིང༌། ཨོཾ། ཡིད་བཞིན་ནོར་དང་བུམ་པ་བཟང་པོ་བཞིན། །འགྲོ་བའི་རེ་བ་འབད་རྩོལ་མེད་པར་སྐོངས། །འདི་དང་གཏན་གྱི་ཕན་བདེ་མཆོག་སྦྱིན་མགོན། །དཔལ་ལྡན་ནོར་རྒྱུན་ལྷ་མོའི་བཀྲ་ཤིས་ཤོག །རྒྱལ་བའི་ཐུགས་རྗེ་རིན་ཆེན་སྙིང་པོའི་སྤྲིན། །ཚེ་དང་ནོར་དང་མཐུ་ཡི་དཔལ་འབྱོར་མཆོག །འདོད་རྒུའི་ནོར་བུའི་དགའ་ཆར་མཛད་མེད་ཀྱིས། །ཕན་བདེའི་སྣང་བ་རྒྱས་པའི་བཀྲ་ཤིས་ཤོག །ཆོས་དང་མཐུན་པའི་འབྱོར་པ་རྒྱ་མཚོ་ཡིས། །གནས་སྐབས་རང་གཞན་དགའ་སྐྱིད་ཕུན་སུམ་ཚོགས། །མཐར་ཐུག་སྐུ་དང་ཡེ་ཤེས་དཀྱིལ་འཁོར་རྒྱས། །འགྲོ་དོན་ཐོགས་མེད་ཡོངས་འགྲུབ་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་པའི་ཚིག་ཕྲེང་རྒྱ་ཆེར་སྤེལ་ལོ། །གཉིས་པ་དབང་ལ་རྣམ་གྲངས་བཞི་ལས། དང་པོ་སྦྱོར་བ་ནི། དགེ་བའི་གནས་སུ་བཀྲ་ཤིས་པའི་སྟེགས་བུའི་དབུས་སུ་རས་བྲིས་བཀྲམ་པའམ། མ་འབྱོར་ན་མཎྜལ་ལ། རིན་པོ་ཆེའམ། མེ་ཏོག་སེར་པོའི་ཚོམ་བུ་དབུས་སུ་ཆེ་བ་གཅིག དེ་རྒྱབ་ཕྱོགས་མཚམས་བརྒྱད་དང༌། དེ་རྒྱབ་ཕྱོགས་བཞིར་རེ་རེ་བཀོད་པའི་ཁར་ཁྲིའུ་ལ་གཞུང་གསལ་གཏེར་བུམ་ཚད་ལྡན་བཞུགས་སུ་གསོལ། ཤིན་ཏུ་མ་འབྱོར་ན། བུམ་པ་ཉེར་ལྔའི་རྫས་དང༌། བྱིན་རླབས་ཀྱི་རྟེན་བཅས་དྲི་བཟང་གི་ཆུར་སྦྱར་བའི་བཅུད་ལྡན་ཆིངས་སེར་ཁ་རྒྱན་ཅན་བཀོད། གང་ལྟར་ཡང་གཟུངས་ཐག་བཏགས། དབུས་སུ་གཙོ་བོའི་སྐུ་རྟེན། གཡས་སུ་སྔགས་བྱང་གསེར་བྲིས། རྒྱབ་ཏུ་ཕྱག་མཚན་བི་ཛ་པུ་ར་དང་འབྲས་སྙེ། གཡོན་དུ་རིན་ཆེན་དར་གོས་དང༌། བཀྲ་ཤིས་རྫས་རྟགས་ཟས་སྣ་ཚོགས། མདུན་ཏུ་གཏོར་མ་རིན་ཆེན་འབར་བའི་དབྱིབས་སེར་པོ། དར་གདུགས་སེར་པོས་སྤྲས་ཤིང་ཟས་སྣ་བཟང་རྒུས་བསྐོར་བ། གཡས་གཡོན་དུ་སྨན་རཀ །མདུན་ངོས་སུ་ཆུ་གཉིས་ཉེར་སྤྱོད། མཆོད་པའི་མཎྜལ་ཚོམ་བུ་བདུན་པ་བཀོད། དྲི་ཞིམ་སྦྱར་བའི་སྤོས། བསང་ཆུ། ལས་བུམ་ཆིངས་ལྗང༌། སྔོན་གཏོར། །དཀར་མངར་གཙོ་བོར་གྱུར་པའི་ཐབས་ཤེས་ཀྱི་ཚོགས་རྫས་སོགས་མཁོ་བའི་ཡོ་བྱད་ཚོགས་པར་བྱའོ། །གཉིས་པ་དབང་བསྐུར་གྱི་སྔོན་དུ་འགྲོ་བ་བདག་རྫས་ནུས་ལྡན་དུ་བྱ་བ་ནི། ཚིག་བདུན་ནས་བཟུང༌། བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས། ཚོགས་དང་པོ་མཆོད་བཤགས་བསྒྲལ་བསྟབ་བཅས་གྲུབ་ཀྱི་བར་གོང་གསལ་ལྟར་བཏང༌། ལས་བུམ་འཁྱིལ་བའི་ལྷ་སྔགས་ཀྱིས་བསྒྲུབ། རིག་མེ་དོར་ཞིང་གནང་བ་ཞུའོ། །གསུམ་པ་དབང་དངོས་ལ་གསུམ་གྱི་དང་པོ་སྦྱོར་བ་རྣམས་ནི། སྒོ་ཕྱི་ལས་རྡོར་གྱིས་སློབ་མ་ལ་ཁྲུས་ཆབ་བཏང༌། སྔར་བཤད་པ་བཞིན་ལན་ཆགས་བགེགས་ལ་གཏོར་མ་བསྔོ་ཞིང༌། བཀའ་བསྒོ་བགེགས་བསྐྲད། སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་ཟིན་ནས། འོ། མ་གྱུར་གྱི་སེམས་ཅན་ནམ་མཁའ་དང་མཉམ་པ་འདི་རྣམས། སྲིད་པའི་གནས་རིས་གང་དུ་སྐྱེས་ཀྱང་གནས་སྐབས་ལེགས་འབྱོར་དང་བྲལ་བས་ཕོངས་ཤིང༌། ཁྱད་པར་མི་ལུས་རིན་པོ་ཆེ་འདི་ལྟ་བུ་རྙེད་ཀྱང༌། ཐམས་ཅད་བསོད་ནམས་ལོངས་སྤྱཽད། མངའ་ཐང༌། གཟི་བརྗིད་ལ་སོགས་པའི་འབྱོར་པ་མ་ཚང་བས་དབུལ་ཞིང༌། མཐར་ཐུག་རྣམ་གྲོལ་གཏན་གྱི་འབྱོར་པ་སེམས་ཀྱི་ནོར་བུ་བྱང་ཆུབ་རིན་པོ་ཆེ་ཐོབ་པའི་སྐལ་བ་དང་བྲལ་བས། དབུལ་ཕོངས་ཀྱི་སྡུག་བསྔལ་མི་བཟད་པའི་རྒྱུ་འབྲས་ལ་ངོམས་མེད་དུ་སྤྱོད་པ་འདི་རྣམས། ཡ་ང་བའི་སྡུག་བསྔལ་གྱི་དུཿཁ་འདི་དག་ལས་བསྐྱབས་ཤིང༌། གཏན་བདེའི་དཔལ་ཡོན་ཕུན་སུམ་ཚོགས་པ་ལ་བདག་ཁོ་ནས་འགོད་པར་བྱ། དེའི་སླད་དུ་བཅོམ་ལྡན་འདས་མ་ནོར་རྒྱུན་ལྷ་མོའི་བསྙེན་སྒྲུབ་ཀྱི་རྣལ་འབྱོར་ལ་འཇུག་པའི་ཐོག་མར། སྨིན་བྱེད་ཀྱི་དབང་བསྐུར་ནོད་པར་བྱ་སྙམ་པའི་ཀུན་སློང་བཟང་པོ་གསལ་བཏབ་ཏེ་གསན་འཚལ། དེ་ཡང་རྒྱལ་བ་རྣམས་ཀྱི་དམིགས་པ་མེད་པའི་ཕྲིན་ལས་གང་འདུལ་གྱི་རྣམ་རོལ་འགོགས་མེད་དུ་རྒྱུན་གྱིས་རྟག་པ་ལས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་ནུས་རྩལ་གཅིག་བསྡུས། ཁྱབ་བདག་བླ་མ་མ་ཧཱ་གུ་རུ་པདྨ་སམྦྷ་ཝ་ཉིད་ཀྱི་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ། རྒྱལ་སྲས་སེམས་དཔའ་རྒྱ་མཚོའི་ཐབས་མཁས་ཀྱི་རྣམ་ཐར་བསམ་ཡས་ཀྱི་སྤྲིན་བཀོད་པ་ལས། ཚེ་དང༌། ལས་ལ་དབང་བ་སོགས་རྨད་དུ་བྱུང་བའི་དབང་བཅུའི་ཡོན་ཏན་གྱི་ཡ་གྱལ། ཡོ་བྱད་ལ་དབང་བས་འགྲོ་བ་རྣམས་ཀྱི་བསམ་པ་ཡིད་བཞིན་དུ་སྐོང་ཞིང༌། འཕྲལ་ཡུན་གྱི་དབུལ་བ་ལས་སྐྱོབས་པའི་ཕྱིར། འཕགས་མ་ལྷ་མོ་ནོར་རྒྱུན་མ་དང༌། མགོན་པོ་ཛམ་བྷ་ལ་ཡབ་ཡུམ་ལྷ་ཉེར་གཉིས་མའི་བསྐྱེད་རྫོགས་ཕྲིན་ལས་དབང་བསྐུར་དང་བཅས་པ་ཁ་ཚར་དོན་འདྲིལ་འདི་ནི། གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་བསྒྱུར་བ། བླ་མེད་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ། པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། བཀའ་བབས་ཆེན་པོ་བདུན་དུ་བཞུགས་པའི་ནང་ཚན་ས་གཏེར་གྱི་ཁོངས་སུ་གཏོགས་པ་སྟེ། དེའང་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་གནས་ཕྲན། མ་ཕམ་སེང་རྒོད་གཡུ་མཚོ་ནས་ཁྱད་པར་འཕགས་པའི་འདུས་པ་དུ་མའི་དབུས་སུ། རྫུ་འཕྲུལ་གྱི་ཆོ་འཕྲུལ་ངོ་མཚར་བའི་རྟགས་དང་བཅས་མཚོ་གཏེར་དུ་སྤྱན་དྲངས་པ། རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ཆོས་སྐོར་ལ་ཏནྟྲ་ཆེན་པོ་སྡཻ་བཅོ་བརྒྱད་ཀྱི་སྒྲུབ་ཐབས་དང༌། དབང་བསྐུར་སོགས་རྨད་དུ་བྱུང་བའི་ཆོས་སྡེ་རྒྱ་ཆེན་པོ་བཞུགས་པ་ཐམས་ཅད་རང་ཅག་རྣམས་ཀྱི་སྤྱོད་ཡུལ་དུ་མ་གྱུར་ཀྱང༌། དེའི་ལས་ཕྲན་སྐོར་ལས་བྱོན་པ་འདི་ནི། སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པའི་སྐུ་གསུང་ཐུགས་ཀྱི་སྲས་མོ་རནྟ་ཤྲཱི་དཱི་པེ་ལ། ཀུན་མཁྱེན་བླ་མས་ཆོས་བཀའ་འདི་ཉིད་ཀྱི་བདག་པོར་བཀས་གནང་སྟེ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྟེན་མཆོག །སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཆིག་བརྒྱུད་ཚངས་སྤྲུགས་སུ་བསྩལ་ནས་ཟབ་ཆོས་ཀྱི་བདག་པོར་དབུགས་དབྱུང་བ་བཞིན། ཐུགས་ཉམས་སུ་བཞེས་ཤིང་རིམ་པར་བརྒྱུད་པ་སྟེ། ཆེ་བའི་ཡོན་ཏན་དག་ཀྱང་གཏེར་གཞུང་རྡོ་རྗེའི་གསུངས་ལས། ཀུན་བཟང་པདྨ་འབྱུང་གནས་ཀྱི༔ ཡོ་བྱད་དབང་བའི་ཆོ་འཕྲུལ་ནི༔ རིན་ཆེན་སྤྲིན་གྱི་ཏིང་འཛིན་ལས༔ འདོད་རྒུའི་ཆར་འབེབས་ལྷ་མོར་བཤད༔ བཅོམ་ལྡན་ནོར་གྱི་རྒྱུན་མ་ཞེས༔ མཚན་ཙམ་འཛིན་དང་དྲན་པས་ཀྱང་༔ བར་ཆད་སྡུག་བསྔལ་ཀུན་ཞི་ཞིང་༔ སྲིད་ཞིའི་འབྱོར་པ་འབད་མེད་ཐོབ༔ ཅེས་དང༌། རིན་ཆེན་འབྲུ་ནོར་རིགས་བརྒྱུད་དང་༔ རྐང་བཞི་ཕྱུགས་དང་ཅང་ཤེས་རྟ༔ དར་གོས་བཟའ་བཏུང་ལ་སོགས་པ༔ འདོད་རྒུའི་འབྱོར་པ་འབད་མེད་འདུ༔ ཚེ་རིང་ནད་མེད་སྙན་གྲགས་འཕེལ༔ མཐར་ཐུག་བསོད་ནམས་ཚོགས་རྫོགས་པས༔ ཡེ་ཤེས་སྣང་བ་ལྷུག་པར་ཤར༔ ཞེས་གནས་སྐབས་དང༌། མཐར་ཐུག་གི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བར་མཛད་པ། ནོར་རྒྱུན་ལྷ་མོ་ཤེས་རབ་གཙོར་གྱུར་ཐབས་དང་བཅས་པའི་དཀྱིལ་འཁོར་དུ་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག །རྡོ་རྗེ་སློབ་དཔོན་ཀུན་བཟང་ནོར་རྒྱུན་སེམས་མ་ཡབ་ཡུམ་གྱི་ངོ་བོར་བཞུགས་པའི་སྤྱན་སྔར། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ རིན་ཆེན་སྤྲིན་གྱི་ཏིང་འཛིན་ལས༔ ཡེ་ཤེས་འདོད་རྒུར་འཆར་བའི་སྐུ༔ བླ་མ་ནོར་རྒྱུན་ལྷ་མོ་ཡིས༔ དབང་བསྐུར་དམ་པ་བདག་ལ་སྩོལ༔ ལན་གསུམ། དེ་ལྟར་སྨིན་དབང་ནོད་པར་འདོད་ན། ཁྱེད་རང་རྣམ་པའི་རྒྱུད་སྡོམ་ལྡན་དུ་བསྒྲུབ་དགོས་པས། དེའི་སླད་དུ་སྡོམ་པའི་གཞི་རྟེན་སྐྱབས་སུ་འགྲོ་བའི་སླད། བཅོམ་ལྡན་འདས་མ་ནོར་རྒྱུན་ལྷ་མོའི་དཀྱིལ་འཁོར་པ་ལ། རྩ་གསུམ་ནོར་ལྷ་རབ་འབྱམས་ཆོས་སྲུང་གི་ཚོགས་དང་བཅས་པས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར། འདི་ནས་བྱང་ཆུབ་ཀྱི་བར་དུ་བདག་གཞན་འགྲོ་བ་ཐམས་ཅད་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས། ན་མོཿ བླ་མ་ཡི་དམ་བཅོམ་ལྡན་མ༔ མཆོག་གསུམ་རྒྱལ་བ་རྒྱ་མཚོ་ལ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ ལན་གསུམ། སྡོམ་པའི་གཞུང་ལམ་ཐུགས་བསྐྱེད་པ་ནི། མ་གྱུར་གྱི་སེམས་ཅན་ཐམས་ཅད་གནས་སྐབས་དང༌། མཐར་ཐུག་གི་སྡུག་བསྔལ་ལས་མྱུར་དུ་བསྒྲལ་ནས། ཡིད་བཞིན་མཆོག་སྦྱིན་ལྷག་པའི་ལྷའི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་སྨིན་ལམ་ནོད་དེ། གྲོལ་ལམ་གྱི་གདམས་པ་ཉམས་སུ་བླངས་བར་བགྱིའོ་སྙམ་པའི་བློས་འདིའི་རྗེས་ཟློས། ཧོཿ མ་གྱུར་སེམས་ཅན་ཐམས་ཅད་ཀུན༔ སངས་རྒྱས་གོ་འཕང་ཐོབ་བྱའི་ཕྱིར༔ ཉེས་སྤྱོད་ཀུན་སྡོམ་དགེ་ཆོས་སྡུད༔ གཞན་ཕན་བྱང་སེམས་རྟག་ཏུ་བསྐྱེད༔ ལམ་མྱུར་དུ་བགྲོད་པའི་མཐུན་རྐྱེན་ཚོགས་བསགས་ཡན་ལག་བརྒྱད་པའི་ཏིང་འཛིན་ཚིག་རིས་དང་མཐུན་པར་གསལ་བཏབ་ཏེ་འདིའི་རྗེས་ཟློས། ཧོཿ འཕགས་མ་ཡབ་ཡུམ་འཁོར་བཅས་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་ཐམས་ཅད་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ ལྷུན་གྱིས་གྲུབ་པར་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་ཕྱིར་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ལན་གསུམ། སོ་བྱང་སྔགས་ཀྱི་སྡོམ་པ་དམ་ཚིག་མཐའ་དག་དེང་འདིར་ཚུལ་བཞིན་བླངས་ནས། ནམ་ཡང་མི་བཏང་བར་འཛིན་པའི་གཡར་དམ་བཅས་ཏེ་འདིའི་རྗེས་ཟློས། བདེ་གཤེགས་སྲས་བཅས་བདག་ལ་དགོངས། །དེང་བཟུང་བྱང་ཆུབ་སྙིང་པོའི་བར། །སོ་ཐར་བྱང་སེམས་རིག་འཛིན་གྱི། །སྡོམ་པ་མ་ལུས་བདག་གིས་འཛིན། ལན་གསུམ། དེ་རྣམས་ཀྱིས་སྦྱོར་བའི་ཆོས་རྣམས་གྲུབ་པ་ལགས། གཉིས་པ་དངོས་གཞི་ལ་སྨིན་གྲོལ་གཉིས་ལས། དང་པོ་སྨིན་བྱེད་ཀྱི་དབང་བསྐུར་བ་ལ་རྣམ་གྲངས་བརྒྱད་ཀྱིས། དང་པོ་དབང་གི་རྩ་བ་ཡེ་ཤེས་པའི་བྱིན་དབབ་ཅིང༌། སྒོ་གསུམ་རྡོ་རྗེ་གསུམ་ལྡན་དུ་བསྒྲུབ་པ་ལ། ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་ལྟར་མཛོད། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱངས། སྟོང་གསལ་ངང་ལས་འབྱུང་རིམ་སྟེང་༔ ལྷ་དང་མི་ལས་ཁྱད་འཕགས་པའི༔ བྱང་ཆུབ་སེམས་དཔའི་ནོར་བུའི་མཆོག༔ རིན་ཆེན་ཏོག་གི་བློ་གྲོས་ཀྱི༔ གཞལ་མེད་ཁང་ཆེན་ཉམས་དགའ་བ༔ བཀོད་པ་དུ་མས་འཕགས་པའི་དབུས༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང་༔ བྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ འཕགས་མ་ནོར་རྒྱུན་ལྷ་མོ་ནི༔ གསེར་མདོག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཡིས༔ དགོས་འབྱུང་གང་བའི་འབྲས་བུ་དང་༔ གཡོན་པས་སྐྱབས་སྦྱིན་འབྲས་སྙེ་ནི༔ འདོད་རྒུའི་ཆར་འབེབས་རབ་ཏུ་བསྣམས༔ སྣ་ཚོགས་དར་གྱི་ན་བཟའ་དང་༔ རྣམ་མང་རིན་ཆེན་རྒྱན་གྱིས་བརྒྱན༔ མཆོག་ཏུ་སྒེག་ཅིང་འཛུམ་པའི་ཉམས༔ ཞབས་ཟུང་སེམས་མའི་སྐྱིལ་ཀྲུང་བཞུགས༔ རང་འོད་ཐབས་མཆོག་ཛམྦྷ་ལ༔ སེར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ཡུམ་གྱི་མགུལ་ནས་འཁྱུད༔ བཱི་ཛ་པཱུ་རའི་འབྲས་བུ་བསྣམས༔ གཡོན་པས་ནོར་གྱི་རྒྱུན་སྩོལ་བའི༔ ནེའུ་ལེ་ཡི་མགྲིན་པ་བཟུང་༔ ཨུཏྤལ་དར་དང་རིན་ཆེན་བརྒྱན༔ སྒེག་ཅིང་གཏུམ་པའི་ཉམས་འགྱུར་རྫོགས༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ དེ་རྣམས་འོད་ཀྱིས་བསྐུལ་བའི་མཐུས༔ བདག་མདུན་གཙོ་མོའི་གསང་གསུམ་གྱི༔ འབྲུ་གསུམ་འོད་ཀྱིས་རྩ་གསུམ་ལྷ༔ ཐམས་ཅད་བཅོམ་ལྡན་འཕགས་མ་ཡི༔ རྡོ་རྗེ་གསུམ་གྱི་ཕྱག་རྒྱར་བཞེངས༔ ཁ་ཆར་བུ་ཡུག་འཚུབས་བཞིན་བྱོན༔ སློབ་མར་ཐིམ་པས་བྱིན་བརླབ་གྱུར༔ སྤོས་བཏུལ་རོལ་མོའི་སྒྲ་དང་བཅས། ཨོཾཿ འཕགས་མ་ཀུན་གཤེགས་སྙིང་རྗེའི་བདག༔ སྙིགས་མ་ལྔ་ཡི་མཐར་སྐྱེས་པའི༔ འགྲོ་རྣམས་དབུལ་འཕོངས་བསལ་བ་དང་༔ འདོད་རྒུའི་དངོས་གྲུབ་སྩོལ་བའི་ཕྱིར༔ བཅོམ་ལྡན་ལྷ་མོ་ནོར་རྒྱུན་མ༔ ཡབ་ཡུམ་སྤྲུལ་པའི་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ ཨོཾ་ཤྲཱི་སརྦ་བ་སུ་དྷ་རི་ཛམྦྷ་ལ་ས་པཱ་རི་ར་ཨེ་ཧྱ་ཧིཿ མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ དྲག་ཏུ་བརྗོད་པས་བྱིན་དབབ། ཛཿཧཱུྃ་བྃ་ཧོཿས་བརྟན། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་བར་དུ་བརྟན་པར་བྱས་པར་མོས། ཏིཥྛ་བཛྲས་བརྟན། གཉིས་པ་དཀྱིལ་འཁོར་ཡོངས་རྫོགས་བུམ་དབང་བསྐུར་བ་ནི། དེ་ལྟར་བྱས་པའི་ཡེ་ཤེས་ཀྱི་བྱིན་རླབས་བརྟན་ཅིང་འཕེལ་བ་དང༌། བསྐྱེད་རྫོགས་ལས་སྦྱོར་གྱི་ཏིང་འཛིན་ལ་བརྟེན་པའི་ཕྲིན་ལས་རབ་འབྱམས་བསྒྲུབ་པ་ལ་དབང་བའི་ཕྱིར། ལྷ་དང་སློབ་དཔོན་དབྱེར་མེད་པས། དགོས་འདོད་ཀུན་འབྱུང་གི་གཏེར་ཆེན་པོའི་བུམ་པ། དཀྱིལ་འཁོར་ཆེན་པོའི་སྣོད་བཅུད་ཡོངས་རྫོགས་བྱིན་རླབས་དངོས་གྲུབ་ཀུན་སྩོལ་ཡིད་བཞིན་ནོར་བུས་དབང་བསྐུར་བས། འདོད་འབྱུང་བདུད་རྩིའི་རྒྱུན་སྦྱི་བོ་ནས་ཞུགས། ལུས་ཐམས་ཅད་ལ་ཁྱབ་པས། བསོད་ནམས་མ་ཡིན་པའི་རྒྱུ་འབྲས་ལས་བྱུང་བའི་བཀྲ་མི་ཤིས་པ་ཐམས་ཅད་བཀྲུས། རྒྱལ་བ་རྒྱ་མཚོ་རྒྱན་འཁོར་ལྔའི་དངོས་གྲུབ་རབ་འབྱམས་ལ་དབང་ཐོབ་པར་མོས། གཏེར་བུམ་བཏེགས་ལ། བྃཿ གཏེར་གྱི་བུམ་པ་བཟང་པོ་ན༔ འཕགས་མ་ནོར་རྒྱུན་ལྷ་མོ་བཞུགས༔ དཀྱིལ་འཁོར་ཡོངས་རྫོགས་དབང་བསྐུར་བས༔ དོངས་གྲུབ་རྣམ་གཉིས་ཐོབ་པར་ཤོག༔ ཨོཾ་བ་སུ་དྷཱ་རཱི་སྭཱ་ཧཱ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ མ་ཧཱ་ནི་དྷཱི་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ གསུམ་པ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། སླར་ཡང་སློབ་དཔོན་དང་མདུན་བསྐྱེད་དབྱེར་མེད་པའི་དཔྲལ་བ་ནས། ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་རེ་བྱོན་ཏེ། སློབ་མའི་སྤྱི་བོ་ནས་ཐིམ་པས། མཚན་དཔེས་བརྒྱན་པའི་སྐུ་འགྲུབ། རྣམ་པར་རྒྱལ་བའི་གཟི་བྱིན་ཆེན་པོས་བརྟན་གཡོའི་དཔལ་རྣམས་སྡུད་ནུས་པའི་མཐུ་དབང་ཐོབ་པར་མོས། སྐུ་སྤྱི་བོར་བཞག་ཅིང༌། ཨོཾ༔ བཅོམ་ལྡན་ནོར་རྒྱུན་ཡབ་ཡུམ་གྱི༔ རྡོ་རྗེ་སྐུ་ཡི་དབང་བསྐུར་བས༔ གཟི་བརྗིད་མཚུངས་པ་མེད་པ་ཡིས༔ བརྟན་གཡོའི་དགེ་མཚན་རྒྱས་པར་ཤོག༔ ཨོཾ་བ་སུ་དྷཱ་རཱི་སྭཱ་ཧཱ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བཞི་པ་གསུང་སྔགས་ཀྱི་དབང་བསྐུར་བ་ནི། བླ་མ་དཀྱིལ་འཁོར་པའི་མགྲིན་པ་ནས་གསུང་ཡིག་འབྲུའི་ཕྲེང་བ་དཔག་ཏུ་མེད་པ་རང་སྒྲ་སྒྲོགས་བཞིན་པར་བྱོན། སློབ་མའི་མགྲིན་པ་ནས་ཞུགས། རྩ་གནས་ཐམས་ཅད་ལ་ཁྱབ་པས། རྩ་རླུང་རང་བྱུང་རྡོ་རྗེའི་སྔགས་ཀྱི་འཁོར་ལོ་བྱིན་གྱིས་བརླབ་པར་མོས། སྔགས་བྱང་མགྲིན་པར་བཞག་ཅིང༌། ཨཱཿ བཅོམ་ལྡན་ནོར་རྒྱུན་ཡབ་ཡུམ་གྱི༔ ནུས་པ་སྔགས་ཀྱི་དབང་བསྐུར་བས༔ རྡོ་རྗེའི་སྒྲ་དབྱངས་ཆེན་པོ་ཡིས༔ སྲིད་གསུམ་ཟིལ་གྱིས་ནོན་པར་ཤོག༔ ཨོཾ་བ་སུ་དྷཱ་རཱི་སྭཱ་ཧཱ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ལྔ་པ་ཐུགས་ཕྱག་མཚན་གྱི་དབང་བསྐུར་བ་ནི། བླ་མ་དཀྱིལ་འཁོར་པའི་ཐུགས་ཀ་ནས། ཐུགས་ཀྱི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོའི་ཕྱག་རྒྱ་ཕྱག་མཚན་གྱི་རྣམ་པར་བྱོན། སློབ་མའི་སྙིང་གར་ཐིམ་པས། འགྱུར་མེད་འོད་གསལ་སྙིང་པོའི་དགོངས་པ་མངོན་དུ་གྱུར་པར་མོས། ཕྱག་མཚན་སྙིང་གར་བཞག་ཅིང༌། ཧཱུྃ༔ བཅོམ་ལྡན་ནོར་རྒྱུན་ཡབ་ཡུམ་གྱི༔ འོད་གསལ་ཐུགས་ཀྱི་དབང་བསྐུར་བས༔ དྲན་པས་སྲིད་ཞིའི་དྭངས་བཅུད་ཀུན༔ ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག༔ ཨོཾ་བ་སུ་དྷཱ་རཱི་སྭཱ་ཧཱ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དྲུག་པ་ཡོན་ཏན་སྒྲུབ་རྫས་ཀྱི་དབང་བསྐུར་བ་ནི། བླ་མ་དཀྱིལ་འཁོར་པའི་ལྟེ་བ་ནས་ནོར་རྒྱུན་ལྷ་མོའི་ཡོན་ཏན་འགྲོ་བའི་རེ་སྐོང་གང་ལ་གང་འདུལ། རྩོལ་མེད་ནམ་མཁའི་མཛོད་དུ་འཆར་བའི་བཀྲ་ཤིས་རིན་པོ་ཆེའི་རྫས་རྟགས། དབྱིག་གི་སྙིང་པོ་རྣམས་ཆར་ཆེན་པོའི་རྒྱུན་བཞིན་བྱོན། སློབ་མའི་ལྟེ་བར་ཐིམ་པས། བུམ་པ་བཟང་པོ་དང༌། དཔག་བསམ་ནོར་བུ་བཞིན། འགྲོ་བ་རྣམས་ཀྱི་འདི་དང་གཏན་གྱི་དབུལ་བ་སེལ་ནུས་པའི་ཡོན་ཏན་མི་ཟད་པའི་གཏེར་གྱི་དབང་བསྐུར་ཐོབ་པར་མོས། བཀྲ་ཤིས་པའི་རྫས་རྣམས་ལྟེ་བར་གཏུགས་ཤིང་ལག་ཏུ་གཏད་དེ། ཏྲཱྃ༔ ཡིད་བཞིན་ནོར་བུ་བུམ་པ་བཟང་༔ འདོད་འཇོའི་བ་དང་དཔག་བསམ་བཞིན༔ གཞན་དོན་ཚུལ་བཞིན་སྒྲུབ་ནུས་པའི༔ ཡོན་ཏན་ཕ་མཐའ་ཡས་པར་ཤོག༔ ཨོཾ་བ་སུ་དྷཱ་རཱི་སྭཱ་ཧཱ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ གུ་ཎ་ཨ་བྷི་ཥིཉྩ་ཏྲཱྃ༔ བདུན་པ་གཏོར་མ་ལ་བརྟེན་ཏེ་ཕྲིན་ལས་ཀྱི་རྗེས་གནང་ནི། བླ་མ་དཀྱིལ་འཁོར་པའི་གསང་བ་ནས་འགྲོ་འདུལ་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་སྣ་ཚོགས་ནོར་བུ་འོད་ལྔའི་ཟེར་སྤྲིན་མཐའ་ཡས་པ་བྱོན། སློབ་མའི་གསང་གནས་སུ་ཐིམ་པས། ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་ལྔ་དང༌། ལས་ཆེན་བརྒྱད། ཚེ་དང༌། གནས་དང༌། ཡོ་བྱད་སོགས་དབང་བཅུའི་དཔལ་འབྱོར་རྒྱ་མཚོ་ལ་བརྟེན་པས། གཞན་དོན་རབ་འབྱམས་སྒྲུབ་པར་ནུས་པའི་ལས་ཀྱི་རྗེས་གནང་ཐོབ་པར་མོས། །གཏོར་མ་གསང་བར་བཞག་ཅིང་ལག་ཏུ་གཏད་ལ། ཧཱཿ གཏོར་མ་རིན་ཆེན་འདོད་རྒུའི་དབྱིག༔ ཞི་རྒྱས་དབང་དྲག་ལས་ཀུན་རྫོགས༔ གྲུབ་ཆེན་བརྒྱད་དང་དབང་བཅུ་སོགས༔ ཕྲིན་ལས་འབད་མེད་འགྲུབ་པར་ཤོག༔ ཨོཾ་བ་སུ་དྷཱ་རཱི་སྭཱ་ཧཱ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ ཀརྨ་ཨ་བྷི་ཥིཉྩ་ཨཱཿ བརྒྱད་པ་མཐའ་བརྟེན་ཤིས་པའི་རོལ་མོས་མངའ་དབུལ་བ་ནི། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་ཕྱོགས་བཅུའི་རྩ་གསུམ་དམ་ཅན་ནོར་ལྷ་རབ་འབྱམས་ཀྱིས་དགེ་ལེགས་རྣམ་པར་བཀྲ་བའི་ནོར་བུའི་དགའ་ཆར་བསྙིལ། ཤིས་པའི་དབྱངས་སྙན་མགྲིན་གཅིག་ཏུ་ལྡིར་པས། སློབ་མ་རྣམས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ། བདེ་བར་གཤེགས་པའི་དཔལ་འབྱོར་རྒྱ་མཚོས་འབྱོར་ཞིང༌། བདེ་ལེགས་ཀྱི་ལོངས་སྤྱོད་མཐའ་ཡས་པའི་མཛོད་ལ་དབང་འབྱོར་བའི་རྟེན་འབྲེལ་བསྒྲིགས་པར་མོས། འདིར་འབྲེལ་ཆགས་པའི་ཤིས་བརྗོད་རྒྱ་ཆེར་སྤེལ་ལོ། དེ་རྣམས་ཀྱི་སྒོ་ནས་རྒྱུད་སྨིན་བྱེད་དབང་གི་རིམ་པ་གྲུབ་པ་ལགས། དངོས་གཞིའི་གཉིས་པ་གྲོལ་བྱེད་ཀྱི་རིམ་པ་འབོག་པ་ལ། དང་པོ་ཡིད་ཆེས་པའི་ཕྱིར་ལོ་རྒྱུས་དང༌། དགོས་ཆེད། གཉིས་པ་ལོ་རྒྱུས་དགོས་པ་དེ་ལྡན་གྱི་ལྷག་པའི་ལྷ་མོ་འདི་ཉིད་ཉེ་བར་བསྙེན་པ་ལ། སྔོན་འགྲོ་སྦྱོར་བ་གནས་དང༌། དཀྱིལ་འཁོར། ཡོ་བྱད་འདུ་བྱ་བ་སྟ་གོན་གྱི་རིམ་པ་དང༌། ལམ་གྱི་གཞི་རྟེན་སྐྱབས་སེམས་ཚོགས་བསགས་རྣམས་མདོར་བསྟན། དངོས་གཞིར་རྒྱ་ཆེ་བ་སྐུ་བསྐྱེད་པའི་རྣལ་འབྱོར་ཡན་ལག་དང་བཅས་པ། གསུམ་པ་གསུང་སྔགས་ཀྱྀ་རྣལ་འབྱོར་རྟགས་ཚད་དང་བཅས་པ། བཞི་པ་ཟབ་པ་ཐུགས་ཡེ་ཤེས་ཀྱི་རྣལ་འབྱོར་མཚན་བཅས་ཀྱི་ཏིང་འཛིན་རླུང་དང་བསྲེ་བ་དང༌། མཚན་མེད་འོད་གསལ་ཆེན་པོའི་རྣལ་འབྱོར། ལྔ་པ་དངོས་གྲུབ་བསྒྲུབ་པའི་ལས་རིམ། དྲུག་པ་ལས་སྦྱོར་ཕན་ཡོན་དང་བཅས་པ་རྣམས་རིམ་པར་འབྱུང་བ་ལགས་པས་སྙན་གཏོད་ཅིག །ཀུན་བཟང་པདྨ་འབྱུང་གནས་ཀྱིས༔ ཡོ་བྱད་དབང་བའི་ཆོ་འཕྲུལ་ནི༔ རིན་ཆེན་སྤྲིན་གྱི་ཏིང་འཛིན་ལས༔ འདོད་རྒུའི་ཆར་འབེབས་ལྷ་མོར་བཤད༔ བཅོམ་ལྡན་ནོར་གྱི་རྒྱུན་མ་ཞེས༔ མཚན་ཙམ་འཛིན་དང་དྲན་པས་ཀྱང་༔ བར་ཆད་སྡུག་བསྔལ་ཀུན་ཞི་ཞིང་༔ སྲིད་ཞིའི་འབྱོར་པ་འབད་མེད་ཐོབ༔ ས་མ་ཡ༔

དེ་ཉིད་ཉེ་བར་བསྙེན་འདོད་པས༔ ནགས་ཚལ་མཚོ་གླིང་བྲག་སྐྱིབས་སོགས༔ དབེན་ཞིང་ཉམས་དགའ་འབབ་ཆུ་དང་༔ མེ་ཏོག་དཀར་པོས་བརྒྱན་པའི་གཞིར༔ དབང་ཐོབ་དམ་ལྡན་རྣལ་འབྱོར་པས༔ བྱི་དོར་བྱ་ཞིང་ཆག་ཆག་གདབ༔ དམ་ཚིག་རྟེན་དུ་བྲིས་སྐུའི་མདུན༔ བདུག་སྤོས་བཟང་པོ་ལེགས་པ་འབུལ༔ སྐྱབས་སེམས་ཚོགས་བསགས་སྔོན་འགྲོ་བས༔ དངོས་གཞིའི་རིམ་པ་འདི་ལྟར་བརྟག༔ ཨཱཿ འཁོར་འདས་ཆོས་ཀུན་མཉམ་པ་ཉིད༔ ཟུང་འཇུག་འདུས་པ་བྱས་པའི་དབྱིངས༔ རིག་གདངས་བརྩེ་བའི་སྙིང་རྗེའི་རྩལ༔ རིན་ཆེན་སྤྲིན་གྱི་ཏིང་འཛིན་ལས༔ རྒྱུ་ཡི་ས་བོན་བྃ་སེར་པོ༔ གསེར་མདོག་ཉི་མ་ལྟ་བུར་ཤར༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ སྣོད་བཅུད་ཐ་མལ་སྣང་ཞེན་སྦྱངས༔ སྟོང་གསལ་ངང་ལས་འབྱུང་རིམ་སྟེང་༔ ལྷ་དང་མི་ལས་ཁྱད་འཕགས་པའི༔ བྱང་ཆུབ་སེམས་དཔའི་ནོར་བུའི་མཆོག༔ རིན་ཆེན་ཏོག་གི་བློ་གྲོས་ཀྱི༔ གཞལ་མེད་ཁང་ཆེན་ཉམས་དགའ་བ༔ བཀོད་པ་དུ་མས་འཕགས་པའི་དབུས༔ སྣ་ཚོགས་པད་ཟླའི་གདན་གྱི་སྟེང་༔ བྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ འཕགས་མ་ནོར་རྒྱུན་ལྷ་མོ་ནི༔ གསེར་མདོག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་ཡིས༔ དགོས་འབྱུང་གང་བའི་འབྲས་བུ་དང་༔ གཡོན་པས་སྐྱབས་སྦྱིན་འབྲས་སྙེ་ནི༔ འདོད་རྒུའི་ཆར་འབེབས་རབ་ཏུ་བསྣམས༔ སྣ་ཚོགས་དར་གྱི་ན་བཟའ་དང་༔ རྣམ་མང་རིན་ཆེན་རྒྱན་གྱིས་བརྒྱན༔ མཆོག་ཏུ་སྒེགས་ཅིང་འཛུམ་པའི་ཉམས༔ ཞབས་ཟུང་སེམས་མའི་སྐྱིལ་ཀྲུང་བཞུགས༔ རང་འོད་ཐབས་མཆོག་ཛམྦྷ་ལ༔ སེར་གསལ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་ཡུམ་གྱི་མགུལ་ནས་འཁྱུད༔ བཱི་ཛ་པཱུ་རའི་འབྲས་བུ་བསྣམས༔ གཡོན་པས་ནོར་གྱི་རྒྱུན་སྩོལ་བའི༔ ནེའུ་ལེ་ཡི་མགྲིན་པ་བཟུང་༔ ཨུཏྤལ་དར་དང་རིན་ཆེན་བརྒྱན༔ སྒེགས་ཅིང་རྗེས་ཆགས་གཏུམ་པའི་ཉམས༔ ཡབ་ཡུམ་མཉམ་སྦྱོར་མཁའ་གསང་ནས༔ ཛྃ་དང་བྃ་ཡིག་ཕྱོགས་མཚམས་འཕྲོས༔ སོ་སོའི་གདན་སྟེང་ཡོངས་གྱུར་ལས༔ ཤར་དུ་ཟླ་འོད་ནོར་བུ་བཟང་༔ ལྷོ་རུ་སྦྱིན་མ་གང་བ་བཟང་༔ ནུབ་ཏུ་རབ་སྦྱིན་ནོར་སྦྱིན་ཆེ༔ བྱང་དུ་འཕགས་མ་རྣམ་ཐོས་སྲས༔ ཤར་ལྷོ་རབ་བཟང་རོལ་པའི་ཕྲེང་༔ ལྷོ་རུ་སྦས་མ་འཇམ་པོ་འཁྱིལ༔ ནུབ་བྱང་མཛེས་མ་གདོང་གི་དབང་༔ བྱང་ཤར་དབྱངས་ཅན་སྤྱོད་པའི་དབང་༔ ཀུན་ཀྱང་གསེར་མདོག་རྒྱན་ཆ་ལུགས༔ གཙོ་བོ་ཡབ་ཡུམ་རིགས་སུ་བཞེངས༔ སྒོ་བཞིར་འཇིག་རྟེན་སྐྱོང་བ་དང་༔ བར་མཚམས་ནོར་ལྷ་རབ་འབྱམས་ཚོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་ཡེ་རྫོགས་འཕྲོ་ཞིང་འདུ༔ འགྲོ་ཀུན་དབུལ་བའི་གདུང་སེལ་ཞིང་༔ འདོད་རྒུའི་དངོས་གྲུབ་ཆར་བཞིན་འབེབས༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ བྱང་སེམས་བདུད་རྩིའི་དབང་བསྐུར་བས༔ ཡེ་ཤེས་རིགས་ལྔའི་ཕྱག་རྒྱས་བཏབ༔ ཨོཾ་ཨཱཿཧཱུྃཿ ཏྲྃ་ཨོཾ་ཧཱུྃ་ཧྲཱིཿཨཱ༔ ཨོཾཿ འཕགས་མ་ཀུན་གཤེགས་སྙིང་རྗེའི་བདག༔ སྙིགས་མ་ལྔ་ཡི་མཐར་སྐྱེས་པའི༔ འགྲོ་རྣམས་དབུལ་འཕོངས་བསལ་བ་དང་༔ འདོད་རྒུའི་དངོས་གྲུབ་སྩོལ་བའི་ཕྱིར༔ བཅོམ་ལྡན་ལྷ་མོ་ནོར་རྒྱུན་མ༔ ཡབ་ཡུམ་སྤྲུལ་པའི་འཁོར་དང་བཅས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ཏེ༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ ཨོཾ་ཤྲཱི་སརྦ་བ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཧོཿ སྙིང་རྗེའི་ལྕགས་ཀྱུས་རྒྱུད་བསྐུལ་ཞིང་༔ བྱམས་པའི་ཞགས་པས་རྟེན་དང་བསྲེ༔ དགའ་བ་ཆེན་པོའི་སྒྲོག་གིས་བཅིངས༔ བཏང་སྙོམས་དྲིལ་བུས་དགྱེས་པ་བསྐྱེད༔ ཛཿཧཱུྃ་བྃ་ཧོཿ ཧོཿ ཆོས་ཀུན་རང་བཞིན་མཉམ་ཉིད་དབྱིངས༔ ཡེ་ཤེས་སྒྱུ་མའི་རྣམ་པར་འཕྲུལ༔ འདོད་རྒུ་ཆར་འབེབས་ལྷ་མོ་ལ༔ མི་ཕྱེད་གུས་པས་ཕྱག་གིས་འདུད༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ༔ མཆོད་པའི་ཕྱག་རྒྱ་ཆེན་པོ་ནི༔ སེམས་ཀྱི་ཡིད་བཞིན་རིན་ཆེན་གཏེར༔ ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ༔ ཀུན་ཏུ་བཟང་པོའི་སྤྲིན་གྱིས་མཆོད༔ ཨོཾ་ཤྲཱི་བ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ཨཿ པཱ་དྱཾ་བཾ༔ པུཥྤེ་ཏྲཱྃ༔ དྷཱུ་པེ་ཧཱུྃ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་ཨཱཿ ནཻ་བིདྱ་ཨྃ༔ ཤཔྡ་ཧོ༔ རུ་པ༔ ཤབྡ༔ གནྡྷེ༔ རཱ་ས༔ སྤརྵེ༔ དྷརྨ་དྷཱ་ཏུ་ཧོ༔ སརྦ་པཱུ་ཛ་ག་ག་ན་མེ་གྷ་ས་མ་ཡེ་ཧཱུྃ༔ ཧཱུྃ༔ རིན་ཆེན་རྣམ་པར་བལྟ་བ་ཡི༔ ཡེ་ཤེས་གསེར་མདོག་ཡིད་འོང་སྐུ༔ མཚན་དཔེའི་སྒྱུ་འཕྲུལ་རོལ་པས་མཛེས༔ དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད༔ ཨཱཿ སྐྱེ་བ་མེད་པའི་ཡི་གེའི་སྤྲིན༔ འགགས་མེད་གཟུགས་ཀྱི་སྒྲ་རུ་ཤར༔ དྲན་པས་དངོས་གྲུབ་མཆོག་སྩོལ་བའི༔ རྡོ་རྗེའི་གསུང་ལ་ཕྱག་འཚལ་ལོ༔ ཧཱུྃཿ མི་གནས་མི་དམིགས་འོད་གསལ་ངང་༔ འཁོར་འདས་ཆོས་ཀུན་མཉམ་པ་ཉིད༔ རིན་ཆེན་སྤྲིན་གྱི་ཏིང་འཛིན་ཅན༔ འཕོ་མེད་ཐིག་ལེ་ཆེན་པོར་འདུད༔ ཏྲཱྃ༔ དཔག་བསམ་ཤིང་ཆེན་རྒྱས་པ་སྟེ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ བྱེད་པོ་སེམས་ཅན་ཀུན་དོན་བྱེད༔ ཡོན་ཏན་ཕ་མཐའ་ཡས་ལ་བསྟོད༔ ཨཱཿ གང་གིས་ཁྱོད་ལ་བསྙེན་པའི་མོད༔ ཞི་རྒྱས་དབང་དྲག་གྲུབ་པ་བརྒྱད༔ དབང་བཅུའི་དངོས་གྲུབ་འདོད་རྒུའི་གཏེར༔ ཕྲིན་ལས་བསམ་མི་ཁྱབ་ལ་འདུད༔ ཧོཿ ཡེ་ཤེས་དགུ་ཡི་ཆོ་འཕྲུལ་ལས༔ གཙོ་འཁོར་སྤྲུལ་པ་ཅིར་ཡང་སྟོན༔ གནོད་སྦྱིན་ནོར་ལྷའི་ཚོགས་རྣམས་ལ༔ གུས་པས་བསྟོད་དོ་དངོས་གྲུབ་སྩོལ༔ ཅེས་བསྟོད་ལྷ་སྐུའི་གསལ་སྣང་ལ༔ རྩེ་གཅིག་སེམས་བཟུང་དབྱེར་མེད་བསྲེ༔ སྣང་བ་ལྷ་སྐུ་རང་ཤར་ན༔ ནམ་མཁའི་མཛོད་ལ་དབང་བསྒྱུར་འགྱུར༔ ས་མ་ཡ༔ ཡན་ལག་བཟླས་པའི་རྣལ་འབྱོར་ནི༔ གཙོ་མོའི་ཐུགས་ཀའི་དཔལ་བེའུར༔ བརྟན་གཡོའི་དྭངས་མ་འོད་ལྔའི་ཀློང་༔ མི་འགྱུར་ཐུགས་སྲོག་བྃ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ འགྲོ་ཀུན་དབུལ་འཕོངས་སྡུག་བསྔལ་བསལ༔ འཁོར་འདས་འདོད་རྒུའི་དགེ་མཚན་ཀུན༔ ཉི་མ་འཆར་ཀའི་མདངས་ལྟར་བསྡུས༔ ནམ་མཁའི་མཛོད་ལ་དབང་བསྒྱུར་བའི༔ ཡིད་བཞིན་དངོས་གྲུབ་མཆོག་ཐོབ་གྱུར༔ ཨོཾ་བ་སུ་དྷཱ་རཱི་སྭཱ་ཧཱ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡ་སྭཱ་ཧཱ༔ སྤྲོ་ན་འཁོར་གྱི་སྔགས་ཀྱང་བཟླ༔ འབུམ་ཕྲག་གསུམ་གྱིས་ལས་ཀུན་བྱེད༔ དངོས་ཉམས་རྨི་ལམ་ཞལ་མཐོང་དང་༔ རིན་ཆེན་ཆར་འབེབས་གཏེར་རྙེད་སོགས༔ དངོས་གྲུབ་ཡ་མཚན་ལྟས་མང་འབྱུང་༔ ཟླ་བ་དྲུག་ཏུ་གོམས་པ་ཡིས༔ འཕགས་མ་ཉིད་དང་མཚུངས་པར་འགྱུར༔ ཟབ་མོ་དོན་གྱི་རྣལ་འབྱོར་ནི༔ རང་ཉིད་འཕགས་མ་ཡབ་ཡུམ་གྱི༔ ཐུགས་ཀར་བྃ་དང་ཛམ་སེར་པོ༔ ཤིན་ཏུ་ཕྲ་བའི་ཡི་གེར་བརྟག༔ དེ་ལ་རྩེ་གཅིག་སེམས་ཟིན་ན༔ འོད་ཀྱི་སྣང་བ་ཆེན་པོར་སྨིན༔ ནམ་མཁའི་ཁམས་ཀུན་གང་བར་སྤྲོས༔ འདོད་རྒུའི་ཆར་ཆེན་འབབ་པ་ཡིས༔ སེམས་ཅན་དབུལ་བའི་སྡུག་བསྔལ་བསལ༔ ཚུར་འདུས་སྣོད་བཅུད་ཐམས་ཅད་ཀུན༔ མཉམ་པ་ཉིད་ཀྱི་ཡེ་ཤེས་དབྱིག༔ གསེར་ཞུན་མདངས་སུ་རབ་ཏུ་ཞུ༔ ཐུགས་ཀྱི་ཐིག་ལེ་མཉམ་པར་བསྟིམ༔ ཁ་སྦྱོར་རླུང་བཟུང་ཡིད་བཟླས་བྱ༔ དེ་ལྟར་ཡང་ཡང་སྤྲོ་བསྡུའི་མཐར༔ ས་བོན་ཉིད་ཀྱང་མི་དམིགས་པར༔ སྲིད་ཞི་མཉམ་པའི་ངང་དུ་བཞག༔ སྣང་གྲགས་རྟོགས་པའི་ཆོས་ཇི་སྙེད༔ འཕགས་མའི་གསང་གསུམ་རང་ཤར་ན༔ ཡེ་ཤེས་རིན་ཆེན་ཏིང་འཛིན་གྱིས༔ གང་འདུལ་ཕྲིན་ལས་སྩོལ་མེད་འཆར༔ བསྙེན་པ་སྔོན་སོང་རྣལ་འབྱོར་པས༔ དངོས་གྲུབ་སྒྲུབ་པའི་མན་ངག་ནི༔ མདུན་གྱི་དཀྱིལ་འཁོར་ཚུལ་བཞིན་བཞེངས༔ བདག་མདུན་དབྱེར་མེད་ཏིང་འཛིན་གསལ༔ ཛབ྄་ཁང་ཕྱེ་ཞིང་བཟླས་པས་བསྐུལ༔ ཐུན་མཚམས་མཎྜལ་གཏོར་ཚོགས་འབུལ༔ ས་བཅུའི་མདོ་སྡེ་ལ་སོགས་བཀླག༔་་་་་གསེར་འོད་དམ་པ། ཁྱད་པར་མེ་ཏོག་སེར་པོ་དང་༔ རིན་ཆེན་འབྲུ་སྨན་བསྲེག་བླུག་བྱ༔ དེས་ནི་གྲུབ་བའི་ཡེ་ཤེས་དབྱིག༔ བརྟན་ཅིང་ནུས་པ་ལྡན་པར་འགྱུར༔ ས་མ་ཡ༔

ལས་སྦྱོར་གཏེར་གྱི་བུམ་པ་བཟང་༔ རིན་ཆེན་འབྲུ་སྨན་བྱུར་བུར་གཏམས༔ དབུས་སུ་སྐུ་དང་སྔགས་བྱང་དང་༔ ཁྱད་པར་འཁོར་ལོ་འདབ་བརྒྱད་ཟུང་༔ དབུས་དང་ཕྱོགས་མཚམས་ས་བོན་མཐར༔ གཙོ་འཁོར་སོ་སོའི་སྔགས་ཀྱིས་བསྐོར༔ མུ་ཁྱུད་དབྱངས་གསལ་འདོད་གསོལ་བཀོད༔ སྦྲང་རྩིས་ཁ་སྦྱར་སྐུད་པས་བསྡམས༔ མར་དང་མངར་གསུམ་ཞུན་མའི་དབུས༔ བཞུགས་སུ་གསོལ་ཞིང་ལྷར་བསྐྱེད་ལ༔ མཆོད་བསྟོད་བཟླས་པས་ཐུགས་དམ་བསྐུལ༔ བརྟན་བཞུགས་ཤིས་པ་རྒྱ་ཆེན་བརྗོད༔ གང་དུ་བཞུགས་པའི་ས་ཕྱོགས་ཀུན༔ འོག་མིན་ལྕང་ལོས་བརྒྱན་པར་མཚུངས༔ རིན་ཆེན་འབྲུ་ནོར་རིགས་བརྒྱུད་དང་༔ རྐང་བཞི་ཕྱུགས་དང་ཅང་ཤེས་རྟ༔ དར་གོས་བཟའ་བཏུང་ལ་སོགས་པ༔ འདོད་རྒུའི་འབྱོར་པ་འབད་མེད་འདུ༔ ཚེ་རིང་ནད་མེད་སྙན་གྲགས་འཕེལ༔ མཐར་ཐུག་བསོད་ནམས་ཚོགས་རྫོགས་པས༔ ཡེ་ཤེས་སྣང་བ་ལྷུག་པར་ཤར༔ ཞེས་གདམས་པར་མཛད་པ་བཞིན། རང་དོན་གནས་སྐབས་ཚེ་འདིའི་ཁེ་དྲག་མི་གཉེར་བར། གཞན་དོན་གཏན་གྱི་འདུན་མ་བསྒྲུབ་པའི་བློས། གཞུང་བཞིན་འབད་དེ་ཉམས་སུ་ལེན་འཚལ། གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་དབང་བསྐུར་ཐོབ་པའི་དབང་སྲོག་དམ་ཚིག་གི་གནད་ཀྱང༌། རྡོ་རྗེ་ཐེག་པའི་དམ་ཚིག་རྩ་བ་དང་ཡན་ལག་གིས་བསྡུས་པ་སྤྱི་དང་བྱེ་བྲག །མཆོག་དམན་བར་མའི་ཞིང་རྣམས་ལ་ཅི་འབྱོར་པའི་དངོས་པོ་སེར་སྣས་མ་བཅིངས་པའི་མཆོད་སྦྱིན་བྱ་བ་དང༌། ཉམ་ཐག་པའི་འགྲོ་བ་ཐམས་ཅད་སྦྱིན་པ་རྣམ་པ་བཞིས་ཚིམས་པར་བྱ་བ་དང༌། ནང་གི་ཏིང་འཛིན་གྱི་རིམ་པ་ལ་བརྟེན་ནས་ཟག་མེད་མཆོག་གི་ཡེ་ཤེས་སེམས་ཀྱི་ནོར་བུ་རིན་པོ་ཆེ་དུས་རྟག་ཏུ་བསྟེན་པ་ལ་སོགས་པ་བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་སྤེལ་བའི་ཐབས་ལ་བརྩོན་པ་ལྷུར་ལེན་པ་རྣམས་མཛད་དགོས་པས། དེ་ལྟར་བྱ་བའི་འདུན་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང༌། གཏང་རག་མཎྜལ། ལུས་དབུལ། དགེ་བསྔོ་བཅས་ཀྱིས་གྲུབ། བཞི་པ་ཆོ་གའི་རྗེས་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་པ་ནས་དངོས་གྲུབ་བསྡུ་ཞིང་རྗེས་རིམ་རྣམས་མཐར་རྒྱས་སུ་བྱའོ། །གསུམ་པ་ལས་ཚོགས་ཉེར་མཁོ་ལ་གསུམ་ལས། དང་པོ་འཁོར་ལོ་བཅའ་སྒྲུབ་བྱ་བ་ནི། གཙོ་མོ་ཡབ་ཡུམ་གྱི་སྲོག་འཁོར་ནི། འབྲི་གཞི་གསེར་དངུལ་ལ་གཟོང་གིས་འབུར་བུ་བརྐོ་བའམ། བཀྲ་ཤིས་གཡང་ཆགས་ཀྱི་དར་སེར་པོ་ལ་དངུལ་ལམ། མཚལ་གྱིས་ཡབ་ཡུམ་གྱི་འཁོར་ལོ་སོ་སོར་མུ་ཁྱུད་ལྔ་རིམ་བསྐོར་བའི་དབུས་ཀྱི་མུ་ཁྱུད་དང་པོ་ལྟེ་བ་དང༌། གཉིས་པར་ཕྱོགས་མཚམས་པདྨ་འདབ་བརྒྱད་རྣམས་ཀྱི་ལྟེ་བར་བྃ་ཡིག་རེའི་མཐར་དབུ་ནས་བརྩམས་གཡས་བསྐོར་གྱིས་དབུས་སུ་གཙོ་མོ་ནོར་རྒྱུན་མ། ཤར་འདབས་སུ་ཟླ་འོད་མ། ཤར་ལྷོར་རབ་བཟང་མ། ལྷོར་སྦྱིན་མ། ལྷོ་ནུབ་ཏུ་སྦས་མ། ནུབ་ཏུ་རབ་སྦྱིན་མ། ནུབ་བྱང་དུ་མཛེས་མ། བྱང་དུ་འཕགས་མ། བྱང་ཤར་དུ་དབྱངས་ཅན་མ་སྟེ། ཡུམ་བརྒྱད་ཀྱི་སྔགས་དང༌། མུ་ཁྱུད་གསུམ་པར་དབྱངས་གསལ། སྤྲོ་ན་རྟེན་སྙིང་ཡང་བྲི། མཐར། གནས་འདིར་ཟས་ནོར་འབྲུ་རིགས་དར་གོས་རྟ་ནོར་རྐང་ཕྲན་བརྒྱུད་འཛིན་འཁོར་སློབ་ལ་སོགས་པ་ཡིད་ལ་འདོད་རྒུའི་ལོངས་སྤྱོད་དང༌། མཆོག་གི་དངོས་གྲུབ་ཡིད་བཞིན་སེམས་ཀྱི་རིན་ཆེན་ཚེ་འདིར་ཐོབ་པའི་དངོས་གྲུབ་དམ་པ་སྩལ་ཞིང་བརྟན་པར་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་པ་རྣམས་གཡས་བསྐོར་ཡིག་མགོ་ཕྱིར་བསྟན་བྲི། བཞི་པར་ནོར་ཕྲེང་དང༌། ལྔ་པར་ནོར་འཛིན་པ་ཊ་གཡས་བསྐོར་དུ་བྲི། དེ་བཞིན་ཡབ་འཁོར་མུ་ཁྱུད་ལྔ་པ་གོང་བཞིན་གྱི་ལྟེ་བ་དང༌། འདབ་མ་རྣམས་སུུ་ཛཱཾ། དབུས་མར་ཡབ་ཛམྦྷ་ལའི་སྔགས་དང༌། ཤར་དུ་ནོར་བུ་བཟང་པོ། ཤར་ལྷོ་སྤྱོད་པའི་དབང་པོ། ལྷོར་རྣམ་ཐོས་སྲས། ལྷོ་ནུབ་ཏུ་གདོང་གི་དབང་པོ། ནུབ་ཏུ་ནོར་སྦྱིན། ནུབ་བྱང་དུ་འཇམ་པོ་འཁྱིལ། བྱང་དུ་གང་བ་བཟང་པོ། བྱང་ཤར་དུ་རོལ་པའི་ཕྲེང་བ་རྣམས་ཀྱི་སྙིང་པོ་འགོད། གཞན་མུ་ཁྱུད་གསུམ་གོང་དང་མཚུངས། དེ་རྣམས་བྲི་བསུབ་ཆད་ལྷག་མེད་པར་བྲིས་ལ། སྦྱོང་ཁྲུས་བྱས་ཏེ། སྦྲང་རྩི་དང༌། མར་དཀར་པོས་ཁྱབ་པར་བྱུག་ནས། ཡུམ་འཁོར་གཙོ་བོར་བྱེད་པའི་དབང་གིས་འོག་དང༌། ཡབ་དེ་ལ་འཁྱུད་པའི་ཚུལ་དུ་སྟེང་མ་བྱས་ལ། སྲོག་ཡིག་སོགས་མ་འཛོལ་བར་ཞལ་སྦྱར། དར་སྐུད་སེར་པོས་རྒྱ་གྲམ་དུ་བཅིངས་ཤིང༌། དར་སེར་པོའི་ན་བཟས་དྲིལ་བ། རིན་པོ་ཆེའི་སྣོད་དུ་མངར་གསུམ་ཞུན་མར་གྱིས་བལྟམས་པའི་ཁར་བཞུགས་སུ་གསོལ་བ་གཙོ་བོ་དང༌། སྐུ་གསུང་ཐུགས་རྟེན་བཅས་བཞུགས་པའི་རིན་པོ་ཆེའི་བུམ་པ་གཞུང་གསལ་བཞིན་ལེགས་པར་བཅས་ལ། རས་བྲིས་སམ་ཚོམ་བུའི་ཁར་བཞུགས། མཆོད་པ་རྣམས་བཤམས་ལ། བདག་བསྐྱེད་སྔོན་འགྲོས། སླར་མདུན་བསྐྱེད་ཏིང་འཛིན་གསུམ་ནས་བཟླས་པའི་བར་གཏེར་གཞུང་བཞིན་བསྐྱང་ཞིང༌། ཐུན་བཞིའམ། གསུམ་གྱིས་ཉིན་གསུམ་ལྔ་བདུན་སོགས་བསྒྲུབ་ཅིང༌། ཐུན་མཚམས་སུ་མཎྜལ། གཏོར་འབུལ། ཚོགས། མེ་མཆོད་རྣམས་རེས་མོས་ཀྱིས་སྦྱོར་བ་དང༌། ཐུན་སོ་སོའི་མཐར་འདོད་གསོལ་བརྟན་བཞུགས་ནི། བཅོམ་ལྡན་འདས་མ་ནོར་རྒྱུན་ལྷ་མོ་དང༌། ཡབ་ཛམ་བྷ་ལ། འཁོར་ལྷ་མོ་བརྒྱད། ཡབ་བརྒྱད། རྩ་གསུམ་ནོར་ལྷ་གཏེར་བདག་བྱེ་བའི་ཚོགས་དང་བཅས་པ་རྣམས་རྟེན་འདི་ལ་བརྟན་པར་བཞུགས་ནས། སྔོན་གྱི་ཐུགས་དམ་མ་གཡེལ་བར་སྒྲུབ་པ་པོའམ། སྦྱིན་པའི་བདག་པོར། སྟོང་གསུམ་འཇིག་རྟེན་འཁོར་འདས་རབ་འབྱམས་ཐམས་ཅད་ཀྱི་སྣོད་ཀྱི་འབྱུང་བའི་དྭངས་མ། བཅུད་ཀྱི་འབྱོར་བའི་དཔལ་ཡོན། དབང་པོ་དྲུག་གི་འདོད་ཡོན། ལྷའི་བདུད་རྩི། ཀླུའི་ནོར་བུ། གནོད་སྦྱིན་གྱི་གཏེར་ཆེན། གླིང་བཞིའི་མི། ཕྲོ་བྲང་མཁར། རིགས་བརྒྱུད་སྲས། མངའ་རིས་བདེ་སྐྱིད། དཔའ་རྩལ་སྟོབས། སྲ་བརྟན་གོ་ཆ། རྐང་བཞི་ཕྱུགས། ལོ་ཏོག་འབྲུ་བཅུད། བཟང་ཤིང་སྨན། ཞིམ་མངར་ཟས། བཀྲག་ལྡན་གོས། ཡིད་འཕྲོག་རྒྱན། བརྗིད་ལྡན་ནོར། མཁས་པའི་མཁྱེན་རབ། གྲུབ་པའི་ནུས་མཐུ། འཕགས་པའི་སྤངས་རྟོགས། དམ་པའི་ཆོས། བཤད་སྒྲུབ་བསྟན་པ། འཆི་མེད་ཚེ། བསོད་ནམས་དབང་ཐང༌། སྙན་གྲགས་དཔལ་འབྱོར། ནད་མེད་བདེ་བ། རྒས་མེད་ལང་ཚོ། མདོར་ན་ཅི་བསམ་ཡིད་བཞིན་ཏུ་འགྲུབ་པའི་ཕྱ་གཡང་དངོས་གྲུབ་མ་ལུས་པ་ཐོགས་མེད་མྱུར་དུ་སྩོལ་བར་མཛད་དུ་གསོལ། ཞེས་གསོལ་ཞིང་མེ་ཏོག་སེར་པོ་འཐོར། དེ་ལྟར་བསྒྲུབ་པ་མཛོད་ཀྱི་ཕུག་ཏུ་བཀུར་སྟི་དང་བཅས་ཏེ་བཞུགས་སུ་གསོལ་བ་དང༌། རྟེན་གྱི་གཟུངས་གཞུག་ཏུ་རྒྱས་པར་བུམ་པ་དང༌། བསྡུ་ན་འཁོར་ལོ་གནོད་སྦྱིན་འཁོར་ལོ་སྤྱི་ལྟར་གྱིས་བཞུགས་ན། གནོད་སྦྱིན་འཁོར་ལོ་མཆོག་ཏུ་འགྱུར་རོ། །གཉིས་པ་ཉེར་མཁོའི་མེ་མཆོད་མདོར་བསྡུས་པ་ནི། བཀྲ་ཤིས་པའི་སྟེགས་བུར་རྒྱས་པའི་བསྲེག་ཐབ་སྤྱི་ཁྱབ་ལྷ་གྲངས་ཀྱི་ཚོམ་བུ་ཅན་ནམ། མ་འབྱོར་ན་ས་སེར་བརྡལ་བའི་སྟེང༌། མེ་ཏོག་སེར་པོའི་ཚོམ་བུ་གཙོ་འཁོར་དགུ། དེ་རྒྱབ་ཕྱོགས་བཞི་རེ་རེ་བཅས་བཀོད། ཤུག་པ། ཁམ་བུ་ལ་སོགས་པའི་ལས་མཐུན་གྱི་ཤིང་གྲུ་བཞིར་བརྩེགས། སློབ་དཔོན་གྱི་གཡས་ངོས་སུ་མཆོད་སྲེག་གི་རྫས་རིན་པོ་ཆེ། འབྲུ་སྨན། དར་ཟབ། ཕྱེ་ཕུད་སོགས་གང་འབྱོར་དང༌། རང་གི་འདོད་པའི་ནོར་སྣ་རྣམས་གཙང་མར་སྦྱར་བའི་རྫས་སྤུངས་དང༌། སྤྲོ་ན་ཉེར་སྤྱོད། འདོད་ཡོན་ལྔ་བྲིས་པའམ། མར་ལ་སྤར་བཏབ་པ་དང༌། སྨན་གཏོར་རཀྟ་ཙམ་འདུ་བྱས་ལ། ཁ་བྱང་དུ་ཕྱོགས་པས། བསྲེག་རྐྱང་སྐབས། འདི་ཉིད་ནི་རྒྱུན་ཁྱེར་ཙམ་ལ་བརྟེན་པའི་བདག་བསྐྱེད་བཟླས་པ་བསྡུ་ལྡང་གྲུབ་ཀྱི་བར་སྔོན་དུ་འགྲོ་བས། བསང་ཆུ་འཁྱིལ་པའི་སྔགས་ཀྱིས་བསྒྲུབ། ཐུན་མཚམས་སུ་ཡིན་ན་བདག་བསྐྱེད་དང་བསང་ཆུ་སྔོན་བསྒྲུབ་དེ་ཀས་འཐུས། གོང་ལྟར་མཆོད་རྫས་བྱིན་གྱིས་བརླབ་ཏེ། བཀྲ་ཤིས་པའམ། མེ་ཤེལ་གྱི་མེ་ལ། ཨ་མྲྀ་ཏས་བསང༌། ཏྲཱྃ་རཏྣ་ཛྭ་ལ་རྃ་གྱིས་ཐབ་ཀྱི་ཤར་ལྷོ་ནས་མེ་སྤར། ཐབས་ལས་སྔགས་ཀྱིས་བསང༌། ཆོས་ཉིད་རྣམ་དག་སྔགས་ཀྱིས་སྦྱང༌། སྟོང་པའི་ངང་ལས་མདུན་དུ་རྒྱས་པའི་ཐབ་ཁུང་གྲུ་བཞི་སེར་པོ། མཚན་ཉིད་ཡོངས་སུ་རྫོགས་ཤིང༌། མེ་གསེར་མདོག་ཏུ་འབར་བའི་དབུས་སུ། བཅོམ་ལྡན་འདས་འཕགས་མ་ནོར་རྒྱུན་ལྷ་མོ། །དཔལ་ལྡན་མགོན་པོ་ཛམ་བྷ་ལ་དང་ཐབས་གཅིག་པའི་འཁོར་རིགས་ཀྱི་ལྷ་མོ་བརྒྱད། རང་རང་གི་ཡབ་དང་རོལ་པ། བཀའ་སྡོད་རྒྱལ་པོ་ཆེན་པོ་སྡེ་བཞི། གཞན་ཡང་རྩ་གསུམ་ནོར་ལྷ་གཏེར་བདག་བྱེ་བའི་ཚོགས་དང་བཅས་པ་སྐད་ཅིག་གིས་གསལ་བའི་གནས་གསུམ་འབྲུ་གསུམ་དང༌། ཐུགས་སྲོག་འོད་ཟེར་འབར་བས་མཚན་པ་དང༌། བདག་གི་ཐུགས་ཀའི་འོད་ཀྱིས། འོག་མིན་གྱི་གནས་དང༌། ལྕང་ལོ་ཅན་གྱི་ཞིང་དང༌། ཕོ་བྲང་གསེར་གྱི་རྒྱལ་མཚན་ཅན་ལ་སོགས་པ་ནས། ཡེ་ཤེས་པའི་ཚོགས་སྤྱན་དྲངས་པར་གྱུར། ཨེ་ཧྱ་ཧི་བཛྲ་ས་མཱ་ཛཿས་དྲངས། ཛཿཧཱུྃ་བྃ་ཧོཿདམ་ཚིག་པ་ལ་བསྟིམ། བཛྲ་ས་མ་ཡ་ཏིཥྛ་ལྷན་གྱིས་ཐུགས་དམ་བསྐུལ་ཞིང་བཞུགས་སུ་གསོལ། ཏྲཱྃ་ཨོཾ་ཧཱུྃ་ཧྲཱིཿཨཱཿས་དབང་བསྐུར། ཨ་ཏི་པཱུ་ཧོཿས་ཕྱག་འཚལ། ཨོཾ་ཤྲཱི་བ་སུ་དྷཱ་རི་ཛམྦྷ་ལ་ས་པ་རི་ཝཱ་ར་ཞེས་པ་སྔོན་དུ་འགྲོ་བས། ཨརྒྷཾ་ཨཱཿ པདྱཾ་པྃ༔ པུཥྤེ་ཏྲཱྃ༔ དྷཱུ་པེ་ཧཱུྃ༔ ཨཱ་ལོ་ཀེ་ཧྲཱི༔ གནྡྷེ་ཨཱཿ ནཻ་བིདྱ་ཨོཾ༔ ཤབྡ་ཧོཿ ཞེས་ཕྱི་མཆོད་ཉེར་སྤྱོད་དང༌། རཱུ་པ༔ ཤཔྡ༔ གནྡྷེ༔ ར་ས༔ སྤརྴེ༔ དྷརྨ་དྷཱ་ཏུ༔ ཞེས་ནང་མཆོད་འདོད་ཡོན་ལྔ་རྣམས་སོ་སོའི་མཐར། པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་སྦྱར་བས་འབུལ་བ་དང༌། སྔགས་སྔ་མ་ལ། མ་ཧཱ་ཨ་མྲྀ་ཏ་ཁ་རྃ་ཁཱ་ཧི༔ དེ་བཞིན་དུ། རཀྟ༔ བ་ལིཾ་ཏ་སྦྱར་བས་སྨན་རཀ་གཏོར་མ་འབུལ། ཧཱུྃ། བདེ་བར་གཤེགས་པའི་སྨོན་ལམ་ལས། །འདོད་འབྱུང་ནོར་བུའི་གཞལ་ཡས་ནས། །དཔའ་མོ་ནོར་རྒྱུན་ལྷ་མོ་ནི། །དཔལ་ལྡན་མགོན་པོ་ཛམྦྷ་ལ། །གཉིས་མེད་གཙོ་དང་མཆེད་བརྒྱད་འཁོར། །རྩ་གསུམ་ནོར་ལྷ་རབ་འབྱམས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། སླར་ཡང་རྫས་སྤུངས་ལ་བདུད་རྩིས་བྲན་ཏེ། ཨོཾ་ཨཱཿཧཱུྃ། ལན་གསུམ། བསྲེག་རྫས་ཟག་པ་མེད་པའི་བདུད་རྩི༔ མཁོ་རྒུའི་ལོངས་སྤྱོད། རྒྱན་ཕྲེང་ན་བཟའ་སོགས་སྤྲིན་ཕུང་ལྟར་གྱུར་ནས༔ ནོར་རྒྱུན་ལྷ་མོ་འཁོར་བཅས་ལ་ཕུལ་བས་མཉེས་ཤིང་འདོད་རྒུའི་དངོས་གྲུབ་ཆར་བཞིན་དུ་འབེབས་པར་བསམས་ལ༔ རྩ་སྔགས་སམ། གོང་སྔགས་ས་པ་རི་ཝཱ་རའི་མཐར། ཨོཾ་ཨགྣེ་ཡ་སརྦ་པཱུ་ཛ་ས་མ་ཡ་ཧོཿ སརྦ་རཏྣ་བ་སུ་སིདྡྷི་སྡུས་སྡུས་པུཥྟིཾ་ཀུ་རུ་སྭཱ་ཧཱ། །ཞེས་བརྒྱ་རྩ་སོགས་ཅི་ནུས་ཕུལ་མཐར། ཡེ་ཤེས་པ་སྲོག་འཁོར་སོགས་རྟེན་ལ་ཐིམ། དམ་ཚིག་པ་མེ་འབར་བ་རབ་ཏུ་རྒྱས་པ་ལས་འོད་ཟེར་མཁའ་ལ་སྤྲིན་བཞིན་ཏུ་ཆགས་པའི་གསེབ་ནས། འདོད་རྒུའི་ཆར་ཆེན་པོ་བབས་པས། གནས་ཁང་བང་མཛོད། ཡུལ་ཕྱོགས་ཕྱུར་བུར་ཁེངས་པར་གྱུར། །ཞེས་བསྒོམ་ཞིང༌། དགེ་བསྔོ་བཀྲ་ཤིས་སོགས་བྱས་ལ། ཐལ་སོལ་མཛོད་དང་ཞིང༌། ལྷས། རི་བོ་འཕན་བཟང་རྣམས་སུ་བསྐྱལ་ལོ། །གསུམ་པ་འཕྲོས་དོན་ལ་གཉིས་ཀྱི་དང་པོ་འབྲུ་གཡང་སྤེལ་བ་ནི། བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཞལ་གདམས་སྙིང་བྱང་གི་ནོར་སྒྲུབ་རིན་ཆེན་བུམ་བཟང་གི་ལས་ཚོགས་འཕགས་མ་ནོར་རྒྱུན་མའི་འབྲུ་སྤེལ་བའི་ཆོ་ག་འདིར་སྦྱོར་བར་འདོད་ན། སྦྱོར་བ་གོང་གི་ཕྲིན་ལས་ཇི་ལྟ་བ་ལ། ནོར་རྒྱུན་ཡབ་ཡུམ་མམ། ཡུམ་རྐྱང་གི་སྐུ་རྟེན་བྱིན་རླབས་ཅན་ཁྲིའུའི་དབུས་སུ་བཞུགས་སུ་གསོལ། སྣོད་བཟང་པོའམ། བུམ་པར་དྲི་བཟང་དང༌། རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་ཆུ་གཙང་ལ་སྦྱར་བ་དང༌། ཁྲུས་བུམ། ཁྲུས་ཆས་མེ་ལོང༌། བཟེད་ཞལ། སྐུ་ཕྱིས། གོས་ཟུང་སོགས་ཁྲུས་ཆོག་གང་ཡིན་གྱི་བཤམས་བཀོད། དངོས་བཞིའི་ཕྲིན་ལས་བཞིན་ཚང་བར་བཏང་བའི་བཟླས་པའི་སྐབས། ས་བོན་ལ་བསྲེ་རྒྱུའི་འབྲུ་གཙང་མ་ཡོད་ན་ཧས་གདབ་ཅིང་བྱིན་བརླབས་བྱས་ན་ལེགས་པར་སེམས། བདག་བསྐྱེད་གྲུབ་པ་དང༌། ཁྲུས་བུམ་ལ་མཆོག་གླིང་ཁྲུས་ཆོག་ཟླ་བའི་བདུད་རྩི་བདག་བསྐྱེད་དང་བཅས་པའམ། སྤྱི་ཁྱབ་ཏུ་རྣམ་འཇོམས། སྨེ་བརྩེགས། འཁྱིལ་པ་གང་རིགས་ཀྱི་བསྐྱེད་བཟླས་འོད་ཞུ་བཅས་བྱ། མདུན་བསྐྱེད་ཀྱི་དམིགས་རྟེན་སྐུ་རྟེན་ལ་དམིགས་པས་གཏེར་གཞུང་གི་ཏིང་འཛིན་རྣམ་གསུམ་ནས་བཟུང༌། ལྷ་བསྐྱེད་ནས་བཟླས་པ་གཙོ་བོ་ཡབ་ཡུམ་རྐྱང་པས་འཐུས། རིན་པོ་ཆེའི་སྣོད་དུ་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་ཟླ་དཀྱིལ་ལ་གནས་པའི་ས་བོན་བྃ་དང༌། ཛྃ་ཡིག་ཉི་མའི་སྙིང་པོ་ལྟར་རྒྱས་པའི་མཐར། ཡབ་ཡུམ་གྱི་སྔགས་གསེར་གྱི་ཕྲེང་བ་ལྟ་བུར་འཚེར་བས་བསྐོར་བ་ལས། བཟླས་པའི་སྒྲ་འོད་ཀྱིས་མཁའ་ཁྱབ་ཀྱི་རྩ་བ་གསུམ་དང༌། ཁྱད་པར་བྱང་ཆུབ་སེམས་མ་ནོར་རྒྱུན་མ་ཡབ་ཡུམ་གྱི་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ནུས་བཅུད་ཐམས་ཅད་དང་ཡེ་ཤེས་བདུད་རྩི་གསེར་ཞུན་མའི་མདོག་ལྟར་འཁྱིལ་བ་སྤྱན་དྲངས། ས་བོན་གཟུངས་སྔགས་དང་བཅས་པར་ཐིམ། དེ་ལས་འདོད་རྒུ་ནོར་བུའི་སྤྲིན་གྱི་སྙིང་པོའི་རྒྱུན་བབ་པ། དྲི་ཆབ་ལ་འདྲེས་པས་དགོས་འདོད་འབྱུང་བའི་དབྱིག་ཏུ་བསམས་ལ། ཨོཾ་བྃ་བ་སུ་དྷ་རི་ཎཱི་སྭཱ་ཧཱ༔ སརྦ་སིདྡྷི་ཕ་ལ་པུཥྟིཾ་ཀུ་རུ་ཨོཾ༔ །ཞེས་ཁྲི་འབུམ་དང༌། ཨོཾ་ཛམྦྷ་ལ་ཛཱ་ལེནྟ་ཡེ་སྭཱ་ཧཱ༔ སརྦ་སིདྡྷི་ཕ་ལ་པུཥྟིཾ་ཀུ་རུ་ཨོཾ༔ །ཞེས་གོང་གི་ལྔ་ཆ་ལས་མི་ཉུང་བ་བཟླས་མཐར། ཡིག་འབྲུུ་ས་བོན་སྔགས་ཕྲེང་དང་བཅས་པ་འོད་དུ་ཞུ། གཟུངས་ཆབ་དང་འདྲེས་པས། ཆུ་ཡི་རྡུལ་ཕྲ་རབ་རེ་རེ་བཞིན། བདེ་བར་གཤེགས་པའི་དཔལ་ཡོན་ལས་གྲུབ་པའི་ནོར་བུའི་རྒྱལ་པོར་གྱུར་པར་བསམ། དབྱངས་གསལ། ཡིག་བརྒྱ། རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་ནུས་པ་བརྟན། སྟོང་ཚིག་འབུལ། ཁྲུས་ཁང་བསྐྱེད་པ་ནས། མདུན་རྟེན་ལ་ཁྲུས་གསོལ་ཞིང༌། སྐུ་ཕྱིས། ན་བཟའ་འབུལ། དེ་ནས་མཎྜལ་སོགས་འབུལ། བརྟན་ཅིང་འདོད་དོན་གསོལ་བ་ནི། བཅོམ་ལྡན་འདས་མ་ནོར་རྒྱུན་ལྷ་མོ་དང༌། ཡབ་ཛམྦྷ་ལ། འཁོར་ལྷ་མོ་བརྒྱད། ཡབ་བརྒྱད། རྩ་གསུམ་ནོར་ལྷ་གཏེར་བདག་བྱེ་བའི་ཚོགས་དང་བཅས་པ་རྣམས་ཀྱི་བྱིན་རླབས་རྟེན་འདིར་བཞུགས་ནས། སྦྱིན་པའི་བདག་པོ་ལ་འདོད་རྒུའི་དཔལ་འབྱོར་དམ་པ་སྤྱི་དང༌། ཁྱད་པར་ཡུལ་གྱི་ས་བཅུད་རྒྱས་ཤིང༌། ལྷ་ཀླུ་གཞི་བདག་འབྱུང་པོའི་གདུག་རྩུབ་ཞི་ནས། སད་སེར་བཙའ་ཐན་འབུ་སྲིན་སོགས་མི་འབྱུང་ཞིང༌། ལོ་ཏོག་ཕུན་སུམ་ཚོགས་པ་འཕེལ་བ་དང༌། འཇིག་རྟེན་ཁམས་ཀྱི་འབྲུ་གཡང་འཛད་མེད་གཏེར་གྱི་ལོངས་སྤྱོད་ཐམས་ཅད་འདུ་བའི་ཕྲིན་ལས་དང༌། དངོས་གྲུབ་རྒྱ་ཆེན་པོ་རྒྱུན་མི་ཆད་པ་བསྩལ་ཞིང་བརྟན་པར་མཛད་དུ་གསོལ། །ཞེས་འདོད་དོན་གསོལ་བ་བཅས་བྱ། དེ་ལྟར་ཐུན་བཞིའམ། གསུམ་སོགས་བསྐྱལ་བའི་ཐུན་རྗེས་མར་གཏོར་འབུལ་རྗེས་ཚོགས་མཆོད་སོགས་མཐར་དབྱུང༌། སྒྲུབ་པ་ཐོན་ཟིན་ནས། ལྷ་ཁྲུས་ཀྱི་ཁྲུས་ཆབ་དང༌། གཟུངས་ཆབ་ལྷན་ཅིག་བསྲེས་ནས་ས་བོན་ལ་བྲན་པས། ལོ་ཏོག་ལེགས་ཤིང༌། བཙའ་སད་སེར་བའི་གནོད་པ་ཞི། འབྲུ་ཡི་ཁང་པར་གཏོར་བས། བསྲིས་སྨེ་བར་འགྱུར་རོ། །གཉིས་པ་སྲིད་ཞིའི་དཔལ་འབྱོར་ཕྱ་གཡང་འགུགས་པ་ནི། བུམ་སྒྲུབ་དང༌། འབྲུ་སྤེལ་བའི་སྐབས་གཡང་འགུགས་བྱེད་པར་སྤྲོ་ན། སྦྱོར་བའི་སྐབས། གཏོར་མ་གསེར་སྐྱེམས་སོགས་མཆོད་པའི་དཔུང་བསྐྱེད། གཡང་མདའ་རྒྱན་ལྡན་སོགས་འདུ་བྱ། གཉིས་ཀའི་མདུན་བསྐྱེད་སྟོང་ཚིག་གྲུབ་མ་ཐག་པར། ཐུགས་དམ་བསྐུལ་ཞིང་སྲིད་ཞིའི་དྭངས་བཅུད་འགུགས་པ་ནི། བདག་གི་ཐུགས་ཀའི་འོད་ཟེར་གྱིས༔ མདུན་བསྐྱེད་འཁོར་བཅས་ཐུགས་རྒྱུད་བསྐུལ༔ རབ་ཏུ་དགྱེས་པའི་གཟི་བྱིན་བསྐྱེད༔ རྡོ་རྗེའི་སྔགས་ཀྱི་སྒྲ་ཆེན་བསྒྲགས༔ ཡེ་ཤེས་འོད་ཟེར་མཁའ་ཁྱབ་འཕྲོས༔ སྟོང་གསུམ་འཇིག་རྟེན་ཁམས་ཀུན་གཡོས༔ འཁོར་འདས་ཀུན་གྱི་བཅུད་དང་དཔལ༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་ཚོགས༔ རང་དབང་མེད་པར་འུབས་ཀྱིས་བསྡུས༔ བདག་གི་བང་མཛོད་གནས་ཁང་དང་༔ ཡུལ་ཕྱོགས་ཐམས་ཅད་ཕྱུར་བུར་ཁེངས༔ དྭངས་མ་རྟེན་རྫས་རྣམས་ལ་ཐིམ༔ ཡིད་བཞིན་འདོད་འཇོའི་དཔལ་དུ་བསམ༔ །ཞེས་པའི་དམིགས་པ་གསལ་གདབ་ལ། སྦྱར་སྤོས་བསྲེག །དབྱངས་རོལ་གདུངས་ཤུགས་དང་བཅས་པས་མདའ་དར་གཡབ་ལ། ཧཱུྃ༔ བཀྲ་ཤིས་ཡིད་འོང་གྲུབ་པའི་ཞིང་༔ ལོངས་སྤྱོད་གཏེར་གྱི་ཕོ་བྲང་ནས༔ རིགས་ཀྱི་ཁྱབ་བདག་ནོར་གྱི་རྒྱུན༔ དཔལ་ལྡན་མགོན་པོ་ཛམྦྷ་ལ༔ མཆེད་བརྒྱད་ཡབ་ཡུམ་སྒོ་སྐྱོང་དང་༔ རྩ་གསུམ་ནོར་ལྷ་རབ་འབྱམས་སོགས༔ རྩེ་གཅིག་གུས་པས་བསྒྲུབ་ལགས་ན༔ བྱམས་པའི་ཞལ་བཟང་དུས་འདིར་སྟོན༔ དགྱེས་པ་ཆེན་པོའི་གཟི་བྱིན་བསྐྱེད༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ཉེར་སྤྱོད་འདོད་ཡོན་སྤྲིན་ལྟར་གཏིབས༔ སྣོད་བཅུད་རི་གླིང་འབྱོར་པའི་ཚོགས༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ བུམ་བཟང་འདོད་འཇོ་དཔག་བསམ་ཤིང་༔ གཏོར་མ་སྐྱེམས་ཕུད་རོ་བཅུད་ལྡན༔ ཟད་མི་ཤེས་པའི་ལོངས་སྤྱོད་ཀྱིས༔ གཡར་དམ་བསྐང་ཞིང་ཉམས་ཆག་བཤགས༔ མོས་ཤིང་གདུང་བས་རྒྱུད་བསྐུལ་ན༔ ཐུགས་རྗེ་ཐུགས་དམ་དབྱིངས་ནས་དགོངས༔ སྟོང་གསུམ་འཁོར་འདས་རབ་འབྱམས་ཀྱི༔ སྣོད་ཀྱི་འབྱུང་བའི་ཕྱྭ་གཡང་ཁུག༔ བཅུད་ཀྱི་འབྱོར་པའི་ཕྱྭ་གཡང་ཁུག༔ མཛེས་སྡུག་གཟུགས་ཀྱི་ཕྱྭ་གཡང་ཁུག༔ སྙན་འཇེབས་སྒྲ་ཡི་ཕྱྭ༴ བསུང་ཞིམ་དྲི་ཡི་ཕྱྭ༴ བཅུད་ལྡན་རོ་ཡི་ཕྱྭ༴ འཇམ་འཁྲིལ་རེག་བྱའི་ཕྱྭ༴ ཡིད་མཐུན་ཆོས་ཀྱི་ཕྱྭ༴ ལྷ་ཡི་བདུད་རྩིའི་༴ ཀླུ་ཡི་ནོར་བུའི་༴ གནོད་སྦྱིན་གཏེར་གྱི་༴ གླིང་བཞི་མི་ཡི་༴ ཕོ་བྲང་མཁར་གྱི་༴ རིགས་བརྒྱུད་སྲས་ཀྱི༴ མངའ་རིས་བདེ་སྐྱིད༴ དཔའ་རྩལ་སྟོབས་ཀྱི༴ སྲ་བརྟན་གོ་ཆའི༴ རྐང་བཞི་ཕྱུགས་ཀྱི༴ ལོ་ཏོག་འབྲུ་བཅུད༴ བཟའ་ཤིང་སྨན་གྱི། ཞིམ་མངར་ཟས་ཀྱི༴ བཀྲག་ཅན་གོས་ཀྱི༴ ཡིད་འཕྲོག་རྒྱན་གྱི༴ བརྗིད་ཅན་ནོར་གྱི༴ མཁས་པའི་མཁྱེན་རྩལ༴ གྲུབ་པའི་ནུས་མཐུའི༴ འཕགས་པའི་སྤང་རྟོགས༴ དམ་པའི་ཆོས་ཀྱི༴ བཤད་སྒྲུབ་བསྟན་པའི༴ འཆི་མེད་ཚེ་ཡི༴ བསོད་ནམས་དབང་ཐང་ཕྱྭ་གཡང་ཁུག༔ སྙན་ཅིང་གྲགས་པའི༴ དབང་དང་འབྱོར་བའི༴ ནད་མེད་བདེ་བའི༴ རྒས་མེད་ལང་ཚོའི༴ ཅི་བསམ་འགྲུབ་པའི༴ ཕྱྭ་ཁུག་གཡང་སྐྱོབ་དངོས་གྲུབ་སྩོལ༔ བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད༔ ཨོཾ་ཤྲཱི་བ་སུདྷཱ་རི་ནཱི་ཛམྦྷ་ལ་ཛ་ལེནྟྲ་ཡེ་སྭཱ་ཧཱ༔ སརྦ་སིདྡྷི་སྡུས་སྡུས༔ རཏྣ་པུཥྟིཾ་ཝ་ཤཾ་ཀུ་རུ་ཧོཿ ཞེས་བསྐུལ་མཐར། མཎྜལ་སོགས་ཐུན་མཚམས་ཀྱི་མཆོད་འབུལ་སོ་སོར་འཇུག་གོ །བདེ་གཤེགས་དབང་བཅུའི་ཉི་མ་ཡིས། །དབུལ་བའི་མུན་པ་ཀུན་བསལ་ཏེ། །ཕན་བདེའི་པད་ཚལ་ཅི་དགར་བཞད། །དོན་གཉིས་དཔལ་གྱིས་འབྱོར་གྱུར་ཅིག །ཅེས་པའང་གཏེར་མའི་ཕྱོགས་དང། ཁྱད་པར་བླ་མེད་ཀྱི་རྒྱུད་སྡེ་ལྟར་བྱོན་པ་ཆེས་དཀོན་པས། འདི་ཉིད་གྱི་རྒྱུན་ཆད་པར་ཕངས་ཤིང༌། མཆོག་གླིང་རིགས་ཆོས་ཀྱི་བརྒྱུད་འཛིན། སྤྲུལ་སྐུ་བསམ་གཏན་རྒྱ་མཚོས་གསུངས་བསྐུལ་གནང་བ་དང༌། ཉེར་མཁོའི་ཆ་རྐྱེན་དུ་གྱུར་པས་མཚམས་སྦྱར། ལྷག་བསམ་བཟང་པོས་ཀུན་ནས་བསླངས་ཏེ། སངས་རྒྱས་ཀརྨ་པའི་མཚན་གྱི་ཅོད་པན་འཆང་བའི་རིག་འཛིན་གྱི་བཙུན་པ། ཀུན་བཟང་མཁའ་ཁྱབ་རང་བྱུང་བདེ་བའི་རྡོ་རྗེས། གཏེར་གཞུང་རྩ་བར་བཟུང༌། ཁ་འགེང་དང༌། ལས་ཕྲན། གཡང་འགུགས་སོགས་ཕལ་ཆེར་ཀུན་མཁྱེན་བླ་མ་ཉིད་ཀྱི་གཏེར་ཁ་ལས་བཏུས་ཏེ། ཉུང་དུ་རྣམ་གསལ་དུ་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་མཚུར་མདོའི་གནྡྷོ་ལ་ཆེན་པོའི་རྒྱབ་རི། ནོར་སྦྱིན་སྙིང་རྗེའི་གཏེར་འཆང་གི་ཕོ་བྲང༌། བྲག་རི་རིན་ཆེན་བརྩེགས་འདྲའི་ལྟེ་བ། སྒྲུབ་སྡེ་ཆེན་མོ་ལྷུན་གྲུབ་ཕོ་བྲང་དུ་སྦྱར་བའི་ཡི་གེ་གཉིས་པར་འགོད་པ་པོ་ནི་དགེ་སློང་བླ་མ་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བགྱིས་པའི་དགེ་བས་འགྲོ་རྣམས་ཚོགས་གཉིས་དཔལ་གྱི་འབྱོར་པས་ཕྱུག་པའི་དཔྱིད་དུ་འབབས་པར་གྱུར་ཅིག །ཕྲིན་ལས་དང་དབང་ཆོག་གཉིས་ཟུར་རྒྱན་ལྟར་ནག་འགྲོས་སུ་བགྱིད་པ་པོ་ནི་ཕུན་ཚོགས་རྣམ་རྒྱལ་ལོ། །།

Footnotes

Other Information