ཡང་ཟབ་པདྨ་ཚེ་ཡི་སྙིང་ཐིག་གི་རྒྱས་པའི་སྲེགས་བླུགས་འཆི་མེད་གྲུབ་པའི་དགའ་སྟོན།

From Khyentse Lineage - A Tsadra Foundation Project
DKR-KABUM-19-DZA-013
Wylie title yang zab pad+ma tshe yi snying thig gi rgyas pa'i sregs blugs 'chi med grub pa'i dga' ston DKR-KABUM-19-DZA-013.pdf
Location dil mgo mkhyen brtse bka' 'bum
Volume 19, Text 13, Pages 116-128 (Folios 1a to 13b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Yang zab pad+ma tshe yi snying thig gi rgyas pa'i sregs blugs 'chi med grub pa'i dga' ston. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 116-128. Delhi: Shechen Publications, 1994.
Genre Fire Offerings - sbyin sreg
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Colophon

།ཅེས་པའང་རང་ཉིད་ཟབ་མོའི་ལམ་འདིའི་བསྙེན་སྒྲུབ་སྐལ་བཟང་དུ་སྤྱོད་པའི་ཚེ་ན། ཟབ་གཏེར་འདི་ཉིད་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཉམ་མེད་དིལ་མཁྱེན་རྡོ་རྗེ་འཆང་པདྨ་གར་དབང་མདོ་སྔགས་གླིང་པ་ཚེ་མཆོག་གྲུབ་པའི་སྡེ་ཆེན་པོ་མཆོག་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བལ་པོ་ཨ་ཧཱུྃ་གི་ཡང་གཏེར་ཛམ་ལྷའི་སྲོག་འཁོར་དང་བཅས་འདི་ལྟར་དུ་གྱིས་ཤིག་ཅེས་བཀའི་མེ་ཏོག་སྤྱི་བོར་ལྷུང་བ་གུས་པས་མཆོད་ནས་རིགས་མཐུན་གྱི་ཁུངས་ཚད་མ་ལས་བཏུས་ཏེ། དགེ་སྦྱོང་ངག་དབང་ཆོས་ཀྱི་བློ་གྲོས་སུ་འབོད་པས་ཐུན་མོང་གི་ལོ་དབྱུག་ཟླའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཉིན་རང་གནས་ཐུབ་བསྟན་མདོ་སྔགས་ཆོས་གླིང་གི་དབེན་སྤྱིལ་འཆི་མེད་དགའ་ཚལ་དུ་སུག་བྲིས་སུ་བཏབ་པ་ལས། སླར་ཡང་རང་ལོ་བདུན་ཅུ་རྩ་གཅིག་པའི་ཤིང་ཁྱི་ལོ་བཀའ་འབུམ་བཀའ་བསྡུ་ཚོགས་པའི་གཙོ་བོ་མཁས་དབང་བླ་མ་པདྨ་བཀྲ་ཤིས་མཆོག་ནས་སྒྲུབ་ཆེན་སོགས་ཀྱི་ཚེ་སྲེགས་བླུགས་ཀྱི་སྦྱོར་དངོས་ཕྱག་བཞེས་ཁ་འཕངས་པ་རྣམས་དཀྱུས་སུ་འགོད་གལ་ཆེ་ཞེས་གསུང་བསྐུལ་གནང་བ་བཞིན་སླར་ཡང་བྲིས་བརྐོས་བརྩིག་ཐབ་སོགས་ཕྱག་ལེན་རྒྱས་པའི་ལུགས་བཞིན་ཅུང་ཟད་གསལ་བར་བྱས་ནས་བཀོད་པའི་ཡི་གེ་བ་ནི་ཐུབ་དགེ་ངག་དབང་བློ་གྲོས་ཏེ། དགེ་བས་བསྟན་འཛིན་གྱི་སྐྱེས་བུ་སྤྱི་བྱེ་རྣམས་ཀྱི་ཞབས་ཟུང་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་ཞིང༌། འགྲོ་ཀུན་འཆི་མེད་རྟག་པ་དམ་པའི་དཔལ་ལ་ངལ་འཚོ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།

/ces pa'ang rang nyid zab mo'i lam 'di'i bsnyen sgrub skal bzang du spyod pa'i tshe na/_zab gter 'di nyid kyi 'khor los sgyur ba chen po dkyil 'khor rgya mtsho'i khyab bdag bka' drin mnyam med dil mkhyen rdo rje 'chang pad+ma gar dbang mdo sngags gling pa tshe mchog grub pa'i sde chen po mchog nas 'jam dbyangs mkhyen brtse'i dbang po'i bal po a hU~M gi yang gter dzam lha'i srog 'khor dang bcas 'di ltar du gyis shig ces bka'i me tog spyi bor lhung ba gus pas mchod nas rigs mthun gyi khungs tshad ma las btus te/_dge sbyong ngag dbang chos kyi blo gros su 'bod pas thun mong gi lo dbyug zla'i dkar phyogs kyi dga' ba gsum pa'i nyin rang gnas thub bstan mdo sngags chos gling gi dben spyil 'chi med dga' tshal du sug bris su btab pa las/_slar yang rang lo bdun cu rtsa gcig pa'i shing khyi lo bka' 'bum bka' bsdu tshogs pa'i gtso bo mkhas dbang bla ma pad+ma bkra shis mchog nas sgrub chen sogs kyi tshe sregs blugs kyi sbyor dngos phyag bzhes kha 'phangs pa rnams dkyus su 'god gal che zhes gsung bskul gnang ba bzhin slar yang bris brkos brtsig thab sogs phyag len rgyas pa'i lugs bzhin cung zad gsal bar byas nas bkod pa'i yi ge ba ni thub dge ngag dbang blo gros te/_dge bas bstan 'dzin gyi skyes bu spyi bye rnams kyi zhabs zung mi shigs rdo rje'i khams su brtan zhing*/_'gro kun 'chi med rtag pa dam pa'i dpal la ngal 'tsho ba'i rgyur gyur cig_/sarba mang+ga laM/_dge'o//

[edit]
༄༅། །ཡང་ཟབ་པདྨ་ཚེ་ཡི་སྙིང་ཐིག་གི་རྒྱས་པའི་སྲེགས་བླུགས་འཆི་མེད་གྲུབ་པའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་གུ་རུ་ཨཱ་ཡུརྫྙཱ་ན་ཡེ། །མི་འགྱུར་རྟག་བརྟན་འཆི་མེད་ཚེ་མཐའ་ཡས། །ཁྱབ་བདག་བླ་མ་པདྨ་གར་དབང་དུ། །ངེས་པ་རྙེད་ནས་སྤྱི་བོར་རྟག་མཆོད་དེ། །ཚེ་དང་ཡེ་ཤེས་རྒྱས་པའི་སྲེགས་བླུགས་སྤེལ། །དེ་ལ་ཡང་ཟབ་དགོངས་པའི་གཏེར་བཅུད་པདྨ་ཚེ་ཡི་སྙིང་ཐིག་གི་ལས་ཚོགས་ཕྲིན་ལས་གསེར་གྱི་ཐིག་ལེ་ལ་བརྟེན་ནས་ཚེ་དང་ཡེ་ཤེས་སྤེལ་བའི་ཆོ་ག་ལ་གསུམ་ལས། རྩ་བའི་དགོངས་པ་རྒྱས་པའི་ལས་སྒྲུབ་པའི་སྦྱིན་སྲེག་དང༌། དེ་ཞི་སྲེག་ཏུ་བསྒྱུར་ཚུལ། སྒྲུབ་པའི་ཁྱད་ཆོས་སོ། །དང་པོར་སྦྱོར་དངོས་རྗེས་ཏེ། སྦྱོར་བར། གཏེར་གཞུང་ལས། ཕྲིན་ལས་མེ་རླུང་ལ་བརྟེན་ནས༔ སྔགས་ཀྱི་ནུས་པ་རྒྱས་པ་དང༔ རྟགས་མཚན་རྣོ་བའི་ཐབས་མཆོག་ནི༔ ས་ཡི་ཆོ་ག་སྔོན་འགྲོ་བས༔ སྟེགས་བུར་བྲིས་བརྐོས་ཐབ་བཞེངས་ལ༔ མཚན་ཉིད་ལྡན་པའི་བུད་ཤིང་བརྩིགས༔ རྫས་དང་མཆོད་པ་བཤམས་ནས་ཀྱང༔ བྱིན་རླབས་ཆོ་གའི་རིམ་པ་ནི༔ ཞེས་སོགས་ཀྱིས་བསྟན་པ་ལྟར་ཚེ་དང་ཡེ་ཤེས་རྒྱས་པ་སོགས་གཙོ་བོར་སྒྲུབ་པའི་སྐབས་སུ་གནས་དཀྱིལ་འཁོར་གྱི་བྱང་ཕྱོགས་སམ། ཆོས་རྗེ་སྡེ་དཔོན་གྱི་གནས་སོགས་ཚེ་བསོད་དབང་རླུང་དར་རྒྱས་སུ་གྱུར་པར། དུས་ར་བ་བཞིའི་ཡར་ཚེས་ལ་དྲོས་ཆེན་ནས་ཉིན་ཕྱེད་ཚུན་ཆད་དུ། ཕྱོགས་དཀྱིལ་འཁོར་རམ་འབྱུང་བའི་བྱང་དུ་རང་གི་མདུན་ཕྱོགས་པར་བྱས་ཏེ། གང་དུ་བྱ་བའི་གནས་དེར་སའི་ཆོ་ག་རྒྱས་པའམ། བསྡུ་ན་དཀར་གཏོར་གསེར་སྐྱེམས་དང་བཅས་པ་འབྲུ་ཚོམ་གྱི་སྟེང་དུ་བཤམས་ལ། རང་ཉིད་སྐད་ཅིག་གིས་པདྨ་དབང་ཆེན་རྟ་མཆོག་རོལ་བའི་སྐུར་གྱུར། ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ྄ཿ ཅེས་བརྒྱའམ་ཉེར་གཅིག་སོགས་བཟླ། དེ་ནས་རྟ་སྔགས་ཀྱི་བསང་ཆུ་གཏོར་མར་བྲན་ཏེ། རཾ་ཡཾ་ཁཾ་གིས་བསྲེགས་གཏོར་བཀྲུས། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། ཧ་ཧོ་ཧྲཱིཿས་བྱིན་གྱིས་བརླབས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། བྷཱུ་མི་པ་ཏི་ས་པཱ་རི་ཝཱ་ར་ཨ་ཀཱ་རོ་མུ་སོགས་གསུམ་གྱིས་གཏོར་མ་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱིས་ས་བླངས། སའི་གཞིར་དྲི་བཟང་དང༌། བ་བྱུང་གི་ཆག་ཆག་གདབ། ལག་གཡས་རྡོ་རྗེ་དང་བཅས་ས་ལ་བཞག་སྟེ་རྩ་སྔགས་བརྒྱ་རྩ་བརྒྱད་དང༌། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུྃ་ཕཊ྄ཿ ཅེས་ལན་ཉེར་གཅིག་བཟླས་པས་ཀུན་རྫོབ་ཀྱི་སྦྱང་བ་དང༌། ཆོས་ཐམས་ཅད་སྟོང་ཉིད་དུ་མོས་པ་དོན་དམ་པའི་སྦྱང་བ་ཙམ་བྱས་རྗེས། ཞིང་ས་བཟང་པོ་དང༌། རྒྱལ་པོའི་བང་མཛོད་ཀྱི་འོག་སོགས་བཀྲ་ཤིས་པའི་ས་ལས་བརྩིགས་པའི་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་གྲུ་བཞི་རྒྱར་ཁྲུ་དོ། །དཔངས་སུ་ཁྲུ་གང་ངམ་སོར་བཅུ་གཉིས་པའི་སྟེང་དུ་གཞི་དང་མི་ཟློས་པའི་ཚོན་སེར་པོས་ཐབ་ཁུང་ཁྲུ་ཕྱེད་དམ་མཐོ་དོ། །མཆུ་དང་ཁ་ཁྱེར་སོར་བཞི་པ་རེ་རེ་སྟེ་གསུམ་ཀའང་གྲུ་བཞིར་བཅད་པའི་ཐབ་དབུས་སུ་འཁོར་ལོ་རྩིབ་བརྒྱད་ལྟེ་བར་རིན་པོ་ཆེ་སེར་པོ་སོར་དྲུག་པས་མཚན་པ། ཁ་ཁྱེར་བགས་ཀྱིས་གཞོལ་བ་ལ་ནོར་བུའི་ཕྲེང་བ་དང༌། ཟུར་བཞིར་རིན་པོ་ཆེ་འབར་བས་མཚན་པ་བདུད་རྩི་ལྔ་དང་དྲི་སེར་པོའི་ཆབ་ཀྱིས་ཕྱི་རོལ་བྱུགས་ལ་མེ་ཏོག་སེར་པོ་གཅལ་དུ་དགྲམ། བརྐོས་ཐབ་ཏུ་བྱེད་ན་སྟེགས་བུའི་དབུས་སུ་མཆུ་དམའ་བ་དང༌། ཐབ་ཀྱི་ཟབ་བརྐོས་ལ། དེ་ནས་མཆུ་སོར་བརྒྱད་ཕྱིར་འགྱེད་པ་ནས་ཁ་ཁྱེར་རྒྱ་དཔང་སོར་བརྒྱད་པ་བྱ་བ་ཙམ་ཁྱད་པར་ཡིན། བྲིས་ཐབ་ཏུ་བྱེད་ན་སྟེགས་བུ་དྲི་བཟང་གི་བ་བྱུང་ལྔ་བདུད་རྩི་དང་སྦྱར་བའི་ཆག་ཆག་བཏབ་ལ། ཚངས་ཟུར་གྱི་ཐིག་སྤྱི་མཐུན་དུ་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁྲུ་རེ་གཞལ་བའི་སར་གྲུ་བཞི་པར་བཅད་པའི་ཕྱི་རོལ་ཏུ་སོར་བརྒྱད་པའི་མཆུ་ཁ་ཁྱེར་གྱིས་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབ་བརྒྱད་པའི་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པ། མུ་རན་སེར་པོ་གཡས་བསྐོར་དང༌། དེའི་ཕྱི་ཁ་ཁྱེར་ལ་ནོར་བུ་རིན་པོ་ཆེའི་ཕྲེང་བས་བསྐོར་བ་བྲི། བྲིས་བརྐོས་བརྩིག་ཐབ་གང་གི་ཚེ་ཡང་བཅད་ཚོན་སོགས་ཀྱང་ངུར་སྨིག་གིས་མཚོན་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ། །བུད་ཤིང་ཙནྡན་དཀར་པོ་དང༌། སྟར་ཁ་ཁམ་བུ་ཤུག་པ་སོགས་ཚེར་མ་དང༌། སྲོག་ཆགས་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པ་གུར་གུམ་གྱི་ཆབ་ཀྱིས་བྲན་པ་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིགས་པའི་ནང་དུ་མེ་ཚང་བཞག །རང་གི་གཡོན་ཕྱོགས་སུ་མཆོད་སྟེགས་རྟེན་ཁེབས་སམ། དར་རས་སེར་པོ་བཀབ་པའི་ཁར་མཉྫི་སོགས་ཀྱི་སྟེང་དུ་འདས་མ་འདས་ཀྱི་མེ་གཏོར་གཉིས་མར་དང་འབྲུ་ཕྱེ་ལ་མངར་གསུམ་རིན་པོ་ཆེ་གསེར་སོགས་བསྲེས་པའི་གྲུ་བཞི་སེར་པོ་རྒྱན་ལྡན་ནོར་བུས་མཚན་པ་སོ་སོ་གྲལ་སྟབས་དང༌། གཡས་གཡོན་དུ་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཆ་གཉིས་ཕྲེང་ཚར་དང༌། མེ་ལྷའི་མཆོད་ཡོན་དང༌། ཞབས་བསིལ་དུང་ཞལ་གཉིས་སུ་བཤམས། རང་གི་གཡས་སུ་རྫས་སྟེགས་ལ་དར་རས་སེར་པོ་བཀབ་པའི་ཁར། ཡམ་ཤིང་རྩིག་ཤིང་དང་འདྲ་བ་ལ་སྦོམ་ཕྲ་མཐེ་བོང་ལས་མི་ཕྲ་བ། སྲིད་དུ་ཁྲུ་གང་བ། འབྲས་བུ་ཆགས་པའི་ཤིང་གི་དབུས་ཀྱི་ཆ་ལས་བྱུང་བ་ལ་དྲི་བཟང་གིས་བྱུགས་ཤིང༌། མངར་གསུམ་དང༌། མར་ཁུར་ཉུག་པ། འབྱོར་ན་ལོ་མ་འབྲས་བུ་དང་བཅས་པ་དགོས་ལ། འདས་པར་བཅུ་ཚན་ཇི་ལྟར་རིགས་པ་དང༌། འཇིག་རྟེན་པར་བདུན་ཚན་གཅིག་དང༌། རྫས་ལྷག་བཅས་མངར་གསུམ་དྲི་བཟང་དང་སྦྱར་བའི་མར་ཁུ། དཀར་མངར་རྣམ་དྲུག་འབྲུ་སྨན་རིན་པོ་ཆེ་དྲི་བཟང་དང་སྦྱར་བའི་ཟས་མཆོག །ཏིལ་དཀར། འབྲས་མ་གྲུགས་པ། སོ་བ་དང༌། ནས་གྲ་མ་མེད་པ། སྲན་དཀར། གྲོ། དཱུརྦ། ཀུ་ཤ། ཡུངས་ཀར། ཤིང་ཏོག་ཁ་མ་གཤགས་པ་སོགས་ཟས་སྣ་ཚོགས་པ་དང༌། དར་སེར་གྱི་གོས་ཟུང༌། རྡོ་ཐལ་མེད་པའི་སོ་རྩི་རྣམས་ཀྱི་སྣོད་ཁ་དོག་སེར་ཞིང་དབྱིབས་གྲུ་བཞི་པ་འབའ་ཞིག་པར་འདས་མ་འདས་ཉིས་རིམ་དུ་བཤམ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བཾ་གྱིས་མཚན་པ་བྲིས་པ་དང༌། མདུན་དུ་ནང་མཆོད། ལས་བུམ། རྡོར་དྲིལ་གྱི་བར་དུ་དགང་བླུགས་ཁ་སྦྱར་བ་བཞག །གཞན་ཡང་མེ་དར་རླུང་གཡབ་ངང་པའི་གཤོག་པའམ་རས་སེར་པོ་ལ་རཾ་སེར་པོ་བྲིས་པ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱ། སློབ་དཔོན་ཆས་གོས་སེར་པོ་བགོ་སྟེ་དགའ་བའི་སེམས་ཀྱིས་དར་ཟབ་སོགས་སྟན་སེར་པོ་ལ་བཟང་པོའི་འདུག་སྟངས་ཀྱིས་ཕྱོགས་གོང་དུ་བཤད་པ་ལྟར་ལ་འཁོད། ཆོ་ག་དངོས་ལ། བརྒྱུད་འདེབས་སྐྱབས་སེམས་ནས་བཟུང་བདག་བསྐྱེད་བཟླས་པ་ལྷ་ལྡང་ཡན་ལས་བྱང་པདྨའི་ཕྲེང་བ་བཞིན་མཐར་ཆགས་སུ་བྱས་ནས་ལས་བུམ་ཚུལ་བཞིན་བསྒྲུབ་པའམ། བསྡུ་ན་བསང་ཆུར་གོང་གི་རྟ་མགྲིན་གྱི་སྔགས་བཟླས་པས་རྡོ་རྗེའི་སྔགས་ཀྱི་རང་བཞིན་དུ་བརླབ། དེ་ནས་ལག་གཡས་རྡོ་རྗེ་གསོར་ཞིང་སྙིང་ཁར་བཟུང་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ། གཡོན་དྲིལ་བུ་འཁྲོལ་ཞིང་དཀུར་བརྟེན་ལ། ཨོཾ་བཛྲ་གཎྜེ་ཨཿ ཐུགས་ཀར་འཁྱུད་རྒྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾཿ ཞེས་དམ་ཚིག་གསུམ་དྲན་པར་བྱས་ལ། མཆོད་རྫས་རྣམས་ལས་བྱང་བཞིན་བྱིན་གྱིས་བརླབ། བསྲེག་རྫས་རྣམས་ལ་བདུད་རྩི་བྲན། རྡོ་རྗེ་རྩེ་གཅིག་པའི་རྒྱས་རེག་ལ། ཨོཾ་སྭཱ་ཧཱས་རྫས་རྣམས་བཀྲུ། ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་བསྲེག་རྫས་སོ་སོའི་རྣམ་པར་གསལ་བར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་འབྲུ་གསུམ་ལན་རེའི་མཐར། རྫས་སྔགས། ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ། ཞེས་ལན་གསུམ་སྦྲེལ་བ་དང༌། དེ་བཞིན་ཏུ་འབྲུ་གསུམ་ལན་རེའི་མཐར་འོག་གི་རྫས་སྔགས་བཅུ་གཉིས་པོ་སྔ་མ་ལྟར་དུ་སྦྲེལ་བ་བརྗོད་པས་བྱིན་གྱིས་བརླབ་པར་བྱ་བ་དང༌། དེ་ནས་རྒྱལ་རིགས་ཀྱི་ཁྱིམ་དང༌། ནོར་བུ་ལས་བྱུང་བའི་མེ་དུ་བ་མེད་པ་སྤར་ལ། ཨོཾ་ཨགྣེ་ཛྭ་ལ་རཾ་ཞེས་ཐབ་ཀྱི་ཤར་ལྷོར་བཅུག ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་ཅིང་རླུང་གཡབ་ཀྱིས་གཡབ་ལ་འབར་དུ་གཞུག ཧྲཱིཿ ལན་བདུན་དང༌། ཨགྣེ་ཡེ་སྭཱ་ཧཱ། བརྗོད་པའི་བླུགས་གཟར་གྱི་མར་ཁུས་ཀྱང་གསོ་བར་བྱའོ། །དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་བུམ་གྱི་ཆུས་བྲན་ཏེ། ཧྲཱིཿ པདྨཱནྟ་ཀྲི་ཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊ྄ཿ ཞེས་པས་བསང་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་ཡི་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང༌། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་ཀུ་ཤ་རྩེ་མོ་ཉིས་གཤིབས་རང་གི་གཡོན་ངོས་ཐབ་ཀྱི་ཁ་ཁྱེར་ལ་རྩེ་མོ་བྱང་ནས་ལྷོར་ཏེ། ཕྱོགས་བཞིར་བཀྲམ་པའི་རྒྱབ་རྩ་ནོན་པར་བྱ། སླར་རྩེ་མོ་བྱང་དུ་བསྟན་པའི་བ་ལང་གི་རྣ་བ་ལྟར་ཧ་ཅང་མི་རིང་བས་གཡོག་གོ །གཉིས་པ་དངོས་གཞིར་འཇིག་རྟེན་པ་དང༌། འདས་པའི་མེ་ལྷ་མཆོད་པ་ལས། དང་པོ་ཐབ་ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་མདུན་དུ་ཧཱུྃ་ལས་རྒྱས་པའི་ཐབ་ཁུང་ཁ་དོག་སེར་ཞིང་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང༌། ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པ་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པད་ཉི་ལ་གནས་པའི་རཾ་ཡིག་ཡོངས་སུ་གྱུར་པ་ལས་རྒྱས་པའི་མེ་ལྷ་སྐུ་མདོག་སེར་པོ་དྲང་སྲོང་གི་ཆ་བྱད་ཅན། གུནྡྷེ་དང་བགྲང་ཕྲེང་འཛིན་པ། ར་སྐྱེས་ཀྱི་སྟེང་ན་གནས་ཤིང་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ཚུལ་བྱས་ལ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་མོས་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་རྣ་བའི་ཐད་དུ་མཐེ་བོང་གཡབ་བཞིན་པར། ཀྱེ། འཇིག་རྟེན་ཚངས་དབང་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེ༔ ཌཱ་ཀིས་དབང་བསྐུར་ཕྲིན་ལས་བདག༔ གནས་འདིར་ད་ལྟ་གཤེགས་སུ་གསོལ༔ ཨགྣེ་དེ་ཝ་ཨ་ཀརྵ་ཡ་ཛཿ ཞེས་སྤྱན་དྲངས། ལས་སྔགས་ཀྱིས་ཕྱིས་འབྲང་གི་བགེགས་བསྐྲད། ཨོཾ་ཨགྣེ་ཡེ་དེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱས་དུང་ཞལ་གྱི་མཆོད་ཡོན་ཕུལ། དེ་བཞིན་དུ་པཱདྱཾ་གིས་ཞབས་བསིལ་ཕུལ། ཛཿཧཱུྃ་བྃ་ཧོཿ ཨོཾ་ཨགྣེ་ཡེ་དེ་ཝ་ས་མ་ཡ་ཏིཥྛ་ལྷན། ཞེས་བཞུགས་སུ་གསོལ། དེ་ནས་ཉེར་སྤྱོད་རྣམ་ལྔ། ཨོཾ་ཨགྣེ་ཡེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ། ཨོཾ་ཨགྣེ་ཡེ་ས་པ་རི་ཝཱ་ར་དྷཱུ་པེ་སོགས་སྦྱར་ལ་ཤབྡ་བར་གྱིས་མཆོད། ལྷ་ཡི་ལྷ་མཆོག་དངོས་གྲུབ་ཚོགས༔ ཐོགས་མེད་སྩོལ་བའི་ཕྲིན་ལས་བདག༔ ཤར་ལྷོའི་གདོན་གྱི་རྒྱལ་པོ་ཆེ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་དང༌། དེ་ནས། མེ་ལྷ་ཅུང་ཟད་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་གིས་མཚན་པས་སྲེགས་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། ལག་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ནས། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་གཡས་པས་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ནང་ལས་ཕྱིར་མི་འདའ་བས་གཡས་སུ་བསྐོར་ཞིང༌། ཨོཾ་ཨགྣེ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧྣ་ཡ་ཧཱུྃ་ཕཊ྄་སྭཱ་ཧཱ། ཞེས་དང༌། བདག་ཅག་དཔོན་སློབ་བམ། ཡོན་མཆོད། སོགས་ཁ་བསྒྱུར་བས་ཆོག །གང་ལྟར་ཡང༌། འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྤེལ་ཚིག་སྦྲེལ་བས་བྱོན་སྐྱེམས་ལན་གསུམ་འབུལ་ཞིང་མེ་པྲ་བརྟག །དགེ་བར་མཐོང་ན་གཟེངས་བསྟོད་ཅིང༌། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་བསྲུང་བར་བྱའོ། །དེ་ནས་རྫས་རྣམས་རིམ་བཞིན་འབུལ་བ་ལས། ཁུ་བའི་རང་བཞིན་རྣམས་ཞལ་དང༌། ཡམ་ཤིང་དཱུརྦ་ཀུ་ཤ་སོགས་འོད་ཀྱིས་དཀྱིལ་འཁོར་དང༌། ཞོ་ཟན་དང་ཏིལ་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང༌། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་འབུལ་ཞིང༌། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་ལ། ཨོཾ་བྷོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། མར་ཁུ་ལ། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། འབྱོར་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞོ་ཟན་ལ། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཏིལ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ། སྡིག་པ་མེད་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། འབྲས་ལ། ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ། བསོད་ནམས་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། སོ་བ་ལ། ཨོཾ་བཛྲ་བི་ཛཱ་ཡེ་སྭཱ་ཧཱ། ནོར་དང་འབྲུ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ནས་ལ། ཨོཾ་མ་ཧཱ་བེ་གཱ་ཡེ་སྭཱ་ཧཱ། ཤུགས་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། སྲན་མ་ལ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། སྟོབས་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། གྲོ་ལ། ཨོཾ་བཛྲ་གྷསྨ་རེ་སྭཱ་ཧཱ། ནད་མེད་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། །དཱུརབ་ལ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཀུ་ཤ་ལ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡེ་སྭཱ་ཧཱ། མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཡུངས་ཀར་ལ། ཨོཾ་བཛྲ་སིདྡྷི་ཡེ་སྭཱ་ཧཱ། གདོན་བགེགས་འཇོམས་པ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཤིང་ཏོག་སོགས་ཟས་སྣ་ཚོགས་ལ། ཨོཾ་ཨགྣེ་ཡེ་དཱི་བྱ་དཱི་བྱ་བི་ཤུདྡྷེ་མ་ཧཱ་ཤྲཱི་ཧ་བྱ་ཀ་བྱ་བ་ཧྣ་ཡ་ཧཱུྃ་ཕཊ྄་སྭཱ་ཧཱ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། དེ་ལྟར་ལན་བདུན་སོགས་ཇི་ལྟར་རིགས་པས་ཕུལ། དེ་ནས་ཕྲིན་ལས་བཅོལ་བ་ནི། དྲང་སྲོང་ཆེན་པོ་འཁོར་དང་བཅས་པས་བསྲེག་རྫས་ལྷའི་ཞལ་དུ་སྟོབ་པ་དང་མེ་ཉིད་ཡེ་ཤེས་མེར་བྱིན་གྱིས་བརླབས་ཏེ་བདག་ཅག་དཔོན་སློབ་བམ། ཡོན་མཆོད་གང་ལྟར་ཡང༌། འཁོར་དང་བཅས་པའི་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་སྙན་གྲགས་དབང་ཐང་གཟི་བརྗིད་ལང་ཚོ་ཟས་ནོར་ལོངས་སྤྱོད་འཁོར་འབངས་མངའ་རིས་ཆུས་སྲིད་ལ་སོགས་པ་དར་ཞིང་རྒྱས་པར་མཛད་དུ་གསོལ། མཁྱེན་པ་དང་བརྩེ་བ་མཐུ་སྟོབས་ནུས་རྩལ་ཉམས་དང་རྟོགས་པ་ས་ལམ་གྱི་ཡོན་ཏན་དཀར་པོའི་བསམ་སྦྱོར་ཐམས་ཅད་གོང་ནས་གོང་དུ་འཕེལ་པར་མཛད་དུ་གསོལ། མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ཡོན་ཏན་ཇི་སྙེད་པ་ཐམས་ཅད་དབྱར་གྱི་ཆུ་གཏེར་དང༌། ཡར་ངོའི་ཟླ་བ་བཞིན་དུ་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། པུཥྚིཾ་ཀུ་རུ་ཨོཾ། ཞེས་སོ། ཨོཾ་ཨཱཿཧཱུྃ་མུྃ། ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་གྱུར། གཉིས་པ་འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ལ་ལས་བུམ་གྱི་ཆུས་བྲན་ཏེ་ཅུང་ཟད་ཁ་གསོས་ནས། སྔར་བཞིན་ལས་སྔགས་ཀྱིས་བསངས། ཨོཾ་མ་ཧཱ་ཤཱུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ་གིས་སྦྱངས་ལ། ཧྲཱིཿ དམ་ཚིག་མེ་ལྷའི་ལྟོ་བ་རུ༔ རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ཕྱི་གསལ་ནང་གསལ་འོད་ཟེར་འབར༔ མདོག་ལྔའི་རྩིག་པ་ཡིད་དུ་འོང༔ ཕ་གུ་དྲྭ་ཕྱེད་མཛེས་པས་སྤྲས༔ མདའ་ཡབ་པུ་ཤུ་ཏོག་གིས་བརྗིད༔ འདོད་སྣམ་ལྷ་མོའི་མཆོད་སྤྲིན་སྤྲོ༔ ཡེ་ཤེས་སྣང་བ་བསམ་མི་ཁྱབ༔ སྒོ་བཞི་རྒྱུ་འབྲས་རྟ་བབས་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་ཀྱིས་བརྒྱན༔ ངོ་མཚར་རྒྱན་གྱི་བཀོད་པའི་ཚོགས༔ བློ་ལས་འདས་པའི་ཆོ་འཕྲུལ་ཤར༔ ས་མ་ཡ་མཎྜ་ལ་བྷྲཱུྃ༔ ཕོ་བྲང་དེ་ཡི་ལྟེ་བ་ལ༔ པདྨ་རིན་ཆེན་རྨ་བྱའི་ཁྲི༔ འདབ་སྟོང་གེ་སར་ཟླ་བའི་སྟེང༔ འཆི་མེད་མགོན་པོ་སྣང་མཐའ་ཡས༔ གསུང་གི་རྡོ་རྗེ་ཚེ་དཔག་མེད༔ ཅེས་པ་ནས། བསམ་ཡས་བཀོད་པ་འཕྲོ་ཞིང་འདུ༔ ཞེས་པའི་བར་གྱིས་ལྷ་ཚོགས་གསལ་བཏབ་ནས། ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཞིང༔ སོགས་ཀྱིས་སྤྱན་དྲངས་ལ། བཞུགས་གསོལ་ནས་བཟུང་ཕྱག་འཚལ་དང༌། མཆོད་པ་རྒྱས་བསྡུས་ལོངས་སྐབས་དང་བསྟུན་ཅིང༌། བསྟོད་པའི་བར་ལས་བྱང་གི་དཀྱུས་བཞིན་སོང་ནས། སྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཅུང་ཟད་འཛུམ་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང༌། གཟར་བུ་གཉིས་ལ་བྷྲཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུགས་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། དགང་བླུགས། ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཿ མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཨ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་ཨོཾ། ཞེས་རྩ་བའི་སྒྲུབ་སྔགས་རིགས་ལྔ་སྤྱི་དྲིལ་གྱིས་ཕུལ་ལ། བདག་ཅག་དཔོན་སློབ་བམ། ཡོན་མཆོད་སོགས་ཁ་བསྒྱུར་བས་ཆོག་ལ། གང་ལྟར་ཡང༌། འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་སྤེལ་ཚིག་སྦྲེལ། དེ་ནས་ཡམ་ཤིང་ལ་སོགས་པའི་རྫས་གཞན་རྣམས་རྩ་སྔགས་རིགས་ལྔ་སྤྱི་དྲིལ་ལན་རེའི་མཐར། ཨོཾ་བོ་དྷི་བྲྀཀྵ་ཡ་སྭཱ་ཧཱ༔ སོགས་རྫས་སྔགས་སོ་སོར་སྦྱར་བའི་བཅུ་ཚན་རེའི་མཐར་སྤེལ་ཚིག་གོང་གི་འཇིག་རྟེན་པ་ལྟར་དང༌། ཤིང་ཏོག་སོགས་ཟས་སྣ་ཚོགས་ལ། རྩ་སྔགས་རིགས་ལྔ་སྤྱི་དྲིལ། སྤེལ་ཚིག བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་འབྱོར་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྲེལ་བ་སོགས་ཀྱིས་ཇི་ལྟར་རིགས་པར་ཕུལ། ཚུལ་དེ་ལྟ་བུས་བཅུ་ཚན་བཅུས་བརྒྱ། ལྔས་ལྔ་བཅུ། གསུམ་གྱིས་སུམ་ཅུ་སོགས་སྐབས་དང་སྦྱར་ཏེ་འབུལ་བ་དང༌། ཡང་ཁྲི་འབུམ་ལ་སོགས་གྲངས་མང་གསོག་དགོས་སྐབས་རྒྱས་པ་ཁོ་ན་ལྕོགས་དཀའ་བས། གོང་བཞིན་རྒྱས་པ་ཐོག་མཐའ་བར་གསུམ་དུ་ལན་རེ་ཙམ་དང༌། འདིར་ཚེ་རྒྱས་པ་གཙོ་བོའི་དབང་གིས་རྩ་སྔགས་རིགས་ལྔ་སྤྱི་དྲིལ་ལ་རྫས་སྔགས། ཨོཾ་བཛྲ་ཨཱ་ཡུ་ཥེ་སྦྱར་ལ། རྫས་ཀྱང་དཱུརྦ་ཁོ་ནས་ཕུལ་བ་དགེ་ཞིང༌། སྤེལ་ཚིག་ཀྱང༌། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་དང་བསོད་ནམས་དཔལ་འབྱོར་ཡེ་ཤེས་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། ཞེས་སྦྱར། ཡང་རྫས་ཐམས་ཅད་འབུལ་བར་འདོད་ན་སྔོན་དུ་རྒྱས་པ་ལན་གསུམ་སོགས་ཅི་ནུས་ཕུལ་ཏེ་མཐར་རྫས་སྤུངས་བྱས་ཏེ་གོང་བཞིན་སྤྱི་དྲིལ་ཁོ་ནས་ཕུལ་ཀྱང་རུང༌། མཐར་རྫས་རྣམས་རྫོགས་ནས་ཕྲིན་ལས་བཅོལ་བ་ནི། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ཀྱིས་བདག་ཅག་དཔོན་སློབ་སོགས་མེ་ལྷ་བཞིན་འདོད་དོན་གསོལ་བས། ལྷ་ཚོགས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་བདུན་ཚན་གསུམ་ཕུལ་མཐར། ཨོཾ་བཛྲ་ཝསྟྲ་ཡ་སྭཱ་ཧཱ། ཞེས་གོས་ཟུང་དང༌། ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱ། ཞེས་སོ་རྩི་འབུལ། གཏང་རག་གི་མཆོད་པ། ཧྲཱིཿ དག་པའི་ཞིང་ཁམས་རབ་འབྱམས་ཞེས་པ་ནས་ཤབྡ་པཱུ་ཛ་ཨཱཿཧཱུྃ་བར་དང༌། ཧྲཱིཿ དུག་ལྔའི་སོགས་སྨན་རཀ་དང༌། ཧྲཱིཿ འདོད་ཡོན་ཞེས་གཏོར་མཆོད་སྐབས་འདས་པའི་མེ་གཏོར་ཕུལ། ཧྲཱིཿ འཆི་བདག་ལ་སོགས་ཞེས་ཤླཽ་ཀ་གཅིག་དང༌། ཆོས་ཉིད་གཅིག་ལ་ཞེས་ཤླཽ་ཀ་བཅས་ཀྱིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་སོགས་དང་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ནོངས་པ་བཤགས་ལ། རླུང་ནང་དུ་འཇུག་པ་དང་བཅས། དཀྱིལ་འཁོར་ལྷ་ཚོགས་རང་ལ་ཐིམ་ནས་མི་ཤིགས་པའི་ཐིག་ལེར་རོ་གཅིག་ཏུ་གྱུར་པར་བསམ་ཞིང༌། ཨོཾ་ཨཱ་ད་མ་ཀོ་ཏིཥྛ་བཛྲ་ཧཱུྃ། ཞེས་འཁྱུད་རྒྱ་དང་བཅས་བསྡུ། གསུམ་པ་རྗེས་ནི། སླར་ཡང་བླུགས་གཟར་གྱི་མར་ཁུ་གང་ཕུལ་ནས། ཨོཾ་ཨགྣེ་ཛྭ་ལ་རཾ་གྱིས་མེ་གསོ་ཞིང༌། སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར་པ་བསམ་ལ། སྔར་བཞིན་དགང་བླུགས་ལན་གསུམ་འབུལ་བ་དང༌། ཡམ་ཤིང་ལ་སོགས་པའི་རྫས་ལྷག་རྣམས་ནི་སྨིན་གླིང་ཕྱག་བཞེས་ལྟར་ལྔའམ། གསུམ། རེ་རེས་ཀྱང་ཆོག་ཅིང༌། དཀྱུས་ཀྱི་སྤེལ་ཚིག་དོར་ནས་རྫས་སྔགས་སོ་སོའི་མཐར། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས་ནོངས་པའི་ཉེས་ཚོགས་ཞི་སྟེ། སྲིད་ཞིའི་ཡོན་ཏན་ཐམས་ཅད་རྒྱས་པར་གྱུར་ཅིག །པུཥྚིཾ་ཀུ་རུ་ཨོཾ། ཞེས་པས་འབུལ། ཨོཾ་བཛྲ་ཝསྟྲའི་སྔགས་སོགས་ཀྱིས་གོས་སེར་གྱི་གོས་ཟུང་དང༌། སོ་རྩི་བཅས་འདས་པའི་མཆོད་སྲེག་གི་སྐབས་བཞིན་ཕུལ་ནས། ཨགྣི་ཡེ་ས་པ་རི་ཝཱ་ར་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་དང༌། དེ་བཞིན། དྷཱུ་པེ་སོགས་ནས་ཤབྡ་བར་གྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་ཆེན་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་པས་བསྟོད། ཨ་ཀཱ་རོའི་སྔགས་ལན་གསུམ་གྱིས་གཏོར་མ་བསྔོས་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་ཕྲིན་ལས་བཅོལ་ཏེ་འཇིག་རྟེན་པའི་མེ་གཏོར་སྟོབ། ཡི་གེ་བརྒྱ་པས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །བྱིན་ཟ་ཁྱེད་ཀྱིས་སྒྲུབས་ཀྱིས་གཤེགས། །ཇི་བཞིན་དུས་སུ་སླར་བྱོན་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། ཨོཾ་ཨགྣེ་ཡེ་གཙྪ། ཞེས་རང་གནས་སུ་གཤེགས་སུ་གསོལ། ཨ་ཀཱ་རོ་བརྗོད་ཅིང་འོ་མ་དང་དྲི་བཟང་གི་ཆུས་མེ་གཞིལ་ནས་ལས་རྗེས་མི་མངོན་པར་བྱ། ཧོ༔ ལེགས་སྤྱད་དགེ་བའི་སོགས་ཀྱི་དགེ་བསྔོ་དང༌། ཨོཾ༔ གསུང་གི་བདག་པོ་སོགས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་ཇི་རིགས་པས་དགེ་ལེགས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་བྱའོ། །གཉིས་པ་བསྙེན་པའི་ཁ་སྐོང་སོགས་ཞི་བའི་སྦྱིན་སྲེག་དགོས་པའི་སྐབས་དེ་ཉིད་ཁ་བསྒྱུར་ཚུལ་ནི། ས་སློང་སོགས་རྒྱས་སྲེག་ལྟར་ལ། བཀྲ་ཤིས་པའི་ས་ལ་སྟེགས་བུ་གྲུ་བཞི་ཐབ་ཁུང་ཟླུམ་པོ། རྒྱར་ཁྲུ་གང༌། དཔངས་སུ་ཁྲུ་ཕྱེད། ཐབ་ཀྱི་སྟེང་དུ་མུ་རན་ནམ་མཆུར་སོར་བཞི་དོར་བས་རྒྱ་དང་དཔངས་སོར་བཞི་པའི་ཁ་ཁྱེར་བགས་ཀྱིས་ནང་དུ་གཞོལ་བའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བས་བསྐོར་ཞིང༌། ཕྱིའི་གྲུ་ཆད་ཟུར་གསུམ་པ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཐབ་ཀྱི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་སོར་བརྒྱད་ཙམ་གྱི་རྡོ་རྗེ་རྩེ་ལྔ་པ་མགོ་ཤར་བསྟན་བྱ། བརྐོས་ཐབ་ལ་སྟེགས་བུའི་དབུས་སུ་མཆུ་དམའ་བ་དང༌། ཐབ་ཀྱི་ཟབ་བརྐོས་ལ། དེ་ནས་མཆུ་སོར་བཞི་ཕྱིར་འགྱེད་ནས་ཁ་ཁྱེར་རྒྱ་དཔངས་སོར་བཞི་པ་བྱ་བ་ཙམ་ཁྱད་པར་ཡིན། བྲིས་ཐབ་བྱེད་ན་ཚངས་ཟུར་གྱི་ཐིག་བཏབ་ལ། དབུས་ནང་ཁྲུ་ཕྱེད་ཀྱིས་ཟླུམ་པོར་བསྐོར་བའི་ཕྱིར་སོར་བཞི་པའི་མཆུ་དང་ཁ་ཁྱེར་ཏེ། ཟླུམ་སྐོར་གསུམ་གྱི་ནང་དུ་པདྨ་འདབ་བརྒྱད་ཐབ་ཚོན་དང་བཅས་པ། ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་དང་བཅས་པ་བྲི། བརྩིག་ཐབ་སོགས་གང་གི་ཚེ་ཡང་ཁ་དོག་དཀར་པོ་བྱ་ཞིང༌། བཅད་ཚོན་ཀྱང་དམར་སྐྱ་ལ་ཚོན་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེ། ཕྱི་རོལ་དུ་ཁྲུ་ཕྱེད་ཀྱི་སར་བའི་ལྕི་བས་བྱུག །མེ་ཏོག་དཀར་པོ་གཅལ་དུ་དགྲམ་མོ། །བལ་བུ་སོགས་འོ་མ་ཅན་གྱི་ཤིང་ཟླུམ་པོར་བརྩིག །སྟེགས་བུར་རྫས་གདན་དཀར་པོ་བཀབ། བསྲེག་རྫས་སྔར་དང་འདྲ་བ་ལ། ཡམ་ཤིང་སོར་བཅུ་གཉིས་པ་རྩེ་འོ་མ་དང་མར་ཁུ་ཉུག་པ། ཁྱད་པར་གྱི་རྫས་ཏིལ་གཙོ་བོ་དང༌། མཆོད་རྫས་མེ་གཏོར་དཀར་ཟླུམ། རླུང་གཡབ་དང༌། སྟན་དཀར་པོ། དུས་ཐོ་རངས་སམ། སྔ་དྲོའི་ཆར། སློབ་དཔོན་ཆས་གོས་དཀར་པོ་གྱོན་ནས་ཁ་ཤར་དུ་ཕྱོགས་ལ་རྡོ་རྗེའི་འདུག་སྟངས་ཀྱིས་ཁ་དོག་དཀར་པོའི་སྟན་ལ་ཞི་བའི་སེམས་ཀྱི་འཁོད་པ་དང༌། ཆོ་ག་རྒྱས་པ་ལྟར་ལ། ཞི་བའི་ཐབ་ཁུང་ཁ་དོག་དཀར་པོ་དབྱིབས་ཟླུམ་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་དང༌། ཁ་ཁྱེར་རྡོ་རྗེས་མཚན་པ་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པད་ཉི་ལ་གནས་པའི་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཞི་བའི་མེ་ལྷ་དཀར་པོ་དྲང་སྲོང་སོགས་དཀྱུས་ལྟར་དང༌། འཇིག་རྟེན་པའི་བྱོན་སྐྱེམས་དགང་བླུགས་སྐབས། མེ་ལྷ་ཞལ་འཛུམ་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁར་རཾ་ཡིག་འོད་ཟེར་གྱི་ཕུང་པོ་འབར་བས་མཚན་པས་སྲེགས་བླུགས་ཀྱི་བདུད་རྩི་དྲངས་ཏེ་གསོལ་བར་བསམ་པ་དང༌། འདས་པའི་བྱོན་སྐྱེམས་དགང་བླུགས་སྐབས། དཀྱིལ་འཁོར་ཀྱི་ལྷ་རྣམས་ཞལ་སོགས་གོང་ལྟར་ལ། གཉི་གར་སྤེལ་ཚིག བདག་ཅག་དཔོན་སློབ་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སོ། ཡང་ན་འདས་པར། བདག་སྒྲུབ་པ་པོའི་སྔགས་ཆད་ལྷག་གི་ཉེས་པ་དང༌། ནད་གདོན་ཞེས་ཁ་བསྒྱུར་ཀྱང་ཆོག་ཅིང༌། རྫས་ཞོ་ཟན་གྱི་གོང་དུ་ཏིལ་བྱ་བ་དང༌། ཡམ་ཤིང་སོགས་བསྲེག་རྫས་ལ། གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤིནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སོགས་ཀུན་ལ་རིགས་འགྲེ་བ་དང༌། ཤིང་ཏོག་སོགས་ཟས་སྣ་ཚོགས་སྐབས་ཀྱི་སྤེལ་ཚིག་ཀྱང་དགང་བླུགས་ལྟར་དང༌། ལས་འཆོལ་བའི་ཚེ་འཇིག་རྟེན་པའི་སྐབས། དྲང་སྲོང་ཆེན་པོ་ཁྱེད་རྣམས་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། འདས་པའི་སྐབས། བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ཀྱིས་བདག་ཅག་དཔོན་སློབ་བམ། ཡོན་མཆོད་སོགས་ཁ་བསྒྱུར། གང་ལྟར་ཡང༌། འཁོར་དང་བཅས་པའི་ཐོག་དྲངས་མཐའ་ཡས་པའི་སོགས་གོང་ལྟར། རྫས་རྫོགས་པ་དང༌། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོས་གང་བ་འཛིན་པ་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་ནས་སྡིག་སྒྲིབ་དང་ནད་གདོན་ལ་སོགས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་མོ། །ཞེས་སོགས་བསྒྱུར་བ་ལས་གཞན་ཐམས་ཅད་རྒྱས་པ་ལྟར་བྱ་བས་གྲུབ་བོ། །གསུམ་པ་སྒྲུབ་པའི་ཁྱད་ཆོས་ནི། སྒྲུབ་ཆེན་འདྲ་འབག་གམ། སྒྲུབ་མཆོད་དཀྱུས་མ་ཙམ་ལའང་རུང་སྟེ། ནུབ་ཐ་མ་དངོས་གྲུབ་ཞུས་ཟིན་པའི་རྗེས་སོགས་སུ་གཏེར་གཞུང་གི་ལས་ཚོགས་ཕྲིན་ལས་གསེར་གྱི་ཐིག་ལེ་ལ་བརྟེན་ནས་ཚེ་དང་ཡེ་ཤེས་སྤེལ་བའི་ཆོ་ག་བྱ་བར་གསུངས་ཏེ། སྔར་ཁོ་བོས་བྲིས་པའི་སྒྲུབ་ཁོག་ཏུ་དེ་དག་གི་ཚུལ་གུད་དུ་བྱུང་བ་ལས་ཤེས་པར་བྱ་ཞེས་ཁ་འཕངས་པ། འདི་ལྟ་སྟེ། ཉིན་སྔ་མའི་དགོང་ཐུན་གྱི་གཏང་རག་མཆོད་བསྟོད་དག་གི་དབུར་ལས་རྡོར་ནས་མཎྜལ་གྱི་གཞི་དྲི་བཟང་དང་བཅས་པ་རྡོ་རྗེ་སློབ་དཔོན་ལ་ཕུལ་ཏེ། གང་དེས་གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་རེ་རེ་བཞིན་བརྗོད་ལ་ཚོམ་བུ་ལྷ་གྲངས་དང་མཉམ་པ་འགོད་ཅིང༌། སྟེགས་ཁེབས་མཉྫི་དང་བཅས་གཞིའི་དཀྱིལ་འཁོར་གྱི་བྱང་ཤར་དུ་བཀོད་ལ། མཆོད་བསྟོད་སོགས་མཐོང་བརྒྱུད་ཕྱག་ལེན་ལྟར་བྱ་བ་སྔོན་དུ་འགྲོ་བ་དང༌། ཉིན་ཕྱི་མའི་སྐབས་སྦྱོར་བ་གོང་དུ་བཤད་པའི་སའི་ཆོ་ག་དང༌། བྲིས་བརྐོས་བརྩིག་ཐབ་གསུམ་གང་རིགས་ཐོག །རྡུལ་ཚོན་གྱི་དཀྱིལ་འཁོར་རྒྱས་པའི་བསྲེག་བླུགས་ལྟར་འདུ་བྱས་ལ། ཚོམ་བུའི་དཀྱིལ་འཁོར་དང༌། རྒྱན་བཀོད་ཤོང་བའི་ཕྱིར་མཆོད་སྟེགས་གུ་ཡངས་ཙམ་བྱ་བ་ལས། མཆོད་པ་དང༌། བསྲེག་རྫས་སོགས་རྒྱས་བསྲེག་ལྟར་བཤམས་ཤིང༌། ཆོ་ག་དངོས་གཞིར་ཚིག་བདུན་གསོལ་འདེབས་དང༌། རྗེ་གཏེར་ཆེན་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པའི་རྣམ་ཐར་གསོལ་འདེབས་སམ། འཁྲུངས་རབས་གསོལ་འདེབས་གང་རིགས་སྔོན་དུ་བཏང་ནས། བདག་བསྐྱེད་དོར་ཏེ། རྩ་སྔགས་རིགས་ལྔ་སྤྱི་དྲིལ་ལ། ཕཊ྄་ཛཿ བཏགས་པ་བརྗོད་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལས་ཀྱི་ལྷ་གཉིས་པའི་རྣམ་པར་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། རྡོར་དྲིལ་བྱིན་རླབས་སོགས་ནས། འཇིག་རྟེན་པའི་མེ་ལྷའི་མཆོད་བསྲེག་རྒྱས་པ་ལྟར་བསྟབས་ལ། འདས་པའི་མཆོད་བསྲེག ཨོཾ་མ་ཧཱ་ཤཱུནྱ་ཏ་སོགས་ནས། དམ་ཚིག་མེ་ལྷའི་ལྟོ་བ་རུ༔ རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ སོགས་ནས་ལས་གཞུང་གི ས་མ་ཡ་མཎྜལ་བྷྲཱུྃ། ཞེས་པའི་བར་དང༌། དེ་ནས་སྤྱན་འདྲེན། ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཞིང༔ ཞེས་པའི་ཚིག་དང་བསྟུན་ལས་རྡོར་གྱི་རྩ་སྔགས་རིགས་ལྔ་སྤྱི་དྲིལ་བཟླ་བཞིན་དུ་སྒྲུབ་དཀྱིལ་ལས་ཚོམ་བུ་སྤྱན་དྲངས་པ་རོལ་འོག་སྒྲུབ་ཁང་ནས་དུང་དཀར། སྤོས་སྣེ། རྒྱན་བཀོད་དང་ཚོམ་བུ་བཅས་ཐབ་དཀྱིལ་ལ་བསྐོར་ཏེ་མཐར། ཚོམ་བུ་སློབ་དཔོན་ལ་ཕུལ་ནས། བདག་འཇུག་གི་ལྷ་དབང་ལྟར་གཙོ་བོ་ནས་བཟུང་ལྷ་བཅུ་བདུན་གྱི་སྔགས་རེ་རེ་བརྗོད་བཞིན་དུ་ཚོམ་བུའི་རྩེའམ་མེ་ཏོག་སོ་སོ་ཐབ་དཀྱིལ་དུ་བསྟབས་ཟིན་པ་དང༌། ཕོ་བྲང་དེ་ཡི་ལྟེ་བ་ལ༔ པདྨ་རིན་ཆེན་རྨ་བྱའི་ཁྲི༔ འདབ་སྟོང་གེ་སར་ཟླ་བའི་སྟེང༔ འཆི་མེད་མགོན་པོ་སྣང་མཐའ་ཡས༔ གསུང་གི་རྡོ་རྗེ་ཚེ་དཔག་མེད༔ ཅེས་པ་ནས། བསམ་ཡས་བཀོད་པ་འཕྲོ་ཞིང་འདུ༔ ཞེས་པའི་བར་གྱི་རྟེན་པའི་ལྷ་ཚོགས་གསལ་འདེབས་ཙམ་བྱ་བ་ནི་གཏེར་རྙིང་བཀའ་བརྒྱད་བདེ་འདུས་ཀྱི་རྒྱས་སྲེག་ལྟར་སྨིན་གླིང་གཏེར་སྲས་པདྨ་འགྱུར་མེད་རྒྱ་མཚོའི་བཀའ་སྲོལ་བཞིན་དང༌། ཡང་སྨིན་གླིང་གཏེར་གསར་ཐུགས་ཆེན་བདེ་ཀུན་སོགས་ཀྱི་ཕྱག་ལེན་ཡིག་ཆ་ལྟར་ན། གོང་གི་ལས་རིམ་རྣམས་སྔ་མ་ལྟར་ལས། དམ་ཚིག་མེ་ལྷའི་ལྟོ་བ་རུ༔ རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ཞེས་པ་ནས། བསམ་ཡས་བཀོད་པ་འཕྲོ་ཞིང་འདུ༔ ཞེས་པའི་བར་དཀྱུས་བཞིན་དམ་ཚིག་པའི་གཞལ་ཡས་ཁང་ལྷ་དང་བཅས་པ་བསྐྱེད་ལ། ཡེ་ཤེས་པ་སྟེ། ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དབང་གི་ཞིང༔ ཞེས་པའི་སྐབས་སུ་ཚོམ་བུ་སྤྱན་དྲངས་ལ། རྡོར་སློབ་རྣམ་པའི་བྱ་བ་གོང་མ་ལྟར་མཛད་པའི་བཞེད་རྒྱུན་ཏེ། དེ་དག་སོ་སོ་གང་མོས་ལྟར་མཛད་པས་ཆོག་གམ་སྙམ་ཞིང༌། གང་ལྟར་ཡང་བཞུགས་གསོལ། ཧྲཱིཿ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ སོགས་ནས་ཕྱག་འཚལ་དང༌། མཆོད་པ་རྒྱས་བསྡུས་ལོངས་སྐབས་དང་བསྟུན་ཏེ། བསྟོད་པ་ནས་བཟུང་འདས་པའི་སྲེགས་བླུགས་དཀྱུས་ལྟར་ཕུལ་ནས། གཏང་རག་གི་མཆོད་བསྟོད་མཐར། ནོངས་བཤགས་མཇུག དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་གྱུར། ཞེས་དང༌། ལས་རྡོར་གྱི་རྩ་སྔགས་བཟླ་བཞིན་པར་ཚོམ་བུ་སྒྲུབ་དཀྱིལ་དུ་སྔར་བཞིན་བཀོད། ཨོཾ་ཨཱ་ད་མ་ཀོ་ཏིཥྛ་བཛྲ་ཧཱུྃ། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་གྱུར། ཞེས་བསྡུ་རྒྱ་དང་བཅས་བརྗོད། དེ་ནས་འཇིག་རྟེན་པའི་མེ་ལྷའི་སྲེགས་བླུགས་དཀྱུས་ལྟར་རོ། །ཡང་འདིའི་སྒོ་ནས་རབ་ཏུ་གནས་པའི་དུས་སོགས་སྐབས་འགའ་ཞིག་ཏུ་བཀྲ་ཤིས་པའི་བཟའ་བ་འོ་ཐུག་བསྒྲུབ་པར་འདོད་ན། ནག་པོ་མིན་པའི་སྣོད་གཙང་མ་དྲིས་བྱུག་ཅིང༌། མེ་ཏོག་གི་ཕྲེང་བས་བརྒྱན་པ་མཉྫི་སོགས་ཀྱི་སྟེང་དུ་བཀོད་ལ། དེར་སློབ་དཔོན་གྱིས་བླུགས་གཟར་དུ་ཆུ། འོ་མ། འབྲས། མར། ཀ་ར་ལྔ་རང་གི་འདོད་ལྷའི་ས་བོན་ལས་བྱུང་བ་བདུད་རྩིའི་རང་བཞིན་དུ་བལྟས་ལ། རྩ་སྔགས་རིགས་ལྔ་སྤྱི་དྲིལ་ལ། ཨོཾ་དཱི་པྱ་ཨ་ནཾ་ས་མ་དྷིདྡྷྱཱ་ན་ཤྲི་ཎ་ཡེ་སྭཱ་ཧཱ། ཞེས་བཏགས་པ་རྫས་རེ་སྔགས་རེ་རོལ་མོ་རེ་སྦྲགས་ཏེ་བཏབ། ཡང་སྔགས་དེ་ཁ་ཤས་བཟླ་ཞིང་སློབ་དཔོན་གྱིས་བླུགས་གཟར་གྱིས་དཀྲུག་ཚུལ་དང་བཅས་ཐབ་ཏུ་བསྐོལ་ལ། ཐོག་མར་དཀྱིལ་འཁོར་ལ་དབུལ། དེ་ནས་ཆོས་སྐྱོང་དང་འཇིག་རྟེན་སྐྱོང་བ་ལ་བཏབ་སྟེ། བདག་དང་སློབ་མ་སྦྱིན་པའི་བདག་པོར་བཅས་པས་ལོངས་སྤྱད། སློང་བའི་སེམས་ཅན་གཞན་དག་ལའང་སྦྱིན་ནས། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་ལས་བྱང་གི་བསྔོ་སྨོན་དང༌། ཤིས་བརྗོད་ཀྱིས་མཐའ་རྒྱས་པར་བྱ། སྦྱིན་སྲེག་གི་མེ་རང་ཞིའམ། དྲི་བཟང་གི་ཆུས་བཅིལ་ལ་ཐབ་ས་བུམ་པར་བླུགས་ཏེ་མཛོད་དུ་སྦ་བར་བྱའོ། །ཚེ་ཡི་ཡུམ་མཆོག་ན་བཟའ་དཀར་མོར་བརྟེན། །འཆི་མེད་དཀྱིལ་འཁོར་ལྷ་ཚོགས་དགྱེས་བསྐྱེད་པ། །འགྲོ་བའི་འཆི་བདག་ཚང་ཚིང་མཐར་བྱས་ཏེ། །འཆི་མེད་ཚེ་ལྷའི་ལྗོན་བཟང་ཆེར་རྒྱས་ཤོག །ཅེས་པའང་རང་ཉིད་ཟབ་མོའི་ལམ་འདིའི་བསྙེན་སྒྲུབ་སྐལ་བཟང་དུ་སྤྱོད་པའི་ཚེ་ན། ཟབ་གཏེར་འདི་ཉིད་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཉམ་མེད་དིལ་མཁྱེན་རྡོ་རྗེ་འཆང་པདྨ་གར་དབང་མདོ་སྔགས་གླིང་པ་ཚེ་མཆོག་གྲུབ་པའི་སྡེ་ཆེན་པོ་མཆོག་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བལ་པོ་ཨ་ཧཱུྃ་གི་ཡང་གཏེར་ཛམ་ལྷའི་སྲོག་འཁོར་དང་བཅས་འདི་ལྟར་དུ་གྱིས་ཤིག་ཅེས་བཀའི་མེ་ཏོག་སྤྱི་བོར་ལྷུང་བ་གུས་པས་མཆོད་ནས་རིགས་མཐུན་གྱི་ཁུངས་ཚད་མ་ལས་བཏུས་ཏེ། དགེ་སྦྱོང་ངག་དབང་ཆོས་ཀྱི་བློ་གྲོས་སུ་འབོད་པས་ཐུན་མོང་གི་ལོ་དབྱུག་ཟླའི་དཀར་ཕྱོགས་ཀྱི་དགའ་བ་གསུམ་པའི་ཉིན་རང་གནས་ཐུབ་བསྟན་མདོ་སྔགས་ཆོས་གླིང་གི་དབེན་སྤྱིལ་འཆི་མེད་དགའ་ཚལ་དུ་སུག་བྲིས་སུ་བཏབ་པ་ལས། སླར་ཡང་རང་ལོ་བདུན་ཅུ་རྩ་གཅིག་པའི་ཤིང་ཁྱི་ལོ་བཀའ་འབུམ་བཀའ་བསྡུ་ཚོགས་པའི་གཙོ་བོ་མཁས་དབང་བླ་མ་པདྨ་བཀྲ་ཤིས་མཆོག་ནས་སྒྲུབ་ཆེན་སོགས་ཀྱི་ཚེ་སྲེགས་བླུགས་ཀྱི་སྦྱོར་དངོས་ཕྱག་བཞེས་ཁ་འཕངས་པ་རྣམས་དཀྱུས་སུ་འགོད་གལ་ཆེ་ཞེས་གསུང་བསྐུལ་གནང་བ་བཞིན་སླར་ཡང་བྲིས་བརྐོས་བརྩིག་ཐབ་སོགས་ཕྱག་ལེན་རྒྱས་པའི་ལུགས་བཞིན་ཅུང་ཟད་གསལ་བར་བྱས་ནས་བཀོད་པའི་ཡི་གེ་བ་ནི་ཐུབ་དགེ་ངག་དབང་བློ་གྲོས་ཏེ། དགེ་བས་བསྟན་འཛིན་གྱི་སྐྱེས་བུ་སྤྱི་བྱེ་རྣམས་ཀྱི་ཞབས་ཟུང་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་ཞིང༌། འགྲོ་ཀུན་འཆི་མེད་རྟག་པ་དམ་པའི་དཔལ་ལ་ངལ་འཚོ་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།
[edit]

@#/__/yang zab pad+ma tshe yi snying thig gi rgyas pa'i sregs blugs 'chi med grub pa'i dga' ston zhes bya ba bzhugs so// @#/__/na mo gu ru A yur+dz+nyA na ye/_/mi 'gyur rtag brtan 'chi med tshe mtha' yas/_/khyab bdag bla ma pad+ma gar dbang du/_/nges pa rnyed nas spyi bor rtag mchod de/_/tshe dang ye shes rgyas pa'i sregs blugs spel/_/de la yang zab dgongs pa'i gter bcud pad+ma tshe yi snying thig gi las tshogs phrin las gser gyi thig le la brten nas tshe dang ye shes spel ba'i cho ga la gsum las/_rtsa ba'i dgongs pa rgyas pa'i las sgrub pa'i sbyin sreg dang*/_de zhi sreg tu bsgyur tshul/_sgrub pa'i khyad chos so/__/dang por sbyor dngos rjes te/_sbyor bar/_gter gzhung las/_phrin las me rlung la brten nas:_sngags kyi nus pa rgyas pa dang:_rtags mtshan rno ba'i thabs mchog ni:_sa yi cho ga sngon 'gro bas:_stegs bur bris brkos thab bzhengs la:_mtshan nyid ldan pa'i bud shing brtsigs:_rdzas dang mchod pa bshams nas kyang:_byin rlabs cho ga'i rim pa ni:_zhes sogs kyis bstan pa ltar tshe dang ye shes rgyas pa sogs gtso bor sgrub pa'i skabs su gnas dkyil 'khor gyi byang phyogs sam/_chos rje sde dpon gyi gnas sogs tshe bsod dbang rlung dar rgyas su gyur par/_dus ra ba bzhi'i yar tshes la dros chen nas nyin phyed tshun chad du/_phyogs dkyil 'khor ram 'byung ba'i byang du rang gi mdun phyogs par byas te/_gang du bya ba'i gnas der sa'i cho ga rgyas pa'am/_bsdu na dkar gtor gser skyems dang bcas pa 'bru tshom gyi steng du bshams la/_rang nyid skad cig gis pad+ma dbang chen rta mchog rol ba'i skur gyur/_hrIHpad+mAn+ta kr-ita badz+ra kro d+ha h+ya gr-I wa sarba big+h+nAn ha na ha na hU~M phaTa?H_ces brgya'am nyer gcig sogs bzla/_de nas rta sngags kyi bsang chu gtor mar bran te/_raM yaM khaM gis bsregs gtor bkrus/_stong pa'i ngang las rin po che las grub pa'i snod yangs shing rgya che bar gtor ma kha dog dri ro nus pa phun sum tshogs par gyur/_oM AHhU~M lan gsum/_ha ho hrIHsa byin gyis brlabs/_b+hU mi pa ti sa pa ri wA ra badz+ra sa mA dzaHsa spyan drangs/_b+hU mi pa ti sa pA ri wA ra a kA ro mu sogs gsum gyis gtor ma bsngos la/_gang dag 'dir gnas lha dang klu/_/gnod sbyin srin po'am gzhan dag la/_/dkyil 'khor don du sa phyogs 'di/_/bdag zhu khyed kyis bstsal du gsol/_/zhes lan gsum gyis sa blangs/_sa'i gzhir dri bzang dang*/_ba byung gi chag chag gdab/_lag g.yas rdo rje dang bcas sa la bzhag ste rtsa sngags brgya rtsa brgyad dang*/_oM ha na ha na kro d+ha hU~M phaTa?H_ces lan nyer gcig bzlas pas kun rdzob kyi sbyang ba dang*/_chos thams cad stong nyid du mos pa don dam pa'i sbyang ba tsam byas rjes/_zhing sa bzang po dang*/_rgyal po'i bang mdzod kyi 'og sogs bkra shis pa'i sa las brtsigs pa'i stegs bu gru bzhi khod snyoms par byas pa'i steng du thab khung gru bzhi rgyar khru do/__/dpangs su khru gang ngam sor bcu gnyis pa'i steng du gzhi dang mi zlos pa'i tshon ser pos thab khung khru phyed dam mtho do/__/mchu dang kha khyer sor bzhi pa re re ste gsum ka'ang gru bzhir bcad pa'i thab dbus su 'khor lo rtsib brgyad lte bar rin po che ser po sor drug pas mtshan pa/_kha khyer bags kyis gzhol ba la nor bu'i phreng ba dang*/_zur bzhir rin po che 'bar bas mtshan pa bdud rtsi lnga dang dri ser po'i chab kyis phyi rol byugs la me tog ser po gcal du dgram/_brkos thab tu byed na stegs bu'i dbus su mchu dma' ba dang*/_thab kyi zab brkos la/_de nas mchu sor brgyad phyir 'gyed pa nas kha khyer rgya dpang sor brgyad pa bya ba tsam khyad par yin/_bris thab tu byed na stegs bu dri bzang gi ba byung lnga bdud rtsi dang sbyar ba'i chag chag btab la/_tshangs zur gyi thig spyi mthun du btab pa'i dbus nas logs ngos su khru re gzhal ba'i sar gru bzhi par bcad pa'i phyi rol tu sor brgyad pa'i mchu kha khyer gyis bskor/_thab dbus su 'khor lo rtsib brgyad pa'i lte bar sor drug pa'i rin po ches mtshan pa/_mu ran ser po g.yas bskor dang*/_de'i phyi kha khyer la nor bu rin po che'i phreng bas bskor ba bri/_bris brkos brtsig thab gang gi tshe yang bcad tshon sogs kyang ngur smig gis mtshon ji ltar rigs pa las nag po sogs tshon sel gyis ma phog pa gal che'o/_/bud shing tsan+dan dkar po dang*/_star kha kham bu shug pa sogs tsher ma dang*/_srog chags med pa'i 'bras bu can gyi shing 'o mar bcas pa gur gum gyi chab kyis bran pa khru gang tsam du gru bzhir brtsigs pa'i nang du me tshang bzhag_/rang gi g.yon phyogs su mchod stegs rten khebs sam/_dar ras ser po bkab pa'i khar many+dzi sogs kyi steng du 'das ma 'das kyi me gtor gnyis mar dang 'bru phye la mngar gsum rin po che gser sogs bsres pa'i gru bzhi ser po rgyan ldan nor bus mtshan pa so so gral stabs dang*/_g.yas g.yon du sman raka_/mdun du chu gnyis nyer spyod lnga cha gnyis phreng tshar dang*/_me lha'i mchod yon dang*/_zhabs bsil dung zhal gnyis su bshams/_rang gi g.yas su rdzas stegs la dar ras ser po bkab pa'i khar/_yam shing rtsig shing dang 'dra ba la sbom phra mthe bong las mi phra ba/_srid du khru gang ba/_'bras bu chags pa'i shing gi dbus kyi cha las byung ba la dri bzang gis byugs shing*/_mngar gsum dang*/_mar khur nyug pa/_'byor na lo ma 'bras bu dang bcas pa dgos la/_'das par bcu tshan ji ltar rigs pa dang*/_'jig rten par bdun tshan gcig dang*/_rdzas lhag bcas mngar gsum dri bzang dang sbyar ba'i mar khu/_dkar mngar rnam drug 'bru sman rin po che dri bzang dang sbyar ba'i zas mchog_/til dkar/_'bras ma grugs pa/_so ba dang*/_nas gra ma med pa/_sran dkar/_gro/_dUrba/_ku sha/_yungs kar/_shing tog kha ma gshags pa sogs zas sna tshogs pa dang*/_dar ser gyi gos zung*/_rdo thal med pa'i so rtsi rnams kyi snod kha dog ser zhing dbyibs gru bzhi pa 'ba' zhig par 'das ma 'das nyis rim du bsham/_slob dpon dang thab kyi bar du me yol gangs ri baM gyis mtshan pa bris pa dang*/_mdun du nang mchod/_las bum/_rdor dril gyi bar du dgang blugs kha sbyar ba bzhag_/gzhan yang me dar rlung g.yab ngang pa'i gshog pa'am ras ser po la raM ser po bris pa sogs nye bar mkho ba'i yo byad rnams legs par 'du bya/_slob dpon chas gos ser po bgo ste dga' ba'i sems kyis dar zab sogs stan ser po la bzang po'i 'dug stangs kyis phyogs gong du bshad pa ltar la 'khod/_cho ga dngos la/_brgyud 'debs skyabs sems nas bzung bdag bskyed bzlas pa lha ldang yan las byang pad+ma'i phreng ba bzhin mthar chags su byas nas las bum tshul bzhin bsgrub pa'am/_bsdu na bsang chur gong gi rta mgrin gyi sngags bzlas pas rdo rje'i sngags kyi rang bzhin du brlab/_de nas lag g.yas rdo rje gsor zhing snying khar bzung la/_oM ma hA badz+ra hU~M/_g.yon dril bu 'khrol zhing dkur brten la/_oM badz+ra gaN+De aH_thugs kar 'khyud rgyas/_oM sarba ta thA ga ta ma hA a nu rA ga Na badz+ra swa

b+hA wa at+ma ko\u0f85 haMH_zhes dam tshig gsum dran par byas la/_mchod rdzas rnams las byang bzhin byin gyis brlab/_bsreg rdzas rnams la bdud rtsi bran/_rdo rje rtse gcig pa'i rgyas reg la/_oM swA hAs rdzas rnams bkru/_yam shing la/_oM AHswA hA/_zhun mar la/_oM shrIM swA hA/_'bru rnams la/_oM dz+riM swA hA/_rdzas gzhan rnams la/_oM ku ru ku ru swA hA/_stong pa'i ngang las rdzas rnams rang rang gi ming yig dang po thig les brgyan pa las byung ba'i ye shes kyi bdud rtsi'i rang bzhin bsreg rdzas so so'i rnam par gsal bar gyur/_oM AHhU~M zhes 'bru gsum lan re'i mthar/_rdzas sngags/_oM bo d+hi br-ik+Sha ya swA hA/_zhes lan gsum sbrel ba dang*/_de bzhin tu 'bru gsum lan re'i mthar 'og gi rdzas sngags bcu gnyis po snga ma ltar du sbrel ba brjod pas byin gyis brlab par bya ba dang*/_de nas rgyal rigs kyi khyim dang*/_nor bu las byung ba'i me du ba med pa spar la/_oM ag+ne dz+wa la raM zhes thab kyi shar lhor bcug_hU~M hU~M hU~M zhes brjod cing rlung g.yab kyis g.yab la 'bar du gzhug_hrIH_lan bdun dang*/_ag+ne ye swA hA/_brjod pa'i blugs gzar gyi mar khus kyang gso bar bya'o/_/de nas ku sha sngo ljang dri ma med pa las bum gyi chus bran te/_hrIH_pad+mAn+ta kri ta badz+ra kro d+ha h+ya gr-I wa sarba big+h+nAn ha na ha na hU~M phaTa?H_zhes pas bsang la/_oM/_ku sha 'di ni gtsang zhing dge_/tshangs pa lha yi dag byed yin/_/dkon mchog gsum po mnyes byed pa/_/sa las skyes pa 'dab ma'i snying*/_/bdag gi bgegs rnams thams cad ni/_/zhi dang bkra shis mdzad du gsol/_/swA hA/_zhes ku sha rtse mo nyis gshibs rang gi g.yon ngos thab kyi kha khyer la rtse mo byang nas lhor te/_phyogs bzhir bkram pa'i rgyab rtsa non par bya/_slar rtse mo byang du bstan pa'i ba lang gi rna ba ltar ha cang mi ring bas g.yog go_/gnyis pa dngos gzhir 'jig rten pa dang*/_'das pa'i me lha mchod pa las/_dang po thab las sngags kyis bsang*/_swa b+hA was sbyang*/_stong pa'i ngang las mdun du hU~M las rgyas pa'i thab khung kha dog ser zhing dbyibs gru bzhi mu ran kha khyer dang bcas pa'i dbus su 'khor lo rtsibs brgyad pa'i lte bar rin po che ser po dang*/_kha khyer dang zur bzhir rin po ches mtshan pa/_dwangs shing sgrib pa med pa 'od zer kun tu 'phro ba/_rgya dpangs sogs mtshan nyid thams cad yongs su rdzogs pa'i nang du pad nyi la gnas pa'i raM yig yongs su gyur pa las rgyas pa'i me lha sku mdog ser po drang srong gi cha byad can/_gun+d+he dang bgrang phreng 'dzin pa/_ra skyes kyi steng na gnas shing drang srong gi tshogs kyis yongs su bskor bar gyur/_dri'i thig le gnas gsum du bkod tshul byas la/_de'i spyi bor oM dkar po/_mgrin par AHdmar po/_thugs kar hU~M sngon po/_bdag gi thugs ka nas 'od zer lcags kyu lta bu 'phros pas shar lho nas me lha 'khor bcas spyan drangs par mos la/_lag g.yas mi 'jigs pa'i rgya dang bcas pas rna ba'i thad du mthe bong g.yab bzhin par/_kye/_'jig rten tshangs dbang mgon gyi sras:_me lha'i rgyal po drang srong che:_DA kis dbang bskur phrin las bdag:_gnas 'dir da lta gshegs su gsol:_ag+ne de wa a kar+Sha ya dzaH_zhes spyan drangs/_las sngags kyis phyis 'brang gi bgegs bskrad/_oM ag+ne ye de wa sa pa ri wA ra ar+g+haM pra tIts+tsha swA hAs dung zhal gyi mchod yon phul/_de bzhin du pAd+yaM gis zhabs bsil phul/_dzaHhU~M ba~M hoH_oM ag+ne ye de wa sa ma ya tiSh+Tha lhan/_zhes bzhugs su gsol/_de nas nyer spyod rnam lnga/_oM ag+ne ye sa pa ri wA ra puSh+pe pra tIts+tsha swA hA/_de bzhin du/_oM ag+ne ye sa pa ri wA ra d+hU pe sogs sbyar la shab+da bar gyis mchod/_lha yi lha mchog dngos grub tshogs:_thogs med stsol ba'i phrin las bdag:_shar lho'i gdon gyi rgyal po che:_'khor dang bcas la phyag 'tshal bstod:_ces dang*/_de nas/_me lha cung zad 'dzum pa'i ljags dang gzar bu gnyis kyi kha la raM yig gis mtshan pas sregs blugs kyi bdud rtsi'i rgyun drangs te gsol bar bsam la/_lag gnyis khu tshur byas pa'i mtheb mdzub gnyis rtse sprad pa rin po che'i khu tshur gyis dgang blugs bzung nas/_oM ag+ne ye swA hA/_zhes g.yas pas blugs gzar bdun gyis g.yon pa'i dgang gzar bkang ba'i gzar bu kha sbyar pus mo'i nang las phyir mi 'da' bas g.yas su bskor zhing*/_oM ag+ne ye dI bya dI bya bi shud+d+he ma hA shrI ha bya ka bya ba h+na ya hU~M phaTa? swA hA/_zhes dang*/_bdag cag dpon slob bam/_yon mchod/_sogs kha bsgyur bas chog_/gang ltar yang*/_'khor dang bcas pas thog drangs mtha' yas pa'i sems can thams cad kyi tshe dang bsod nams ye shes thams cad puSh+TiM ku ru oM/_zhes spel tshig sbrel bas byon skyems lan gsum 'bul zhing me pra brtag_/dge bar mthong na gzengs bstod cing*/_bgegs dang bcas pa nyid na las sngags kyis me la bsang gtor dang bsrung bar bya'o/_/de nas rdzas rnams rim bzhin 'bul ba las/_khu ba'i rang bzhin rnams zhal dang*/_yam shing dUrba ku sha sogs 'od kyis dkyil 'khor dang*/_zho zan dang til sogs phyag gis mtshon par phul bar mos te/_lag gis bzung du btub pa rnams g.yas pa'i mtheb srin sbyar ba'i mchog sbyin gyi tshul dang*/_de las gzhan pa rnams blugs gzar gyis 'bul zhing*/_'bul sngags dang go rim ni/_yam shing la/_oM b+ho d+hi br-ik+Sha ye swA hA/_gzi brjid phun sum tshogs pa thams cad puSh+TiM ku ru oM/_mar khu la/_oM ag+ne ye swA hA/_'byor ba phun sum tshogs pa thams cad puSh+TiM ku ru oM/_zho zan la/_oM sarba sam+ba de swA hA/_bde ba phun sum tshogs pa thams cad puSh+TiM ku ru oM/_til la/_oM sarba pA paM da ha na badz+ra ye swA hA/_sdig pa med pa phun sum tshogs pa thams cad puSh+TiM ku ru oM/_'bras la/_oM badz+ra puSh+Ta ya swA hA/_bsod nams phun sum tshogs pa thams cad puSh+TiM ku ru oM/_so ba la/_oM badz+ra bi dzA ye swA hA/_nor dang 'bru phun sum tshogs pa thams cad puSh+TiM ku ru oM/_nas la/_oM ma hA be gA ye swA hA/_shugs phun sum tshogs pa thams cad puSh+TiM ku ru oM/_sran ma la/_oM ma hA ba la ya swA hA/_stobs phun sum tshogs pa thams cad puSh+TiM ku ru oM/_gro la/_oM badz+ra g+hasma re swA hA/_nad med pa phun sum tshogs pa thams cad puSh+TiM ku ru oM/_/dUrab la/_oM badz+ra A yu She swA hA/_tshe ring ba phun sum tshogs pa thams cad puSh+TiM ku ru oM/_ku sha la/_oM a pra ti ha ta badz+rA ye swA hA/_mi mthun pa'i phyogs thams cad srung ba phun sum tshogs pa thams cad puSh+TiM ku ru oM/_yungs kar la/_oM badz+ra sid+d+hi ye swA hA/_gdon bgegs 'joms pa phun sum tshogs pa thams cad puSh+TiM ku ru oM/_shing tog sogs zas sna tshogs la/_oM ag+ne ye dI bya dI bya bi shud+d+he ma hA shrI ha bya ka bya ba h+na ya hU~M phaTa? swA hA/_bdag cag dpon slob yon mchod 'khor dang bcas pa'i tshe dang bsod nams ye shes thams cad puSh+TiM ku ru oM/_de ltar lan bdun sogs ji ltar rigs pas phul/_de nas phrin las bcol ba ni/_drang srong chen po 'khor dang bcas pas bsreg rdzas lha'i zhal du stob pa dang me nyid ye shes mer byin gyis brlabs te bdag cag dpon slob bam/_yon mchod gang ltar yang*/_'khor dang bcas pa'i thog drangs mtha' yas pa'i sems can thams cad kyi tshe dang bsod nams dpal dang 'byor ba snyan grags dbang thang gzi brjid lang tsho zas nor longs spyod 'khor 'bangs mnga' ris chus srid la sogs pa dar zhing rgyas par mdzad du gsol/_mkhyen pa dang brtse ba mthu stobs nus rtsal nyams dang rtogs pa sa lam gyi yon tan dkar po'i bsam sbyor thams cad gong nas gong du 'phel par mdzad du gsol/_mdor na 'jig rten dang 'jig rten las 'das pa'i dge legs kyi yon tan ji snyed pa thams cad dbyar gyi chu gter dang*/_yar ngo'i zla ba bzhin du 'phel zhing rgyas par mdzad du gsol/_puSh+TiM ku ru oM/_zhes so/_oM AHhU~M mu~M/_ye shes kyi me lha thab kyi shar lhor gshegs par gyur/_gnyis pa 'das pa'i me lha mchod pa ni/_bud shing la las bum gyi chus bran te cung zad kha gsos nas/_sngar bzhin las sngags kyis bsangs/_oM ma hA shU n+ya ta dz+nyA na badz+ra swa b+hA wa at+ma ko\u0f85 haM gis sbyangs la/_hrIH_dam tshig me lha'i lto ba ru:_rin chen gzhal yas mtshan nyid rdzogs:_phyi gsal nang gsal 'od zer 'bar:_mdog lnga'i rtsig pa yid du 'ong:_pha gu drwa phyed mdzes pas spras:_mda' yab pu shu tog gis brjid:_'dod snam lha mo'i mchod sprin spro:_ye shes snang ba bsam mi khyab:_sgo bzhi rgyu 'bras rta babs brgyad:_chos 'khor ri dwags gdugs kyis brgyan:_ngo mtshar rgyan gyi bkod pa'i tshogs:_blo las 'das pa'i cho 'phrul shar:_sa ma ya maN+Da la b+h+rU~M:_pho brang de yi lte ba la:_pad+ma rin chen rma bya'i khri:_'dab stong ge sar zla ba'i steng:_'chi med mgon po snang mtha' yas:_gsung gi rdo rje tshe dpag med:_ces pa nas/_bsam yas bkod pa 'phro zhing 'du:_zhes pa'i bar gyis lha tshogs gsal btab nas/_hrIH_nub phyogs bde chen dbang gi zhing:_sogs kyis spyan drangs la/_bzhugs gsol nas bzung phyag 'tshal dang*/_mchod pa rgyas bsdus longs skabs dang bstun cing*/_bstod pa'i bar las byang gi dkyus bzhin song nas/_sreg rdzas kyi thog mar dgang blugs 'bul ba la/_dkyil 'khor gyi lha tshogs rnams cung zad 'dzum pa'i ljags rin po che ser po'i rnam pa can dang*/_gzar bu gnyis la b+h+rU~M yig 'od zer gyi phung por 'bar bas mtshan pas sreg blugs bdud rtsi'i rgyun drangs te gsol bar bsam la/_dgang blugs/_oM hU~M trAM hrIHaH_mUM lAM mAM pAM tAM a mA ra Ni dzI wan+ti ye swA hA/_a yur+dz+nyA na puSh+TiM ku ru oM/_zhes rtsa ba'i sgrub sngags rigs lnga spyi dril gyis phul la/_bdag cag dpon slob bam/_yon mchod sogs kha bsgyur bas chog la/_gang ltar yang*/_'khor dang bcas pas thog drangs mtha' yas pa'i sems can thams cad kyi tshe dang bsod nams dpal 'byor snyan grags ye shes yon tan thams cad 'phel zhing rgyas pa'i phrin las mdzad du gsol/_zhes spel tshig sbrel/_de nas yam shing la sogs pa'i rdzas gzhan rnams rtsa sngags rigs lnga spyi dril lan re'i mthar/_oM bo d+hi br-ik+Sha ya swA hA:_sogs rdzas sngags so sor sbyar ba'i bcu tshan re'i mthar spel tshig gong gi 'jig rten pa ltar dang*/_shing tog sogs zas sna tshogs la/_rtsa sngags rigs lnga spyi dril/_spel tshig_bdag cag dpon slob yon mchod 'khor dang bcas pa'i tshe dang bsod nams dpal 'byor ye shes thams cad puSh+TiM ku ru oM/_zhes sbrel ba sogs kyis ji ltar rigs par phul/_tshul de lta bus bcu tshan bcus brgya/_lngas lnga bcu/_gsum gyis sum cu sogs skabs dang sbyar te 'bul ba dang*/_yang khri 'bum la sogs grangs mang gsog dgos skabs rgyas pa kho na lcogs dka' bas/_gong bzhin rgyas pa thog mtha' bar gsum du lan re tsam dang*/_'dir tshe rgyas pa gtso bo'i dbang gis rtsa sngags rigs lnga spyi dril la rdzas sngags/_oM badz+ra A yu She sbyar la/_rdzas kyang dUrba kho nas phul ba dge zhing*/_spel tshig kyang*/_bdag cag dpon slob yon mchod 'khor dang bcas pa'i tshe dang bsod nams dpal 'byor ye shes thams cad puSh+TiM ku ru oM/_zhes sbyar/_yang rdzas thams cad 'bul bar 'dod na sngon du rgyas pa lan gsum sogs ci nus phul te mthar rdzas spungs byas te gong bzhin spyi dril kho nas phul kyang rung*/_mthar rdzas rnams rdzogs nas phrin las bcol ba ni/_bcom ldan 'das mgon po tshe dang ye shes dpag tu med pa'i dkyil 'khor gyi lha tshogs khyed rnams kyis bdag cag dpon slob sogs me lha bzhin 'dod don gsol bas/_lha tshogs kyi thugs ka nas spros pa'i sangs rgyas rnams kyis gser gyi bum pa bdud rtsi dang rin po ches gang ba 'dzin pas zla ba ser po la gnas pa'i bsgrub bya'i steng phyogs nas bdud rtsi dang rin po che'i char phab pas de'i lus dang khyim gang ste tshe dang bsod nams ye shes yon tan thams cad 'phel zhing rgyas par bsam mo/__/slar yang dgang blugs sngar bzhin bdun tshan gsum phul mthar/_oM badz+ra was+t+ra ya swA hA/_zhes gos zung dang*/_oM badz+ra tam+bu lA ya swA hA/_zhes so rtsi 'bul/_gtang rag gi mchod pa/_hrIH_dag pa'i zhing khams rab 'byams zhes pa nas shab+da pU dza AHhU~M bar dang*/_hrIH_dug lnga'i sogs sman raka dang*/_hrIH_'dod yon zhes gtor mchod skabs 'das pa'i me gtor phul/_hrIH_'chi bdag la sogs zhes sh+lau ka gcig dang*/_chos nyid gcig la zhes sh+lau ka bcas kyis bstod/_ma rnyed yongs su ma tshang sogs dang yi ge brgya pa lan gsum gyis nongs pa bshags la/_rlung nang du 'jug pa dang bcas/_dkyil 'khor lha tshogs rang la thim nas mi shigs pa'i thig ler ro gcig tu gyur par bsam zhing*/_oM A da ma ko tiSh+Tha badz+ra hU~M/_zhes 'khyud rgya dang bcas bsdu/_gsum pa rjes ni/_slar yang blugs gzar gyi mar khu gang phul nas/_oM ag+ne dz+wa la raM gyis me gso zhing*/_slar yang me lha cha byad yongs su rdzogs pa skad cig gis gsal bar gyur pa bsam la/_sngar bzhin dgang blugs lan gsum 'bul ba dang*/_yam shing la sogs pa'i rdzas lhag rnams ni smin gling phyag bzhes ltar lnga'am/_gsum/_re res kyang chog cing*/_dkyus kyi spel tshig dor nas rdzas sngags so so'i mthar/_bdag cag dpon slob yon mchod 'khor dang bcas pas thog drangs mtha' yas pa'i sems can thams cad kyis nongs pa'i nyes tshogs zhi ste/_srid zhi'i yon tan thams cad rgyas par gyur cig_/puSh+TiM ku ru oM/_zhes pas 'bul/_oM badz+ra was+t+ra'i sngags sogs kyis gos ser gyi gos zung dang*/_so rtsi bcas 'das pa'i mchod sreg gi skabs bzhin phul nas/_ag+ni ye sa pa ri wA ra puSh+pe pra tIts+tsha swA hA/_zhes dang*/_de bzhin/_d+hU pe sogs nas shab+da bar gyis mchod/_me ste bsreg bya za ba'i lha/_/drang srong chen po gdon gyi bdag_/shar lho me lha'i tshogs bcas la/_/mchod cing bstod de phyag kyang 'tshal/_/zhes pas bstod/_a kA ro'i sngags lan gsum gyis gtor ma bsngos la/_mchod sbyin gtor ma 'di bzhes la/_/zhes sogs kyis phrin las bcol te 'jig rten pa'i me gtor stob/_yi ge brgya pas nongs pa bshags/_bdag gi don dang gzhan gyi don/_/byin za khyed kyis sgrubs kyis gshegs/_/ji bzhin dus su slar byon la/_/bdag gi 'dod pa thams cad sgrubs/_oM ag+ne ye gats+tsha/_zhes rang gnas su gshegs su gsol/_a kA ro brjod cing 'o ma dang dri bzang gi chus me gzhil nas las rjes mi mngon par bya/_ho:_legs spyad dge ba'i sogs kyi dge bsngo dang*/_oM:_gsung gi bdag po sogs bkra shis pa'i tshigs su bcad pa ji rigs pas dge legs kyi snang bas yongs su khyab par bya'o/__/gnyis pa bsnyen pa'i kha skong sogs zhi ba'i sbyin sreg dgos pa'i skabs de nyid kha bsgyur tshul ni/_sa slong sogs rgyas sreg ltar la/_bkra shis pa'i sa la stegs bu gru bzhi thab khung zlum po/_rgyar khru gang*/_dpangs su khru phyed/_thab kyi steng du mu ran nam mchur sor bzhi dor bas rgya dang dpangs sor bzhi pa'i kha khyer bags kyis nang du gzhol ba'i kha khyer la rdo rje'i phreng bas bskor zhing*/_phyi'i gru chad zur gsum pa bzhir zla phyed rdo rjes mtshan pa/_thab kyi dbus su pad+ma 'dab ma brgyad pa'i lte bar sor brgyad tsam gyi rdo rje rtse lnga pa mgo shar bstan bya/_brkos thab la stegs bu'i dbus su mchu dma' ba dang*/_thab kyi zab brkos la/_de nas mchu sor bzhi phyir 'gyed nas kha khyer rgya dpangs sor bzhi pa bya ba tsam khyad par yin/_bris thab byed na tshangs zur gyi thig btab la/_dbus nang khru phyed kyis zlum por bskor ba'i phyir sor bzhi pa'i mchu dang kha khyer te/_zlum skor gsum gyi nang du pad+ma 'dab brgyad thab tshon dang bcas pa/_kha khyer la rdo rje'i phreng ba/_grwa bzhir zla phyed rdo rje dang bcas pa bri/_brtsig thab sogs gang gi tshe yang kha dog dkar po bya zhing*/_bcad tshon kyang dmar skya la tshon ji ltar rigs pa las nag po sogs tshon sel gyis ma phog pa gal che/_phyi rol du khru phyed kyi sar ba'i lci bas byug_/me tog dkar po gcal du dgram mo/__/bal bu sogs 'o ma can gyi shing zlum por brtsig_/stegs bur rdzas gdan dkar po bkab/_bsreg rdzas sngar dang 'dra ba la/_yam shing sor bcu gnyis pa rtse 'o ma dang mar khu nyug pa/_khyad par gyi rdzas til gtso bo dang*/_mchod rdzas me gtor dkar zlum/_rlung g.yab dang*/_stan dkar po/_dus tho rangs sam/_snga dro'i char/_slob dpon chas gos dkar po gyon nas kha shar du phyogs la rdo rje'i 'dug stangs kyis kha dog dkar po'i stan la zhi ba'i sems kyi 'khod pa dang*/_cho ga rgyas pa ltar la/_zhi ba'i thab khung kha dog dkar po dbyibs zlum po mu ran kha khyer dang bcas pa'i dbus su sna tshogs pad+ma'i lte bar rdo rje dang*/_kha khyer rdo rjes mtshan pa dwangs shing sgrib pa med pa'i 'od zer kun tu 'phro ba/_rgya dpangs sogs mtshan nyid thams cad yongs su rdzogs pa'i nang du pad nyi la gnas pa'i raM yig yongs su gyur pa las zhi ba'i me lha dkar po drang srong sogs dkyus ltar dang*/_'jig rten pa'i byon skyems dgang blugs skabs/_me lha zhal 'dzum pa'i ljags dang gzar bu gnyis kyi khar raM yig 'od zer gyi phung po 'bar bas mtshan pas sregs blugs kyi bdud rtsi drangs te gsol bar bsam pa dang*/_'das pa'i byon skyems dgang blugs skabs/_dkyil 'khor kyi lha rnams zhal sogs gong ltar la/_gnyi gar spel tshig_bdag cag dpon slob 'khor dang bcas pas thog drangs mtha' yas pa'i sems can thams cad kyi nad gdon sdig sgrib bar chad mi mthun pa'i phyogs thams cad shan+tiM ku ru swA hA/_zhes so/__yang na 'das par/_bdag sgrub pa po'i sngags chad lhag gi nyes pa dang*/_nad gdon zhes kha bsgyur kyang chog cing*/_rdzas zho zan gyi gong du til bya ba dang*/_yam shing sogs bsreg rdzas la/_gzi brjid phun sum tshogs pa la bar du gcod pa thams cad shin+tiM ku ru swA hA/_zhes sogs kun la rigs 'gre ba dang*/_shing tog sogs zas sna tshogs skabs kyi spel tshig kyang dgang blugs ltar dang*/_las 'chol ba'i tshe 'jig rten pa'i skabs/_drang srong chen po khyed rnams kyis las thams cad byed pas bsreg rdzas lha'i zhal du 'bul ba dang*/_me nyid ye shes kyi mer byin gyis brlabs nas bdag cag dpon slob yon mchod 'khor dang bcas pa'i thog drangs mtha' yas pa'i sems can thams cad kyi nad gdon sdig sgrib 'gal rkyen mi mthun pa'i phyogs thams cad zhi ba'i phrin las mdzad du gsol/_zhes 'dod don gsol/_'das pa'i skabs/_bcom ldan 'das mgon po tshe dang ye shes dpag tu med pa'i dkyil 'khor gyi lha tshogs khyed rnams kyis bdag cag dpon slob bam/_yon mchod sogs kha bsgyur/_gang ltar yang*/_'khor dang bcas pa'i thog drangs mtha' yas pa'i sogs gong ltar/_rdzas rdzogs pa dang*/_lha rnams kyi thugs ka nas spros pa'i sangs rgyas rnams kyis zla ba chu shel gyi bum pa bdud rtsi dkar pos gang ba 'dzin pa bsgrub bya'i steng phyogs nas khrus byas nas sdig sgrib dang nad gdon la sogs pa thams cad dag cing zhi bar bsam mo/_/zhes sogs bsgyur ba las gzhan thams cad rgyas pa ltar bya bas grub bo/__/gsum pa sgrub pa'i khyad chos ni/_sgrub chen 'dra 'bag gam/_sgrub mchod dkyus ma tsam la'ang rung ste/_nub tha ma dngos grub zhus zin pa'i rjes sogs su gter gzhung gi las tshogs phrin las gser gyi thig le la brten nas tshe dang ye shes spel ba'i cho ga bya bar gsungs te/_sngar kho bos bris pa'i sgrub khog tu de dag gi tshul gud du byung ba las shes par bya zhes kha 'phangs pa/_'di lta ste/_nyin snga ma'i dgong thun gyi gtang rag mchod bstod dag gi dbur las rdor nas maN+Dal gyi gzhi dri bzang dang bcas pa rdo rje slob dpon la phul te/_gang des gtso 'khor yongs rdzogs kyi sngags re re bzhin brjod la tshom bu lha grangs dang mnyam pa 'god cing*/_stegs khebs many+dzi dang bcas gzhi'i dkyil 'khor gyi byang shar du bkod la/_mchod bstod sogs mthong brgyud phyag len ltar bya ba sngon du 'gro ba dang*/_nyin phyi ma'i skabs sbyor ba gong du bshad pa'i sa'i cho ga dang*/_bris brkos brtsig thab gsum gang rigs thog_/rdul tshon gyi dkyil 'khor rgyas pa'i bsreg blugs ltar 'du byas la/_tshom bu'i dkyil 'khor dang*/_rgyan bkod shong ba'i phyir mchod stegs gu yangs tsam bya ba las/_mchod pa dang*/_bsreg rdzas sogs rgyas bsreg ltar bshams shing*/_cho ga dngos gzhir tshig bdun gsol 'debs dang*/_rje gter chen pad+ma gar dbang 'od gsal mdo sngags gling pa'i rnam thar gsol 'debs sam/_'khrungs rabs gsol 'debs gang rigs sngon du btang nas/_bdag bskyed dor te/_rtsa sngags rigs lnga spyi dril la/_phaTa? dzaH_btags pa brjod pas/_rang nyid dkyil 'khor gyi gtso bo las mar me gcig las gnyis mched kyi tshul du las kyi lha gnyis pa'i rnam par thon nas sbyin sreg gi las rim la 'jug par mos la/_rdor dril byin rlabs sogs nas/_'jig rten pa'i me lha'i mchod bsreg rgyas pa ltar bstabs la/_'das pa'i mchod bsreg_oM ma hA shUn+ya ta sogs nas/_dam tshig me lha'i lto ba ru:_rin chen gzhal yas mtshan nyid rdzogs:_sogs nas las gzhung gi_sa ma ya maN+Dal b+h+rU~M/_zhes pa'i bar dang*/_de nas spyan 'dren/_hrIH_nub phyogs bde chen dbang gi zhing:_zhes pa'i tshig dang bstun las rdor gyi rtsa sngags rigs lnga spyi dril bzla bzhin du sgrub dkyil las tshom bu spyan drangs pa rol 'og sgrub khang nas dung dkar/_spos sne/_rgyan bkod dang tshom bu bcas thab dkyil la bskor te mthar/_tshom bu slob dpon la phul nas/_bdag 'jug gi lha dbang ltar gtso bo nas bzung lha bcu bdun gyi sngags re re brjod bzhin du tshom bu'i rtse'am me tog so so thab dkyil du bstabs zin pa dang*/_pho brang de yi lte ba la:_pad+ma rin chen rma bya'i khri:_'dab stong ge sar zla ba'i steng:_'chi med mgon po snang mtha' yas:_gsung gi rdo rje tshe dpag med:_ces pa nas/_bsam yas bkod pa 'phro zhing 'du:_zhes pa'i bar gyi rten pa'i lha tshogs gsal 'debs tsam bya ba ni gter rnying bka' brgyad bde 'dus kyi rgyas sreg ltar smin gling gter sras pad+ma 'gyur med rgya mtsho'i bka' srol bzhin dang*/_yang smin gling gter gsar thugs chen bde kun sogs kyi phyag len yig cha ltar na/_gong gi las rim rnams snga ma ltar las/_dam tshig me lha'i lto ba ru:_rin chen gzhal yas mtshan nyid rdzogs:_zhes pa nas/_bsam yas bkod pa 'phro zhing 'du:_zhes pa'i bar dkyus bzhin dam tshig pa'i gzhal yas khang lha dang bcas pa bskyed la/_ye shes pa ste/_hrIH_nub phyogs bde chen dbang gi zhing:_zhes pa'i skabs su tshom bu spyan drangs la/_rdor slob rnam pa'i bya ba gong ma ltar mdzad pa'i bzhed rgyun te/_de dag so so gang mos ltar mdzad pas chog gam snyam zhing*/_gang ltar yang bzhugs gsol/_hrIH_dbyings nas spyan drangs ye shes pa:_sogs nas phyag 'tshal dang*/_mchod pa rgyas bsdus longs skabs dang bstun te/_bstod pa nas bzung 'das pa'i sregs blugs dkyus ltar phul nas/_gtang rag gi mchod bstod mthar/_nongs bshags mjug_dkyil 'khor gyi lha tshogs rnams sgrub pa'i dkyil 'khor la gshegs par gyur/_zhes dang*/_las rdor gyi rtsa sngags bzla bzhin par tshom bu sgrub dkyil du sngar bzhin bkod/_oM A da ma ko tiSh+Tha badz+ra hU~M/_gzhal yas khang gdan dang bcas pa rang la thim par gyur/_zhes bsdu rgya dang bcas brjod/_de nas 'jig rten pa'i me lha'i sregs blugs dkyus ltar ro/__/yang 'di'i sgo nas rab tu gnas pa'i dus sogs skabs 'ga' zhig tu bkra shis pa'i bza' ba 'o thug bsgrub par 'dod na/_nag po min pa'i snod gtsang ma dris byug cing*/_me tog gi phreng bas brgyan pa many+dzi sogs kyi steng du bkod la/_der slob dpon gyis blugs gzar du chu/_'o ma/_'bras/_mar/_ka ra lnga rang gi 'dod lha'i sa bon las byung ba bdud rtsi'i rang bzhin du bltas la/_rtsa sngags rigs lnga spyi dril la/_oM dI pya a naM sa ma d+hid+d+h+yA na shri Na ye swA hA/_zhes btags pa rdzas re sngags re rol mo re sbrags te btab/_yang sngags de kha shas bzla zhing slob dpon gyis blugs gzar gyis dkrug tshul dang bcas thab tu bskol la/_thog mar dkyil 'khor la dbul/_de nas chos skyong dang 'jig rten skyong ba la btab ste/_bdag dang slob ma sbyin pa'i bdag por bcas pas longs spyad/_slong ba'i sems can gzhan dag la'ang sbyin nas/_dge ba'i rtsa ba bla na med pa'i byang chub tu bsngo ba las byang gi bsngo smon dang*/_shis brjod kyis mtha' rgyas par bya/_sbyin sreg gi me rang zhi'am/_dri bzang gi chus bcil la thab sa bum par blugs te mdzod du sba bar bya'o/_/tshe yi yum mchog na bza' dkar mor brten/_/'chi med dkyil 'khor lha tshogs dgyes bskyed pa/_/'gro ba'i 'chi bdag tshang tshing mthar byas te/_/'chi med tshe lha'i ljon bzang cher rgyas shog_/ces pa'ang rang nyid zab mo'i lam 'di'i bsnyen sgrub skal bzang du spyod pa'i tshe na/_zab gter 'di nyid kyi 'khor los sgyur ba chen po dkyil 'khor rgya mtsho'i khyab bdag bka' drin mnyam med dil mkhyen rdo rje 'chang pad+ma gar dbang mdo sngags gling pa tshe mchog grub pa'i sde chen po mchog nas 'jam dbyangs mkhyen brtse'i dbang po'i bal po a hU~M gi yang gter dzam lha'i srog 'khor dang bcas 'di ltar du gyis shig ces bka'i me tog spyi bor lhung ba gus pas mchod nas rigs mthun gyi khungs tshad ma las btus te/_dge sbyong ngag dbang chos kyi blo gros su 'bod pas thun mong gi lo dbyug zla'i dkar phyogs kyi dga' ba gsum pa'i nyin rang gnas thub bstan mdo sngags chos gling gi dben spyil 'chi med dga' tshal du sug bris su btab pa las/_slar yang rang lo bdun cu rtsa gcig pa'i shing khyi lo bka' 'bum bka' bsdu tshogs pa'i gtso bo mkhas dbang bla ma pad+ma bkra shis mchog nas sgrub chen sogs kyi tshe sregs blugs kyi sbyor dngos phyag bzhes kha 'phangs pa rnams dkyus su 'god gal che zhes gsung bskul gnang ba bzhin slar yang bris brkos brtsig thab sogs phyag len rgyas pa'i lugs bzhin cung zad gsal bar byas nas bkod pa'i yi ge ba ni thub dge ngag dbang blo gros te/_dge bas bstan 'dzin gyi skyes bu spyi bye rnams kyi zhabs zung mi shigs rdo rje'i khams su brtan zhing*/_'gro kun 'chi med rtag pa dam pa'i dpal la ngal 'tsho ba'i rgyur gyur cig_/sarba mang+ga laM/_dge'o//__//

Footnotes

Other Information