DKR-KABUM-12-NA-003

From Khyentse Lineage - A Tsadra Foundation Project

དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཟིན་བྲིས་འོད་གསལ་སྙིང་པོའི་མཛེས་རྒྱན།
Wylie title dam chos rdzogs chen sde gsum gyi dbang bskur zin bris 'od gsal snying po'i mdzes rgyan DKR-KABUM-12-NA-003.pdf
Location dil mgo mkhyen brtse bka' 'bum
Volume 12, Text 3, Pages 196-330 (Folios 1a to 135b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Dam chos rdzogs chen sde gsum gyi dbang bskur zin bris 'od gsal snying po'i mdzes rgyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 12: 196-330. Delhi: Shechen Publications, 1994.
Genre Empowerment Ritual - dbang chog - dbang skur  ·  Notes - zin bris
Cycle དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ (dam chos rdzogs pa chen po sde gsum)
Colophon

།ཅེས་རྫོགས་ཆེན་སྡེ་གསུམ་གྱི་དབང་གི་མཛེས་རྒྱན་ཟིན་ཐུན་འདི་ཡང་གཏེར་ཆེན་མཆོག་གྱུར་གླིང་པའི་རྣམ་རོལ་ཐུགས་རྗེའི་བཀའ་དྲིན་གྱི་དཔལ་མགོན་དམ་པར་གྱུར་པ་ངེས་དོན་གྲུབ་པའི་རྡོ་རྗེའི་བཀའ་བསྩལ་རིན་པོ་ཆེ་སྤྱི་བོར་བཅིངས་ཏེ་འབྲི་གཞིའི་ཤོག་བུ་སོགས་ཀྱང་གནང་བ་ལ་བརྟེན་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེང་གེ་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་དཔལ་བཟང་པོས་གནས་བརྟན་དགོན་གྱི་ཆོས་གྲྭ་གསང་སྔགས་རྡོ་རྗེ་བཀོད་པའི་ཕོ་བྲང་གི་དབུ་རྩེར་སྨིན་ཟླའི་ཚེས་༢༠་ནས་དབུ་བརྩམས་ཏེ་ཟླ་བ་དེའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་༢༥་ལ་ཉི་མ་འཆར་ཁའི་དུས་སུ་ཡོངས་སུ་གྲུབ་པར་བགྱིས་པ་འདིས་ཀྱང་ཟབ་ཆོས་རིན་པོ་ཆེའི་བསྟན་པ་ཕྱོགས་དུས་ཀུན་ཏུ་ཁྱབ་པ་དང་ཡིད་ཅན་ཐམས་ཅད་དཔལ་ལྡན་བླ་མ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སླད་ནས་འདིར་མི་གསལ་བའི་བརྒྱུད་འཛིན་གཏེར་སློབ་ཐུན་མིན་མཁན་ཆེན་རཏྣའི་གསུང་སྡེ་གསུམ་གྱི་མན་ངག་སྒོམ་ཁྲིད་ལེའུ་ཚན་ཆེ་ཆུང་རིགས་དང༌། རྩ་དཀྱིལ་དཔེའུ་རིས། ཟུར་རྒྱན་ཁྲིགས་ཟིན་སྐོར་བཅས་འདི་ཉིད་ཀྱི་རྒྱབ་རྟེན་སྐབས་ཁོང་དུ་ཆུད་པ་གལ་ཆེ་སྙམ་འཕྲོས་སུ་སྨོས་པ་དང༌། དབང་ཟིན་འདི་ཉིད་ཀྱི་དགོངས་དོན་ལ་གསར་སྤྲོས་ཅུང་ཟད་སྤེལ་བ་པོ་མཆོག་གཏེར་དབོན་རྒྱུད་དུ་སྐྱེས་པ་གཏེར་སྲས་སྤྲུལ་མིང་པ་དང༌། བསམ་གཏན་རྒྱ་མཚོ་ཟུང་གིས་གོ་བསྡུར་ཞུས་ཤིང་ཡི་གེའི་འདུ་བྱེད་ཉེ་གནས་ཀརྨ་བདུད་འདུལ་ནས་བགྱིས་པ་འདིས་ཀྱང་ཀུན་བཟང་ཐུགས་ཀྱི་བསྟན་པ་འཕེལ་བའི་ཆ་རྐྱེན་དུ་གྱུར་ཅིག ༈ སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པའི་ཟབ་གཏེར་གྱི་སྙིང་བཅུད་ལོ་ཆེན་རྣམ་སྣང་སྲུང་བའི་ཐུགས་ཏིག །བཀའ་བབས་སྙིང་ཐིག་བརྒྱ་རྩའི་ཡང་ཏིག་རྫོགས་ཆེན་སྡེ་གསུམ་གྱི་ཆོས་སྐོར་ཡོངས་སུ་རྫོགས་པའི་དབང་ཁྲིགས་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་མཛད་པ་འདི་ཉིད་སྨིན་གྲོལ་གསན་པའི་སྐབས་དེར་འཕྲལ་དུ་བླ་མའི་བཀའ་བཞིན་ཕྱག་བྲིས་གནང་བ་ཙམ་ལས་རྗེས་ནས་དཔྱད་ཞུས་འཕྲི་བསྣན་སོགས་གཏན་ནས་མ་བྱུང་བས་དེ་རིགས་ཁྱོད་ཀྱིས་ཞབས་ཏོག་སྒྲུབ་པར་འོས་ཞེས་སྦས་ཡུལ་འབྲས་མོ་ལྗོངས་ནས་བོད་ཡུལ་དབུས་གྱུར་འཆང་དུ་རླུང་ཕྲིན་གྱི་ལམ་ནས་གསུང་གི་ཐ་མ་འདས་རྗེས་ལྟ་བུར་བསྩལ་བ་བླ་མའི་བཀའ་སྒྲུབ་པ་དང་རང་འདྲའི་བློ་རྨོངས་ལ་ཕན་སེམས་ཀྱིས་གཏེར་གཞུང་རྡོ་རྗེའི་ཚིག་དང་རིགས་མཐུན་གྱི་ཡིག་ཆ་ལ་གོ་བསྡུར་ཞིབ་དཔྱད་ཀྱིས་བླ་མར་གསོལ་བ་བཏབ་བཞིན་གུས་སློབ་ཐ་ཆུང་མངྒ་ལ་ཤྲཱི་བྷཱུ་ཏིའམ་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ལྷོ་མོན་ཤིང་ལོའི་ཚལ་ན་ཡིབ་པའི་སྐབས་རང་ལོ་རེ་གཅིག་གི་སྟེང་ནོར་སྐྱོང་གི་ལོ་གྲོ་བཞིན་ཟླ་བའི་ཚེས་བཅུར་རྫོགས་པར་བྲིས་ཏེ་རྗེ་བླ་མའི་མཆོག་སྤྲུལ་རིན་པོ་ཆེར་སྨིན་གྲོལ་ཚང་སྤྲུགས་སུ་ཕུལ་བས། རང་གཞན་གྱི་རྒྱུད་ལ་སྒྲིབ་པའི་རྒྱུར་མི་འགྱུར་ཞིང་ཐེག་མཆོག་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པའི་ཉེར་ལེན་ཁོ་ནར་གྱུར་ཅིག །སརྦ་དཱ་སུ་ཤྲཱི་ཡེ་བྷ་ཝ་ནྟུ།།

/ces rdzogs chen sde gsum gyi dbang gi mdzes rgyan zin thun 'di yang gter chen mchog gyur gling pa'i rnam rol thugs rje'i bka' drin gyi dpal mgon dam par gyur pa nges don grub pa'i rdo rje'i bka' bstsal rin po che spyi bor bcings te 'bri gzhi'i shog bu sogs kyang gnang ba la brten 'jam dbyangs blo gros rgya mtsho'am gtsug lag lung rigs nyi ma smra ba'i seng ge thub bstan bshad sgrub rgyal mtshan dpal bzang pos gnas brtan dgon gyi chos grwa gsang sngags rdo rje bkod pa'i pho brang gi dbu rtser smin zla'i tshes 20 nas dbu brtsams te zla ba de'i dmar phyogs mkha' 'gro 'du ba'i tshes 25 la nyi ma 'char kha'i dus su yongs su grub par bgyis pa 'dis kyang zab chos rin po che'i bstan pa phyogs dus kun tu khyab pa dang yid can thams cad dpal ldan bla ma kun tu bzang po'i go 'phang thob pa'i rgyur gyur cig_/slad nas 'dir mi gsal ba'i brgyud 'dzin gter slob thun min mkhan chen rat+na'i gsung sde gsum gyi man ngag sgom khrid le'u tshan che chung rigs dang*/_rtsa dkyil dpe'u ris/_zur rgyan khrigs zin skor bcas 'di nyid kyi rgyab rten skabs khong du chud pa gal che snyam 'phros su smos pa dang*/_dbang zin 'di nyid kyi dgongs don la gsar spros cung zad spel ba po mchog gter dbon rgyud du skyes pa gter sras sprul ming pa dang*/_bsam gtan rgya mtsho zung gis go bsdur zhus shing yi ge'i 'du byed nye gnas karma bdud 'dul nas bgyis pa 'dis kyang kun bzang thugs kyi bstan pa 'phel ba'i cha rkyen du gyur cig__!__sprul pa'i gter ston grub thob yongs kyi rgyal po o rgyan mchog gyur bde chen zhig po gling pa'i zab gter gyi snying bcud lo chen rnam snang srung ba'i thugs tig_/bka' babs snying thig brgya rtsa'i yang tig rdzogs chen sde gsum gyi chos skor yongs su rdzogs pa'i dbang khrigs thams cad mkhyen gzigs 'jam dbyangs chos kyi blo gros rin po ches mdzad pa 'di nyid smin grol gsan pa'i skabs der 'phral du bla ma'i bka' bzhin phyag bris gnang ba tsam las rjes nas dpyad zhus 'phri bsnan sogs gtan nas ma byung bas de rigs khyod kyis zhabs tog sgrub par 'os zhes sbas yul 'bras mo ljongs nas bod yul dbus gyur 'chang du rlung phrin gyi lam nas gsung gi tha ma 'das rjes lta bur bstsal ba bla ma'i bka' sgrub pa dang rang 'dra'i blo rmongs la phan sems kyis gter gzhung rdo rje'i tshig dang rigs mthun gyi yig cha la go bsdur zhib dpyad kyis bla mar gsol ba btab bzhin gus slob tha chung mang+ga la shrI b+hU ti'am 'od gsal rdo rje thugs mchog rtsal gyis lho mon shing lo'i tshal na yib pa'i skabs rang lo re gcig gi steng nor skyong gi lo gro bzhin zla ba'i tshes bcur rdzogs par bris te rje bla ma'i mchog sprul rin po cher smin grol tshang sprugs su phul bas/_rang gzhan gyi rgyud la sgrib pa'i rgyur mi 'gyur zhing theg mchog snying po'i bstan pa la bya ba mchog tu byed pa'i nyer len kho nar gyur cig__/sarba dA su shrI ye b+ha wa n+tu//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་དབང་བསྐུར་ཟིན་བྲིས་འོད་གསལ་སྙིང་པོའི་མཛེས་རྒྱན་ཅེས་བྱ་བ་བཞུགས་སོ།། ༄༅། །ན་མོ་གུ་རུ་པདྨཱ་ཀ་ར་ཡ། །རྒྱལ་ཀུན་འདུས་ཞལ་མཚོ་སྐྱེས་རྡོ་རྗེ་དང༌། །དབྱེར་མེད་ཁྱབ་བདག་དཔལ་ལྡན་བླ་མ་ཡི། །ཞབས་རྡུལ་དད་བརྒྱའི་གཙུག་གི་ནོར་བུར་བསྙེན། །རིག་སྟོང་ཆོས་སྐུའི་དགོངས་པའི་རང་ཞལ་ངོམ། །བསྐལ་བརྒྱར་རྙེད་དཀའ་ཆོས་མཛོད་རྒྱ་མཚོའི་དབྱིག །ཐེག་དགུའི་རྩེ་རྒྱལ་རྫོགས་ཆེན་སྡེ་གསུམ་ཞེས། །ཟབ་ལས་ཆེས་ཟབ་རིག་འཛིན་ཐུགས་ཀྱི་ཐིག །ཡེ་ཤེས་ཌཱ་ཀིའི་སྙིང་ཁྲག་དྲོད་མོ་འདི། །པད་འབྱུང་དངོས་སྣང་མཆོག་གྱུར་གླིང་པ་ཡི། །ཆོས་ཚུལ་རྒྱལ་མཚན་ནོར་བུའི་ཏོག་ཆེན་པོ། །ས་འོག་གཏེར་གཅིག་འཇིག་རྟེན་སྒྲོན་མེ་ཆེའི། །དབང་བསྐུར་ཟིན་བྲིས་སྤེལ་ལ་གནང་བ་སྩོལ། །ཟབ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ཆོས་སྐོར་ལ། ཐོག་མར་སྤྱི་ལ་གཅེས་པ་རིག་འཛིན་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་ལའང་ནང་གསེས་ཐུན་མོང་གཏོར་དབང་དང༌། ཐུན་མིན་ཟབ་པའི་དབང་བཞི་བཅས་དབང་གཉིས། ཕྱི་སྐོར་སེམས་སྡེའི་བླ་མ་སུམ་ཅུ་རྩ་གཅིག་གི་སྒྲུབ་དབང༌། ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དབང་སྤྱི་བླུགས་སུ་སྐུར་བ། ཁྲིད་ཀྱི་བྱིན་རླབས་ཨ་ཡིག་མདའ་འཕེན་མ་སྟེ་ཕྱི་ཐུན་མོང་གི་དབང་གསུམ། ནང་སྐོར་བླ་མ་རིག་འཛིན་བཅོ་ལྔའི་བྱིན་རླབས། ཡི་དམ་ཞི་བ་སྟོན་པ་བཅུ་གཉིས་ཀྱི་བརྡ་དབང༌། ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོའི་རྩ་དབང་དང་ཡན་ལག་ཐེག་པ་དགུ་བསྒྲིལ་གྱི་དབང༌། ཁྲིད་ཀྱི་བྱིན་རླབས། མཁའ་འགྲོ་རོ་ལངས་བདེ་བའི་སྟོབས་ལྡན་གྱི་དབང་ལྔ། གསང་སྐོར་བླ་མ་རིག་འཛིན་བཅོ་ལྔའི་བྱིན་རླབས། ཡི་དམ་ཞི་བའི་དབང༌། ཁྲོ་བོ་གནས་འགྱུར་གྱི་དབང་བཅས། ཁྲོ་བོ་བཀའ་བརྒྱད་ཀྱི་དབང༌། ཁྲིད་ཀྱི་བྱིན་རླབས་ཏེ་གསང་སྐོར་གྱི་དབང་བཞི། བཀའ་སྲུང་ཡེ་ཤེས་མཁའ་འགྲོ་སྡེ་དགུའི་དབང༌། བཀའ་སྲུང་དྲེགས་པ་འབར་མ་མེ་གདོང༌། རྡོ་རྗེ་གཤོག་རྒོད་མ། དམ་ཅན་སྐྱེས་བུ་ཆེན་པོ་གསུམ་གྱི་བཀའ་གཏད། གཏེར་སྲུང་ལྷ་བཙན་ཀླུ་གསུམ་གྱི་བཀའ་གཏད་མཁན་རཏྣའི་གསུང་སྟེ་སྲུང་མའི་དབང་ལྔ། མཐའ་རྟེན་བཀྲ་ཤིས་འཆི་མེད་ཚེ་ལུང་གི་དབང་བཅས་བཅོ་བརྒྱད་བཞུགས་པ་ལས། དང་པོ་རིག་འཛིན་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་བསྐུར་བ་ལ་ཐུན་མོང་དང་ཐུན་མིན་གཉིས་ཀྱི་དང་པོ་ལ་གསུམ། སྦྱོར་དངོས་རྗེས་སོ། །དང་པོ་ནི། དད་པ་ཅན་རྗེས་སུ་འཛིན་པའི་སླད་རིག་འཛིན་བླ་མའི་བྱིན་རླབས་བགྱི་བ་ལ། སྟེགས་བུའི་དབུས་སུ་རས་བྲིས་འོད་ལྔའི་དཀྱིལ་འཁོར་ཧྲཱིཿཡིག་གི་མཚན་པའམ། མཎྜལར་འབྲུ་ཡི་ཚོམ་བུ་དཀར་པོ་གཅིག་བཀོད་པའི་སྟེང་མཉྫིའི་ཁར་དབང་གཏོར་དཔལ་བཤོས་སྐུ་ཙཀ་དང་དར་གདུགས་དམར་པོས་སྤྲས་པའི་གཡས་སུ་སྐུ་འབག །གཡོན་དུ་སྔགས་ཕྲེང༌། མདུན་དུ་རང་བྱུང་གི་མན་ཤེལ། བདུད་རྩི། རཀྟ། མཐར་ཉེར་སྤྱོད། ཚོགས་ཀྱི་ཡོ་བྱད། བཀའ་གཏེར་སྲུང་མའི་གཏོར་འབུལ། བགེགས་གཏོར། སློབ་དཔོན་གྱི་མདུན་དུ་ལས་བུམ་སོགས་ཉེར་མཁོའི་ཆས་རྣམས་འདུ་བྱས་ལ། གཉིས་པ་ནི། གསོལ་འདེབས་སྤྱི་དང༌། བརྒྱུད་འདེབས་སྔོན་དུ་འགྲོ་བས་བྱང་བུ་ཁྲིགས་བསྡེབས་ལྟར་བཟླས་པའི་བར་བཏང༌། ལས་བུམ་དུ་ཨོཾ་བཛྲ་སཏྭ་ཨཱཿ ཞེས་སྔགས་ཀྱིས་རྡོར་སེམས་བསྐྱེད་བཟླས་དང་འོད་དུ་ཞུ་བྱ། སྣང་སྲིད་དག་མཉམ་རང་བྱུང་གི་དཀྱིལ་འཁོར་དུ་རིག་པའི་མེ་ཏོག་དོར་ཞིང་སློབ་མ་གཞུག་པར་གསོལ་གདབ་ནི། ཧོཿ རང་བྱུང་རིག་པ་ཡེ་ཤེས་ལྷ་ཚོགས་རྣམས༔ ཐུགས་རྗེ་རྨད་བྱུང་བརྩེ་བས་དགོངས་སུ་གསོལ༔ གསང་བ་བླ་ན་མེད་པའི་དཀྱིལ་འཁོར་དུ༔ བདག་གི་སློབ་མ་ཡང་དག་འཛིན་པར་མཛོད༔ བདེ་ཆེན་ཡེ་ཤེས་བླ་མེད་འཕེལ་བ་དང༔ གྲོལ་བ་མཐར་ཕྱིན་དགོངས་པས་གཟུང་དུ་གསོལ༔ ཞེས་གསོལ་ལྷ་རྣམས་དགྱེས་པ་ཆེན་པོ་ཡིས༔ དེ་ལྟར་ཡིན་ན་རིག་པ་འཛིན་པ་གང༔ བློ་ཆེན་སྐལ་པར་ལྡན་པའི་སློབ་མ་དག༔ བདེ་ཆེན་ཡེ་ཤེས་དཀྱིལ་འཁོར་འདིར་ཁྲིད་ལ༔ སྨིན་ཅིང་གྲོལ་བ་བླ་ན་མེད་པར་བྱོས༔ ཞེས་གནང་བ་བསྩལ་བར་བསམ། དེ་ནས་བྱིན་རླབས་དངོས་ལ། སློབ་མ་རྣམས་ཕྱི་རོལ་དུ་ཁྲུས་ནས་དབྱུང༌། ནང་དུ་འཁོད་པར་བགེགས་གཏོར་བསང་སྦྱང་བྱིན་རླབས་འགུགས་བསྔོ་སྤྱི་ལྟར་བྱས་ལ། ཧཱུྃ༔ རང་བྱུང་སྙིང་པོ་ སོགས། བཛྲ་རཀྵ༔ ཞེས་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་བྱས་ལ། མཚམས་སྦྱོར་ནི། འོ། ནམ་མཁའ་དང་མཉམ་པའི་མར་གྱུར་འགྲོ་བ་སེམས་ཅན་ཐམས་ཅད་རང་བྱུང་གདོད་མའི་སངས་རྒྱས་ཡེ་ནས་རང་ཆས་སུ་བཞུགས་པ་ངོ་མ་ཤེས་པའི་མ་རིག་པ་གསུམ་གྱི་དམ་ལ་བཞག་ཅིང༌། མེད་སྣང་གློ་བུར་འཁྲུལ་པའི་ཀུན་རྟོག་གི་རྐྱེན་གྱིས་གཞན་དབང་དུ་གྱུར་པས་སྲིད་ལམ་འཁོར་བའི་གནས་རིས་སུ་སྡུག་བསྔལ་འཁོར་ཡུག་གིས་རྟག་ཏུ་མནར་ཞིང་འོག་ནས་འོག་ཏུ་ལྷུང་བ་ལས་ནམ་ཡང་ཐར་པའི་དུས་མེད་པ་འདི་རྣམས་སྙིང་རེ་རྗེ། དེ་ཐམས་ཅད་གཟུང་འཛིན་འཁྲུལ་པའི་རྩ་བ་ཀ་ནས་དག་པའི་སེམས་ཉིད་གཞི་ཐོག་ཏུ་གྲོལ་ནས་སྐུ་དང་ཡེ་ཤེས་རྒྱ་མཚོའི་གོ་འཕང་ལ་འགོད་པའི་སླད་དུ། རིག་འཛིན་བླ་མའི་དཀྱིལ་འཁོར་ཆེན་པོར་འཇུག་པར་བགྱིའོ་སྙམ་པའི་ཀུན་སློང་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང༌། སྣོད་བཅུད་ཐམས་ཅད་དག་མཉམ་ངེས་པ་ལྔ་ལྡན་གྱི་གསལ་སྣང་དང་ལྡན་པས་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་མ་འཁྲུལ་པས་གསན་པར་ཞུ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། སྐུ་གསུམ་གྱི་སྟོན་པ་རྒྱ་མཚོས་གདུལ་བྱའི་ཁམས་དབང་མོས་པའི་སྣང་ངོར་ཟབ་རྒྱས་ཆོས་ཚུལ་བསམ་གྱི་མི་ཁྱབ་པར་བསྟན་པ་ཐམས་ཅད་ཀྱང༌། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཡོད་ནི་གཅིག་ལས་མེད་པ་ལ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང༌། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཞེས་གསུངས་པ་ལྟར་རྟོགས་བྱ་སངས་རྒྱས་འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཆེན་པོའི་དགོངས་པ་གཅིག་གི་དོན་གཏན་ལ་འབེབས་པ། རྟོགས་བྱེད་རྒྱུ་འབྲས་ཀྱི་ཐེག་པ་གཉིས། དེ་ལ་ནང་གསེས་སུ་དབྱེ་བས་དགུ་རུ་བསྟན་པ་ཀུན་ཀྱང་འོད་གསལ་རྫོགས་པ་ཆེན་པོའི་ལམ་སྟེགས་སུ་གསུངས་པས་རྟོགས་དོན་ཆོས་ཐམས་ཅད་ཀྱི་གནས་ལུགས་གཉིས་སུ་མེད་པའི་ཡེ་ཤེས་དམ་པ་སྟེ། དེས་ན་ཐེག་པ་ཀུན་གྱི་རྩེ་མོའི་ཕུལ་དུ་གྱུར་པའི་མཆོག་གསང་བླ་ན་མེད་པ་ཨ་ཏི་རྫོགས་པ་ཆེན་པོ་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་རྣམ་བཞག་བཞུགས་པ་སྟེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ །ཞེས་པ་ལྟར་ཡོངས་སུ་གྲགས་པ་འདི་ལའང་བཀའ་གཏེར་གྱི་རིང་ལུགས་གཉིས་ལས། སྐབས་སུ་བབ་པ་འདི་ནི་ཟབ་མོ་གཏེར་གྱི་རིང་ལུགས་ལས་བྱོན་པ་སྟེ་སྔོན་ཆད་ཟབ་གཏེར་གྱི་ཤིང་རྟ་ཀུན་ལ་པད་འབྱུང་དང་བི་མ་ལ་བཻ་རོའི་རིང་ལུགས་གཙོ་བོར་གྱུར་པ་མན་ངག་སྡེའི་སྨིན་གྲོལ་གདམས་སྐོར་དང་ཕྱག་ཆེན་གྱི་ཆོས་སྐོར་ཙམ་ལས་མ་བྱོན་ཀྱང༌། སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་བཀའ་སྲོལ་ཀུན་འདུས་ཀྱི་གསང་མཛོད་རྨད་དུ་བྱུང་བ་འདི་ནི་ཐེག་པ་མཆོག་གི་ཟབ་ལམ་གྱི་ཤིང་རྟ་སློབ་དཔོན་ཆེན་པོ་ཤྲཱི་སིངྷའི་མན་ངག་དགོངས་ཉམས་མཐར་ཐུག་པ་ཉིད་དང་དགོངས་པ་མཉམ་པའི་རྒྱལ་དབང་པདྨ་འབྱུང་གནས་དང༌། ལོ་ཆེན་བཻ་རོ་ཙཱ་ན་ལ་མནོག་ཆོས་སུ་བསྩལ་བའི་དམ་ཆོས་རྫོགས་པ་ཆེན་པོ། ཕྱི་སྐོར་སེམས་སྡེ་ནམ་མཁའ་ཀློང་ཡངས། ནང་སྐོར་ཀློང་སྡེ་ཉི་མ་ཀློང་ཆུབ། གསང་སྐོར་མན་ངག་འོད་ཟེར་མཐའ་ཡས་ཞེས་ཟབ་དྲིལ་སྙིང་པོའི་ཡང་བཅུད་ཀྱི་ཆོས་སྡེ་ཆེན་པོ་འདི་ཉིད་ཟབ་གཏེར་ལས་ཇི་ལྟར་སྣང་བའི་ཚུལ་ནི། གཞུང་གི་ལུང་བསྟན་གཅེས་པའི་ལྡེའུ་མིག་ལས། དེ་ཡི་དུས་སུ་ལྷོ་ཟླའི་ཕྱོགས༔ རཏྣའི་མིང་ཅན་སྟག་གམ་གླང༔ མཆོག་གི་མིང་ཅན་སྐྱེས་བུ་ཞིག༔ དེ་ནི་སྔོན་དུ་ལྷ་སྲས་འབྲིང༔ ད་ལྟ་ངན་ལམ་ཡེ་ཤེས་མཆོག༔ དེ་ལྟ་བུ་རུ་སྐྱེ་བ་ལེན༔ འབྲུག་གི་ལོ་ལ་གདམས་པ་འདི༔ ས་ཡི་སྟེང་དུ་དེས་འབྱིན་བྱེད༔ རྗེ་འབངས་ཡིད་ལ་ངེས་པར་གྱིས༔ ཞེས་གསུངས་པ་ལྟར་རྩོད་བྲལ་དུས་བབ་ཀྱི་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་གླིང་པ་དང་ཐམས་ཅད་མཁྱེན་དངོས་རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཞེས་རིག་འཛིན་རྩལ་འཆང་ཆེན་པོ་རྣམ་གཉིས་ལ་ཟབ་གཏེར་གྱི་གསང་བ་རྒྱ་མཚོའི་བྱེ་བྲག་སྙིང་ཐིག་སྐོར་བདུན་ཞེས་ཟབ་རྒྱས་ངོ་མཚར་རྨད་དུ་བྱུང་བའི་བཀའ་བབས་མངའ་ཞིང་ཕྱག་ཏུ་བཞེས་པ་ལས་འདི་ནི་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ཉིད་དང་དགོངས་པ་མཉམ་ཞིང་བོད་ཡུལ་ཆོས་ཀྱི་ཉི་མ་གཅིག་པུ་ལོ་ཆེན་བཻ་རོ་ཙཱ་ནའི་སྙིང་ཐིག་རྫོགས་ཆེན་སྡེ་གསུམ་གྱི་བསྐྱེད་རྫོགས་མན་ངག་དང་བཅས་པའི་ཆོས་སྐོར་གྱི་སྨིན་གྲོལ་འབོག་པའི་སྐབས་སུ་བབ་པ་སྟེ། ཟབ་ཆོས་དེ་ནི་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཕོ་བྲང་གྱི་ཤར་ཕྱོགས། ཁམས་ཀྱི་ཤོད་ཆེན་བཞི་ལས་སྨད་ཤོད་རྡོ་རྗེ་མུ་ནམ་གྲགས་པའི་ཡུལ་སྐྱོང་དགེ་བསྙེན་ཆེན་པོའི་མདུན། མདོ་ཁམས་གནས་ཆེན་ཉེར་ལྔའི་བྱེ་བྲག་ཡོན་ཏན་གསུང་གི་གནས་ཆེན། ཛཾ་ནང་གི་ཕུ་གསང་སྔགས་ཆུ་བོ་བཞི་ཡི་བཀའ་བབ་སློབ་དཔོན་ཆེན་པོ་རྣམ་པ་བཞིས་བྱིན་གྱི་རླབས་པའི་རྡོ་རྗེའི་གནས་སུ་གདོད་ནས་གྲུབ་པ་དང་རྣམ་དབྱེར་མེད་པ་ལ་གཏེར་ཆེན་རྣམ་གཉིས་ཞལ་འཛོམ་གྱིས་མཆོག་གྱུར་བདེ་ཆེན་གླིང་པས་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་སྐལ་ལྡན་འདུས་པ་ཉེར་ལྔ་ཙམ་གྱིས་མཐོང་བར་དངོས་སུ་སྤྱན་དྲངས་པར་མཛད་དེ། ཀུན་མཁྱེན་བླ་མ་མཁྱེན་བརྩེའི་དབང་པོས་ཡི་གེ་པ་མཛད་ནས་མངའ་བདག་ཡབ་སྲས་ལྷན་རྒྱས་ཀྱིས་གཏན་ལ་ཕབ་པ་ཉིད། ལུང་ཟིན་རྩ་བའི་ཆོས་བདག་ལ་གཅིག་བརྒྱུད་དུ་བསྩལ་བ་ལས། སྐབས་སུ་བབ་པ་འདི་ནི་མདོ་བྱང་གཞུང་ལས། དམ་ཆོས་རྫོགས་ཆེན་སྡེ་གསུམ་བཤད༔ ད་ལྟ་ཤིན་ཏུ་སྤེལ་ཕངས་པས༔ ཟབ་པ་ཐུགས་ཀྱི་གཏེར་དུ་སྦས༔ ནམ་ཞིག་ལས་ཅན་བུར་འཕྲད་ནས༔ གདམས་པ་སྣ་རེས་གྲོལ་བར་འགྱུར༔ སྙན་ནས་སྙན་དུ་བརྒྱུད་པར་གཅེས༔ གང་ཞིག་འགྲོ་དོན་སྒོ་དབྱེ་ཙམ༔ སྒྲུབ་ཐབས་སྣ་རེ་སྦྱིན་པར་བྱ༔ ཞེས་འབྱུང་བ་ལྟར་སྡེ་གསུམ་སྤྱི་ལ་གཅེས་པ་རིག་འཛིན་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་ལས། དད་པ་ཅན་ལ་གཏོར་མའི་དབང་བསྐུར་ཏེ༔ ཞེས་གསུངས་པས། ལྟ་སྒོམ་ཟབ་མོ་ཉམས་སུ་ལེན་པ་དང་སྨིན་གྲོལ་གྱི་ཆོས་བརྒྱུད་འཛིན་མི་ནུས་ཤིང་གསང་མཆོག་རྒྱལ་པོའི་ཆོས་ལ་ཡིད་ཆེས་ཀྱི་དད་པ་ཅན་ཐུན་མོང་གི་གདུལ་བྱ་རྗེས་སུ་འཛིན་པའི་སླད་དུ་ཀུན་གྱི་སྔོན་འགྲོ་ཆོས་ཀྱི་སྒོ་འབྱེད་རིག་འཛིན་བླ་མའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་བྱིན་རླབས་གཏོར་མའི་དབང་བསྐུར་བགྱི་བ་ལ། བདག་ཉིད་ཀྱི་བགྱི་འོས་རྣམས་སྔོན་དུ་ལེགས་པར་གྲུབ་ནས། སྐུ་ཉིད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག སློབ་དཔོན་ཉིད་རིག་འཛིན་བླ་མའི་ངོ་བོར་བཞུགས་པ་ལ་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧོཿ བདེ་གཤེགས་རྒྱལ་བའི་གདུང་འཚོབ་ཧེ་རུ་ཀ༔ འཇིགས་བྲལ་དཔའ་བོ་ཤྲཱི་སིངྷ་དང༔ གཉིས་སུ་མེད་པའི་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་གྲོལ་བར་མཐར་ཕྱིན་མཛད་དུ་གསོལ༔ ལན་གསུམ། རྒྱུད་སྦྱང་བའི་སླད་དུ་བླ་མ་ཡེ་ཤེས་ཀྱི་སྐུ་ཅན་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེན་པོར་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པས་ཀུན་རྫོབ་གཞིའི་སྐྱབས་འགྲོ་དང༌། དབྱིངས་དང་རིག་པ་ཟུང་དུ་འཇུག་པ་གསུམ་པོ་རང་བྱུང་གདོད་མའི་དཀོན་མཆོག་གསུམ་ཡེ་ནས་རང་ཆས་སུ་རང་ལ་བཞུགས་པ་དོན་དམ་རང་བཞིན་ཡོངས་ཤེས་ཀྱི་སྐྱབས་འགྲོའི་དེ་ཁོ་ན་ཉིད་ལ་བློ་བཞག་ཟུང་དུ་འཇུག་པས་འདིའི་རྗེས་ཟློས་མཛོད། ཀུན་གཞི་དག་པའི་སངས་རྒྱས་དང༔ རྣམ་ཤེས་གནས་འགྱུར་དམ་པའི་ཆོས༔ དབང་པོ་ཡུལ་དག་ཚོགས་མཆོག་ལ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ལན་གསུམ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སྨོན་པ་དང༌། དེའི་ཆེད་དུ་སྨིན་ཅིང་གྲོལ་བའི་ལམ་ལ་འཇུག་པར་འདོད་པས་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེར་སློབ་སྙམ་པའི་ཀུན་རྫོབ་དོན་དམ་བྱང་སེམས་བདག་གཞན་གཉིས་མེད་གནས་ལུགས་གཉུག་མའི་རང་བཞིན་དངོས་སུ་རང་ངོ་ཤེས་པའི་བློས་འདིའི་རྗེས་ཟློས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས༔ འགྲོ་བ་མ་རིག་འཁྲུལ་པ་རྣམས༔ འོད་གསལ་ཆེན་པོར་བསྒྲལ་བའི་ཕྱིར༔ གཉིས་སུ་མེད་པར་སེམས་བསྐྱེད་དོ༔ ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཀུན་རྫོབ་ཡན་ལག་བདུན་པའི་དམིགས་འདུན་དང་དོན་དམ་རང་བྱུང་རང་གསལ་གྱི་བསགས་སྦྱང་རྩོལ་མེད་ཡེ་རྫོགས་ཀྱི་དགོངས་པ་ཟུང་དུ་འབྲེལ་བས་འདིའི་རྗེས་ཟློས། སྣང་བ་རྣམ་དག་བདེ་གཤེགས་ལ༔ བདེ་བ་འཛིན་མེད་ཕྱག་འཚལ་ལོ༔ བདེ་སྟོང་དབྱེར་མེད་མཆོད་པར་འབུལ༔ བདེ་ཆེན་མ་རྟོགས་མཐོལ་ལོ་བཤགས༔ ཡུལ་ཅན་དག་པར་རྗེས་ཡི་རང༔ དབང་པོ་བདེན་མེད་ཆོས་འཁོར་བསྐོར༔ ཤེས་པ་རང་གསལ་ངང་ལ་བཞུགས༔ ཀུན་གཞི་དག་པའི་དོན་རྟོགས་ཤོག༔ ལན་གསུམ། སློབ་དཔོན་གྱི་རྡོ་རྗེ་ཕྱར་ཞིང་སྤྲོ་བ་བསྐྱེད་པ་ནི། བླ་མེད་གསང་བ་ཆེན་པོའི་ལམ་དུ་འཇུག་པ་ལ་དམ་ཚིག་གི་རྡོ་རྗེའི་གནས་ལས་འདའ་བར་མི་རུང་ཞིང༌། སྣོད་རུང་དུ་གྱུར་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེའི་གནས་ལུགས་མངོན་དུ་བྱེད་ནུས་པའི་དོན་བརྡ་ཡིས་བསྟན་པ་ལ་སྙན་གཏོད་འཚལ། ཧོཿ ཐར་པ་བླ་ན་མེད་པའི་གྲོང་ཁྱེར་དུ༔ འདུས་པའི་གཙོ་བོ་ཤྲཱི་སིངྷ་བཞུགས༔ འདི་ན་མོས་པའི་སྐལ་ལྡན་སྐྱེས་བུ་ཁྱོད༔ འཇུག་པར་ལེགས་ཤིང་དངོས་གྲུབ་ཅི་ལ་དགའ༔ དེ་ཉིད་སྦྱིན་ཅིང་འདི་ན་བླ་མེད་པའི༔ ཚེ་གཅིག་སངས་རྒྱས་འདུས་ལ་སྤྲོ་བ་བསྐྱེད༔ དམ་ཚིག་མ་ལུས་ཡོངས་སུ་གཟུང་བར་གྱིས༔ ཞེས་རྗེས་སུ་བརྩེ་བས་གདམས་པའི་དོན་བཞིན་གསང་སྔགས་ཀྱི་ལམ་ལ་འཇུག་པར་སྤྲོ་ཞིང་དམ་ཚིག་དང་སྡོམ་པའི་གནང་བཀག་ལས་མི་འདའ་བར་གཟུང་བའི་སླད་དུ་ཁྱེད་རང་རྣམས་ཀྱི་བླ་མ་རྩ་གསུམ་གྱི་ལྷ་ཚོགས་དཔང་པོར་བཞུགས་པའི་སྤྱན་སྔར་སོ་བྱང་སྔགས་གསུམ་གྱི་སྡོམ་པ་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་གཟུང་བ་འདིའི་རྗེས་ཟློས་གྱིས། ཧོ༔ ཁྱབ་བདག་དཔལ་ལྡན་བླ་མ་དགོངས་སུ་གསོལ༔ བདག་ནི་དུས་གསུམ་རྒྱལ་བའི་དགོངས་པའི་མཐིལ༔ བདེ་བ་ཆེན་པོའི་ཡེ་ཤེས་ལ་དགའ་བས༔ དེ་ཉིད་མྱུར་སྩོལ་གསང་སྔགས་རིགས་མཆོག་གི༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཉི་ཤུ་རྩ་ལྔའི་དམ་ཚིག་ཆེས་འཕགས་པ༔ སྲོག་གི་ཕྱིར་ཡང་མི་བཏང་གཟུང་བར་བགྱི༔ ལན་གསུམ། སློབ་དཔོན་གྱི་རྡོ་རྗེ་སློབ་མའི་མགོར་བཞག་ལྕེར་བདུད་རྩི་བྱིན་ཏེ། རྡོ་རྗེ་ཐེག་པའི་གསང་བ་དང་སློབ་དཔོན་བཀའ་གཉན་པ་དང༌། དམ་ཚིག་སྲུང་བའི་ཕན་ཡོན། བཀའ་ལས་འདས་པའི་ཉེས་དམིགས་རྣམས་བསྒྲགས་ཤིང་མནའ་ཆུ་དཔང་པོའི་ཚུལ་དུ་བྱིན་པར་མོས་ལ། འདི་ནི་གསང་བ་བླ་ན་མེད་པ་ཡི༔ ཐར་པའི་གོ་འཕང་ཚེ་འདིར་ཐོབ་གྱུར་པས༔ ཉེ་བའི་ལམ་མཆོག་བདེ་བ་ལམ་བྱེད་ཡིན༔ ཁྱེད་རྣམས་རྡོ་རྗེའི་དམ་ཚིག་ཐུབ་པར་གྱིས༔ མ་ཐུབ་རྡོ་རྗེའི་དམྱལ་བ་ཆེན་པོར་ལྟུང༔ སྲོག་གི་ཕྱིར་ཡང་ཡོངས་སུ་མ་བཏང་ཞིག༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ མི་འདའ་བར་ཁས་བླང་བའི་ཕྱིར་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས་གྱིས། མ་ཧཱ་སུ་ཁ་བཛྲ་ས་མ་ཧཱུྃ༔ ཨི་དཾ་ན་ར་ཀན༔ དེ་རྣམས་ཀྱིས་དབང་གི་སྔོན་འགྲོའི་ཆོས་རྣམས་གྲུབ་ནས། དངོས་གཞི་བྱིན་རླབས་ཀྱི་རིམ་པ་ལ་ཁྱེད་རང་རྣམས་ལུས་གནད་བསྲང༌། རླུང་ཁ་སྦྱོར་དུ་འཆིང༌། མིག་མི་འགུལ་ཡིད་ཀྱི་དམིགས་པ་འདི་བཞིན་དུ་གྱིས། ཞེས་བརྡ་སྦྱར་ལ། དམིགས་རིམ་འབོག་པ་ནི། སློབ་བུ་ཐ་མལ་འཛིན་རྟོག་སྦྱངས། །དྭངས་མ་ཡེ་ཤེས་འོད་ཀྱི་ལུས། །ཤྲཱི་སིངྷ་དཀར་སྨུག་མདོག༔ གྲུབ་པའི་ཆ་ལུགས་རྡོར་དྲིལ་འཛིན༔ རིན་ཆེན་དར་སྟག་རུས་པས་བརྒྱན༔ ཡུམ་དམར་གྲི་ཐོད་འཛིན་འཁྱུད་བསྒོམ༔ སློབ་དཔོན་ཐུགས་སྲོག་ས་བོན་ལས། །འོད་འཕྲོས་སྐུ་གསུམ་རྒྱལ་བའི་ཞིང༌། །ཆོས་དབྱིངས་ཁྱབ་བརྡལ་ཆེན་པོ་ནས། །བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས། །སྤྱན་དྲངས་ཐིམ་པས་དབྱེར་མེད་གྱུར། །ཅེས་དལ་བུས་བརྗོད་ལ་སྦྱར་སྤོས་བདུག །རོལ་མོའི་སྒྲ་དབྱངས་དང་བཅས། ཧཱུྃ༔མི་མངོན་དབྱིངས་ཀྱི་ཞིང་ཁམས་ནས༔ བླ་མ་རིག་འཛིན་བདེ་གཤེགས་ཚོགས༔ ཡི་དམ་དཔའ་བོ་མཁའ་འགྲོ་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཀུན་གཞི་དག་པའི་ཞིང་ཁམས་ནས༔ གསལ་བ་ལོངས་སྤྱོད་རྫོགས་སྐུར་བཞེངས༔ ཐུགས་རྗེ་སྤྲུལ་སྐུའི་འཁོར་དང་བཅས༔ དབྱེར་མེད་ཆེན་པོར་གཤེགས་སུ་གསོལ༔ དབྱིངས་ལས་གཞན་མེད་ཆོས་སྐུའི་ཚོགས༔ བདེ་བ་ཆེ་ལ་ལོངས་སྤྱོད་པ༔ ཅིར་ཡང་སྣང་བ་སྤྲུལ་པའི་སྐུ༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ སྣང་ཡུལ་འཛིན་པ་དབྱིངས་སུ་གྲོལ༔ དབང་པོ་སྐུ་ལྔར་བྱིན་གྱིས་རློབས༔ རྣམ་ཤེས་ཡེ་ཤེས་ཆེན་པོར་བསྒྱུར༔ ཀུན་གཞིའི་ཀློང་དུ་ཐིམ་པར་མཛོད༔ ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཛཿཧཱུྃ་བྃ་ཧོཿ ཞེས་བྱིན་དབབ་ཅིང་བསྟིམ། མཐར། ཡེ་ཤེས་ཕེབས་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཞེས་རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་རྒྱ་གྲམ་དུ་བཀོད་ཅིང་བརྟན་པར་བྱ། དེ་ནས་ཇི་སྐད་དུ། གཏོར་ནི་ཆོས་ཀྱི་དབྱིངས་ཡིན་ཏེ། །མ་ནི་རིག་པའི་ཡེ་ཤེས་ཡིན། །ཞེས་གསུངས་པ་ལྟར་ངོ་བོ་དབྱིངས་རིག་གཉིས་སུ་མེད་པའི་གཏོར་མ། ངེས་ཚིག་བཱ་ལའི་སྒྲ་ལས་ཕུང་ཁམས་ཀྱི་སྟོབས་བསྐྱེད་པ། དབྱེ་ན་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་གཏོར་མ་ལ་བརྟེན་ནས་དབང་བཞི་ཆིག་རྫོགས་སུ་སྦྱིན་པ་སྔ་འགྱུར་རྡོ་རྗེ་སྙིང་པོའི་བཀའ་གཏེར་གྱི་རྒྱུད་དང་མན་ངག་ལས་འབྱུང་ཞིང་མཁས་གྲུབ་རིག་འཛིན་དག་གིས་ཕྱག་བཞེས་སུ་མཛད་པ་ལྟར་དབང་གི་དངོས་གཞི་བྱིན་རླབས་གཏོར་མའི་དབང་བསྐུར་བ་ལ་དམིགས་པ་འདི་བཞིན་མཛོད། གཏོར་མ་རང་བྱུང་གི་གཞལ་མེད་ཁང་དུ་ཧེ་རུ་ཀ་དངོས་ཤྲཱི་སིངྷ་ལ་བརྒྱུད་གསུམ་རིག་འཛིན་བླ་མ་ཡི་དམ་དཀྱིལ་འཁོར་རབ་འབྱམས་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྒྱ་མཚོ་སྟེ་རྩ་བ་གསུམ་གྱི་ལྷ་ཚོགས་རྟེན་དང་བརྟེན་པར་བཅས་པ་དངོས་སུ་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་པས་འོད་ཟེར་བདུད་རྩིའི་རྒྱུན་གྱིས་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། ཕྱི་ནང་གསང་བའི་བར་ཆད་བསལ། དབང་བཞི་ཆིག་རྫོགས་སུ་ཐོབ་པའི་མོས་པ་མཛོད། ཅེས་བརྗོད་ལ། གཏོར་མ་སློབ་མའི་སྤྱི་བོར་བཟུང་ལ། ཧཱུྃཿ གཏོར་མའི་རང་བཞིན་རིན་ཆེན་གཞལ་ཡས་ཁང༔ ནང་དུ་བླ་མ་ཤྲཱི་སིངྷ་དང༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་བཞུགས༔ ཡི་དམ་ལྷ་ཚོགས་ཐམས་ཅད་སྤྲིན་ལྟར་གཏིབས༔ མ་དང་མཁའ་འགྲོ་བུ་ཡུག་བཞིན་དུ་འཚུབས༔ རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་འདིས༔ སྐལ་ལྡན་སློབ་མ་རྣམས་ལ་དབང་བསྐུར་བས༔ ཕྱི་ནང་གསང་བའི་བར་ཆད་བསལ་བ་དང༔ སྐུ་གསུང་ཐུགས་ཀྱི་དབང་ཆེན་ཡོངས་སུ་རྫོགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་སིངྷ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གནས་གསུམ་དུ་བཞག རྗེས་འབྲེལ་དུ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རྗེས་གནང་སྦྱིན་པ་ལ། རིག་འཛིན་བླ་མའི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་གི་སྤྱི་བོར་ནས་ཐིམ་པའི་མོས་པ་མཛོད། སྐུ་འབག་སྤྱི་བོར་བཞག ཨོཾ༔ རྡོ་རྗེ་སེམས་དཔའ་བདེ་བའི་ལྷུམས་སུ་ཞུགས༔ མི་ཡི་ཡུལ་འཁྲུངས་ཐོས་བསམ་མཐར་ཕྱིན་མཛད༔ རྒྱལ་བའི་གསང་གསུམ་མ་ལུས་འདུས་པའི་སྐུ༔ དཔལ་ཆེན་རིག་འཛིན་ཤྲཱི་སིངྷ་ཡི༔ སྐུ་ཡི་ཕྱག་རྒྱ་བསྒོམ་པའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་སིངྷ་སིདྡྷི་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨཱཿ དེང་ཕྱིན་ཆད་ཐ་མལ་སྣང་ཞེན་གྱི་འཛིན་པ་བཏུལ་ནས་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཕྱག་རྒྱའི་སྐུ་བསྒོམ་པ་དང་མི་འབྲལ་བར་གྱིས་ཤིག །གསུང་བཟླས་པ་སྔགས་ཀྱི་ལུང་སྤྱིན་པ་ནི། རིག་འཛིན་བླ་མའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་སྙིང་གར་ཐུགས་སྲོག་ས་བོན་ཧྲཱིཿཡིག་གི་མཐར་འཁོད་པ་སྤྲོ་བསྡུས་བྱིན་རླབས་དབང་བསྐུར་ཐམས་ཅད་ཐོབ་པའི་མོས་པས་མཚན་སྔགས་འདིའི་རྗེས་ཟློས་མཛོད། ཅེས་བརྗོད་ལ་རྩ་སྔགས་ལན་གསུམ་དང༌། སླར་ཡང་ཐུགས་སྲོག་ཨ་ཡིག་མཐིང་གསལ་དུ་གྱུར་པའི་འོད་ཀྱིས་སྣོད་བཅུད་ཐ་མལ་གྱི་ཞེན་རྟོག་སྦྱངས་ཤིང་རྡོ་རྗེ་བཞི་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་འཁོར་ལོར་སད་པའི་དགོངས་ཉམས་བསྐྱངས་ཏེ་ཨ་སུམ་སྦྲེལ་བཟླ་བར་ཞུ། ཨ་སུམ་སྦྲེལ་ལན་གསུམ་བཟླ། དེ་ཉིད་བརྟན་པར་བྱ་བའི་ཕྱིར་སྔགས་ཕྲེང་མགྲིན་པར་བཞག་སྟེ། ཨཱཿ རིག་འཛིན་གཙོ་བོ་གྲུབ་པའི་དབང་ཕྱུག་རྗེ༔ རྒྱལ་ཀུན་གསང་གསུམ་འདུས་པ་གསུང་གི་མཆོག༔ རླུང་སྔགས་གྲགས་སྟོང་སྔགས་སུ་འགྱུར་པའི་ཕྱིར༔ ཡན་ལག་དྲུག་ཅུ་ལྡན་པའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་སིངྷ་ཧཱུྃ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེང་ཕྱིན་ཆད་ངག་རླུང་བཟླས་པ་གྲགས་སྟོང་དབྱེར་མེད་ཆུ་བོའི་རྒྱུན་ལྟར་བརྩོན་པར་གྱིས་ཤིག །ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲོད་པ་ནི། སེམས་དུས་གསུམ་གྱི་རྟོག་པའི་རྗེས་སུ་མི་འབྲང་བླ་མའི་ཐུགས་དང་དབྱེར་མེད་དུ་བསྲེས་ནས་རིག་སྟོང་ཟུང་འཇུག་འོད་གསལ་གཉུག་མའི་ངང་དུ་མཉམ་པར་བཞག་པར་ཞུ། ཧཱུྃ༔ རིག་འཛིན་བླ་མ་ཤྲཱི་སིངྷའི་ཐུགས༔ སྤྲོས་པ་ཀུན་བྲལ་སེམས་ཉིད་ཡེ་ཤེས་ཆེ༔ བདེ་གསལ་མི་རྟོག་དབྱེར་མེད་ཀློང་དུ་ཆུབ༔ དབྱིངས་རིག་ཟུང་དུ་འཇུག་པའི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་སིངྷ་སིདྡྷི་ཧཱུྃ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ཕྱིན་ཆད་ཐ་མལ་གྱི་དྲན་རྟོག་ཐམས་ཅད་ཆོས་ཉིད་གཉུག་མ་བསམ་བརྗོད་དང་བྲལ་བའི་ངང་དུ་ལ་བཟླ་བར་གྱིས་ཤིག །དེ་ལྟར་ཁྱེད་རང་གི་སྒོ་གསུམ་རིག་འཛིན་བླ་མའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར་པས་དབང་བཞིའི་བྱིན་རླབས་ཐོབ། སྒོ་གསུམ་གྱི་སྒྲིབ་པ་དག །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་སྒོམ་པ་ལ་དབང༌། སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མངོན་དུ་བྱེད་པའི་སྐལ་ལྡན་དུ་སྨིན་པར་བྱས་པ་ལ། རྩ་གསུམ་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་དབང་དོན་གྱི་ཡེ་ཤེས་བརྟན་ཅིང་གོང་འཕེལ་དུ་བྱས་པའི་མོས་མཛོད། ཅེས་མཚམས་སྦྱར་ལ་བཀྲ་ཤིས་ཅི་རིགས་བརྗོད། དེ་ལྟར་དབང་བསྐུར་བ་ཉིད་ཟབ་གནད་ཁྱད་པར་དུ་འཕགས་པའི་ཚུལ། གཏེར་གཞུང་ལས། འདི་ཡི་གདམས་པ་སློབ་བུའི་སྣོད་བརྟགས་ཤིང༔ བློ་དང་འཚམ ་པར་རིམ་བཞིན་བསྟན་པ་ལས༔ པདྨའི་སྙིང་ཁྲག་ཡིན་པས་སྤེལ་བར་ཕངས༔ མ་འོངས་སྐལ་ལྡན་བུ་དང་འཕྲད་པར་ཤོག༔ ཅེས་བསྔགས་པར་མཛད་པ་ཚུལ་བཞིན་ཐོས་པ་ལས་བྱུང་བའི་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་མདོར་བསྡུས་ཏེ་ཁས་བླངས་པ་འདིའི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་སོགས་དང༌། དབང་བསྐུར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ཞེས་བརྗོད་ལ་མཎྜལ་ཕུལ། མཎྜལ་དུ་མ་ཟད་ལུས་དང་ལོངས་སྤྱོད་ཐམས་ཅད་འབུལ་ནས་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམས་ཏེ་སོགས་བརྗོད། དེ་ལྟར་རིག་འཛིན་ཤྲཱི་སིངྷའི་དབང་བསྐུར་ཉི་ཟླའི་རྒྱ་ཅན་ལས། ཐོག་མའི་ཆོས་ཀྱི་སྒོ་འབྱེད་དད་པ་ཅན་རྗེས་སུ་འཛིན་པའི་བྱིན་རླབས་ལེགས་པར་གྲུབ་པའི་དགེ་ཚོགས་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་དང༌། འདི་ལ་བརྟེན་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གྱེས། གསུམ་པ་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་ནས་ཕྲིན་ལས་བྱང་བུ་ཁྲིགས་བསྡེབས་མཐར་དབྱུང་བས་གྲུབ་བོ། །ཕྱི་སྐོར་བླ་མའི་ཟབ་དབང་ལས། །ཐུན་མོང་བྱིན་རླབས་ཆོས་ཀྱི་ཆར། །དད་ལྡན་ཞིང་སར་འབེབས་པའི་མོད། །ཟབ་གསང་མཛོད་སྒོ་འབྱེད་རྒྱུར་གྱུར་ཅིག ༈ དེ་ལྟར་ཕྱི་སྐོར་རིག་འཛིན་ཤྲཱི་སིངྷའི་ཐུན་མོང་གཏོར་དབང་གིས་ཆོས་སྒོ་དབྱེ་བ་སྔོན་དུ་སོང་ནས། གཉིས་པ་ཐུན་མིན་ཟབ་དབང་ཉི་ཟླ་རྒྱ་ཅན་དངོས་བསྐུར་བ་ལ་དོན་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་དང༌། དངོས་གཞི་དབང་གི་རིམ་པ། རྗེས་ཀྱི་ལས་རིམ་མོ། །དང་པོ་ནི། སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་ཞི་བའི་དཀྱིལ་འཁོར་སྒོ་རྫོགས་ཅན་ལྟེ་བར་པདྨ་འདབ་མ་བརྒྱད་ལྡན་གཞུང་མཐུན་ཡོད་ན་བཀྲམ། མེད་ན་མཎྜལར་འབྲུའི་ཚོམ་བུ་གཅིག་བཀོད་པའི་ཁར་མཉྫིའི་སྟེང་བུམ་བ་བཅུད་ལྡན་གྱི་སྟེང་ཐོད་པ་བདུད་རྩིས་བཀང་བ་དར་དམར་གྱིས་བཀབ་པ། རིག་ཙཀ །མན་ཤེལ། རྨ་བྱའི་སྒྲོ་མདོངས། མེ་ལོང༌། དབང་གཏོར། སྐུ་ཙཀ་སྔགས་ཕྲེང་རྣམས་དང༌། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ་དང་ཕྲེང་ཚར་གང་བདེ། ཉེ་ལོགས་སུ་ཚོགས་ཀྱི་ཡོ་བྱད། སྔོན་གཏོར་དཀར་དམར་སོགས་བཤམ། སློབ་དཔོན་གྱི་མདུན་དུ་ནང་མཆོད། རྡོར་དྲིལ། ཌཱ་རུ། འབྲུ་ཕོར། ལས་བུམ། དམ་ཆུ། སྲད་བུ་དམར་པོའི་དཔུང་སྐུད་སོགས་འདུ་བྱའོ། །དངོས་གཞི་དབང་བསྐུར་གྱི་ལས་རིམ་ལ་སྣང་སྲིད་གཞིར་བཞེངས་ཀྱི་དགོངས་པས་བདག་མདུན་དབྱེར་མེད་དུ་སྒྲུབ་ཅིང་མཆོད་པ་དང༌། དབང་བསྐུར་དངོས་དང་གཉིས་ཀྱི། དང་པོ་ནི། ཚིག་བདུན་གསོལ་འདེབས་དང༌། བརྒྱུད་འདེབས་སྔོན་དུ་འགྲོ་བས། བསང་ཆུ་སྒྲུབ་པ་དང་དཀར་གཏོར་བཏང་བ་སྔོན་འགྲོའི་ཕྱི་སྐོར་བླ་མའི་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ཀྱི་དབུ་ནས་བརྩམས་བྱིན་རླབས་བྱང་བུ་ཡན་མཐར་ཆགས་སུ་བཏང༌། དེ་ནས་བགེགས་གཏོར་ཟུར་བྱང་བཞིན་ལ། གཞུང་གི་མཆོད་པ་བྱིན་རླབས་ནས་དངོས་གཞི་རྟེན་གྱི་བྱང་བུ་བསྟོད་པ་རྫོགས་པར་གྲུབ་ནས། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་རིག་འཛིན་བླ་མ་ཤྲཱི་སིངྷ་ཟག་མེད་ཡེ་ཤེས་སྐུ་ཅན་དུ་གསལ་བའི་སྐུ་ལས་བྱིན་རླབས་བདུད་རྩིའི་རྒྱུན་བབ་པས་བུམ་པ་ཡོངས་སུ་གང་བར་གྱུར། ཞེས་དམིགས་ལ་མཚན་སྔགས་བཟླས་མཐར། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བུམ་ལྷ་འོད་དུ་ཞུ་ནས་བདུད་རྩིར་གྱུར། ལས་བུམ། ལས་བུམ་རང་བྱུང་གཞལ་ཡས་སུ། །པད་ཟླར་རྡོར་སེམས་སྐུ་མདོག་དཀར། །རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་མཐར། །ཡིག་བརྒྱས་བསྐོར་ལས་བདུད་རྩིའི་རྒྱུན། །བབ་པས་བུམ་པ་གང་བར་གྱུར། །ཡིག་བརྒྱ་ཅི་འགྲུབ་བཟླས་མཐར། བུམ་ལྷ་འོད་དུ་ཞུ་བདུད་རྩིར་བསམ། རིག་པའི་མེ་ཏོག་དོར་བའམ། རིག་པ་མཉམ་ཉིད་ཀློང་ཡངས་ཆེན་པོའི་དཀྱིལ་འཁོར་དུ་གདོད་ནས་འཇུག་པའི་དགོངས་པ་ལ་འཁྲུལ་རྟོག་གི་བར་མ་ཆོད་པས་སློབ་མ་གཞུག་པར་གསོལ་བ་གདབ་པ་ནི། ཧོཿ རང་བྱུང་རིག་པ་སོགས་ནས། པར་བྱོས༔ ཨ་ལ་ལ་ཧོཿ བར་གོང་གི་གཏོར་དབང་གི་སྐབས་ལྟར་བྱའོ། །གཉིས་པ་སློབ་མ་ལ་དབང་བསྐུར་བའི་རིམ་པ་ནི། སྒོ་ཡི་ཕྱི་རོལ་དུ་ཁྲུས་བྱས། ནང་དུ་འཇུག་པ་ན་བགེགས་ལ་གཏོར་མ་བྱིན་ཏེ་བསྐྲད། གསང་མཆོག་རྒྱལ་པོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པ་ལ་གཉིས་འཛིན་མཚན་རྟོག་གི་བར་ཆད་སྲུང་བའི་ཕྱིར་ལས་ཀྱི་ལྷ་མཆོག་དབང་ཆེན་རྒྱལ་པོའི་བདག་ཉིད་དུ་བྱིན་གྱིས་བརླབས་པའི་རྡོ་རྗེའི་སྲད་བུ་སྐྱེས་པའི་དཔུང་པ་གཡོན། བུད་མེད་ཀྱི་གཡས་སུ་རྡོ་རྗེའི་མདུད་པས་བཅིངས་པར་མོས་མཛོད། ཨོཾ་ཨཱཿཧཱུྃ་ཧྲཱི་ཧྲཱི་ཕཊ྄་ཕཊ྄༔ ཀྱིས་བསྔགས་པའི་སྲུང་སྐུད་དམར་པོ་བཅིངས། སྲུང་འཁོར་བསྒོམ་པ་རྣམས་སྤྱི་ལྟར་རམ། གསང་སྐོར་ཁྲོ་བོའི་དབང་ཆོག་བསྒྲིགས་ཆགས་ལྟར་བྱ། ལས་རྡོར་ནས་མཎྜལ་བཀྱེ་བསྡུ་དང༌། སློབ་དཔོན་གྱི། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྱབ་བདག་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཟབ་པ་ལས་ཆེས་ཟབ་པའི་རིག་འཛིན་བླ་མའི་དབང་བསྐུར་གསན་ནས་གྲོལ་བྱེད་གདམས་པའི་རིམ་པ་རྣམས་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཀུན་སློང་བཟང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཁྱད་པར་གྱི་ཀུན་སློང་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་གསལ་སྣང་དང་མ་བྲལ་བའི་ངང་ནས་ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་འདུ་བགྱིད་དེ་ཡེངས་པ་མེད་པའི་ཚུལ་གྱིས་གསན་པ་གནང་བར་ཞུ། དེའང་རང་རེ་རྣམས་ཐོབ་པར་དཀའ་བའི་དལ་འབྱོར་གྱི་རྟེན་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་མཇལ། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བཟང་པོ་བསྟེན་དུ་ཡོད་པའི་སྐབས་འདིར། ནན་ཏན་དུ་བྱ་བ་ནི་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པ་ཉིད་གལ་ཆེ་སྟེ། རྒྱལ་བའི་སྲས་པོ་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་འགྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདིར་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་དང༌། མི་ཡི་གྲུ་ལ་བརྟེན་ནས་སུ། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཞེས་གསུངས་པ་བཞིན་གྲུ་ཡོད་དུས་ཆུ་བོ་བརྒལ་དགོས་པ་ལྟར་དམ་པའི་ལྷ་ཆོས་ལ་ཚུལ་བཞིན་འབད་དགོས་ཏེ། ཨོ་རྒྱན་ཆེན་པོས། ད་རེས་ཕུན་ཚོགས་རྐྱེན་ཀུན་འཛོམ་དུས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་འདའ་བར་མཛོད། །ཅེས་གསུངས། དེ་ལྟ་བུའི་དལ་བའི་རྟེན་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་ནི། སློབ་དཔོན་ཆེན་པོས། ཤིན་ཏུ་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་པ་དོན་ཆེན་ཡིད་བཞིན་ནོར་ལས་ལྷག །ཅེས་གསུངས་པས་ཤིན་ཏུ་རྙེད་དཀའ་བ། རྙེད་ན་ཕན་འདོགས་ཆེ་བས། རྙེད་པ་ཆུས་ཟོས་སུ་མི་གཏོང་བར་དོན་ཡོད་པར་བྱས་ཏེ་རང་ཉིད་ཐར་པའི་སྐམ་སར་ཕྱིན་པར་བྱེད་དགོས། དེའང་ད་ལྟ་ནས་བསམ་སྦྱོར་གཉིས་ཀས་ལག་ཏུ་ལོན་ངེས་པ་ཞིག་མ་བྱས་ན། ལུས་རྟེན་འདིའང་མྱུར་དུ་འཇིག་པའི་ཆོས་ཉིད་ཅན་ཡིན་ཏེ། མདོ་རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་ལྟར། སྤྱིར་ཕྱི་སྣོད་འཇིག་རྟེན་རི་རབ་གླིང་བཞི་ལྕགས་རི་རོལ་མཚོ་ཉི་ཟླ་དང་བཅས་པ། ནང་བཅུད་སེམས་ཅན་ཚངས་དབང་བདེ་འབྱུང་འཁོར་ལོས་བསྒྱུར་བ་རྣམས་ཀྱིས་གཙོས་པའི་འགྲོ་བ་ཐམས་ཅད་ཀྱི་བར། རང་གི་ཕུང་ཁམས་སྐྱེ་མཆེད་སོགས་མདོར་ན་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག །བྱེ་བྲག་སྐྱེས་བུ་རང་གི་ཚེ་ནི་སྐད་ཅིག་གཅིག་གིས་འཛད་དེ་མཐར་འཆི་བར་འགྱུར་ལ། འཆི་བ་དེའང་ནམ་འོང་ཆ་མེད། འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་ཕན་པ་མེད། ཤི་ནས་མར་མེ་ཤི་བ་བཞིན་མེད་དུ་མི་འགྲོ་བར་ལས་དང་ལས་ཀྱི་འབྲས་བུ་འབའ་ཞིག་གི་རྗེས་སུ་འབྲངས་ཏེ། གནས་ཁམས་གསུམ་རྟེན་རིགས་དྲུག་གིས་བསྡུས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བ་ཡང་ཡང་ལེན་དགོས། སྐྱེ་བ་གང་དུ་བླངས་ཀྱང་སྲིད་རྩེ་ནས་དམྱལ་བ་མནར་མེད་པའི་བར་དུ་སྡུག་བསྔལ་གསུམ་གྱིས་དམ་ལ་མ་བཞག་པ་འགའ་ཡང་མེད་དེ། ཇི་སྐད་དུ། འཁོར་བ་ཁབ་ཀྱི་རྩེ་མོ་བཞིན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང༌། མགོན་པོ་བྱམས་པས། མི་གཙང་ཁང་པར་དྲི་ཞིམ་མེད། འགྲོ་ལྔ་དག་ལ་བདེ་བ་མེད། །ཅེས་གསུངས་པ་ལྟར། སྡུག་བདེན་འཁོར་བའི་མཚན་ཉིད། ཀུན་འབྱུང་འཁོར་བའི་རང་བཞིན་ཡིན་པས་ན་ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས། ཁྱད་པར་དེང་དུས་ཀྱི་སེམས་ཅན་ཕལ་ཆེར་ངན་སོང་གསུམ་གྱི་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུར་ལོངས་སྤྱོད་པ་ཤ་སྟག་ཡིན་ལ། དེ་ལྟའི་ངན་སོང་གསུམ་གྱི་གནས་ལ་འཇིགས་ཤིང་སྐྲག་སྟེ་དེ་ལས་ཐར་འདོད་ཀྱི་བློ་རྒྱུ་འབྲས་མི་བསླུ་བའི་ངེས་ཤེས་ཀྱི་དད་པ་བརྟན་པོ་རྒྱུད་ལ་སྐྱེས་པ་ནི་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ལ་གནས་ཏེ། དགེ་བཅུ་སྤྱོད་ཅིང་བསམ་གཟུགས་ཚད་མེད་སོགས་སྒོམ་པ་ནི་སྐྱེས་བུ་ཆུང་ངུའི་ལམ་དང༌། དེའི་སྟེང་དུ་མི་དང་འདོད་ལྷ་ལྷ་མིན་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ་ཡང་ཅི་རིགས་པ་ཡོད་པ་སྲིད་པའི་རྩེ་མོ་གཟུགས་ཁམས་དང༌། གཟུགས་མེད་པའི་ཁམས་ནི་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བལྟར་མི་མངོན་པ་དང་འགྲོགས་ཏེ། རང་རང་གི་འཕེན་བྱེད་ཀྱི་ལས་ཟད་པ་དང་མཉམ་དུ་འོག་ནས་འོག་ཏུ་ལྟུང་སྟེ་འཁོར་བ་མཐའ་མེད་པར་འཁྱམས་པར་འགྱུར་བས་ན། སྲིད་པ་ཁམས་གསུམ་འཁོར་བ་མཐའ་དག་ལས་རང་གཅིག་པུ་ཐར་འདོད་ཀྱི་བློ་ངེས་འབྱུང་གི་བསམ་པས་བདེན་བཞི་མི་རྟག་བཅུ་དྲུག་སོགས་བསྒོམས་པས་གང་ཟག་བདག་མེད་རྟོགས་པ་ཉན་ཐོས་དང༌། རྟེན་འབྲེལ་ལུགས་འབྱུང་ལྡོག་སྒོམ་པས་གང་ཟག་དང་ཆོས་ལ་བདག་མེད་ཕྱེད་དང་གཉིས་རྟོགས་པ་རང་སངས་རྒྱས་ཏེ་སྐྱེས་བུ་འབྲིང་གི་ལམ་རིམ་ཡིན་ལ། དེ་ལྟ་བུའི་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ལམ་དད་པ་རྣམ་པར་དག་པ་དང༌། སྐྱེས་བུ་འབྲིང་དང་ཐུན་མོང་གི་ལམ་ངེས་འབྱུང་རྣམ་པར་དག་པ་རྣམས་གཞིར་བཞག་ནས། སྐྱེས་བུ་ཆེན་པོའི་ལམ་གཞན་ཕན་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་ལམ་གྱི་སྲོག་ཏུ་བཟུང་སྟེ་མྱུར་ལམ་བླ་ན་མེད་པ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བརྟེན་ནས་ཚེ་གཅིག་གིས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་པ་རྣམས་ཀྱི་ཉམས་སུ་བླང་བྱའི་ཆོས། རྡོ་རྗེ་ཐེག་པ་ཡིན་ལ་དེའང་འགྱུར་སྔ་ཕྱིའི་དབང་གིས་གསར་རྙིང་གི་བཀའ་སྲོལ་ཆེན་པོ་གཉིས་སུ་བཞུགས་པ་ལས། འདིར་འཆད་པ་པོ་པཎ་ཆེན། སྒྱུར་བྱེད་ཀྱི་ལོ་ཙཱ། སྤྱན་འདྲེན་པ་པོ་སྦྱིན་བདག །ཕྱག་བཞེས་ཀྱི་གཙུག་ལག་ཁང༌། ཞུ་རྟེན་གྱི་མེ་ཏོག །བསྒྱུར་བྱ་ཆོས་ཀྱི་ཆེ་བ་སྟེ་ཆེ་བ་དྲུག་གི་ཁྱད་པར་དུ་འཕགས་པའི་གསང་ཆེན་རྡོ་རྗེ་ཐེག་པ་སྔ་འགྱུར་རྙིང་མ། དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་མ་སྟེ་བཀའི་བབ་སོ་གསུམ་དུ་བཞུགས་པ་ལས། འདིར་བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། ཤོག་སེར་ཚིག་བརྒྱུད་ཏེ་བརྒྱུད་པའི་བཀའ་སྲོལ་དྲུག་གམ། བརྒྱུད་པ་དགུ་ལྡན་གྱི་ཁྱད་པར་དུ་བྱས་པ་ཟབ་མོ་གཏེར་མ། གཏེར་མ་ལའང་གཏེར་ཁ་གོང་འོག་སོགས་རིག་འཛིན་རྩལ་འཆང་བརྒྱུད་མར་བྱོན་པ་རྣམས་ཀྱི་རྩ་བ་གསུམ་གྱི་སྒྲུབ་ཐབས་དང༌། དབང་བསྐུར། བླ་རྫོགས་ཐུགས་གསུམ་གྱི་ཆོས་སྐོར་དང་མན་ངག་ལས་ཚོགས་འབྲེལ་པ་སྔ་ཕྱི་དུ་མ་སྤྱན་དྲངས་པ་མང་དུ་མཆིས་པ་ལས། འདིར་ཇི་སྐད་དུ། ཐང་ཡིག་ལས། ཁ་རག་ཆུ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང༔ ཞེས་བསླུ་མེད་རྡོ་རྗེའི་ལུང་གིས་གསལ་བར་བསྟན་པ་ལྟར། མངའ་བདག་ཆོས་ཀྱི་རྒྱལ་པོ་ཁྲི་ལྡེའི་ལྷ་སྲས་བར་པ། ས་བཅུའི་དབང་ཕྱུག་མུ་རུབ་བཙད་པོ་ཡེ་ཤེས་རོལ་པ་རྩལ་གྱི་རྣམ་འཕྲུལ་རྩོད་བྲལ་དུས་བབ་ཀྱི་སྤྲུལ་པའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཕྲིན་ལས་འགྲོ་འདུལ་རྩལ་གྱིས། རྒྱུད་ཀྱི་ལུང་དང་འབྲེལ་བ། དངོས་སྟོབས་ཀྱི་རིགས་པས་གྲུབ་པ། མན་ངག་གི་མྱོང་བས་བརྒྱན་པ། ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པའི་ཟབ་གཏེར་རྒྱ་མཚོ་ལྟ་བུ་ཞིག་སྤྱན་དྲངས་པ་ལས། དགུང་གྲངས་ཉེར་ལྔའི་སྟེང་སྔགས་སྲུང་ཨེ་ཀ་ཛཱ་ཊིའི་ལུང་བསྟན་པ་ལྟར་སླད་ནས་དགུང་གྲངས་ཉེར་བརྒྱད་དུ་སོན་པ་རབ་བྱུང་བཅུ་བཞི་པའི་མེ་འབྲུག་རྒྱལ་གྱི་ཟླ་བའི་ཚེས་གསུམ་ལ་སྨད་ཤོད་ཛམ་ནང་གི་ཕུར་ཀློང་སེམས་ཕུག་ཏུ་གྲགས་པ་རང་བྱུང་པདྨའི་སྒྲུབ་གནས་ཀྱི་རྒྱལ་པོ་པདྨ་ཤེལ་ཕུག་གི་གནམ་ཁུང་ནས་ཐམས་ཅད་མཁྱེན་དངོས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་ཡབ་སྲས་ལྷན་འཛོམ་ཞིང་སྐལ་ལྡན་གྱི་འདུས་པ་མང་པོས་མཐོང་བར་བར་ཆད་མེད་པར་སྤྱན་དྲངས་པར་མཛད་པ་སྟེ། པདྨའི་ཞལ་ཚབ་འགྲོ་འདུལ་སྤྲུལ་པའི་གཏེར་འབྱིན་སྔོན་བྱོན་སུས་ཀྱང་ཕྱག་ཁར་མ་སྨིན་ཅིང༌། གདུལ་བྱའི་ཞིང་འདིར་སྔ་ན་མེད་པའི་ཆོས་སྡེ། བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག །རྒྱ་བོད་མཁས་གྲུབ་ཀུན་གྱི་ཐུགས་བཅུད། འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོ། སྡེ་གསུམ་ཀློང་དགུའི་མན་ངག་མཐར་ཐུག །ལོ་ཆེན་བཻ་རོ་ཙཱ་ནའི་སྙིང་ཐིག །དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ཞེས་མཚན་ཙམ་ཐོས་པས་སྲིད་པ་ཧྲུལ་པོར་བྱེད་པའི་ཟབ་ཆོས་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གྱི་རྒྱལ་པོ་བྱེ་བས་ཀྱང་ཆ་ཙམ་བསྒྲུན་དུ་མེད་པའི་ཐོས་གྲོལ་ཆེན་མོ་འདིའི་ལོ་རྒྱུས་ནི། གཞུང་རྩ་བ་ལས། ན་མོ་གུ་རུ༔ དམ་ཆོས་རྫོགས་པ་ཆེན་པོ་སྡེ་དྲུག་ལས༔ ཐོག་མར་ལོ་རྒྱུས་ཀྱི་སྡེ་ལའང་སྐོར་གསུམ་སྟེ༔ སྔ་མ་དང་བར་པ་ཐ་མ་གསུམ༔ དང་པོ་གཞིའི་རྒྱུད་ཀུན་ཏུ་བཟང་པོ༔ ལམ་ཡེ་ཤེས་ཆེན་པོ༔ འཁོར་བསམ་གྱིས་མི་ཁྱབ་པ༔ དུས་ཐོག་མཐའ་མེད་པ༔ ཞིང་ཀུན་ལ་ཁྱབ་པ་ལྔས་བསྡུས་ཏེ་རྫོགས་པ་ཆེན་པོ་གདམས༔ ས་མ་ཡ་རྒྱ༔ འོག་མིན་ཏུ་སྟོན་པ་རྡོ་རྗེ་སེམས་དཔའ༔ འཁོར་རིགས་ལྔ་པོ་ལ༔ དུས་ཐོག་མ་དག་ལ་ཡེ་ནས་གསལ་བར་བསྟན་ཏོ༔ ས་མ་ཡ་རྒྱ༔ སུམ་ཅུ་རྩ་གསུམ་ལྷ་གནས༔ རྒྱ་མཚོའི་གཏིང་རུམ༔ གནམ་ལྕགས་ཡོད་པའི་རྩེར༔ འགྲོ་བ་དྲུག་ཏུ་ཐུབ་པ་དྲུག་དང་དགུ་རྣམས་ཀྱིས༔ ཀུན་ཏུ་བཟང་པོ་བཤད་པའི་དུས་ན༔ འགྲོ་བའི་ཁམས་ན་རྫོགས་པར་སྣང་བར་གྱུར་ཏོ༔ ས་མ་ཡ་རྒྱ༔ དགའ་རབ་རྡོ་རྗེ་འོག་མིན་ཏུ་ཕྱིན་ཏེ༔ རྡོ་རྗེ་སེམས་དཔའ་ལས་རྒྱུད་འབུམ་ཕྲག་དྲུག་ཅུ་གསན་ཏེ༔ འཇམ་དཔལ་བཤེས་གཉེན་ལ་བུམ་པ་གང་བྱོས་ཀྱི་ཚུལ་དུ་གནང༔ དེས་ཤྲཱི་སིངྷ་ལ་རྒྱས་བཀྲོལ་ཏེ་ཡོངས་སུ་རྫོགས་པར་བཤད་དོ༔ ས་མ་ཡ་རྒྱ༔ སྤྱི་དོན་གཉིས་པ༔ སྤྱིར་གསང་སྔགས་གསང་བ་བཅུ་ལས༔ བླ་མ་གསང་བར་གཅེས་པ་དང༔ བྱེ་བྲག་རྒྱ་གར་གྱི་ལུགས་ལ་བླ་མ་ཤིན་ཏུ་གསང་ཞིང༔ ཁྱད་པར་ཨོ་རྒྱན་ཆེན་པོས༔ བླ་མའི་མཚན་ནི་ཤིན་ཏུ་གསང་བར་མཛད༔ ཐ་མའི་ཐ་མར་བཀའ་ཡི་ཐ་མར་དགེ་བ་བདག་ཅག་རྣམས་ཀྱིས་ཐོས་པ་ལས༔ བོད་ཡུལ་དུ་བརྒྱ་དང་ལྔ་བཅུ་བཞུགས་པའི་བརྒྱ་ལ་ནི་མ་ཐོས་སོ༔ ཐོས་པའི་ཚུལ་ནི༔ ཨོ་རྒྱན་རིན་པོ་ཆེ་ནི་རིག་པའི་རྩལ་དབང་ཐོབ་པ་རྒྱ་གར་དུ་ཡོངས་སུ་གྲགས་པར་ལོ་པཎ་རྣམས་ཀྱིས་བཞེད༔ རྩལ་དབང་བསྐུར་བའི་སློབ་དཔོན་ནི་གང་ཡིན་པ་དེ་མ་འཚལ་ལོ༔ ཁོ་མོས་ཐབས་ཀྱི་སྒོ་ནས་ལན་མང་པོར་ཐོས་པར་འདོད་ཀྱང༔ ཟུར་ཙམ་མ་གནང་ངོ༔ དུས་རེ་ཞིག་གི་ཚེ༔ བོད་ཀྱི་ལོ་གསར་ཆེན་པོ་བྱས་པའི་ཚེ༔ གྲལ་གྱི་གོང་ནས་ཁྲི་སྲོང་ལྡེའུ་བཙན་གྱིས་གསུངས་པ༔ བདག་ཅག་རྣམས་ལ་བཀའ་དྲིན་ཆེ་བ་ནི་གུ་རུ་རིན་པོ་ཆེ་འདི་ཉིད་ལགས་ཤིང༔ དེང་སང་མོན་དུ་བཞུགས༔ མོན་མོ་བཀྲ་ཤིས་ཁྱེ་འདྲེན་མོན་མི་སྐལ་ལྡན་འགའ་ལ༔ སྐུའི་བཀོད་པ་སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་སུ་བསྟན་ཅིང༔ སྔར་མ་གྲགས་པའི་རྫུ་འཕྲུལ་གྱི་བཀོད་པ་དུ་མ་ཞིག་བསྟན་པར་ཐོས༔ ལོ་པཎ་མཁས་གྲུབ་གཞན་རྣམས་ཀྱིས་རྫུ་འཕྲུལ་ཡ་མ་ཟུང་ཅི་གནང་ནའང༔ ཨོ་རྒྱན་ཆེན་པོ་ལ་ནི་འགྲན་མ་མཆིས་སོ༔ འདིའི་དོན་དུ་མི་ཡུལ་དུ༔ རིག་པའི་རྩལ་དབང་ཐོབ་པ་ཨོ་རྒྱན་ཁོ་ན་ལས་མེད་པར་གྲགས༔ དེ་ཡང་རིག་པའི་རྩལ་དབང་བསྐུར་བའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་རྒྱ་གར་འཕགས་པའི་ཡུལ་དུ་འགྲན་ཟླ་དང་བྲལ་བ་ཞིག་ཡོད་ཚུལ་ནི་སངས་རྒྱས་གསང་བའི་ཞལ་ནས་ཐོས༔ གཞན་ངེས་པ་མ་རྙེད་པས་དེང་ཤར་བའི་ལོ་འདིར་གུ་རུ་ཉིད་ཀྱི་བསྩལ་བའི་སློབ་དཔོན༔ དེ་ཉིད་རབ་གདམས་ངག་ཐོས་པ༔ འབྲིང་རྣམ་ཐར་ཐོས་པ༔ ཐ་མ་མཚན་ཐོས་པ་ཞིག་ནི་བདག་ཅག་རྣམས་ངལ་བ་མེད་པར་དོན་དུ་གཉེར་བ་ནི་གལ་ཆེའོ༔ ཞེས་གསུངས་པས༔ དེ་ལྟར་བགྱིས་པར་ཞལ་འཆམ་སྟེ༔ ཨོ་རྒྱན་རིན་པོ་ཆེ་ཤེལ་བྲག་ཏུ་གདན་དྲངས༔ ཐུགས་སྲས་ཀྱི་སྙིང་པོར་གྱུར་པ་རྗེ་ཡིས་ཞུས་ཀྱང་མ་གསུངས་སོ༔ ཁྲ་འབྲུག་ཏུ་གདན་དྲངས་ཏེ་རྗེ་འབངས་མང་པོའི་ཞུས་ཀྱང་མ་གསུངས་སོ༔ བུ་ཚལ་ཕོ་བྲང་དུ་རྒྱལ་པོ་ཉིད་ཀྱིས་སྤྱན་དྲངས་ཏེ་རྒྱལ་པོའི་འཇིག་རྟེན་གྱི་ནོར་སྣ་མང་པོ་ཕུལ་ཏེ་ཞུས་ཀྱང༔ བདག་གི་བླ་མའི་མཚན་བརྗོད་ན་བོད་ཡུལ་གྱི་ས་གཡོ་བར་འགྱུར་རོ༔ ཞེས་གསུངས་ཏེ་མ་གསུངས་སོ༔ སྒྲ་བསྒྱུར་གླིང་དུ་ཕེབས་ནས་ལོ་ཙཱ་མཛད་དེ་ཆོས་མང་པོ་བསྒྱུར་བའི་སྐབས་ཞིག་ལ༔ གུ་རུ་ཉིད་དང་བི་མ་ལ་གཉིས་ཀ་ལ་ཞུས་པས༔ བི་མས་ནི་ཨོ་རྒྱན་གྱི་དགོངས་པ་ལ་བརྟགས་ཏེ་མ་གསུངས༔ གུ་རུ་ཉིད་ཀྱིས་ནི་ཆོས་ཀྱི་གསུང་འཕྲོས་མཛད་པར་བྱེད༔ དེ་ནས་དུས་ཁྱད་པར་ཅན་སྤྲེའུ་ལོ་སྤྲེལ་ཟླ་ར་བའི་ཚེས་བཅུ་ལ་བསམ་ཡས་ཀྱི་བར་ཁང་ནས་ཨོ་རྒྱན་རིན་པོ་ཆེས་འབྲོག་བན་ལོ་ཙཱ་དང༔ ཤེལ་དཀར་བཟའ་ཕྱག་ཕྱིར་ཁྲིད་དེ༔ སྔ་བར་བཞེངས་ནས་མཆིམས་ཕུར་ཕེབས༔ རྗེ་འབངས་ཐམས་ཅད་འདུས་ཤིག་བཀའ་བསྩལ་ཏོ༔ རྗེ་འབངས་རྣམས་ཀྱང་ལའུར་རྗེས་སུ་ཕྱིན་པས༔ བསམ་ཡས་མཆིམས་ཕུའི་ཡུལ་ཁམས་དེ་དག་པའི་ཞིང་ཁམས་ཆེན་པོར་བྱིན་གྱིས་བརླབས་ཏེ༔ ཨོ་རྒྱན་གྱིས་འགྲོ་འདུལ་སུམ་བརྒྱ་དྲུག་ཅུའི་སྐུར་བསྟན་ཏོ༔ གཙོ་བོའི་ཞལ་ནས་རྗེ་འབངས་རྣམས༔ རྟག་པར་བདག་ལ་དོན་གཉེར་ཆེ་བས་ཡང་ཡང་བསྐུལ་བའི་དོན་ནི༔ བདག་གི་རྩ་བའི་བླ་མའི་མཚན་བརྗོད་པར་གསོལ་བ་བཏབ་ཅིང༔ ཉིན་མཚན་ཀུན་ཏུ་དོན་དེ་ལས་དྲན་རྒྱུ་མེད་པ་ཀུན་ལ་བྱུང་འདུག་པ༔ དེའི་དོན་རེ་བ་ཡོངས་སུ་རྫོགས་པར་བསྐང་བར་བགྱིའོ༔ དེ་བས་ན་མཚན་བརྗོད་པར་དཀའ་བ༔ བདག་གི་བླ་མ་ཡེ་ཤེས་ཀྱི་སྐུ་བརྙེས་པ་དཔལ་ཧེ་རུ་ཀ་འཇིགས་པ་མེད་པ་ཤྲཱི་སིངྷ་ཞེས་བྱའོ༔ ཞེས་གསུངས་པས༔ ནམ་མཁའ་རྣམས་བདེ་བར་གཤེགས་པ་རྣམས་ཀྱིས་གང༔ བར་སྣང་གི་སྣང་སྲིད་རྣམས་ཟིངས་སེ་སོང༔ ས་གཞི་རྣམ་པ་དྲུག་ཏུ་གཡོས་ཏེ་འོད་དང་ཐིག་ལེར་གྱུར༔ རྗེ་འབངས་རྣམས་དགའ་འཁྱིལ་ལེར་ཟུང་འཇུག་གི་ཡེ་ཤེས་དེ་ཉིད་དུ་མཐོང་བར་གྱུར་ཏོ༔ དེའི་ཚེ་བསམ་ཡས་མཆིམས་ཕུའི་རི་དང་རྩི་ཤིང་རྣམས་ཀྱང་རྒྱ་གར་གྱི་ཕྱོགས་སུ་མགོ་གུག་པར་གྱུར་ཏོ༔ སླར་ཡང་རྗེ་འབངས་རྣམས་ཀྱི་ལུས་ལོངས་སྤྱོད་བསོད་ནམས་ཚོགས་ཀྱི་མཎྜལ་ཆེན་པོ་ཕུལ་ཏེ༔ དེས་བསྟན་པའི་གདམས་པ་སྟོན་པར་ཞུས་ཀྱང་གསུངས་པར་མ་གྱུར་ཏོ༔ སླར་བསམ་ཡས་སུ་ཕེབས་ཏེ་དབུ་རྩེའི་བར་ཁང་དུ་ཁྲི་སྲོང་ལྡེའུ་བཙན༔ བཻ་རོ་ཙཱ་ན༔ ནམ་མཁའི་སྙིང་པོ༔ ཡེ་ཤེས་མཚོ་རྒྱལ༔ ལྷ་སྲས་མུ་ཁྲི༔ ངན་ལམ་བནྡེ་ཡེ་ཤེས༔ གཉགས་ཛྙཱ་ན༔ ལང་གྲོ་དཀོན་མཆོག༔ རྡོ་རྗེ་བདུད་འཇོམས་རྣམས་སོ་སོའི་གཟུང་མ་དང་བཅས་པ་ཐམས་ཅད་ལ༔ སྤྱི་ལ་གཅེས་པ་ཤྲཱི་སིངྷའི་དབང་བསྐུར༔ ཕྱི་སེམས་སྡེའི་བླ་མ་སུམ་ཅུ་རྩ་གཅིག་གི་དགོངས་པ་གཅིག་ཏུ་དྲིལ་བའི་དབང་བསྐུར་བ༔ ཡི་དམ་རྡོ་རྗེ་དབྱིངས་ཀྱི་དབང་སྤྱི་བླུགས་སུ་བསྐུར་བ༔ མན་ངག་ཨ་ཡིག་མདའ་འཕེན་ཏེ་ཕྱི་ཐུན་མོང་གི་དབང་བསྐུར༔ ནང་ཀློང་སྡེ་ལས༔ རིག་འཛིན་བཅོ་ལྔའི་བྱིན་རླབས༔ སྟོན་པ་བཅུ་གཉིས་ཀྱི་བརྡ་དབང༔ མངོན་རྫོགས་རྒྱལ་པོའི་དོན་དབང་རྩ་བ་དགུ་བསྒྲིལ་ཏེ་ནང་སྐོར་གྱི་དབང་གསུམ་བསྐུར༔ གསང་བ་མན་ངག་གི་སྡེ་ལས༔ རིག་འཛིན་བཅོ་ལྔའི་བྱིན་རླབས༔ ཞི་ཁྲོའི་དོན་དབང༔ སྒྲུབ་དབང་བརྒྱད་དུ་བསྒྲིལ་བའི་དབང་སྟེ་གསང་སྐོར་གྱི་དབང་གསུམ་བསྐུར༔ དེ་རྗེས་སྒྲུབ་ཐབས་དགུ་སྤྲུགས་སུ་གནང༔ རྫོགས་རིམ་སྔོན་འགྲོའི་བརྡ་དབང་གསུམ་གྱིས་སྨིན་པར་མཛད་དེ༔ དངོས་གཞི་ཁྲིད་གསུམ་གྱིས་གྲོལ་ཞིང༔ རྗེས་ཀྱི་མན་ངག་གསུམ་གྱིས་གྲོལ་བ་མཐར་ཕྱིན་པར་མཛད་དོ༔ ས་མ་ཡ་རྒྱ་རྒྱ༔ སྤྱི་དོན་གཉིས་པ་ལའང་གཉིས་ཏེ༔ སློབ་དཔོན་བཻ་རོ་ཙཱ་ན་རྒྱ་གར་དུ་ཡེ་ཤེས་ཀྱི་སྐུ་བརྙེས་ཤྲཱི་སིངྷ་དང་མཇལ་ཏེ་གདམས་པ་སྡེ་གསུམ་ཐོབ་པའི་བར་པ་ནི་གཅིག་ལའང་མ་བསྟན་ཏེ༔ རྒྱལ་མོ་རོང་གི་ཕྱོགས་སུ་བསྟན་པ་ཡོད་སྙམ་ཡང་ངེས་པ་མ་རྙེད་དོ༔ ཁོ་མོ་དང་གཡུ་སྒྲ་སྙིང་པོ་གཉིས་ཀྱིས་ཡང་ཡང་ཞུས་ཀྱང༔ སློབ་དཔོན་གྱིས༔ གནང་བ་སྲིད་དེ་མ་གནང་སྲིད༔ སྲིད་ན་མི་ཕམ་ཞེས་བྱར་ཡོད༔ མ་སྲིད་ཆོས་སྐུར་ཟིན་ཡང་ཆ༔ དེ་ལྟར་སློབ་དཔོན་གྱིས་གསུངས་པ་ལ་བརྟགས་ན་ཡེ་ཤེས་ཀྱི་སྐུ་བརྙེས་པ་མི་ཕམ་གྱི་མཚན་ཅན་ཡོད་པ་ཤིན་ཏུའང་ངེས༔ དེའི་སྙན་བརྒྱུད་མཐའ་ནས་མཐའ་རུ་རྒྱས་ཤིང་ཁྱབ་པ་དང༔ རྟག་པར་སྨོན་ཅིང་བདག་གིས་ལན་དུ་མར་ཞུས་ཀྱང་མ་གནང་སྟེ༔ ཕྱིས་ཁམས་ཕྱོགས་སུ་ངམ་གྱི་ཕ་བོང་ནག་པོའི་སྟེང་དུ་སློབ་དཔོན་དགོངས་པ་ལ་བཞུགས་པའི་ཚེ༔ ཨོ་རྒྱན་རིན་པོ་ཆེའི་བཀའ་ལུང་བསྩལ་བ་དང་བཅས༔ གདམས་པའི་རྩ་ཚིག་ཙམ་ཞིག་བསྩལ་བར་ཡི་གེར་བྲིས་ཏེ་ཟླ་བ་གསུམ་གྱི་ཁོངས་སུ་གཏེར་དུ་སྦས་དགོས་པར་གདམས་སོ༔ གཉིས་པ་གཏེར་དུ་སྦས་ཚུལ་ནི༔ སྤྱིར་ཨོ་རྒྱན་ཆེན་པོ་ཁམས་ཀྱི་ཕྱོགས་སུ་ལན་གསུམ་བྱོན་པའི་ཕྱི་མར་ལྷོ་ནུབ་སྲིན་ཡུལ་དུ་གཤེགས་ཁར་ཉེ་བ་ཡིན་འདྲ་ཞིང༔ དེའི་རྒྱུ་མཚན་ཀྱང༔ ཨོ་རྒྱན་ཆེན་པོས༔ ལོ་བཅུའི་ནང་ནས་སྐུ་དངོས་བོད་དུ་མེད༔ ཅེས་གསུངས་པས་རྟོགས་སོ༔ དེ་ནས་སྔ་མ་རྒྱལ་སྲས་མུ་རུབ་བཙད་པོའི་ཁྲི་སྲོང་གི་བློན་པོ་འུ་རིང་གི་བུ་བསད་ནས་རྒྱལ་ཁྲིམས་ཀྱི་ཉེན་ཏེ་ལྷ་སྲས་ཁམས་ཀྱི་ཕྱོགས་སུ་སྤྱུགས་པའི་ཚེ༔ ཨོ་རྒྱན་ཆེན་པོ་གདན་དྲངས༔ དེའི་གོང་དུ་ལྷ་འདྲེ་དམ་ལ་བཏགས་པའི་དུས་སུ་ཡང་ས་གཞི་ཐམས་ཅད་ཞབས་ཀྱིས་མ་བཅགས་པ་མདའ་གང་ཙམ་ཡང་མེད་པར་མཛད་སྣང་ཞིང༔ ཕྱིས་འདི་ནི་ཁམས་ཀྱི་ནམ་མཁའ་མཛོད་དུ༔ བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེ་བའི་ཚེ༔ རྨ་དན་ཏིག་བྲག་ཏུ་ཕེབས་པའི་ལམ་ཞོར་དུ༔ ཤོད་ཆེན་བཞིའི་ཡ་གྱལ་སྨད་ཤོད་འཛོམ་གྱི་བྲག་པདྨ་ཤེལ་ཕུག་ཏུ་ཟླ་བ་གསུམ་དུ་བདེ་གཤེགས་འདུས་པའི་སྒྲུབ་པ་མཛད་པའི་ཚེ༔ རིག་འཛིན་ཤྲཱི་སིངྷ་ལ་ཨོ་རྒྱན་གྱིས་དགོངས་པ་གཏད་པ་ཙམ་གྱིས་ཡེ་ཤེས་ཀྱི་སྐུ་ཅན་དངོས་སུ་བྱོན་ཏེ༔ གསང་ཕུག་གོང་མར་སློབ་དཔོན་རྣམ་གཉིས་ཆོས་ཀྱི་བགྲོ་བ་མཛད་ནས་དཔེ་རྒྱུད་གཏེར་དུ་སྦས་པའི་གནང་བ་བསྩལ་ཏེ་གཏེར་དུ་སྦས་པའོ༔ དེའི་ཚེ་སློབ་དཔོན་བཻ་རོ་ཙཱ་ནས་ཀྱང་མཇལ་ཏེ་སྡེ་གསུམ་གྱི་སློབ་དཔོན་ཞལ་མངོན་སུམ་དུ་འཛོམ་པར་གྱུར་ཏོ༔ གཏེར་བདག་ནི་ཕྱི་ལྟར་སྐྱེས་བུ་རྡོ་རྗེ་ལེགས་པ༔ ནང་ལྟར་འབར་བ་མེ་ཡི་གདོང་ཅན༔ གསང་བ་ལྟར་མ་མོ་གཤོག་རྒོད་རྩལ་གསུམ་ལ་བཅོལ་ཏོ༔ ས་མ་ཡ་རྒྱ་རྒྱ་རྒྱ༔ ལོ་རྒྱུས་ངོ་མཚར་སྙིང་གི་ཏི་ཀ་འདི༔ མ་འོངས་རྗེས་ལ་ཕན་ཕྱིར་གཏེར་དུ་སྦས༔ ནམ་ཞིག་ལས་ཅན་བུ་དང་འཕྲད་པར་ཤོག༔ འཕྲད་ནས་སྐལ་ལྡན་མང་པོ་གྲོལ་བར་ཤོག༔ ཞེས་རྡོ་རྗེའི་ཚིག་གིས་བསྟན་པ་ལྟར་འདི་ལའང་གཞུང་རྩ་བ་དང་ཡན་ལག་གི་ཆོས་སྡེ་གཉིས་ལས། འདིར་སྐབས་སུ་བབ་པ་རྩ་བའི་ཆོས་སྡེ། དེ་ལའང་ཕྱི་སེམས་སྡེའི་སྐོར། ནང་ཀློང་སྡེའི་སྐོར། གསང་བ་མན་ངག་སྡེའི་སྐོར་ཚོ་ཆེན་པོ་གསུམ་དུ་བཞུགས་རྣམས་གྱི་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་རྣམས། མ་ཧཱ་གུ་རུའི་རྡོ་རྗེའི་ལུང་ལས། དེ་ལ་དབང་བས་འདི་ཉིད་ཐོན་པའི་ཚེ༔ ལོ་གཅིག་གམ་ནི་ཡང་ན་ལོ་གསུམ་ཁོང༔ སྐྱེས་བུ་དཔྲལ་བ་སྨེ་བ་དམར་པོས་མཚན༔ བྱིས་པའི་ཚུལ་ཅན་དེ་ལ་མཐའ་ནས་སྟེར༔ གནས་ཀྱི་ཉེ་འདབས་འདི་རུ་ཤིན་ཏུ་འབྱུང༔ ཅེས་རྡོ་རྗེ་ལུང་གིས་ཤིན་ཏུ་གསལ་བར་བསྟན་ཅིང༌། གཏེར་ཆེན་བླ་མའི་རིགས་སྲས་རྣམ་པ་གསུམ་ལས་གཡུ་སྒྲའི་རྣམ་འཕྲུལ་ཀུན་བཟང་འཇིགས་མེད་ཚེ་དབང་ནོར་བུ་ལ་སྒྲུབ་གནས་དེ་ཉིད་ཀྱི་གཟིམ་ཆུང་རྡོ་རྗེ་བཀོད་པར་མེ་སྟག་ཁྲུམ་གྱི་ཉ་བའི་ཟླ་བར་ཆོས་རྒྱལ་སྲས་ལྷན་རྒྱས་པས་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོའི་སྒོ་ནས་བདུད་རྩིའི་སྒྲུབ་ཆེན་དང་འབྲེལ་བར་གདམས་ཟབ་འདི་ཉིད་ཆིག་བརྒྱུད་དུ་བསྩལ་བ་ལས་གཏེར་ཆེན་བླ་མའི་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་པདྨ་ཐེག་མཆོག་བསྟན་འཕེལ་གྱིས་གསན། དེ་ཉིད་ཀྱི་དྲུང་ནས་པདྨ་ཡེ་ཤེས་རྡོ་རྗེ། དེ་ལས་ཁོ་བོ་ཅག་གིས་ལེགས་པར་ཐོབ་པ་ལས་འདིར་སྨིན་བྱེད་དབང་གི་རིམ་པ་ཡིན། དེ་ལའང་རྣམ་གྲངས་མང་དུ་མཆིས་པ་ལས། འདི་ནི་དཔལ་སྒྱུ་འཕྲུལ་དྲྭ་བ་ཆེན་པོ་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ནི་རྟག་ཏུ་རྡོ་རྗེ་འཆང༌། །ཞེས་གསུངས་པ་ལྟར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་ཡོན་ཏན་ཐམས་ཅད་བླ་མའི་ཐུགས་རྗེ་དང་བྱིན་རླབས་ཁོ་ན་ལས་འབྱུང་ཞིང༌། ཁྱད་པར་གསང་སྔགས་ཀྱི་ལམ་དང་དངོས་གྲུབ། དེ་ལས་ཀྱང་བཞི་པ་དོན་གྱི་ཡེ་ཤེས་ནི་བླ་མའི་དགོངས་བརྒྱུད་ཀྱི་ཡེ་ཤེས་འཕོ་བའི་དབང་བསྐུར་ཁོ་ན་ལ་རག་ལས་པའི་གནད་ཀྱིས་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོའི་ཐུན་མོང་མ་ཡིན་པའི་རིག་པ་རྩལ་གྱི་དབང་བསྐུར་ཞུ་བའི་བླ་མ་རིག་འཛིན་ཆེན་པོ་ཤྲཱི་སིངྷ་གཙོ་བོར་བཞུགས་པའི་རིག་འཛིན་བླ་མ་སུམ་ཅུ་རྩ་གཅིག་གི་རྡོ་རྗེའི་དབང་བསྐུར་བ་སྟེ། ཐོག་མར་སྡེ་གསུམ་གྱི་དབང་དང་བྱིན་རླབས་སྤྱི་ལ་གཅེས་པ་རིག་འཛིན་བླ་མ་ཤྲཱི་སིངྷའི་ཟབ་དབང་ཉི་ཟླའི་རྒྱ་ཅན་བསྐུར་བ་ལ་བདག་ཉིད་ཀྱི་བགྱི་འོས་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དབང་བསྐུར་ཟབ་མོ་གསན་པའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་མཎྜལ་ཕུལ། གསོལ་གདབ་ནས་བརྩམས་རྒྱུད་སྦྱང་དམ་ཚིག་བསྒྲགས་བཟུང་རྣམས་དབང་ཆིངས་སྔ་མ་ལྟར་བྱས་རྗེས། དེ་རྣམས་ཀྱི་དབང་གི་སྔོན་འགྲོའི་ཆོས་རྣམས་གྲུབ། དངོས་གཞི་དབང་གི་གཞི་བྱིན་རླབས་འབེབས་པའི་རིམ་པ་ལ་ཁྱེད་རང་རྣམས་ལུས་གནད་བསྲང༌། རླུང་ཁ་སྦྱོར་དུ་འཆིང༌། མིག་མི་འགུལ། ཡིད་ཀྱི་དམིགས་པ་འདི་བཞིན་གྱིས། ཞེས་བརྗོད་ལ་སྦྱར་སྤོས་བཏུལ། རོལ་མོའི་སྒྲ་དང་བཅས། ཤྲཱི་སིངྷ་རྣལ་འབྱོར་གཞོན་ནུའི་ཚུལ༔ དཀར་དམར་མདངས་ལྡན་ཞལ་གཅིག་ཕྱག་གཉིས་པ༔ གཅེར་བུ་རུས་པའི་རྒྱན་དྲུག་གར་སྟབས་བསྒྱུར༔ རྩ་གསུམ་འཁོར་ལོ་བཞི་ལྡན་ལྟེ་བའི་མདོར༔ གཏུམ་མོ་ཨ་ཤད་དབྱིབས་ཅན་རབ་འབར་བ༔ སྤྱི་བོར་ཐིག་ལེ་ཧཱུྃ་ཡིག་མགོ་ཐུར་བསྟན༔ སྙིང་གར་རྣམ་ཤེས་ངོ་བོ་ཨ་དཀར་པོ༔ སློབ་མས་སློབ་དཔོན་ལ་ནི་མོས་གུས་བསྐྱེད༔ སློབ་དཔོན་ཤྲཱི་སིངྷ་ཡབ་ཡུམ་དུ༔ གསལ་བའི་སྦྱོར་མཚམས་ལས་ནི་འོད་འཕྲོས་པས༔ སློབ་མའི་གསང་བ་ནས་ཞུགས་གཏུམ་མོ་སྦར༔ སྤྱི་བོའི་ཐིག་ལེ་ཞུ་ཞིང་གསལ་བ་ལས༔ ལུས་ཀྱི་སྟོད་སྨད་དྭངས་མ་དཀར་དམར་གྱིས༔ གང་ཞིང་སྙིང་གའི་ཐད་དུ་གོ་སྐབས་ཅན༔ བདེ་བ་བསྒོམ་ཞིང་བདེ་བ་ཆེར་འཕེལ་ཚེ༔ དཀར་དམར་འདྲེས་ཤིང་ཨ་ཡིག་ལ་ཐིམ་པས༔ ཐིག་ལེ་ཆེར་འཕེལ་བདེ་བ་ཆེན་པོར་བསྒོམ༔ རྒྱལ་བའི་ཚོགས་རྣམས་བདེ་བ་ཆེན་པོར་ཞུ༔ བདུད་རྩིའི་རང་བཞིན་སྤྱི་བོའི་གཙུག་ནས་བྱུང༔ སྙིང་གི་ནང་ཞུགས་ལུས་ཀུན་མེར་གྱིས་ཁེངས༔ བདེ་བ་ཆེན་པོའི་ཡེ་ཤེས་རྩེ་གཅིག་བསྒོམ༔ ཅེས་དལ་བུས་བརྗོད་པས་བྱིན་དབབ། མཐར་ཡེ་ཤེས་ཕེབས་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། ཅེས་བརྗོད་ལ་རྡོ་རྗེ་མགོར་རྒྱ་གྲམ་དུ་འཇོག་པས་བརྟན་པར་བྱ། དབང་དངོས་ལ། རྩ་བ་བུམ་པ། གསང་བ། ཤེར་ཡེ། ཚིག་དབང་བཞི་ལ་ནང་གསེས་བཞི་བཞིར་དབྱེ་བས་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་དབང་བཞིའི་མངོན་པར་རྟོགས་པའི་བྱིན་རླབས་ཐོད་རྒལ་དུ་ཐོབ་པའི་རིག་འཛིན་བླ་མའི་ཟབ་དབང་ཉི་ཟླའི་རྒྱ་ཅན་གྱི་དང་པོ་བུམ་དབང་ལ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱིས་བུམ་པ་ཐོགས་ལ། བུམ་ནང་ཤྲཱི་སིངྷའི་སྤྱི་བོ་ཡི༔ ཨོཾ་ཡིག་གསལ་ཞིང་ཡབ་ཡུམ་སྦྱོར་བ་ཡིས༔ ཨོཾ་ལས་དགའ་བའི་བདུད་རྩི་དཀར་གསལ་བབ༔ སྐུ་གང་སྦྱོར་མཚམས་ནས་བབས་བུམ་པ་གང༔ ཁ་ནས་ལུད་ཅིང་སློབ་མའི་སྤྱི་བོར་བབ༔ བདེ་ཆེན་འཁོར་ལོའི་རྩ་ཁེངས་བདེ་ཆེན་བསྒོམ༔ དེ་བཞིན་མགྲིན་དང་ཐུགས་ཀའི་ཨཱཿཧཱུྃ་ལས༔ བདུད་རྩི་དམར་མཐིང་དགའ་ཆེན་ཁྱད་དགའ་ཡི༔ ངོ་བོར་བབ་ཅིང་སློབ་མའི་མགྲིན་པ་དང༔ སྙིང་ག་གང་ནས་བདེ་མཆོག་རྒྱས་པར་བསྒོམ༔ དེ་རྗེས་ལྟེ་བའི་ཧྲཱིཿལས་ལྷན་སྐྱེས་ཀྱི༔ བདུད་རྩི་བབས་ཤིང་སློབ་མའི་ལྟེ་བ་ཁེངས༔ སྐུ་ཡི་གནས་རྣམས་མ་ལུས་ཐམས་ཅད་ནས༔ བདུད་རྩི་འོད་ལྔའི་མདངས་ལྡན་བབ་པ་ཡིས༔ སློབ་མའི་ལུས་གང་བདུད་རྩི་གྱེན་འཁྱིལ་བས༔ སྤྱི་བོའི་གཙུག་ཏུ་རྡོ་རྗེ་སེམས་དཔའ་བསམ༔ ཧཱུྃ༔ རང་བྱུང་བདེ་བ་ཆེན་པོའི་བུམ་པ་རུ༔ ལྷན་ཅིག་སྐྱེས་པའི་བླ་མ་ཡབ་ཡུམ་བཞུགས༔ བདེ་ཆེན་སྦྱོར་བའི་བདུད་རྩི་བསམ་མི་ཁྱབ༔ རང་གྲོལ་བདེ་ཆེན་ཡེ་ཤེས་བསྐྱེད་པའི་ཕྱིར༔ བླ་ན་མེད་པ་བུམ་པས་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་སིངྷ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་ལ་བུམ་པ་གནས་བཞིར་བཞག་ཅིང་བུམ་ཆུ་སྦྱིན། ཐོད་པའི་བདུད་རྩི་ཐོགས་ལ། གཉིས་པ་གསང་བའི་དབང་ལ་དམིགས་པ་འདི་ལྟར་མཛོད། སློབ་དཔོན་ཡབ་ཡུམ་ཤྲཱི་སིངྷ་ནི༔ མཉམ་པར་སྦྱོར་བའི་སྤྱི་མགྲིན་སྙིང་ལྟེ་བཞིར༔ ཡིག་འབྲུ་ཨོཾ་ཨཱཿཧཱུྃ་ཧྲཱིཿགསལ་བ་ལས༔ དགའ་བཞིའི་ངོ་བོ་འོད་ཟེར་དཀར་དམར་མཐིང༔ སེར་པོ་བདུད་རྩིའི་རང་བཞིན་ཡོངས་རྫོགས་བབས༔ སློབ་མའི་ཁར་སྦྱིན་རྩ་བཞི་ལུས་ཀུན་གང༔ བདེ་ཆེན་བཞི་དང་ཡོངས་རྫོགས་ཐོབ་པར་བསྒོམ༔ ཧཱུྃ༔ ཡུལ་སྣང་རྣམ་པར་དག་པའི་ཐོད་པ་རུ༔ རྣམ་པར་དག་པའི་དབང་པོ་སྦྱོར་བ་ཡིས༔ རྣམ་ཤེས་ཡེ་ཤེས་བསྒྱུར་བའི་བྱང་སེམས་བསྐྱིལ༔ ཀུན་གཞི་རྣམ་པར་གྲོལ་ཕྱིར་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་སིངྷ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་པ་གནས་བཞིར་བཞག་སྟེ་བདུད་རྩི་སྦྱིན། གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བཞི་ནི། རིག་ཙཀ་ཐོགས་ལ། སློབ་བུ་རིག་མ་བླ་མ་ཡབ་ཡུམ་གསལ༔ འདུ་ཤེས་གསུམ་གྱིས་སྙོམས་པར་འཇུག་པར་བསླབ༔ ཡབ་ཡུམ་གནས་བཞིར་ཡིག་འབྲུ་བཞི་གསལ་བས༔ དེ་ལས་རིམ་བཞིན་ཐིག་ལེ་འཕེལ་བ་ཡིས༔ རྩ་བཞི་ལ་བབ་གྱེན་དུ་དྲངས་པ་ཡིས༔ དགའ་བཞི་ཡོངས་རྫོགས་ཉིད་དུ་བསྒོམ་པར་བྱ༔ ཧཱུྃ༔ སྣང་ཞིང་སྟོང་ལ་གསལ་བའི་རིག་མ་ལ༔ མི་རྟོག་ངང་དུ་མཉམ་པར་སྦྱར་བ་ལས༔ བདེ་བའི་ཡེ་ཤེས་ནམ་མཁའ་གང་བར་འཕེལ༔ དབྱེར་མེད་ལྷུན་གྲུབ་ཆེན་པོར་རྟོགས་པར་ཤོག༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་སིངྷ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སློབ་མའི་ལག་གཡོན་དུ་གཏད། མན་ཤེལ་བསྟན་ལ། དབང་བཞི་པ་ལ་བཞིར་དབྱེ་བས་དང་པོ་བརྡ། རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་འདིས་མཚོན་ཏེ་དོན་རྫོགས་པ་ཆེན་པོའི་ལྟ་བ་སེམས་ཉིད་ཟང་ཐལ་ངོ་བོ་ཀ་ནས་དག་པ་ཤེལ་ལྟ་བུ་ལས་རང་བཞིན་ལྷུན་གྲུབ་འཇའ་ཚོན་ལྟ་བུའི་འཁོར་འདས་སྣ་ཚོགས་ཅིར་ཡང་འཆར་ཞིང༌། ཐུགས་རྗེ་རྣམ་འཕྲུལ་དག་མ་དག་སྣ་ཚོགས་སུ་སྣང་ཡང་དབྱིངས་ཀ་དག་ཟང་ཐལ་གྱི་དགོངས་པ་ལ་ནམ་ཡང་འགྱུར་བ་མེད་པའི་དོན་ངོ་སྤྲོད་པ་ཡིན་པས་མངོན་སུམ་དུ་རྟོགས་པར་མཛོད་ཅིག ཧཱུྃ༔ ཕྱི་ནང་ཟང་ཐལ་ཀ་ནས་དག་པ་ལ༔ ལྷུན་གྱིས་གྲུབ་པའི་འཇའ་ཚོན་ཅིར་ཡང་འཆར༔ རྣམ་པར་འཕྲུལ་པའི་བྱེ་བྲག་ཅིར་སྣང་ཡང༔ རང་བྱུང་དབྱིངས་ལས་འགྱུར་བ་མེད་པའོ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་སིངྷ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ རྨ་བྱའི་མདོངས་སྒྲོ་མེ་ལོང་དུ་འཆར་བ་མིག་སྔར་བསྟན་ལ། སྒོམ་པ་འོད་གསལ་ཆེན་པོ་མཚོན་བྱེད་ཀྱི་དཔེ་རྨ་བྱའི་མདོངས་སྒྲོ་དང་མེ་ལོང་གསལ་བ་འདིས་མཚོན་ཏེ། མཚོན་བྱ་དོན་གྱི་གནས་ལུགས་ཀ་དག་གི་ངོ་བོ་དབྱིངས་རྣམ་དག་མེ་ལོང་དྭངས་པ་ལྟ་བུའི་རང་བཞིན་ལ། རིག་པ་འོད་གསལ་སྒྲོན་མ་བཞིའི་སྣང་ཆ་ཕྱི་ནང་གི་དབྱིངས་དང་ཐིག་ལེ་ལུག་རྒྱུད་གསལ་བ་མདོངས་ཐིག་ལྟ་བུ་གནད་བཞིས་གཅུན་པས་ཆོས་ཉིད་རང་ལས་འབྱུང་ཞིང་རང་ཤར་བ་དབྱིངས་རིག་གཉིས་མེད་རང་གདངས་ལྷུན་གྲུབ་དུ་ཤེས་པར་མཛོད་ཅིག ཨཱཿ དབྱིངས་ནི་རྣམ་པར་དག་པའི་རང་བཞིན་ལ༔ ཐིག་ལེ་གསལ་བ་སྒྲོན་མ་རང་ལས་བྱུང༔ གཉིས་སུ་མེད་པའི་རང་གདངས་ངོ་མཚར་ཅན༔ ལྷུན་གྱིས་གྲུབ་པའི་ངང་དུ་བལྟ་བར་བྱ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་སིངྷ་སིདྡྷི་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ མངོན་སུམ་འོད་གསལ་གྱི་སྣང་བ་ཇི་ལྟར་ཤར་ཡང་ཕྱི་ནང་གཉིས་མེད་འཕེལ་འགྲིབ་ཀུན་བྲལ་ལམ་དུ་ཁྱེར་བའི་སྤྱོད་པ་རེ་དོགས་མེད་པ་སྐྱོང་ཚུལ་ཕྱིའི་ནམ་མཁའ་ལ་སྣོད་བཅུད་ཆགས་འཇིག་ཅི་ལྟར་བྱུང་ཡང་ནམ་མཁའ་གཅིག་གི་ཀློང་དུ་འཕེལ་འགྲིབ་མེད་པའི་དོན་ངོ་སྤྲོད་པའི་ཕྱིར་ཁྱེད་རང་རྣམས་ཀྱི་མིག་མདུན་ནམ་མཁར་རང་བབས་སུ་ལྟོས་ལ་རྡོ་རྗེའི་ཚིག་འདིའི་དོན་ལ་སེམས་ཤིག ཧཱུྃ༔ ཕྱི་ནང་དབྱིངས་རིག་གཉིས་སུ་མེད་པ་ལ༔ གཉིས་སུ་འཛིན་པའི་ཀུན་བརྟགས་བློ་ལས་འདས༔ ཆོས་དབྱིངས་ཁྱབ་བརྡལ་འོད་གསལ་ཟང་ཐལ་ལེ༔ འདི་ཞེས་བརྗོད་ཚིག་བྲལ་བར་དབྱིངས་རིག་བསྲེས༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་སིངྷ་སིདྡྷི་ཧཱུྃ༔ ཨ་ཨཿ རྩོལ་མེད་རྡོ་རྗེ་སྙིང་པོའི་རྣལ་འབྱོར་ཚད་དུ་ཕྱིན་པའི་འབྲས་བུ་གཞི་རྫོགས་ཆེན་པོའི་དགོངས་པ་ཀློང་དུ་གྱུར་ནས་སྐུ་གསུམ་རང་ངོར་རྫོགས་པར་བློ་བདེ་བའི་དོན་ངོ་སྤྲོད་པའི་ཚིག་འདི་ལ་གསན་པས་ཁྱབ་སྟེ། ཧཱུྃ༔ ཡེ་ནས་རྣམ་པར་དག་པའི་གཞི་ཐོག་ཏུ༔ བྱ་རྩོལ་བྲལ་བའི་བདེ་ཆེན་མཐར་ཕྱིན་ནས༔ འབྲས་བུ་རང་ལས་རྙེད་པ་ངོ་མཚར་ཆེ༔ དོན་དམ་དམིགས་མེད་མྱོང་བ་ངོས་བཟུང་བྲལ༔ ངོ་བོ་རང་བཞིན་ཐུགས་རྗེ་རྣམ་པ་གསུམ༔ དབྱེར་མེད་མི་ཕྱེད་དབྱིངས་རིག་གཉིས་སུ་མེད༔ མཐར་ཐུག་འབྲས་བུའི་ས་ལ་ཕྱིན་པའོ༔ ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་སིངྷ་སིདྡྷི་ཧཱུྃ༔ དྷརྨ་ཀཱ་ཡ་ཨ་ཨ༔ དེ་ལྟར་རྣམ་པ་ཉི་ཤུས་བྱང་ཆུབ་པའི༔ བདེ་བ་ཆེན་པོའི་ཟབ་དབང་བསྐུར་ན་ནི༔ ཀུན་ལ་མ་ཡིན་བློ་ཆེན་ལྡན་ལ་གཏད༔ ཅེས་གསུངས་པ་ལྟར། ཧེ་བཛྲ་ལས། གཞན་གྱི་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་གསུངས་པ་ལྟར་དགོངས་བརྒྱུད་ཡེ་ཤེས་ཆེན་པོའི་བྱིན་རླབས་བཙན་ཐབས་སུ་འབེབས་པས་དབང་བཞིའི་རྟོགས་པ་ཐོད་རྒལ་དུ་སྐྱེ་བའི་ཟབ་གནད་ཐུན་མོང་མ་ཡིན་པ་ཤིན་ཏུ་གསང་བའི་ངེས་པ་བླ་མའི་རྡོ་རྗེ་བཞི་ཡི་དཀྱིལ་འཁོར་ལ་བརྟེན་ནས་ཟབ་པའི་དབང་བཞི་ལེགས་པར་གྲུབ་པ་ལ་རྩ་གསུམ་རབ་འབྱམས་རྒྱ་མཚོའི་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་དབང་དོན་ཡེ་ཤེས་བརྟན་ཅིང་གོང་འཕེལ་དུ་བྱས་པའི་མོས་པ་མཛོད། ཅེས་མཚམས་སྦྱར་ལ་བཀྲ་ཤིས་ཅི་རིགས་བརྗོད། དེ་ལྟར་དབང་བསྐུར་བ་ཉིད་ཚུལ་བཞིན་གྲུབ་ནས་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་མདོར་བསྡུས་ཏེ་ཁས་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། ཞེས་བརྗོད་ལ་མཎྜལ་འབུལ། མཎྜལ་དུ་མ་ཟད་ལུས་དང་ལོངས་སྤྱོད་ཐམས་ཅད་འབུལ་ནས་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་གྱིས། དེང་ནས་བརྩམས་ཏེ་སོགས། དེ་རྣམས་ཀྱིས་ཐོག་མའི་ཆོས་ཀྱི་སྒོ་འབྱེད་ཀུན་ལ་གཅེས་པ་རིག་འཛིན་ཤྲཱི་སིངྷའི་དབང་བསྐུར་ཉི་ཟླའི་རྒྱ་ཅན་ལེགས་པར་གྲུབ་པའི་དགེ་བ་རྫོགས་བྱང་ཏུ་བསྔོ་བ་དང་འདིའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡི་ཐམས་ཅད་སོགས་བརྗོད་ནས་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། གསུམ་པ་རྗེས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ་སོགས་ཕྲིན་ལས་ཀྱི་བྱང་བུ་ལྟར་བགྱིས་པས་གྲུབ་བོ། །རིག་འཛིན་བླ་མའི་སྒྲུབ་ཐབས་ནི། །ཐབས་ཤེས་ཉི་ཟླའི་རྒྱ་ཅན་གྱི། །སྐལ་ལྡན་དབང་བཞིས་རྒྱུད་སྨིན་པས། །སྐུ་བཞིའི་ས་བོན་ཐེབས་གྱུར་ཅིག ༈ གསུམ་པ་ཕྱི་སྐོར་སེམས་སྡེའི་བླ་མ་སུམ་ཅུ་རྩ་གཅིག་གི་སྒྲུབ་དབང་ལ་དོན་གསུམ་ལས། སྦྱོར་བ་གཤོམ་ནི། རིག་འཛིན་བླ་མའི་རྟེན་བྱིན་ཅན་བཀྲམ་པའི་མདུན། རས་བྲིས་སམ་འབྲུ་དཀར་ཚོམ་བུའི་སྟེང་སྟེགས་བུར་གྲུབ་ཐོབ་སུམ་ཅུ་རྩ་གཅིག་གི་ཙཀ་ལི་བཤམ་ལ་ཕྱི་ནང་གི་མཆོད་པ་འབྱོར་ན་བརྒྱ་རྩ། མ་འབྱོར་ན་ཅི་རིགས་དང༌། ཚོགས་ཀྱི་ཡོ་བྱད། སྔོན་གཏོར་སོགས་ཚོགས་པར་བྱས་ནས། དངོས་གཞི་དབང་སྒྲུབ་ལ་བླ་མའི་བསྐྱེད་རིམ་བྱང་བུ་ཁྲིགས་བསྡེབས་ཚོགས་མཆོད་གྲུབ་ཀྱི་བར་བཏང༌། ལས་བུམ་མམ་བསང་ཆུ་རྡོར་སེམས་སྙིང་པོས་བརླབ། སློབ་མ་རྣམས་བོས་ལ་ཁྲུས་ནས་དབྱུང༌། བགེགས་བསྐྲད་སྲུང་འཁོར་སོགས་སྤྱི་ལྟར་བྱ། མཎྜལ་བཀྱེ་བསྡུ། སེམས་བསྐྱེད་གསལ་བཏབ་ལ་ལོ་རྒྱུས་ཀྱི་ཁྱད་པར། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ནི། སྔ་འགྱུར་རྡོ་རྗེ་ཐེག་པ་ལ་བཀའ་གཏེར་དག་སྣང་གི་བབས་སོ་གསུམ་དུ་མཆིས་པ་ལས་འདིར་ཤིན་ཏུ་ཟབ་པ་གཏེར་གྱི་ཕྱོགས་ཡིན། དེ་ལའང་རྒྱུད་དང་སྒྲུབ་སྡེའི་ཕྱོགས་གཏོགས་ཇི་སྙེད་ཅིག་བཞུགས་པ་ལས། རྒྱུད་སྡེ་ལ་མདོ་སྒྱུ་སེམས་གསུམ་ཞེས་ནང་རྒྱུད་ཡོ་ག་གསུམ་དང༌། སྒྲུབ་སྡེ་ཆེན་པོ་བརྒྱད་དམ་བསྡུ་ན་རྩ་བ་གསུམ་ཀུན་ལ་ཁྱབ་པའི་སྔ་འགྱུར་རང་སྐད་ལ་བསྐྱེད་རྫོགས་རྫོགས་ཆེན་གསུམ་ཞེས་གྲགས་པའི་ཡ་གྱལ་ཐེག་དགུའི་རྩེ་རྒྱལ་ཨ་ཏི་འོད་གསལ་རྫོགས་པ་ཆེན་པོ་སྟེ། མ་ཧཱ་སིནྡྷའི་སྒྲ་ལས་དྲངས་ན་ཡང་དག་པའི་བསམ་གཏན་ཆེན་པོ་ཞེས་པར་འགྱུར་ཏེ། ཐེག་བརྒྱད་བློ་ཡི་གྲུབ་མཐའ་ལས་འདས་པའི་གནས་ལུགས་གཅིག་པུའི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་ཤར་བའི་ཡེ་ཤེས་བླ་ན་མེད་པ་ཉག་གཅིག་དུ་བྱེད་པ་སྟེ། དེ་ལ་ཕྱི་ནང་གསང་བའི་སྐོར་ཚོ་ཆེན་མོ་གསུམ་དུ་དབྱེ་བ་ལས། འདིར་ཕྱི་སྐོར་ལུས་ལྟ་བུ་ཀུན་བྱེད་རྒྱལ་པོའི་རྒྱུད་ལས་འཕྲོས་པའི་སྔ་འགྱུར་ལྔ། ཕྱི་འགྱུར་བཅུ་གསུམ་ལ་སེམས་སྨད་བཅོ་བརྒྱད་དང༌། རྨད་བྱུང་རྒྱལ་པོ། མདོ་བཅུ་བསྡོམས་པས་ཉི་ཤུ་རྩ་གཅིག་སོགས་རྒྱུད་ལུང་མན་ངག་གི་བསྟན་དོན། ཆོས་ཐམས་ཅད་སེམས་ཉིད་གཅིག་པུའི་ཆོ་འཕྲུལ་དུ་རྒྱུ་རྐྱེན་རྩོལ་སྒྲུབ་ལས་འདས་པར་རྟོགས་པས་སྤང་བྱའི་མཐའ་ལས་གྲོལ་བ་སེམས་སྡེ། དེ་ལའང་ནང་གསེས་སུ་འབྲས་བུ་སེམས་ཀྱི་བྱུང་ས་འདོད་པ་སོགས་དབྱེ་བ་བདུན་རྣམས་ལོ་ཆེན་བཻ་རོ་ཙཱ་ནས་མངའ་བདག་རྒྱལ་པོ། རྒྱལ་མོ་གཡུ་སྒྲ་སྙིང་པོ་སོགས་ལ་གསུངས་པའི་རིམ་པ་ལྔ་དང༌། བཻ་རོ་དང་གཡུ་སྒྲ་ལས་གཉགས་ཛྙཱ་ན་ཀུ་མཱ་རས་གསན་པ་སོགས་བཀའ་མ་དང༌། གཏེར་བྱོན་ཕྱག་ཆེན་སྐོར་ཅི་རིགས་བཞུགས་པ་ལས། འདིར་ནི་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་མོ་གཏེར་ལས་བྱོན་པའི་ཕྱི་སྐོར་ནམ་མཁའ་ཀློང་ཡངས་ཏེ། དུས་འཁོར་ལས། དང་པོ་ཡང་དག་བསྟན་བྱ་བ། །སློབ་དཔོན་ཡང་ནི་དམ་ཚིག་ཅན། །རྡོ་རྗེ་ཐེག་པའི་ཡན་ལག་གནས། །དེ་ཁོ་ན་ཉིད་ཚངས་སྤྱོད་ཅན། །བདུད་རྣམས་ཀྱི་ནི་རྡོ་རྗེས་ཕུག །དེ་ཡང་ས་ཡི་སྟེང་དུ་ནི། རྡོ་རྗེ་སེམས་དཔའ་རབ་ཏུ་གྲགས། །ཞེས་པ་ལྟར། ཐོག་མར་བླ་མ་རིགས་ཀུན་བདག་པོའི་བྱིན་རླབས་དབང་གི་ཆོ་གས་སྨིན་དགོས་པས། སེམས་སྡེའི་རིག་འཛིན་བླ་མ་འགྲོ་འདུལ་སུམ་ཅུ་རྩ་གཅིག་གི་བྱིན་རླབས་དབང་བསྐུར་སྒྲུབ་པའི་སྐབས་སུ་བབས་པ་ཡིན་ལ། དེ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དབང་བསྐུར་གསན་པའི་ཡོན་དུ་དམིགས་ནས་མཎྜལ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་ཕུལ། ཁྱེད་རང་རྣམས་སྙིམ་པ་མེ་ཏོག་གིས་བཀང་བ་བཅས་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། ཟུང་འཇུག་དགོངས་པ་བརྙེས་པ་ཡི༔ འགྲོ་འདུལ་སུམ་ཅུ་རྩ་གཅིག་གི༔ བྱིན་རླབས་བརྩེ་བས་གནང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་བླ་མས་བསྐུར་ཐོབ་བྲལ་བའི་དབང་བསྐུར་ཡེ་ནས་རང་ལ་རྫོགས་པར་གདམས་པ་ནི། སྤྱིར་ནི་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་པོ༔ ཐམས་ཅད་ཟུང་འཇུག་མངོན་གྱུར་ཀུན་ཏུ་བཟང༔ དགོངས་པ་རང་བྱུང་ནམ་མཁའི་རྣལ་འབྱོར་ཚོགས༔ ཡེ་ཤེས་སྐུ་ཅན་འཁོར་འདས་ཡོངས་ལ་ཁྱབ༔ བཞུགས་ཡུལ་ཞིང་ཁམས་གཞན་དུ་བཙལ་མི་འཚལ༔ ད་ལྟའི་ནམ་མཁའ་འདི་ཡང་རྣལ་འབྱོར་རྣམས༔ རང་གི་སེམས་ཉིད་འདི་ལའང་བླ་མས་ཁྱབ༔ བསྐུར་བྱ་སྐུར་ཐོབ་བསྒྲུབ་དང་སྒྲུབ་ཐབས་མེད༔ རྣལ་འབྱོར་ལྟ་བའི་ངང་ལ་སྒྲུབ་དབང་རྫོགས༔ ཞེས་བརྗོད། དེ་ནས་ཁྱེད་རང་རྣམས་ཀྱི་ཚོགས་བསགས་པའི་ཆེད་དུ་མཆོད་པ་འབུལ་བར་གདམས་པ་ནི། ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ བསམ་གྱི་མི་ཁྱབ་ཆོས་ཉིད་ཀློང༔ ཀུན་ཏུ་བཟང་པོའི་རྣལ་འབྱོར་ཡིན༔ ལྟ་བའི་རྒྱལ་པོའི་མཆོད་པ་འབུལ༔ ཞེས་གདམས་ནས། སློབ་མ་རྣམས་ཀྱིས་མཎྜལ་ཚོགས༔ ཅི་འབྱོར་བཤམས་ཏེ་ལྟ་བར་གནས༔ ཅེས་གསུངས་པས། རང་རིག་གདོད་ནས་རྣམ་པར་དག་པའི་རིག་རྩལ་བླ་མའི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་ཚིག་རིས་དང་མཐུན་པའི་དམིགས་འདོན་ཟུང་དུ་ཆུད་པས་འདི་རྣམས་རྗེས་ཟློས་གྱིས། གདོད་ནས་དག་པའི་ཀུན་བཟང་བླ་མ་ལ༔ མཚན་འཛིན་འཁྲུལ་པའི་བསྐང་བཤགས་མི་འཚལ་ཞིང༔ གཉིས་སུ་འཛིན་པའི་ཕྱག་འཚལ་མོས་གུས་བྲལ༔ དེ་བས་རང་རིག་ཀློང་དུ་ཕྱག་འཚལ་ལོ༔ གཉིས་སུ་མེད་པའི་མཆོད་སྤྲིན་རྒྱ་མཚོ་མཆོད༔ བསམ་ལས་འདས་པའི་ངང་དུ་ཐུགས་དམ་བསྐང༔ བརྗོད་མེད་བརྗོད་པ་ཐམས་ཅད་མཐོལ་ལོ་བཤགས༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཀུན་བཟང་དགོངས་ཀློང་སེམས་སུ་རྫོགས་པ་ལ༔ ཕྱི་ནང་གཉིས་མེད་སྤྲོས་པའི་མཐའ་ལས་འདས༔ ཆོས་དབྱིངས་ཀློང་ཆུབ་ངང་དུ་ཕྱག་འཚལ་ལོ༔ ཨེ་མ་ཧོ་རང་རིག་བླ་མ་རྣམས༔ འཁོར་འདས་ཐམས་ཅད་ས་ལེར་མཐོང་བ་ལ༔ གཉིས་སུ་མེད་པའི་དབྱིངས་སུ་ལྷུན་རྫོགས་པས༔ མཐོང་བྱ་མཐོང་མཁན་མེད་ལ་ཕྱག་འཚལ་ལོ༔ ཨེ་མ་ཧོ་བདེ་གཤེགས་བླ་མ་རྣམས༔ ཕྱི་ནང་ནམ་མཁའ་ཀུན་ལ་སྐུ་ནི་ཡོངས་སུ་ཁྱབ་པ་ནི༔ བཞུགས་པའི་ཡུལ་ནི་ཕྱོགས་བཅུའི་འཇིག་རྟེན་དག་ལ་མཆིས༔ གློ་བུར་དྲི་མའི་རྣམ་རྟོག་བསལ་ཕྱིར་གཟུགས་སྐུར་བཞེངས་པ་རྣམས༔ མཚན་འཛིན་འཁྲུལ་པ་འདི་དག་མྱུར་དུ་བསལ་བར་མཛད་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས། ཨེ་མ་ཧོ༔ བདེ་གཤེགས་བླ་མ་འགྲོ་འདུལ་ལྔ་བཅུ་རྩ་བརྒྱད་རྣམས༔ དམིགས་མེད་ཆོས་ཀྱི་སྐུ་ལས་ད་ལྟ་བཞེངས་སུ་གསོལ༔ ཕྱི་སྐོར་བླ་མ་སུམ་ཅུ་རྩ་གཅིག་སྣང་བར་མཛོད༔ ཡེ་ཤེས་སྐུ་ཡིས་སློབ་མར་བྱིན་རླབས་དབང་ཆེན་ད་ལྟ་བསྐུར་དུ་གསོལ༔ ཞེས་གསོལ་བ་གདབ། དེ་ནས་སློབ་དཔོན་རིག་འཛིན་བླ་མའི་སྐུར་བསྒོམ་པ་དང༌། ཁྱེད་རང་རྣམས་ཀྱང་རིག་འཛིན་བླ་མ་སུམ་ཅུ་རྩ་གཅིག་གི་སྐུ་འདི་བཞིན་གསལ་ཐོབ་ཅིག །ལྟ་བ་རང་བཞིན་དགོངས་ཀློང་མཁར༔ ཅིར་ཡང་བསྒྱུར་བའི་རིག་འཛིན་གསལ༔ ཆོས་འཁོར་ཚུལ་གྱི་དཀྱིལ་འཁོར་དབུས༔ དུག་གསུམ་དག་པའི་གདན་སྟེང་དུ༔ རྒྱལ་ཀུན་གསང་གསུམ་འདུས་པའི་སྐུ༔ རིག་འཛིན་ཤྲཱི་སིངྷ་ནི༔ དཀར་སྨུག་རྣལ་འབྱོར་ཆ་ལུགས་ཅན༔ ཕྱག་གཡས་སྡིག་མཛུབ་མཁའ་ལ་བསྒྲེངས༔ གཡོན་པས་ཐོད་པ་བཅུད་བཀང་བསྣམས༔ ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ རིན་ཆེན་དར་གྱི་ན་བཟའ་དང༔ སྟག་ཤམ་རུས་པའི་རྒྱན་གྱིས་བརྒྱན༔ གཡོན་ནས་ཡུམ་མཆོག་བདུད་རྩི་འབུལ༔ སྤྱི་བོར་རྡོ་རྗེ་སེམས་དཔའ་བཞུགས༔ ཀུན་གཞི་དག་པའི་རང་བཞིན་བསྒོམ༔ རྣམ་ཤེས་འཇུག་ཡུལ་རྩ་བཞི་ལ༔ དག་པའི་ཡེ་ཤེས་ཆེན་པོའི་དངོས༔ དགོངས་པ་ཀློང་ཆུབ་རྒྱལ་པོ་ཛཿ རིག་པ་རང་གསལ་ལྷ་ཡི་དབང༔ གཉིས་མེད་རང་གྲོལ་སྐར་མདའ་གདོང༔ འོད་གསལ་བློ་གྲོས་ཐབས་དང་ལྡན༔ ཐམས་ཅད་འོད་ཀྱི་སྐུ་རུ་གསལ༔ ཚོགས་བརྒྱད་རྣམ་དག་རྩ་འདབ་ལ༔ དགའ་རབ་རྡོ་རྗེ་སྤྲུལ་པའི་ཚུལ༔ པདྨ་འབྱུང་གནས་སྣ་ཚོགས་ཆས༔ འཇམ་དཔལ་བཤེས་གཉེན་རབ་བྱུང་ཚུལ༔ བི་མ་མི་ཏྲ་དགེ་སློང་ཆས༔ རྒྱལ་པོ་དྷ་ན་ཧ་ཏེ་ལོ༔ རྒྱལ་སྲས་རཱ་ཛ་ཧསྟི་སྟེ༔ སྲས་མོ་གོ་མ་སཱ་ར་དང༔ ཀླུ་རྒྱལ་བྱང་ཆུབ་སེམས་དཔའ་རྣམས༔ འོད་གསལ་ཆེན་པོའི་སྐུ་རུ་གསལ༔ ཡུལ་བརྒྱད་འཛིན་བྱེད་རྣམ་དག་རྩར༔ རྒྱལ་པོ་ཀུཀྐུ་རཱ་ཛ་དང༔ སློབ་དཔོན་ནཱ་གརྫུ་ན་ཏེ༔ ཀུ་ཀྐུ་སིདྡྷི་ཕྱི་མ་དང༔ གནོད་སྦྱིན་བུ་མོ་བྱང་ཆུབ་མ༔ འཇམ་དཔལ་བཤེས་གཉེན་ཕྱི་མ་དང༔ སྨད་འཚོང་བུདྡྷ་མ་ཏི་དང༔ མཁས་པ་ཨཱརྻ་པཱ་ལོ་དང༔ ཨོ་རྒྱན་མཁན་པོ་དྷ་ཧི་ཏ༔ དྲང་སྲོང་རྒྱལ་པོ་བི་ཤྭ་ཏི༔ རྒྱལ་པོའི་སྲས་མོ་གོ་མ་དེ༔ ཁ་ཆེའི་མཁན་པོའི་རབ་སྣང་མཛད༔ རྒྱལ་པོ་དེ་བ་རཱ་ཛ་དང༔ རྒྱལ་པོ་དྷརྨ་རཱ་ཛ་དང༔ མཁས་པ་བུདྡྷ་གུཔྟ་དང༔ བོད་ཀྱི་མཁས་པ་བཻ་རོ་རྗེ༔ བོད་མོ་ཡེ་ཤེས་མཚོ་རྒྱལ་སོགས༔ གཞི་དག་རྣམ་ཤེས་གནས་འགྱུར་ཞིང༔ དབང་པོ་ཡུལ་རྣམས་འོད་གསལ་ངང༔ མ་བཅོས་གསལ་རྫོགས་ཆེན་པོར་བསྐྱེད༔ བྱིན་རླབས་འོད་ཕུང་འབར་བར་བསམ༔ དེ་ལྟར་གསལ་བཞིན་པ་ལ་རིག་འཛིན་བླ་མ་རྣམས་ཀྱིས་དོ་ཧ་རྡོ་རྗེའི་གླུ་དགོངས་པ་མི་གཡོ་བའི་ངང་ནས་བླངས་པ་དང་རང་འདྲའི་སྐུ་གཉིས་པ་རེ་བྱུང་སྤྱི་བོ་ནས་ཐིམ་པས་སྐུའི་བྱིན་རླབས་དང༌། རྡོ་རྗེའི་བཟླས་པ་བྱ་བ་གསུང་གི་བྱིན་རླབས། རིག་འཛིན་བླ་མ་རྣམས་རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་བཞག་པ་ཐུགས་ཀྱི་བྱིན་རླབས་ཡིན་པས་ཁྱེད་རང་རྣམས་དགོངས་པ་སྐྱེ་མེད་ཀྱི་ངང་དུ་བཞག་སྟེ་རྡོ་རྗེའི་གླུ་ལ་སྙན་གཏོད་པར་ཞུ། ཤྲཱི་སིངྷའི་རྡོ་རྗེའི་གླུ་ནི༔ ཇི་ལྟར་བསམ་ཡང་མི་རྟོག་ངང༔ སོགས་དལ་བུས། ཨ་ལ་ལ་ཧོཿ བར་བླང༌། ཨ་སུམ་སྦྲེལ་གྱི་རྡོ་རྗེའི་བཟླས་པ་མཛད་པར་ཞུ། ཨ་ཡིག་རྡོར་བཟླས་བྱ། ཤྲཱི་སིངྷ་རང་རིག་ཏུ་རྫོགས་པའི་ངང་མཉམ་པར་བཞག༔ ཅེས་བརྗོད་ལ་དགོངས་པའི་ངང་བསྐྱང༌། ལི་ཙཱ་བི་དྲི་མེད་གྲགས་པ་ནས་འཇམ་དཔལ་བཤེས་གཉེན་གྱི་གླུ་རྫོགས་ཀྱི་བར་དང༌། བི་མའི་གླུ་གསང་སྐོར་གྱི་གླུ་ནས། སློབ་དཔོན་བི་མ་མི་ཏྲའི་རྡོ་རྗེའི་གླུ༔ ཡེ་ཤེས་དབྱིངས་སུ་རྣམ་པར་དག་པ་ཡི༔ བདེ་ཆེན་བརྩེགས་པར་མཁའ་འགྲོ་དབྱིངས་ཕྱུག་མས༔ སློབ་དཔོན་མཆོད་པས་དེ་ཚེ་འདི་སྐད་གསུངས༔ ཨ་ཧོཿ བདེ་ཆེན་ནམ་མཁའ་གང་བའི་དབྱིངས་སུ་དག༔ རང་བྱུང་རང་ཤར་རིག་པའི་ཀློང་དུ་ཐིམ༔ དབྱིངས་རིག་གཉིས་མེད་ཟུང་འཇུག་ལ་བཟླས་པས༔ འཁོར་འདས་ཀུན་ཁྱབ་ཧེ་རུ་ཀ་དཔལ་ལོ༔ པད་འབྱུང་གི འཆི་མེད་པདྨ་འབྱུང་གནས་རྡོ་རྗེའི་གླུ༔ རང་བྱུང་རང་ཤར་ཆོས་ཉིད་བསྟན་པའི་ཚེ༔ ལྷུན་གྲུབ་བརྩེགས་ཀྱི་བམ་རོའི་ཚལ་ཆེན་དུ༔ པདྨ་འབྱུང་གནས་བརྟུལ་ཞུགས་སྤྱོད་པའི་ཚེ༔ ཨ་ཧོཿ ཤར་གྲོལ་དུས་མཉམ་རིག་པ་ཟང་ཐལ་ནི༔ འཇིགས་མེད་སྣང་མེད་འཛིན་མེད་ངང་དུ་སྤྱོད༔ ཀློང་ལས་ཤར་བའི་ཆོ་འཕྲུལ་ཅིར་བསྟན་ཀྱང༔ འཁོར་འདས་མཉམ་པ་ཉིད་དུ་བརྡལ་བའོ༔ དེ་ནས་དྷ་ན་ཧ་ཏེ་མན་ཆོད་ཀྱི་རིག་འཛིན་བཅོ་བརྒྱད་ཀྱི་གླུ་སྔ་འགྱུར་བཀའ་མའི་སེམས་སྡེའི་དབང་ཆོག་ནས་བླང་དགོས། མཆན། དེ་རེ་རེ་ལ་ཙཀ་ལི་སྤྱི་བོར་བཞག །ཨ་ཡིག་རྡོར་བཟླས། དགོངས་པ་མཉམ་བཞག་རྣམས་མ་ཆད་པ་གལ་ཆེའོ། །དེ་རྣམས་ཀྱི་བྱིན་རླབས་བརྟན་པར་བྱ་བའི་སླད་དུ་རིག་འཛིན་བླ་མའི་ལྷ་ཚོགས་རྣམས་ཀྱི་ཤིས་པ་བརྗོད་ཅིང་ཕྱག་གི་མེ་ཏོག་འཐོར་བས་དགེ་ལེགས་སུ་བྱས་པའི་མོས་པ་མཛོད། བཀྲ་ཤིས་ཅི་རིགས་བརྗོད། བྱིན་རླབས་དབང་བསྐུར་ཟབ་མོ་ཐོབ་པའི་སྐབས་སུ་ཞལ་གྱི་བཞེས་པའི་དམ་ཚིག་ལ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་གྱིས། གཙོ་བོས་ཇི་ལྟར་སོགས། དམ་ཚིག་བསྒྲགས་བཟུང་བཏང་རག་མཎྜལ་ཡོན་འབུལ་དགེ་བསྔོ་རྣམས་བྱའོ། །རྗེས་ཀྱི་རིམ་པ་རྣམས་ཀྱང་བྱང་བུ་ཁྲིགས་བསྡེབས་ལྟར་རོ། །གྲུབ་བརྙེས་སུམ་ཅུ་རྩ་གཅིག་གི །བྱིན་རླབས་སྨིན་བྱེད་དབང་བསྐུར་བཅུད། །ངེས་དོན་སྙིང་པོ་འདི་ཁོ་ན། །སེམས་སྡེ་མཛེས་པའི་རྒྱན་དུ་གྱུར། ༈ བཞི་པ་ཕྱི་སྐོར་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ། སྦྱོར་བ་གཤོམ་ནི་སྟེགས་བུའི་ཁར་རས་བྲིས་སམ་མ་འཛོམ་ན་མཎྜལར་འབྲུའི་ཚོམ་བུ་དབུས་དང༌། ཕྱོགས་མཚམས་ལ་རེ་རེ། དེ་རྒྱབ་མཚམས་བཞི་དང་ཤར་ནུབ་གཉིས་སུ་རེ་རེ་སྟེ་ཐུབ་དྲུག །སྒོ་བཞིར་ཚོམ་བུ་བཞི་རྣམས་བཀོད་པའི་མཉྫིའི་ཁར་བུམ་པ་བཅུད་ལྡན། ཤར་དུ་དབུ་རྒྱན། ལྷོར་རྡོ་རྗེ། ནུབ་ཏུ་དྲིལ་བུ། བྱང་དུ་དར་དཔྱང༌། སྟབས་གང་བདེར་ཞི་བ་གཙོ་དགུའི་སྐུ་ཙཀ་རྡོ་རྗེ་སློབ་དཔོན་མངའ་གསོལ་གྱི་ཆས་ཙཀ །ཐོད་ཆང༌། མིག་དར་མེ་ཏོག་རྣམས་བཀོད། དངོས་གཞིར་དབང་སྒྲུབ་སྔོན་རྗེས་རྣམས་ཕྱི་སྐོར་ཡི་དམ་ཞི་བའི་བྱང་བུ་ཁྲིགས་བསྡེབས་ལྟར་ལ། བདག་མདུན་ལ་དམིགས་པའི་བཟླས་པ་གྲུབ་རྗེས། བུམ་པ་རང་བྱུང་གི་གཞལ་མེད་ཁང་དུ་ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་རྣམས་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་ལྟར་གསལ་བར་གྱུར། གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་སོགས་དང༌། ཛཔ་སྔགས་བཟླ། སྟོང་ཚིག་དང༌། བུམ་པའི་ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་བརྗོད། ལས་བུམ་གོང་ལྟར་བརླབ། བཀའ་གཏེར་སྲུང་མའི་གཏོར་འབུལ། ཚོགས་མཆོད། རིག་མེ་དོར་བ་རྣམས་བྱའོ། །དཀྱིལ་འཁོར་ཡོལ་བས་སྒྲིབ། དབང་དངོས་ལ་སློབ་མ་ཁྲུས་ནས་དབྱུང༌། བགེགས་གཏོར་བསྔོ་བ་སོགས་གྲུབ་རྗེས། སེམས་བསྐྱེད་གསལ་བཏབ། ཆོས་བཤད་ཀྱི་ཁྱད་པར་ནི། འདིར་སྐབས་སུ་བབས་པ་ཐེག་པ་རིམ་དགུའི་ཡང་རྩེ་ཨ་ཏི་ཡོ་ག་སེམས་སྡེའི་སྐོར་ལ་བཀའ་བརྒྱུད་གཏེར་བརྒྱུད་གཉིས་སུ་བཞུགས་པ་ལས། འདིར་གཏེར་བརྒྱུད་དཀོན་ལ་ངོ་མཚར་ཆེ་བ་ཨུ་དུམ་ཝ་ར་ལྟ་བུའི་ཟབ་ཆོས་ཀྱི་ཕྱི་སྐོར་སེམས་སྡེའི་ཡི་དམ་ཞི་བ་རྡོ་རྗེ་དབྱིངས་ཀྱི་སྒྲུབ་པའི་ཐབས་རིག་འཛིན་ཆེན་པོ་ཤྲཱི་སིངྷས་རྒྱུད་ཀྱི་དགོངས་པ་ལས་ལུང་དུ་བཏུས་ཏེ་མན་ངག་གིས་བཀྲལ་བའི་དཀྱིལ་འཁོར་དུ་ཡེ་ཤེས་སྤྱི་བླུགས་ཀྱི་དབང་བསྐུར་བ་ལ་བདག་ཉིད་ཀྱི་བགྱི་འོས་རྣམས་གྲུབ་སོགས་མཚམས་སྦྱོར། མཎྜལ་འབུལ། རྒྱས་པར་ཕྱི་འཇུག་ལ་སོགས་བྱ༔ ཞེས་འབྱུང་བས་མདོར་བསྡུས་སྤྲོ་ན། ཁྱེད་རང་རྣམས་སྔོན་ཆད་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་མ་ཞུགས་པ་མཚོན་བྱེད་མིག་དར་འཆིང་བར་ཞུ། ཙཀྵུ་བྷནྡྷ་སོགས་ཀྱིས་འཆིང༌། རང་རིག་ཡེ་ཤེས་ཀྱི་ལྷ་དང་མངོན་སུམ་དུ་མཇལ་བ་གདོད་ནས་རང་ལ་བཞུགས་པ་ངོ་ཤེས་པའི་བརྡར་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་རེ་ཡང་འཛིན་མཛོད། ཨ་ཁཾ་ཝི་ར་ཧཱུྃ་གིས་སྦྱིན། དབང་བསྐུར་ཞུ་བའི་ཡུལ་ཞི་བ་རིགས་དགུའི་དཀྱིལ་འཁོར་གྱི་གཙོ་བོ་རྣམ་པར་སྣང་མཛད་དང་བླ་མ་ཐ་མི་དད་པ་ལ་མི་ཕྱེད་དད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོཿ བདེ་གཤེགས་བླ་མ་རྒྱལ་བ་སྲས་བཅས་ཀུན༔ མ་ལུས་བདག་ཅག་རྣམས་ལ་དགོངས་སུ་གསོལ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་རུ༔ བདག་ཅག་གཞུག་ཅིང་སྨིན་པར་མཛད་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས། ཨོཾ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར༔ འཇུག་ཅིང་སྨིན་པ་བསྐལ་པར་རྙེད་མི་འགྱུར༔ རྩོལ་བས་ཚུལ་བཞིན་འཇུག་པར་རྗེས་ཡི་རང༔ བུ་རྣམས་ཚུར་ཤོག་དམ་ཚིག་ཐུབ་པར་གྱིས༔ ཞེས་གནང་བ་སྦྱིན་ཏེ། རྒྱུད་སྦྱང་བའི་སླད་དུ་བླ་མ་ཉིད་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ཁྱབ་བདག་བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པ་ཀུན་རྫོབ་གཞིའི་སྐྱབས་འགྲོ་དང༌། འཁོར་འདས་ཀུན་གྱི་གཞི་དབྱིངས་ངེས་པ་དོན་གྱི་སངས་རྒྱས་དང༌། རྣམ་ཤེས་གནས་གྱུར་འོད་གསལ་རྟོགས་པ་དམ་པའི་ཆོས། སྒོ་ལྔའི་ཡུལ་ཤེས་ཀྱི་གཟུང་འཛིན་རང་དག་གི་སོ་སོ་རང་རིག་པ་འཕགས་པའི་དགེ་འདུན་ཏེ་དཀོན་མཆོག་གསུམ་པོ་རང་བྱུང་གདོད་མའི་གནས་ལུགས་རང་ཆས་སུ་བཞུགས་པ་ངོ་ཤེས་པ་ལ་དོན་དམ་རང་བཞིན་ཡོངས་ཤེས་ཀྱི་སྐྱབས་འགྲོའི་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པས་འདིའི་རྗེས་ཟློས། ཀུན་གཞི་དག་པའི་སོགས་ཕྲིན་ལས་བྱང་བུ་ལྟར། མཆི༔ ལན་གསུམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སྨོན་པ་དང༌། དེའི་ཆེད་དུ་སྨིན་ཅིང་གྲོལ་བའི་ལམ་ལ་འཇུག་པར་རྫོགས་སྨིན་སྦྱངས་པ་འཇུག་པ་སེམས་བསྐྱེད་པ་གཉིས་ཀུན་རྫོབ་དང༌། དོན་དམ་བྱང་སེམས་གནས་ལུགས་བདེ་གཤེགས་སྙིང་པོའི་ཀློང་དུ་འཁྲུལ་གྲོལ་གཉིས་སུ་མེད་པའི་དོན་གྱི་ས་བདག་གཞན་མཉམ་ཉིད་དུ་འགོད་པའི་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པ་ཟུང་འཇུག་གིས་འདིའི་རྗེས་ཟློས། ཨེ་མ་ཧོ་བདེ་གཤེགས་སོགས། བསྐྱེད་དོ༔ ལན་གསུམ། ཞིང་མཆོག་དེ་དག་གི་སྤྱན་སྔར་ཕྱག་འཚལ་བ་མཆོད་པ་འབུལ་བ་སོགས་ཀུན་རྫོབ་ཡན་ལག་བདུན་པའི་བསགས་སྦྱང་གི་དམིགས་འདུན་དང་དོན་དམ་རང་བྱུང་རང་གསལ་གྱི་དགོངས་པ་བསལ་བཞག་འཕེལ་འགྲིབ་མེད་པ་ཚོགས་ཆེན་ཡེ་རྫོགས། སྒྲིབ་གཉིས་རང་དག་གི་ངོ་ཤེས་གཉིས་སུ་མེད་པས་ཟུང་དུ་འབྲེལ་བས་འདིའི་རྗེས་ཟློས། སྣང་བ་རྣམ་དག་སོགས། རྟོགས་ཤོག༔ ལན་གསུམ། སྤྱི་དང་ཁྱད་པར་ལྷག་པས་བསྡུས་པའི་སྡོམ་པ་དང་དམ་ཚིག་རྣམས་རང་བཞིན་ལྟ་བའི་དམ་ཚིག་ཆེན་པོ་བཞི་རུ་ལ་བཟླ་བས་ལེགས་པར་བླངས་ནས་ཚུལ་བཞིན་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས། ཨེ་མ་ཧོཿ བདེ་གཤེགས་སྲས་བཅས་མ་ལུས་པ༔ ཀུན་ནས་བདག་ལ་དགོངས་སུ་གསོལ༔ དེ་བཞིན་གཤེགས་པའི་རིགས་རྣམས་ཀྱིས༔ སྡོམ་པ་མ་ལུས་བདག་གིས་གཟུང༔ སྲོག་གི་ཕྱིར་ཡང་མི་གཏང་ངོ༔ ལན་གསུམ། དེ་ནས་དམ་ལ་བཞག་པ་ནི། དམ་ཚིག་སྲུང་བའི་ཕན་ཡོན་བསྒྲགས་པ་བཅས་དམ་ཚིག་བསྲུང་བར་གདམས་པ་ནི། དེ་ལྟར་ཡིན་ན་དེ་བཞིན་གཤེགས༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ༔ བཅུག་ཅིང་སྨིན་པར་བྱེད་དུ་རུང༔ དམ་ཚིག་ཆེན་པོ་དེ་ཉིད་སྲུང༔ དངོས་གྲུབ་ཆེན་པོ་དེས་ཐོབ་བྱེད༔ དེ་བས་དམ་ལས་མ་འདའ་ཞིག༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ༔ རྡོ་རྗེ་མགོར་བཞག །སློབ་དཔོན་གྱིས་དབྱེ་བའི་ཕྱག་རྒྱ་དང་བཅས། ས་མ་ཡ་པྲ་བེ་ཤ་ཡ་ཧཱུྃ༔ ཞེས་བརྗོད་པས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གི་དབྱེ་བར་གྱུར། ཅེས་བརྗོད་ལ་ཡོལ་བ་བསལ། ལྷ་ཚོགས་རྣམས་མངོན་སུམ་མཇལ་བར་དཀྱིལ་འཁོར་གྱི་སྒོ་བཞི་ནས་གཡས་བསྐོར་གྱིས་སྐུ་གསུང་ཐུགས་ལ་ཕྱག་བྱ་བར་མོས་ཏེ། ཐལ་མོ་གནས་གསུམ་དུ་སྦྱར་ནས། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ལན་བཞིར་བརྗོད། ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་སྒོར་དབང་སྟེགས་ཀྱི་སྟེང་དུ་འཁོད་པ་ལས་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པ་ལ་དམིགས་པ་འདི་བཞིན་གྱིས། སློབ་མ་རྣམ་པར་སྣང་མཛད་དུ་གསལ་བའི་སྤྱི་བོར་ཧྃ༔ མགྲིན་པར་ལྃ༔ སྙིང་གར་བྃ༔ ལྟེ་བར་རྃ༔ རྐང་མཐིལ་ཡྃ་རྣམས་ལས་འོད་ཟེར་འཕྲོས་པས༔ བདེ་བར་གཤེགས་པ་ནམ་མཁའ་གང་བར་བྱོན་ནས་ཡི་གེ་རྣམས་ལ་ཐིམ༔ འོད་དུ་ཞུ་ལུས་མེར་གྱིས་གང་བར་བསམ༔ ཨ་བེ་ཤ་ཡ་ཨ་ཨཱཿ སྤོས་ཀྱི་དུད་པ་དང་རོལ་མོའི་སྒྲ་བསྒྲགས་པས་བྱིན་དབབ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པས་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ་ཞེས་བརྟན་པར་བྱ། མེ་ཏོག་འབུལ་བ་ནི། རང་བྱུང་རིག་པའི་མེ་ཏོག་ཡི་དམ་གྱི་ལྷ་ལ་ཕུལ་བའི་མོས་པས་འདིའི་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོཿ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདིར༔ སྙིང་པོའི་ཡེ་ཤེས་བརྟན་བྱའི་ཕྱིར༔ རིག་པའི་མེ་ཏོག་འདི་འབུལ་གྱིས༔ ལས་འཕྲོའི་དབང་གིས་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་ཕུལ་བས་མེ་ཏོག་ལྷག་པའི་ལྷས་བཞེས་ནས་དབང་རྟགས་ཅོད་པན་གྱི་ཚུལ་དུ་སླར་ཡང་སྤྱི་བོར་བཅིངས་ཏེ། ཧོཿ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ཕུལ་བ་འདི༔ བྱིན་རླབས་བསམ་མི་ཁྱབ་པར་ཟུངས༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་ཤོག༔ པུཥྤེ་གྲྀཧྣ་སྟྭྃ་ཨི་མཾ་སཏྭ་མ་ཧཱ་བ་ལ། མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་ཏུ་བསལ་བར་གྱུར། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱི༔ འགྲོ་བའི་མིག་ནི་དབྱེ་བར་མཛད༔ སངས་རྒྱས་ས་ལ་བཀོད་པ་བཞིན༔ དེང་འདིར་རྣམ་སྣང་མཛད་བདག་གིས༔ མ་རིག་མིག་ནི་དབྱེ་བར་བྱ༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ དག་པ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་འོག་མིན་བདེ་ཆེན་སྟུག་པོ་བཀོད་པའི་དབུས་སུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དབྱིངས་ཕྱུག་མ་ཡབ་ཡུམ། ཤར་དུ་རྡོ་རྗེ་སེམས་དཔའ་དང་སྙེམས་མ་ཡབ་ཡུམ། ལྷོར་འཇམ་དཔལ་དང་གཱིརྟི་ཡབ་ཡུམ། ནུབ་ཏུ་སྤྱན་རས་གཟིགས་མ་ལྱཱ་ཡབ་ཡུམ། བྱང་དུ་ཕྱག་རྡོར་ནཱིརྟི་ཡབ་ཡུམ། ཤར་ལྷོར་ཀུན་བཟང་མེ་ཏོག་མ་ཡབ་ཡུམ། ལྷོ་ནུབ་ཏུ་ནམ་སྙིང་བདུག་སྤོས་མ་ཡབ་ཡུམ། ནུབ་བྱང་དུ་ས་སྙིང་མར་མེ་མ་ཡབ་ཡུམ། བྱང་ཤར་དུ་བྱམས་པ་དྲི་ཆབ་མ་ཡབ་ཡུམ་རྣམས་ལ་རིགས་ཆུང་གི་སེམས་དཔའ་སེམས་མ་བཅུ་བཅུས་སྐོར་བ། ཁྱམས་ཀྱི་ཕྱོགས་མཚམས་སུ་བྱ་བྱེད་ཀྱི་སྟོན་པ་དང་ཐུབ་པ་དྲུག །སྒོ་བཞིར་ཏ་ཀྲྀཏ་ཡབ་ཡུམ་སྟེ་བདེ་གཤེགས་ཞི་བ་ལྷུན་གྱིས་གྲུབ་པ་རིག་པ་ཡེ་ཤེས་ཀྱི་རྟེན་བརྟེན་པའི་དཀྱིལ་འཁོར་མངོན་སུམ་དུ་མཐོང་བར་གྱུར་པའི་མོས་པ་མཛོད། དངོས་གཞི་དབང་བསྐུར་བ་ལའང་བཞི་ལས། དང་པོ་བུམ་པའི་དབང་བསྐུར་བ་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གདན་གསུམ་ཚང་བའི་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་སློབ་དཔོན་ལྷན་ཅིག་པས་མི་བསྐྱོད་པའི་ངོ་བོ་རྣམ་རྒྱལ་བུམ་པའི་ཆུས་དབང་བསྐུར་བར་གྱུར། ཧཱུྃ༔ རིན་ཆེན་བུམ་པ་གཞལ་ཡས་ཁང༔ ནང་དུ་བདེ་གཤེགས་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྣང་སྟོང་ཡེ་ཤེས་རྟོགས་པར་ཤོག༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རྒྱས་པར་སྤྲོ་ན་བསྐྱེད་སྔགས་རེ་རེའི་མཐར་ཀ་ལ་ཤ་བཏགས་པས་བསྐུར། རིན་འབྱུང་གི་ངོ་བོ་དབུ་རྒྱན་གྱི་དབང་བསྐུར་ཏེ། ཧཱུྃ༔ རིན་ཆེན་མཛེས་པའི་དབུ་རྒྱན་འདི༔ རྒྱལ་བ་ཀུན་གྱི་ཅོད་པན་ཏེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག༔ རཏྣ་མུ་ཀུ་ཊྃ་ཨ་བྷི་ཥིཉྩ་ཏྲཱྃཿ དབུ་རྒྱན་སྤྱི་བོར་བཅིངས། སྣང་མཐའ་ངོ་བོ་རྡོ་རྗེ་ལག་གཡས་སུ་གཏད་དེ། ཧཱུྃ༔ མི་ཆོད་མི་ཤིགས་རྡོ་རྗེ་འདི༔ རྒྱལ་བ་ཀུན་གྱི་གསང་གསུམ་སྟེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་རྟོགས་པར་ཤོག༔ པདྨ་དྷཱ་ར་ཨ་བྷི་ཥིཉྩ་ཧྲཱིཿ དོན་གྲུབ་ཀྱི་ངོ་བོ་དྲིལ་བུ་ལག་གཡོན་དུ་གཏད་དེ། ཧཱུྃ༔ སྟོང་པ་ཉིད་ཀྱི་དྲིལ་བུ་ཆེ༔ གྱལ་བ་ཀུན་གྱི་དབྱངས་དང་ལྡན༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག༔ ཀརྨ་གྷཎྜེ་ཨ་བྷི་ཥིཉྩ་ཨཱཿ སྣམ་སྣང་གི་ངོ་བོ་རྡོར་དྲིལ་བསྣོལ་མ་དང་ཅོད་པན་སྤྱི་བོར་བཅིངས་ཏེ། ཧཱུྃ༔ རྒྱལ་བ་ཀུན་གྱི་མཚན་མཆོག་ནི༔ ཐོག་མ་བར་དང་ཐ་མར་དགེ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག༔ བུདྡྷ་ན་མ་སརྦ་ཏ་ཐཱ་ག་ཏ་ཆེ་གེ་མོ་ཞེས་བྱ་བའོ༔ དེ་ལྟར་ཐུན་མོང་རིག་པའི་དབང་ལྔ་བསྐུར་བས་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་འགྱུར། ཉོན་མོངས་མ་རིག་པ་དུག་ལྔ་དག་ཡེ་ཤེས་ལྔ་མངོན་དུ་བྱས་པས་དེ་བཞིན་གཤེགས་པ་རིགས་ལྔ་དང་སྐལ་པ་མཉམ་པ་ཡིན་ནོ། །རྗེས་འབྲེལ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བའི་སླད་དུ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཕྱག་རྒྱའི་སྐུ་གཉིས་པ་རེ་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྒོ་གསུམ་སྐུ་གསུང་ཐུགས་དབྱེར་མེད་དུ་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཙཀ་ལི་ཐོགས་ལ། ཧཱུྃ༔ དབུས་ཀྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་རྣམ་པར་སྣང་མཛད་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྣམ་པར་སྣང་མཛད་དབང་ཐོབ་ཤོག༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨ༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃཿ ཛྙཱ་ན་སཏྭ་ཧཱུྃ༔ ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་གྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་རྡོ་རྗེ་སེམས་དཔའ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྡོ་རྗེ་སེམས་དཔའི་དབང་ཐོབ་ཤོག༔ ཨོཾ་བཛྲ་སཏྭ་ཨཱཿཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་ཡི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་འཇམ་དཔལ་གཞོན་ནུ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇམ་དཔལ་གཞོན་ནུའི་དབང་ཐོབ་ཤོག༔ ཨོཾ་མཉྫུ་ཤྲཱི་མཱུྃ༔ ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་ཀྱི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་འཇིག་རྟེན་དབང་ཕྱུག་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཇིག་རྟེན་དབང་ཕྱུག་དབང་ཐོབ་ཤོག༔ ཨོཾ་ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་རི་ཧྲཱིཿ ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བྱང་གི་ཕྱོགས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཕྱག་ན་རྡོ་རྗེའི་དབང་ཐོག་ཤོག༔ ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཤར་ལྷོ་མཚམས་ཀྱི་དཀྱིལ་འཁོར་ནས༔ བཅོམ་ལྡན་ཀུན་ཏུ་བཟང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཀུན་ཏུ་བཟང་པོའི་དབང་ཐོབ་ཤོག༔ ཨོཾ་ས་མནྟ་བྷ་དྲ་ཧཱུྃ༔ ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ལྷོ་ནུབ་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ནམ་མཁའི་སྙིང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ནམ་མཁའི་སྙིང་པོའི་དབང་ཐོབ་ཤོག༔ ཨོཾ་ཨ་གརྦྷ་ཏྲཱྃ༔ ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནུབ་བྱང་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་ས་ཡི་སྙིང་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ས་ཡི་སྙིང་པོའི་དབང་ཐོབ་ཤོག༔ ཨོཾ་ཀྵིཾ་ཧི་རཱ་ཛ་ཧྲཱིཿ ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བྱང་ཤར་མཚམས་ཀྱི་དེ་བཞིན་གཤེགས༔ བཅོམ་ལྡན་བྱམས་པ་མགོན་པོ་ལ༔ དེ་བཞིན་གཤེགས་དང་བྱང་ཆུབ་སེམས༔ མ་ལུས་འཁོར་ཚོགས་རྒྱ་མཚོས་བསྐོར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བྱམས་པ་མགོན་པོའི་དབང་ཐོབ་ཤོག༔ ཨོཾ་མཻ་ཏྲི་དྷཱ་ར་ཨཱ༔ ཨ་བྷི་ཥིཉྩ་ཨོཾ༔ ཞེས་བསྐུར། དེ་ལྟར་དབང་བསྐུར་བས་ཕུང་ཁམས་སྐྱེ་མཆེད་དབང་ཡུལ་དང་བཅས་པ་ཐམས་ཅད་བདེ་གཤེགས་ཞི་བའི་ལྷ་ཚོགས་སུ་ཡེ་ནས་བཞུགས་པ་རྣམས་ཐབས་འདིས་གསལ་བཏབ་པ་ཡིན་པས་དེང་ཕྱིན་ཆད་ལྷ་དེ་དང་དེར་ཤེས་པར་གྱིས་ཤིག །གཞན་དོན་བྱེད་ནུས་པ་ཡིན་ན་རྡོ་རྗེ་སློབ་དཔོན་དུ་མངའ་གསོལ་བ་ནི། དེ་ལ་དགོས་པའི་ཡོ་བྱད་གླེགས་བམ། ཕྱག་ཤིང༌། འཁོར་ལོ། འབུད་དུང༌། རྡོར་དྲིལ། ཁྲི་གདུགས་སོགས་བཤམ་ལ། མཐའ་རྟེན་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་ལ་ཁྱེད་རང་རྣམས་རྣམ་པར་སྣང་མཛད་ཀྱི་ང་རྒྱལ་གྱིས་སེང་གེའི་ཁྲིར་འཁོད་པ་ལ་དམ་ཚིག་གསུམ་བཟུང་བའི་སླད་དུ་ལག་ཏུ་རྡོར་དྲིལ་གཏད་པ་སྙིང་གར་བསྣོལ་ཏེ་དཀྱིལ་འཁོར་མཆོག་གི་ཁྱབ་བདག་གི་སྙེམས་པ་བཟུང་བ་ལ་དོན་གཉིས་ལྷུན་གྱིས་གྲུབ་པའི་བརྡར་རྡོ་རྗེ་སློབ་དཔོན་གྱི་ཡོ་བྱད་ཀྱི་མངའ་གསོལ་བ་ནི། ཧཱུྃ༔ རང་བྱུང་ལྷུན་གྲུབ་དགོངས་པ་མངོན་གྱུར་པའི༔ རྡོ་རྗེ་སློབ་དཔོན་བདག་པོའི་དབང་ཐམས་ཅད༔ དེང་འདིར་རྡོ་རྗེ་སློབ་དཔོན་འདིར་རྫོགས་ནས༔ རྒྱལ་བ་རྣམས་ཀྱིས་ཤིས་པ་བརྗོད་གྱུར་ཅིག༔ ཅེས་མངའ་གསོལ་ལོ། །དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་རྩའི་སྒྲིབ་པ་དག །ལམ་རང་བཞིན་ཡོངས་གྲུབ་ཀྱི་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་མངོན་དུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །རྒྱས་པར་མཆོག་དབང་བསྐུར་ན་དབང་ཕྲེང་ཆེ་ཆུང་ནས་བླངས་པར་གསུངས་ཀྱང་རེ་ཞིག་མངོན་དུ་མ་གྱུར་པས་འདིར་དགའ་རབ་སྙིང་ཏིག་དབང་ཆོག་ནས་སྦྱར་ན་གཏེར་ཁ་རིགས་གཅིག་པས་འཐད་ཆེ་བར་སེམས་ཤིང་དེ་ལྟར་སྤྲོ་ན། གཉིས་པ་གསང་བའི་དབང་གི་སླད་དུ་བླ་མ་དཀྱིལ་འཁོར་གྱི་བདག་པོ་ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་ཆེན་བྱང་ཆུབ་སེམས་ཀྱི་བདུད་རྩི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མགྲིན་པར་སྦྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་སྦྱིན་ལ། ཨཱཿ ཇི་ལྟར་བདེ་གཤེགས་ཡབ་རྣམས་ཀྱིས༔ རང་གི་སྲས་ལ་དབང་བསྐུར་བཞིན༔ བདེ་ཆེན་བྱང་ཆུབ་སེམས་ཀྱི་ཆུས༔ རྟོག་པའི་དྲི་མ་བསལ་བར་བྱ༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧོཿ བདུད་རྩི་མྱང་བའི་རྐྱེན་གྱིས་དུག་གསུམ་གྱི་རྟོག་པ་འགག་བདེ་ཆེན་ཡེ་ཤེས་ཉམས་སུ་མྱོང་བར་མོས་ལ་སྔགས་འདིའི་རྗེས་ཟློས། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་དག །ལམ་བདག་བྱིན་རླབས་ཀྱི་རིམ་པ་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་མངོན་དུ་གྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། གཟུགས་དང་ལང་ཚོ་ཕུལ་དུ་བྱུང་ཞིང་མཚན་ཉིད་ཡོངས་སུ་རྫོགས་པའི་རིག་མ་རྡོ་རྗེ་སྙེམས་མའི་ངོ་བོར་བྱིན་གྱིས་བརླབས་པ་ཕྱག་ཏུ་སྤྲད་པ་དང་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་དགའ་བཞིའི་ལུགས་འབྱུང་དང་ལུགས་ལྡོག་གི་མཐར་འཕོ་མེད་ལྷན་ཅིག་སྐྱེས་པའི་བདེ་ཆེན་མངོན་དུ་གྱུར་པར་མོས་ཤིག །རིག་ཙཀ་གཏད་ལ། ཧཱུྃ༔ དགའ་བའི་གནས་ཆེན་ཕྱག་རྒྱ་མོ༔ སྣ་ཚོགས་གཟུགས་ཅན་ཡིད་འོང་མ༔ ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ༔ དགའ་བདེའི་རོལ་མོ་རྟག་ཏུ་གྱིས༔ མ་ཧཱ་མུ་དྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཛ་ཿཧཱུྃ་བྃ་ཧོཿ ཨ་ནུ་རཱ་གཛྙཱ་ན་བཛྲ་ས་མ་ཡ་ཧོཿ དེས་གསང་བ་ཕྱག་རྒྱའི་ཆུ་སྐྱེས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་དག །ལམ་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་མངོན་དུ་འགྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །བཞི་པ་དོན་དམ་ཚིག་གིས་ངོ་སྤྲོད་པའི་དབང་ནི། སྔར་དཔེ་ལས་སྐྱེས་པའི་ཡེ་ཤེས་དེ་ཉིད་ཀྱིས་མཚོན་བྱེད་དུ་བྱས་ནས་དོན་དམ་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གདོད་ནས་རང་རིག་རང་ལ་གསལ་བའི་རྡོ་རྗེ་སེམས་དཔའ་ཉིད་དུ་ཤེས་པར་གྱིས་ལ་མ་བཅོས་གཉུག་མའི་ངང་དུ་མཉམ་པར་ཞོག་ཅིག །ཤེལ་རྡོ་སྙིང་གར་བཞག ཨ༔ གསང་བ་མཆོག་གི་དགྱེས་པ་ན༔ ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དབྱིངས་རིག་ཟུང་འཇུག་རྟོགས་པར་ཤོག༔ ཛྙཱ་ན་བཛྲ་སཏྭ་ཨ་ཨ་ཨ༔ དེས་དེ་ཁོ་ན་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཞི་པ་དོན་དམ་པའི་དབང་ཐོབ། ཤེས་བྱའི་སྒྲིབ་པ་དག །ལམ་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་མངོན་དུ་གྲུབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཞེས་དང་ཤིས་བརྗོད་གང་མོས་བྱ། དེ་རྣམས་ཀྱིས་རྫོགས་ཆེན་སེམས་སྡེ་ཕྱི་སྐོར་ཞི་བ་དབྱིངས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ལེགས་པར་གྲུབ་པ་ཡིན་ཏེ། གཞུང་ལས། དེ་ལྟར་རྡོར་དབྱིངས་དཀྱིལ་འཁོར་གྱི༔ དབང་བསྐུར་ཡོངས་རྫོགས་ཕྱི་སྐོར་འདི༔ ཡང་ཟབ་ཀུན་གྱི་མཐར་ཐུག་པས༔ རྫོགས་པ་ཆེན་པོའི་ཆོས་སྡེར་འདུ༔ ཞེས་གསུངས་པ་ཉིད་ཚུལ་བཞིན་གྲུབ་པས་དབང་དུས་སུ་ཞལ་གྱིས་བཞེས་པའི་དམ་ཚིག་རྣམས་བསྲུང་སྙམ་པས་རྗེས་ཟློས། གཙོ་བོ་ཇི་ལྟར་སོགས་དབང་རྗེས་ཀྱི་རིམ་པ་རྣམས་བྱའོ། །གསུམ་པ་འཇུག་ཆོག་ཡང་ཕྲིན་ལས་དཀྱུས་ལྟར་བྱས་པས་གྲུབ་བོ། །རིགས་གཅིག་རིགས་རྣམས་ཀུན་གྱི་བདག །བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས། །གང་དེའི་དབང་བསྐུར་ཟིན་ཐུན་འདིས། །ཟབ་མོའི་བསྟན་པ་གསལ་གྱུར་ཅིག ༈ ལྔ་པ་ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ཨ་ཡིག་མདའ་འཕེན་མ་ལ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། རས་བྲིས་སམ་རྡུལ་ཚོན་གྱི་ཕྱི་དབྱིབས་ཙིཏྟ་ལ་ནང་པདྨ་དམར་པོ་འདབ་མ་བཅུ་དྲུག་འདབ་མ་རྣམས་ལ་ཨ་དཀར་པོ་རེ་རེ་བྲི། དེའི་སྟེང་ཁར་བུམ་པ་བཅུད་ལྡན་ལ་རས་སམ་ཤིང་ཤུན་ལ་བྲིས་པའི་ཙིཏྟ་དམར་པོ་ཨ་ཡིག་གིས་མཚན་པ་གདགས། ཕྱི་ནང་གི་མཆོད་ཚོགས་སོགས་བཤམ། དངོས་གཞི་དབང་ལ་བླ་མའི་བྱང་བུ་ཁྲིགས་བསྡེབས་ལྟར་བདག་མདུན་དབྱེར་མེད་ཀྱི་དགོངས་པས་ཚོགས་མཆོད་ཡན་གྲུབ་པ་དང༌། བུམ་པ་ཟུར་དུ་སྒྲུབ་མི་དགོས་བུམ་ནང་ཨ་དཀར་པོ་རེ་ཞུ་བས་བུམ་བཅུད་བདུད་རྩིར་གྱུར་པར་བསམ། ལས་བུམ་རྡོར་སེམས་སྙིང་པོས་བྱིན་གྱིས་བརླབ། སློབ་མ་རྣམས་ཁྲུས་ནས་དབྱུང༌། བགེགས་བསྐྲད། སྲུང་འཁོར་སྤྱི་ལྟར་དང༌། མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ་རྗེས། དེ་ལ་འདིར་གྲུབ་པའི་རིག་འཛིན་རྣམས་ཀྱི་ཐུགས་བཅུད་སྔ་འགྱུར་རྙིང་མ་ལ་མདོ་སྒྱུ་སེམས་གསུམ་ཞེས་གྲུབ་པའི་མཐའ་ཆེན་པོ་གསུམ་གྱི་ཡ་གྱལ་རྫོགས་པ་ཆེན་པོ་ཀུན་གྱི་འཕྲོ་གཞིའམ་རྩ་བ་ལྟ་བུ་སེམས་ཕྱོགས་རྒྱ་མཚོའི་རྒྱུད་ལུང་མན་ངག་གི་སྙིང་པོའི་གདམས་པ་མཁས་པ་ཤྲཱི་སིངྷས་དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ལ་གདམས་པ་ཟབ་དགུའི་ཡང་བཅུད་རྟོག་གེ་དང༌། དམ་ཉམས་འདྲེས་ཁྱེར་གྱི་བསྲེ་བསླད་མ་ཞུགས་པ་མཁའ་འགྲོའི་ཁ་རླངས་ཐུ་ལེ་བ་འདི་ནི། ཇི་སྐད་དུ། གསང་སྔགས་དོན་གྱི་མཚན་མ་ནི། །དཔེ་ལ་བརྟེན་ནས་ཡང་དག་འབྱུང༌། །དོན་ལ་བརྟེན་ནས་ངེས་ཤེས་རྙེད། །རྟགས་ལ་བརྟེན་ནས་ཡིད་ཆེས་སྐྱེ། །ཞེས་གསུངས་པ་ལྟར། བླ་མའི་བརྒྱུད་པ་མ་ཆད་པ། དབང་གི་ཆུ་བོ་མ་ཆད་པ། གདམས་ངག་གི་སརྒ་མ་ལོག་པ། ཉམས་མྱོང་བྱིན་རླབས་ཀྱི་དྲོད་མ་ཉམས་པ་དང༌། རྒྱུད་དབང་དང་འབྲེལ་བ། དབང་གདམས་ངག་དང་འབྲེལ་བ། གདམས་ངག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་བརྒྱུད་པའི་བྱིན་རླབས་དང་འབྲེལ་བ་སྟེ་ཁྱད་པར་དུ་མའི་སྒོ་ནས་འཕགས་པ་སྟེ། རྒྱུད་ལས། བརྡ་དང་བརྡ་མཚོན་གོ་བ་ནི། །དབང་གི་ནང་ནས་དབང་བཀའོ། །ཞེས་གསུངས་པ་ལྟར་ལོ་ཆེན་བཻ་རོ་ཙཱ་ནའི་བཀའ་སྲོལ་སེམས་སྡེ་ཨ་དོན་བཅོ་བརྒྱད་ཀྱི་བརྡ་དབང་བཀའ་མའི་རྒྱུན་བཞུགས་བཞིན་པ་ལ་ཉེ་བརྒྱུད་བྱིན་རླབས་ཀྱི་ཚན་ཀ་ཟབ་གཏེར་གྱི་གསང་མཛོད་ལས་གཏེར་ཆེན་ཡབ་སྲས་ཀྱིས་སྤྱན་དྲངས་པའི་བཀའ་གཏེར་ཟུང་འཇུག་འདི་ཉིད་ཀྱི་ཁྲིད་འབུལ་བ་ལ། ཀྱེ༔ རིགས་ཀྱི་བུ་རྣམས༔ དབང་བསྐུར་བའི་ཚུལ་ནི་འདི་ལྟ་བུ་སྟེ༔ བསྐུར་བྱ་སྐུར་བྱེད་བསྐུར་ཐོབ་དང་བྲལ་བའོ༔ ཞེས་གསུངས་པ་ལྟར་དོན་དམ་ཡེ་ཤེས་ཀྱི་དབང་བསྐུར་ཐོབ་ཀྱི་མཚན་མ་ལས་འདས་པའི་དོན་མངོན་དུ་བྱ་བའི་ཀུན་རྫོབ་རྟེན་འབྲེལ་གྱི་ཆེ་བས་དབང་བསྐུར་ཞུ་བའི་སླད་དུ་ཁྱེད་རང་གི་དངོས་སུ་འབྱོར་པ་དང་ཡིད་ཀྱི་སྤྲུལ་པའི་མཆོད་སྤྲིན་ཞིང་ཁམས་རྒྱ་མཚོར་ཁྱབ་པར་སྤྲུལ་ནས་འབུལ་བར་ཞུ། མཎྜལ་ཕུལ། འོ། རང་ཤེས་རིག་པའི་རྒྱལ་པོ་བླ་མ་ཀུན་ཏུ་བཟང་པོར་བསྒོམ་ལ་དད་མོས་གདུང་བ་དྲག་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདག་ལ་བྱ་རྩོལ་བྲལ་བའི་རྫོགས་ཆེན་ཐམས་ཅད་སེམས་སུ་བལྟ་བ༔ བརྡ་ཙམ་གྱིས་ནི་རྟོགས་པའི་བྱིན་རླབས་འཕོ་བའི་དབང༔ སློབ་དཔོན་དགོངས་པའི་མཐར་ཐུག་གང་ཡོད་བདག་ལ་བསྩལ་དུ་གསོལ༔ ལན་གསུམ། དེ་ནས་མཆོད་བསྟོད་བཤགས་པ་བྱ་བར་གསུངས་པས་ཚིག་རིས་དང་མཐུན་པའི་ཀུན་བཟང་དོན་གྱི་ཕྲིན་ལས་ཀྱི་སྒོམ་དོན་གསལ་ཐོབ་ཅིག །དཔོན་སློབ་ལྷན་ཅིག་པས་བླ་མའི་བྱང་བུའི་མཆོད་བསྟོད་དང༌། སྒྲིབ་སྦྱོང་བྱང་བུ། ཆོས་ཉིད་ཀློང་བཤགས་སོགས་རྒྱས་བསྡུས་ཅི་རིགས་བྱ། ཀྱེ༔ རིགས་ཀྱི་བུ་སློབ་དཔོན་མ་བཅོས་གསལ་རྫོགས་ལྷུག་པར་གནས་པའི་སྙིང་རྩ་འདབ་དབུས་དང་བཅས་པའི་ཕྱོགས་བརྒྱད་ན་སུམ་ཅུ་རྩ་གཅིག་སྒོམ༔ སྙིང་གར་གནས་པའི་ཨ་དཀར་པོ་ལས་འོད་ཟེར་མདའ་འཕང་བ་ལྟར་འཕྲོས༔ དཀྱིལ་འཁོར་དབུས་ཀྱི་ཨ་ཐམས་ཅད་ལའང་ཕོག༔ དེ་ལས་ཀྱང་འོད་ཟེར་སྔར་ལྟར་འཕྲོས་ཏེ་རྫས་ཀྱི་ཨ་ཡིག་ལ་ཕོག༔ དེ་ལས་སྐར་མདའ་ལྟར་འཕྲོས་པས་སློབ་མའི་སྙིང་ནང་གི་ཨ་ལ་ཕོག་པས༔ སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཨ་ཡིག་བཞི་ལ་ཐིམ༔ རང་ལུས་ཀྱང་ཨ་ཡིག་ལ་ཐིམ༔ ཨ་ཡིག་འོད་དུ་མེར་གྱིས་ཞུ་ནས་མི་དམིགས་པར་མཉམ་པར་བཞག༔ སླར་ཡང་མ་འདྲེས་གསལ་རྫོགས་སུ་གསལ་བས༔ སྙིང་གའི་ཨ་ཡིག་ལས་འོད་འཕྲོས༔ སྙིང་གི་ནང་ཐམས་ཅད་གསལ༔ བུམ་ནང་གི་མར་མེ་ལྟ་བུའི་གསལ་བར་ལྟ་བ་ནི་སྤྱི་ཙམ་སྟེ་མན་ངག་ནི་གཞན་དུ་ཤེས༔ དཀྱིལ་འཁོར་གྱི་བརྡ་དོན་ངོ་སྤྲད་པ་ནི༔ དཀྱིལ་འཁོར་དབུས་ཀྱི་ཨ་དཀར་པོ་དེ་ནི་ཀུན་གཞིའི་དྲི་མ་མེད་པ་མཚོན་ནོ༔ ཨ་ཡིག་ཕྱི་རོལ་ཏུ་ཙིཏྟ་རིན་ཆེན་འདི་ནི་ཀུན་གཞིའི་ངོ་བོ་སྟོང་པའི་འོད་གསལ་བ་ལས་མ་རིག་པ་རྣམ་ཤེས་སམ༔ རིག་པའི་དུས་ན་ཡེ་ཤེས་སུ་མཚོན་པས་སྐུ་གཉིས་ལྷུན་གྱིས་གྲུབ་པའོ༔ བུམ་པ་ནི་ལུས་དབང་པོའི་སྒོ་ཐམས་ཅད་གསལ་ཞིང་རྣམ་ཤེས་ཀྱི་འཇུག་སྒོ་ཕྱི་ནང་གི་ཡུལ་ཤེས་གཉིས་ཀྱི་གོ་འབྱེད་པ་ལྟ་བུ་སྟེ༔ བུམ་པའི་སྒོ་འགག་པས་སོ་སོ་དབྱེ་བ་ཙམ་ལས་བུམ་པ་དབྱིངས་སུ་ཐིམ་པའི་ཚེ་ནམ་མཁའ་ཕྱི་ནང་གཅིག་ཏུ་གྱུར་པ་བཞིན༔ ལུས་ཀྱི་རྒྱ་གྲོལ་བས་ཡུལ་དང་ཤེས་པ་དབྱེར་མེད་ཅིང༔ དེ་ཉིད་ཀྱང་ཀུན་གཞིའི་དབྱིངས་སུ་རྫོགས་པར་འགྱུར་བས་ན་མ་དག་པའི་དབང་པོ་གཉིས་སུ་འཛིན་ཅིང༔ དག་པའི་དབང་པོ་བདེན་མེད་དུ་མཐོང་བས་བུམ་པ་ཆག་པའི་མར་མེས་ཕྱི་ནང་འོད་གསལ་བ་བཞིན༔ འོད་གསལ་དག་པའི་གཞོན་ནུ་བུམ་པའི་སྐུར་ལྷུན་གྱིས་གྲུབ་པར་མཚུངས་ལ༔ པདྨ་ནི་མ་དག་པའི་ངོ་ནས་ཀུན་གཞི་ནས་གསལ་བའི་ཆ་མ་རྟོགས་པར་རྣམ་ཤེས་ཀྱི་འཇུག་པ་དབང་པོས་མཚམས་སྦྱར་ཏེ་ཡུལ་ཐམས་ཅད་སྣ་ཚོགས་བདེན་ཞེན་དུ་མཐོང་བར་བྱེད་ལ༔ དེ་ཉིད་རྣམ་ཤེས་གནས་འགྱུར་བའི་ཚེ་དབང་པོ་བདེ་བ་འོད་གསལ་ཞིང་ཕྱི་ཡི་རྟོག་ཚོགས་ཐམས་ཅད་ཆོས་ཉིད་ཀྱི་རང་སྣང་དུ་རྟོགས་པས་ཞིང་ཁམས་ཡོན་ཏན་བསམ་གྱི་མི་ཁྱབ་པ་མཐོང་བའི་བརྡའོ༔ དབང་བསྐུར་བ་ནི༔ སློབ་དཔོན་གྱིས་བུམ་པ་ཐོགས་ལ༔ དང་པོ་དབང་པོའི་ཚོར་བས་མཚམས་སྦྱར་ཏེ༔ རྣམ་ཤེས་ལོག་པར་བྱེད་པ་དག་པ་དང༔ དབང་པོ་བདེན་མེད་ཉིད་དུ་རྟོགས་བྱའི་ཕྱིར༔ བདེ་ཆེན་ཕྱག་རྒྱ་གཞོན་ནུ་བུམ་པའི་དབང༔ བདེ་བས་དེ་ཉིད་རྟོགས་ཕྱིར་དབང་བསྐུར་རོ༔ ཁ་རྒྱན་༨༣སྣ་ཚོགས་མདོངས་སྒྲོ་པདྨའི་འདབ༔ སྣང་སྟོང་དབྱེར་མེད་ཡུལ་ཀུན་དག་པ་དང༔ སྣང་སྲིད་བདེ་བ་ཆེན་པོར་འཆར་བའི་ཕྱིར༔ བུམ་པ་ཁ་རྒྱན་སྣང་སྟོང་མདངས་གསལ་དབང༔ ཕྱི་ནང་གཉིས་མེད་རྟོགས་ཕྱིར་དབང་བསྐུར་རོ༔ རྣམ་ཤེས་ཡུལ་ལ་འཇུག་པའི་མ་དག་པ༔ རྡོ་ལ་གསེར་འགྱུར་རྩི་ཡིས་བཏབ་པ་བཞིན༔ བདེ་ཆེན་མཁའ་དབྱིངས་མཉམ་སྦྱོར་གཅིག་ཏུ་འཁྲིལ༔ ཙིཏྟ་རིན་ཆེན་འབར་བ་ཟུར་བརྒྱད་འདི༔ བདེ་བ་བརྒྱད་དུ་མཚོན་པས་དབང་བསྐུར་བས༔ དགའ་བཞིའི་ཡེ་ཤེས་དབྱིངས་སུ་རྣམ་ཤེས་དག༔ ཡེ་ཤེས་འོད་གསལ་ཀློང་དུ་གྲོལ་བར་ཤོག༔ ཨ་ནི་ཀུན་གཞི་ཀ་དག་སྒྲིབ་བྲལ་ལས༔ གཙང་ཞིང་རྟག་ལ་འགྱུར་བ་མེད་པའི་ངང༔ བཟང་ངན་བླང་དོར་འཛིན་པའི་མཐའ་ལས་འདས༔ འོད་གསལ་ཀློང་ཆུབ་སེམས་ཉིད་ཡེ་ཤེས་སུ༔ བལྟས་པས་སྣང་སྲིད་ཐམས་ཅད་ཡེ་ཤེས་དབྱིངས༔ ཡོངས་རྫོགས་རྩོལ་བ་མེད་པའི་ངང་དུ་བལྟ༔ ཨ་ཨ་ཨ༔ ཞེས་བྱ། རིག་འཛིན་དགོངས་ཉམས་ཀྱི་གླུས་བསྐུལ་བ་ལ་རྩ་བ་ཤྲཱི་སིངྷའི་གླུ་ནི། ཇི་ལྟར་བསམ་ཀྱང་མི་རྟོག་ངང༔ ཇི་ལྟར་བསམ་ཀྱང་བསྒོམ་པ་མེད༔ སྣང་སྲིད་ཆོས་ཀུན་ཡེ་ཤེས་ངང༔ ཡེ་ཤེས་བཙལ་དུ་མེད་པ་འདི༔ རང་བྱུང་རང་ཤར་ཐ་ལེ་བ༔ ང་ནི་དེང་ཕྱིན་གཞི་ལ་གནས༔ གཞི་ནི་མ་བཅོས་ལྷུག་པར་འདུག༔ མཚན་ཉིད་ཀུན་ལྡན་འོད་གསལ་བ༔ ཅིར་ཡང་མ་ཡིན་ཅིར་ཡང་རྟོག༔ ལྟ་བ་མཐར་ཕྱིན་ཤྲཱི་སིཾ༔ སྒོམ་པ་བློ་དང་བྲལ་འདོད་ནས༔ གསལ་བ་འདི་ལ་ལམ་བྱས་པས༔ གཏད་སོ་མེད་པའི་ཉམས་ཞིག་ཤར༔ རྒྱུན་ཆད་མེད་པའི་ཤྲཱི་སིཾ༔ སྤྱོད་པ་སྤྱད་རྒྱུ་འདུག་གམ་བལྟ༔ ཅི་བྱས་ཐམས་ཅད་བདེ་བ་ཆེ༔ གང་བྱུང་ཐམས་ཅད་དགའ་བའི་ངང༔ ཟུང་འཇུག་མངོན་གྱུར་ཤྲཱི་སིཾ༔ འབྲས་བུ་ཐོབ་པར་བྱ་བའི་ཕྱིར༔ གཞི་ཡི་སྟེང་དུ་མཉམ་པར་བཞག༔ འཇམ་དཔལ་བཤེས་གཉེན་གདམས་པ་སྟེ༔ སེམས་ཀྱི་ཀློང་ནས་གཏེར་དུ་རྙེད༔ རྣམ་ཤེས་ཡུལ་དབང་ཀུན་གཞི་རྣམས༔ སོ་སོར་དབྱེར་མེད་དམིགས་སུ་མེད༔ གང་ཡང་འདི་ཞེས་མེད་པ་ཡི༔ བདེ་བ་ཆེན་པོར་ཨ་ལ་ལ་ཧོཿ ཞེས་བསམ་གཏན་གྱི་ཁང་བུར་གླུ་ཕྱི་མ་རྒྱས་པའོ༔ བུམ་པ་ཁུང་གཏོར་གྱི་དགོངས་པ་ལས༔ ཆོས་ཐམས་ཅད་ཡེ་ཤེས་སུ་ཤེས༔ ཡེ་ཤེས་བཙལ་དུ་མེད་པའོ༔ སླར་ཡང་སྙིང་དང་འདྲ་བའི་སློབ་མ་གཅིག་ལ་སྦྱིན་པའི་ཆིག་བརྒྱུད་ནི༔ སློབ་དཔོན་འབོལ་སྟན་དགུ་བརྩེགས་དུ་གནས་པའི་སྟེང་ནས་སློབ་མའི་རྣ་བར་སྦུབས་མཆུ་བཙུགས་ཏེ༔ དང་པོ་ཐུག་ས་གཅིག་ཏུ་ཐུག༔ བར་དུ་བལྟ་བ་གཅིག་ལ་བལྟ༔ མཐར་ནི་མཐོང་བ་གཅིག་ཏུ་མཐོང༔ ཞེས་ངོ་སྤྲོད༔ སྦུབས་མཆུའི་གདམས་པ་སྤྱི་དང་ཁྱད་པར་བཅས་ཐེབས་པར་གསལ་གདབ། རྒྱས་པར་སྤྲོ་ན། རླུང་རོ་བསལ། ལུས་གནད་དང་བཅས། དཔོན་སློབ་གཉིས་ཀའི་ཙིཏྟ་རིན་ཆེན་འབར་བའི་གཞལ་ཡས་སུ་པདྨ་འདབ་མ་བཅུ་དྲུག་ལ་ཨ་དཀར་པོ་བཅུ་དྲུག་བསྒོམ་པར་བྱའོ། །དེ་ནས་བླ་མའི་ཐུགས་ལ་གནས་པའི་པདྨའི་ཨ་རྣམས་འོད་དུ་ཞུ་ནས། འོད་དེ་སོག་མདའ་བཞིན་དུ་དཀར་ནར་གྱིས་སོང་བ་དེས་རྡུལ་ཚོན་གྱི་པདྨའི་ཨ་རྣམས་ལ་ཕོག་པས་དེ་ཡང་འོད་དུ་དཀར་མེར་གྱིས་ཞུ། དེ་ལས་འོད་དཀར་ནར་གྱིས་འཕྲོས་ནས་སྟེང་གི་བུམ་པའི་ཨ་ལ་ཕོག་པས་དེ་ཡང་འོད་དཀར་མེར་གྱིས་ཞུ་ནས་འོད་དེ་སློབ་མའི་སྙིང་གར་པདྨའི་ཨ་རྣམས་ལ་ཕོག་པས་འཁོར་བའི་བག་ཆགས་དང་རྣམ་པར་རྟོག་པ་ཐམས་ཅད་སྦྱངས་བས་སེམས་ཉིད་དག་པའི་ངོ་བོ་ཨ་དཀར་པོ་དེ་ལ་ཤེས་པ་མ་ཡེངས་པར་གཏད་ལ་བསྒོམ་དུ་གཞུག །དེ་ནས་རྒྱལ་པོ་དྷ་ན་ཧ་ཏེ་ལོའི་གླུ་ནས་བརྩམས་རིག་འཛིན་བཅོ་བརྒྱད་ཀྱི་གླུ་རེ་རེ་དང༌། སྦུབས་མཆུའི་གདམས་པ་རེ། རྨོག་སྟོན་རྡོ་རྗེ་དཔལ་བཟང་གི་བཀའ་མའི་སེམས་སྨད་དབང་ཆོག་ལས་ཁོལ་དུ་ཕྱུང་ནས་བསྐུར་བར་བྱའོ། །འཕྲོས་དོན་དམ་པའི་རིགས་ཅན་དྲྭ་མ་བཞིའི་གླུ་ནི། ཕྱི་སྐོར་གྱི་རྡོ་རྗེའི་གླུ་ལས། ལི་ཙཱ་བི། ལྷ་དབང༌། སྐར་མདའ་གདོང༌། བློ་གྲོས་ཐབས་ལྡན་བཞི་དང༌། བཀའ་བབ་མི་བཅུ་གསུངས་པ། ཁྲི་སྲོང༌། བཻ་རོ། ནམ་སྙིང༌། མཚོ་རྒྱལ། ལྷ་སྲས་མུ་ཁྲི། ངན་ལམ་བནྡེ་ཡེ་ཤེས། གཉགས་ཛྙཱ་ན། ལང་གྲོ། རྡོ་རྗེ་བདུད་འཇོམས། འབྲོག་བན་རྣམས་འདིའི་ལོ་རྒྱུས་ལས་བྱུང་མིན་དཔྱད་དགོས། གཞུང་འདིར་བོད་ཀྱི་རིག་འཛིན་རྣམས་ཀྱི་གླུ་ཕྲེང་ནང་འདིའི་རིགས་ཁ་ཤས་མི་འདུག་པས་བཙལ་བར་བྱ་ཞིང༌། བསྡུ་ན་ཁྲི་སྲོང༌། བཻ་རོ། མཚོ་རྒྱལ་གསུམ་གྱི་གླུ་ཙམ་གྱིས་ཆོག་པར་སེམས། དེ་རྣམས་ཀྱི་ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ཨ་ཡིག་མདའ་འཕེན་མ་ལེགས་པར་གྲུབ་པ་ཡིན་པས་དམ་ཚིག་ཁས་བླངས་པ་འདིའི་རྗེས་ཟློས། གཙོ་བོ་ཇི་ལྟར་སོགས་དམ་ཚིག་ཁས་བླངས་གྲུབ་ནས། དེ་ལྟར་སྨིན་བྱེད་བྱིན་རླབས་ཟླ་བའི་ཞུན་མ་སྙིང་གི་མུན་སེལ་གྱི་དབང་བསྐུར་བ་སྔོན་དུ་གྲུབ་པའི་གཏང་རག་དང༌། སླར་གྲོལ་བྱེད་ཁྲིད་རིམ་ཞུ་བའི་ཡོན་དུ་མཎྜལ་ཆབས་ཅིག་གནང་བར་ཞུ། སེམས་སྡེའི་སྔོན་འགྲོའི་ཚོགས་བསགས་བྱང་བུ་ལྟར་འབུལ་དུ་གཞུག །དེའང་རིག་འཛིན་ཆེན་པོ་ཤྲཱི་སིངྷའི་དགོངས་བཅུད། གྲུབ་པའི་སློབ་དཔོན་པདྨ་སཾ་བྷ་ཝ་དང༌། ལོ་ཆེན་བཻ་རོ་ཙཱ་ནའི་མན་ངག་གནད་འདྲིལ་ཟབ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ཕྱི་སྐོར་སེམས་སྡེ་ནམ་མཁའ་ཀློང་ཡངས་ཀྱི་ཁྲིད་ཚུལ་བགྱི་བ་ལ། སྐུ་ཉིད་རྣམས་ཐུགས་གཞན་དུ་མ་གཡོས་པར་གཏེར་གཞུང་རྡོ་རྗེ་ཚིག་རྐང་འདི་ལ་སྙན་གྱི་དབང་པོ་གཏོད་འཚལ། ན་མོ་གུ་རུ༔ ཕྱི་སྐོར་དངོས་གཞིའི་ཁྲིད་རིམ་ནི༔ སོགས། ས་མ་ཡ་རྒྱ་རྒྱ༔ ཞེས་གསུངས་པ་དང༌། དངོས་གཞིའི་ཁྲིད་ཀྱི་བསྡུས་དོན་ནི། ན་མོ་གུ་རུ༔ ཕྱི་སྐོར་ཁྲིད་ཀྱི་རྗེས་འབྲེལ་ནི༔ སོགས། ས་མ་ཡ་རྒྱ་རྒྱ༔ དེ་ལྟར་རྫོགས་པ་ཆེན་པོ་ཕྱི་སྐོར་སེམས་སྡེའི་ཁྲིད་ཚུལ་ཟབ་མོ་གྲུབ་པ་ལགས་ཤིང༌། སྨིན་གྲོལ་ཆིག་རྫོགས་སུ་ཐོབ་པའི་བཀའ་དྲིན་གཏང་རག་ཏུ་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་འབུལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམ་སོགས་དགེ་བསྔོ་བཅས་བྱ། མཇུག་ཆོག་ཕྲིན་ལས་ལྟར་བྱས་པས་གྲུབ་བོ། །བྱིན་རླབས་སྨིན་བྱེད་ཀུན་གྱི་དབྱིག །སེམས་ཀྱི་རྡོ་རྗེའི་ངོ་སྤྲོད་ནི། །གཏེར་གཞུང་དགོངས་པ་ཇི་ལྟར་བར། །གསལ་བྱེད་ལམ་འདིའི་མཛེས་རྒྱན་གྲུབ། ༈ དྲུག་པ་ནང་སྐོར་རིག་འཛིན་བཅོ་ལྔའི་བྱིན་རླབས་ལ་སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། ཕྱི་སྐོར་རིག་འཛིན་བླ་མའི་སྒྲུབ་དབང་གི་གཤོམ་ལྟར་ལ་འདིའི་སྒོས་ཀྱི་རིག་འཛིན་རྣམས་ཀྱི་ཙཀ་ལི་བཤམ་པ་ཁྱད་པར་རོ། །དངོས་གཞི་དབང་སྒྲུབ་ནང་སྐོར་བླ་མའི་བྱང་བུ་ཁྲིགས་བསྡེབས་ལྟར་བཟླས་པ་མཆོད་བསྟོད་བར་བྱ། དབང་དངོས་ནི་ཕྱི་སྐོར་བླ་མའི་སྒྲུབ་དབང་ལས། དེ་བཞིན་དུ་སྐོར་གསུམ་གྱི་བླ་མ་རྣམས་ཀྱི་བྱིན་རླབས་རིག་པས་འཕྲུལ་ལོ། །ཞེས་གསུངས་པས། ཕྱི་སྐོར་རིག་འཛིན་གྱི་བྱིན་རླབས་ལ་ཁ་བསྒྱུར་དགོས་པས་ན། དེའང་མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་གསན་བྱའི་ཆོས་ནི། ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་སྔགས་རྒྱུད་རྒྱ་མཚོའི་ཡངས་རྩེ་མན་ངག་རྫོགས་པ་ཆེན་པོ། དེ་ཡང་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཐེག་པ་ཐམས་ཅད་ཀྱི་ཡོངས་སུ་རྫོགས་པས་རྩེ་མོར་གྱུར་པ་སྟེ། ཀུན་བྱེད་ལས། གཅིག་རྫོགས་གཉིས་རྫོགས་སེམས་སུ་རྫོགས། །གཅིག་རྫོགས་སེམས་ཀྱི་བྱས་པས་རྫོགས། །གཉིས་རྫོགས་ཕུན་སུམ་ཚོགས་པར་རྫོགས། །ཀུན་རྫོགས་བྱང་ཆུབ་སེམས་སུ་རྫོགས། །ཞེས་པ་ལྟར། ཨ་ནུ་མན་ཆད་ཐམས་ཅད་རྩོལ་སྒྲུབ་ཀྱི་བླང་དོར་བྱས་པས་རེ་དོགས་ཀྱི་དྲི་མས་རང་བྱུང་ཡེ་ཤེས་ལ་སྒྲིབ་ཅིང༌། ཨ་ཏི་ཡོ་ག་ནི་བྱ་རྩོལ་དང་བྲལ་བའི་ཡེ་ཤེས་ལ་དབང་བསྒྱུར་བ་ཡིན། དེ་ལའང་ཕྱི་ནང་གསང་བའི་སྐོར་ཚོ་གསུམ་ལས། འདིར་ནང་སྐོར་སྙིང་ལྟ་བུ་ཀུན་ཏུ་བཟང་པོ་ཀློང་རབ་འབྱམས་རྒྱལ་པོ་སོགས་རྒྱུད་ལུང་རྣམས་ཀྱི་བསྟན་དོན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་འགྲོ་འོང་མེད་པའི་ཕྱིར་སྐུ་གསུམ་རང་ཆས་ཀྱི་དབྱིངས་ལས་མི་འགྱུར་བར་རྟོགས་པས་གཉེན་པོའི་མཐའ་ལས་གྲོལ་བ་ནང་བྱ་བྲལ་ཀློང་གི་སྡེ། དེ་ལའང་དཀར་ནག་ཁྲ་གསུམ་རབ་འབྱམས་ཀློང་གི་སྡེ་བཞི་རྣམས་ལོ་ཆེན་བཻ་རོ་ཙཱ་ནས་སྤང་མི་ཕམ་མགོན་པོ་ལ་གསུངས་པས་འཇའ་ལུས་གཤེགས་པ་ལས་དར་བ་སོགས་བཀའ་མ་དང༌། རྩོད་དུས་ཀྱི་གདུལ་བྱ་ཀུན་བཟང་ཐུགས་ཀྱི་བསྟན་པས་འདུལ་བའི་དུས་སུ་སོན་པ་ན་སྤྲུལ་པའི་གཏེར་ཆེན་རྒྱ་མཚོའི་འཁོར་ལོས་བསྒྱུར་བ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པས་ཛཾ་ནང་པདྨ་ཤེལ་ཕུག་ནས་སྤྱན་དྲངས་པའི་རྫོགས་ཆེན་སྡེ་གསུམ་ལས་ནང་སྐོར་ཀློང་སྡེའི་སྒྲུབ་པ་ལ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། བླ་མ་སངས་རྒྱས་ཀུན་དང་མཉམ་དང་མཉམ། །བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡི། ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ནས་བླ་མ་བསྟེན། །འཁོར་བའི་གཡུལ་ངོ་བཟློག་ཕྱིར་རོ། །ཞེས་གསུངས་པ་ལྟར་ལྷན་སྐྱེས་ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱང་བླ་མའི་བྱིན་རླབས་ལམ་དུ་བྱས་པས་མངོན་སུམ་སྟེར་བར་གསུངས་ན་མངོན་མཐོ་དང་ངེས་ལེགས་ཀྱི་འབྲས་བུ་ནི་འབད་མེད་དུ་སྟེར་བ་སྨོས་ཅི་དགོས་པས་ཐོག་མ་ཉིད་དུ་རིག་འཛིན་བླ་མ་རྣམས་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་འཕོ་བའི་དབང་བསྐུར་བ་སྟེ། མདོ་བྱང་ལས། རིག་འཛིན་བླ་མ་འགྲོ་འདུལ་བཅོ་ལྔ་ཡང༔ རྒྱ་གར་ཡུལ་གྱི་སློབ་དཔོན་ཆེན་པོ་རྣམས༔ འགྲོ་བའི་དོན་ཕྱིར་བོད་ཀྱི་ཡུལ་དུ་འཁྲུངས༔ དེ་ཡི་དབང་བྱས་ཡེ་ཤེས་མཚོ་རྒྱལ་ལ༔ ལྷ་སྲས་ཀྱིས་ཞུས་ལྷ་སྲས་གཤེགས་རྗེས་སུ༔ ཟུར་མཁར་བཟའ་ཡིས་ཡི་གེར་བཀོད་པ་དག༔ ངན་ལམ་བནྡེས་ཁྲིགས་སུ་བཏབ་པ་འདི༔ བླ་མའི་ཕྲིན་ལས་དགོངས་པ་འོད་གསལ་ཞེས༔ འདི་ཡི་བྱིན་རླབས་བླ་མ་སྤྱི་སྐོར་ལས༔ གྲུབ་པའི་ཚུལ་སྟོན་བཀའ་བབ་དབང་བསྐུར་ཞིང༔ ཐུགས་ཀྱི་བྱིན་རླབས་རྡོ་རྗེ་གླུ་རྣམས་བླངས༔ ཞེས་པ་ལྟར་ནང་སྐོར་རིག་འཛིན་བཅོ་ལྔའི་བྱིན་རླབས་དབང་བསྐུར་བགྱི་བ་ལ་བདག་ཉིད་ཀྱི་བགྱི་འོས་གྲུབ་ནས་སོགས་ཀྱིས་མཚམས་སྦྱར་མཎྜལ་འབུལ་བ་སོགས་བྱ། དབང་དངོས་ལ་ཕྱི་སྐོར་བྱིན་རླབས་ཀྱི་གསོལ་གདབ་ནས་བརྩམས་གོང་ལྟར་ལ། ཕྱི་སྐོར་བླ་མའི་མལ་དུ་ཚིག་ཕྲད་བསྒྱུར་བ་དང༌། ནང་སྐོར་བླ་མ་བཅོ་ལྔ་སྣང་བར་མཛོད། །ཅེས་ཁ་བསྒྱུར། བླ་མའི་མངོན་རྟོགས་བཅོ་ལྔ་དཔོན་སློབ་གཉིས་ཀས་བསྒོམ། རིག་འཛིན་དགའ་རབ་རྡོ་རྗེ་སོགས་ཀྱི་ཕྱི་སྐོར་གྱི་གླུ་ལས་བླང༌། སྐུ་སྤྱི་བོར་བཞག །རྩ་སྔགས་ཡིད་བཟླས་བྱ། དགའ་རབ་རྡོ་རྗེ་རང་རིག་ཏུ་རྫོགས་པའི་ངང་དུ་མཉམ་པར་བཞག །དེ་བཞིན་དུ་འཇམ་དཔལ་བཤེས་གཉེན་དང༌། བཻ་རོ་སོགས་བོད་ཀྱི་རིག་འཛིན་བཅུ་གསུམ་གྱི་གླུ་རྣམས་བླང༌། སྔགས་བཟླ། དགོངས་པའི་ཉམས་བསྐྱང་བ་སོགས་བྱ། སྐབས་འདིར་ཤེས་པར་བྱ་བ་ལ། བརྒྱུད་འཛིན་རྩ་བ་གཏེར་སློབ་མཁན་ཆེན་ཀརྨ་རཏྣས་གཏེར་གཞུང་དགོངས་དོན་ཁྲིགས་སུ་བསྟར་བའི་བཻ་རོ་གཙོར་གྱུར་པའི་ནང་སྐོར་རིག་འཛིན་བཅོ་ལྔའི་བསྐྱེད་བཟླས་བྱང་བུ་བཞུགས་པ་ཉིད་སྦྱོར་ན་ཁྱད་མེད་ལ། དེའི་ཚེ་དབང་སྒྲུབ་ཀྱི་དངོས་གཞིར་བྱང་བུ་དེ་ཉིད་ལྟར་བསྒོམ་བཟླས་དང༌། དབང་བསྐུར་བའི་ཚེ་ན་དེ་ལས་འབྱུང་བའི་གོ་རིམ་ལྟར། རྩ་བ་བཻ་རོ། དགའ་རབ། ཤྲཱི་སེང་བཅས་དང༌། ཁྲི་སྲོང་ནས་བརྩམས་བོད་ཀྱི་རིག་འཛིན་བཅུ་གཉིས་ཀྱི་གླུ་རིམ་པར་བླངས་ཏེ་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སོ་སོ་བཞིན་བྱ། གང་ལྟར་དབང་རྗེས་ཀྱི་རིམ་པ་དང་ཕྲིན་ལས་མཇུག་གི་རིམ་པ་རྣམས་སྔར་བཤད་པ་ལྟར་རོ། །མཁན་ཆེན་རཏྣའི་ལུགས་འདི་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཟུར་དུ་དམིགས་བསལ་གསན་ཡོད་མེད་སོམ་ཉི་འདུག་ཀྱང་དོན་བརྒྱུད་ནི་ཆུ་བོ་གཅིག་འདྲེས་སུ་རུང་ངམ་སྙམ་པ་མངྒ་ལའི་རྣམ་པར་རྟོག་པའོ། །མཆན། ཀློང་ཆེན་གྲུབ་པའི་རིག་འཛིན་གྱི། །བྱིན་རླབས་སྤྲིན་ཕུང་ཆར་རྒྱུན་ནི། །སྐལ་ལྡན་དད་པའི་ཞིང་ས་རུ། །འབེབས་པའི་ཐབས་བཟང་འདི་ཀོ་རྨད། ༈ བདུན་པ་ནང་སྐོར་ཡི་དམ་ཞི་བ་སྟོན་པ་བཅུ་གཉིས་ཀྱི་སྒྲུབ་དབང་ལ་རས་བྲིས་སམ་མཎྜལ་སྟེང་འབྲུའི་ཚོམ་བུ་བཅུ་གསུམ་བཀོད། དེ་སྟེང་མཉྫིའི་ཁར་བུམ་པ་བཅུད་ལྡན་ཁ་རྒྱན་ཅན། སྟོན་པ་རྣམས་ཀྱི་སྐུ་ཙཀ་བཅུ་གསུམ་ཀྱང་བཀོད། ཐོད་པ་བདུད་རྩི། རིག་ཙཀ །ཤེལ་རྡོ་བཅས་བཤམ། དབང་སྒྲུབ་ལ་ནང་སྐོར་བྱང་བུ་ཁྲིགས་བསྡེབས་ལྟར་ཡི་དམ་ཞི་སྒྲུབ་དང་བཟླས་པ་བྱ། བུམ་བཟླས་སྤྱི་རྒྱུག་ལྟར། བདེ་གཤེགས་སྟོན་པ་བཅུ་གཉིས་དྭངས་པའི་མཚོ་ལ་ཞེས་བསྒྱུར། སྟོང་ཚིག་འོད་ཞུ་སོགས་དང་ཚོགས་མཆོད་རིག་མེ་དོར་བ་བཅས་གྲུབ་ནས་དབང་དངོས་ཁྲུས་སོགས་སྔར་དང་མཚུངས། མཚམས་སྦྱོར་གྱི་ཁྱད་པར། དེ་ཡང་ཕྱོགས་བཅུའི་བདེ་བར་གཤེགས་པ་རྣམས་དུས་གསུམ་གྱི་ཞིང་རབ་འབྱམས་རྣམས་སུ་གདུལ་བྱ་དང་འདུལ་བྱེད་ཀྱི་རྣམ་པར་རོལ་པ་འབྱམས་ཀླས་པ་ལས་སྐུ་གསུམ་བསྟན་པའི་སྙིང་པོ་འོད་གསལ་རྫོགས་པ་ཆེན་པོ་བསྟན་པར་མཛད་པའི་ཚུལ། སྒྱུ་འཕྲུལ་རྒྱ་མཚོ་ལས། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །ཞེས་གསུངས་པ་ལྟར་བདག་ཅག་གི་སྟོན་པ་ཉིད་ཆོས་སྐུ་ཀུན་ཏུ་བཟང་པོ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མ་གཡོས་པར་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་སངས་རྒྱས་དང་རྡོ་རྗེ་སེམས་དཔའ་སོགས་ཀྱི་ཐུགས་རྗེའི་རྩལ་ལས། ཕྱོགས་བཅུའི་ཞིང་ཀུན་ཏུ་འགྲོ་བའི་དོན་མཛད་པའི་བྱེ་བྲག་མི་མཇེད་འཇིག་རྟེན་གྱི་ཞིང་འདིའི་དབང་དུ་བྱས་ན་བྱིན་རླབས་མཆོག་དང༌། ཡེ་ཤེས་དམ་པའི་སྤྲུལ་པ་གཉིས་སུ་སྣང་བའི་ཕྱི་མ་ལ་བསྐལ་པ་དང་པོར་དགའ་ལྡན་བརྩེགས་པར་སྟོན་པ་ཁྱེའུ་སྣང་བ་དམ་པ་ཚེ་ལོ་དཔག་མེད་དུ་བྱོན་པ་ནས། ཚེ་ལོ་བརྒྱ་པའི་སྐབས་སེར་སྐྱའི་གནས་སུ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་ཤཱཀྱ་ཐུབ་པ་སྟེ་ལྷ་དང་མི་ཡུལ་དུ་བྱོན་པ་དྲུག་དྲུག་གིས་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལ་སོགས་པས་མཚོན་རང་བཞིན་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བ་རྒྱལ་བ་དགོངས་བརྒྱུད། དཔལ་རྡོ་རྗེ་སེམས་དཔས་རིག་འཛིན་དགའ་རབ་རྡོ་རྗེ་ནས་གུ་རུ་རིན་པོ་ཆེ་དང་ལོ་ཆེན་བཻ་རོའི་བར་བརྡ་བརྒྱུད། དེ་ནས་ད་ལྟའི་བར་གང་ཟག་སྙན་བརྒྱུད་ཀྱི་བབ་སོ་ཆེན་པོ་གསུམ་གྱི་དང་པོར་བགྲང་བའི་སྟོན་པ་བཅུ་གཉིས་ངོ་བོ་ཆོས་སྐུ་ཀུན་ཏུ་བཟང་པོ་གཅིག་གི་ཡེ་ཤེས་ལས་གཞན་དུ་མ་གྱུར་ཀྱང་རྣམ་པ་མཚན་དང་སྐུ་ཡི་བཀོད་པ་གང་འདུལ་དུ་སྣང་བ་ཀུན་དཀྱིལ་འཁོར་གཅིག་ཏུ་སྒྲུབ་པའི་བྱིན་རླབས་དབང་གི་ཆོ་ག་སྒྲུབ་པ་སྐབས་སུ་བབ་པ་སྟེ། འདི་ནི་གཏེར་ཆེན་མཆོག་གྱུར་གླིང་པའི་ཟབ་གཏེར་རྫོགས་པ་ཆེན་པོ་ཀློང་སྡེའི་ནང་སྒྲུབ་ཡི་དམ་ཞི་བའི་སྒྲུབ་ཐབས་སུ་བྱོན་པའི་བྱིན་རླབས་བརྡ་ཡི་དབང་བཞི་གསང་གསུམ་རྡོ་རྗེ་འབར་བ་གསན་པའི་ཡོན་དུ་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཡེ་སངས་རྒྱས་པ་གདོད་མའི་ཀུན་ཏུ་བཟང༔ ཐོག་མའི་སྟོན་པ་ཆེན་པོ་བཅུ་གཉིས་ཀྱི༔ རང་བྱུང་དགོངས་པ་ཀློང་ཡངས་བསྟན་དུ་གསོལ༔ ཆོས་དབྱིངས་འུབ་ཆུབ་ཀློང་དུ་མི་འདའ་བའི༔ རྣལ་འབྱོར་ནམ་མཁའི་རྒྱལ་པོ་བལྟ་འདོད་ཀྱི༔ ད་ལྟ་ཉིད་དུ་བླ་མས་བསྩལ་དུ་གསོལ༔ ལན་གསུམ། ཞེས་མི་ཕྱེད་དད་པས་གསོལ་བ་བཏབ་པ་ལ། བླ་མས་མཁྱེན་བརྩེ་ཡེ་ཤེས་ཀྱི་སྒོ་ཕྱེ་སྟེ་བཀའ་ཡི་གནང་བ་སྦྱིན་པ་ནི། ཨེ་མ་ཧོ༔ བདེ་གཤེགས་སྟོན་པ་རིག་འཛིན་ནི༔ བསྟན་པ་གཉིས་ཀྱི་བདག་པོ་སྟེ༔ ཀུན་ཏུ་བཟང་པོ་མན་ཆད་ནས༔ བོད་ཀྱི་རིག་འཛིན་ཡན་ཆད་དུ༔ འགྲོ་འདུལ་བདུན་ཅུ་རྩ་གཅིག་ནི༔ ཆོས་དབྱིངས་ཀློང་ལ་ཁྱབ་པ་ཉིད༔ ཐམས་ཅད་ནམ་མཁའི་རྣལ་འབྱོར་ཡིན༔ འཁོར་འདས་ཀུན་ལ་ཁྱབ་པའི་སྐུ༔ གློ་བུར་འཁྲུལ་པས་མ་བསྒྲིབས་ན༔ རང་ཡང་ནམ་མཁའི་ངང་དུ་རྫོགས༔ འགྲོ་འདུལ་རྣམས་དང་དགོངས་པ་གཅིག༔ ད་ལྟའི་ནམ་མཁའ་འདི་རྣམས་ཀྱང༔ བདུན་ཅུ་རྩ་གཅིག་འདུས་པ་ཡི༔ ཐུགས་རྗེའི་ཀློང་ཆེན་དམ་པའོ༔ དེ་ཕྱིར་མཆོད་པའི་སྤྲིན་ཚོགས་འབུལ༔ ཞེས་གསུངས་པ་ལྟར་བརྒྱུད་གསུམ་རིག་འཛིན་བླ་མ་མདོ་སྔགས་བསྟན་པའི་བདག་པོ་ཀུན་ཏུ་བཟང་པོ་ནས་ད་ལྟའི་བར་བྱོན་པ་ཐམས་ཅད་དགོངས་ཀློང་ཡེ་ཤེས་གཅིག་གི་ཐིག་ལེར་སྟོན་འཁོར་དགོངས་པ་གཅིག་ཏུ་ཤར་བའི་དད་མོས་དྲག་པོས། ཁྱེད་རང་གི་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་ཀུན་བཟང་མཆོད་པའི་སྤྲིན་དུ་འབུལ་བ་ཀུན་རྫོབ་དམིགས་པའི་རྣམ་པ་ཅན་དང་དོན་དམ་ཤར་གྲོལ་གཉིས་མེད་ཀྱི་ལྷ་ལ་གཉིས་འཛིན་དག་པའི་མཆོད་པ་འབུལ་བ་དང༌། ཀུན་རྫོབ་མཚན་མའི་རྟོག་པས་འཁྲུལ་པ་རང་རྒྱུད་དུ་སྤྱོད་པའི་སྡིག་ལྟུང་ཐམས་ཅད་དོན་དམ་རིག་པའི་བཅིངས་གྲོལ་ལས་འདས་པའི་ངོ་བོར་དགེ་སྡིག་རྒྱུ་འབྲས་དང་བྲལ་བས་བཤགས་བྱ་བཤགས་བྱེད་བྲལ་བའི་ངང་དུ་བཤགས་པ་སོགས་ཀྱི་དོན་དྲན་བཞིན་པས་རྗེས་ཟློས། ཀུན་རྫོབ་རིག་པའི་ཀློང་ཡངས་ནམ་མཁའ་ཆེ༔ ཀུན་བཟང་ཀློང་དུ་རྟོགས་པའི་མཆོད་པའི་སྤྲིན༔ ཤར་དང་ཤར་ཡུལ་མེད་པར་མཆོད་པ་འབུལ༔ འཛིན་ཡུལ་མེད་པའི་ངང་དུ་མཐོལ་ལོ་བཤགས༔ བཤགས་བྱ་བཤགས་བྱེད་བྲལ་བ་ངོ་མཚར་ཆེ༔ ཡེ་ཤེས་ཀློང་ཆུབ་ངང་དུ་མཛད་དུ་གསོལ༔ སློབ་དཔོན་གྱིས་དོན་དམ་ཆོས་ཉིད་ཀྱི་དབང་རང་རིག་གདོད་མའི་མགོན་པོ་ཡེ་སངས་རྒྱས་པ་ལ་བསྐུར་ཐོབ་བྲལ་བའི་དགོངས་པ་རིག་པ་རང་གནས་སུ་བཞག་པས་ལྟ་སྟངས་ནམ་མཁར་གཏད་དེ་ངོ་བོ་བསྐྱང་བས་དོན་གྱི་བྱིན་རླབས་རྫོགས་པར་བསྟན་པ་ནི། རང་རིག་གཞི་ལུས་ཀུན་ཏུ་བཟང་པོ་ལ༔ ཞལ་ཕྱག་མཚན་མ་བྱིན་རླབས་མི་འཚལ་ཞིང༔ རྣལ་འབྱོར་ནམ་མཁའ་ཆེ་ལ་ལྟ་སྟངས་ཀྱིས༔ རང་གསལ་མ་བཅོས་ལྷུག་པར་གནས་པར་གྱིས༔ དེ་ནས་བྱིན་རླབས་བརྡ་ཡི་དབང་བཞི་རིམ་པར་བསྐུར་བ་ལ། དབྱིངས་ཟང་ཐལ་གྱི་བུམ་པ་ལ་ཡེ་ཤེས་བཅུད་དང་ཁ་རྒྱན་གྱིས་གཏམས་པ་གདོད་ནས་འདུ་འབྲལ་མེད་པར་རང་ལ་བཞུགས་པ་རྫས་ཀྱི་བུམ་པས་བརྡས་མཚོན་པར་མོས་མཛོད། བུམ་པ་ཐོགས་ལ། བུམ་པ་ཆོས་དབྱིངས་ཕྱི་ནང་མེད་པ་ལ༔ རང་བྱུང་ཡེ་ཤེས་ཁ་རྒྱན་བཅུད་ཀྱིས་གཏམས༔ བསྐུར་བྱ་བསྐུར་ཐོབ་མེད་པར་རང་ལ་རྫོགས༔ ཨེ་མ་ཧོ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་དབང་ཐོབ་ཤོག༔ གསང་བའི་དབང་གི་སླད་དུ་རིག་སྟོང་དབྱིངས་ཀྱི་བྷནྫར་འོད་གསལ་སྣང་བ་རྒྱས་པའི་བདུད་རྩི་མངོན་དུ་བྱ་བའི་བརྡར་སྙིང་པོ་ར་ས་ཡ་ན་སྦྱིན་པར་མོས་མཛོད། བདུད་རྩི་ཐོགས་ལ། གསལ་རིག་རྒྱུན་ཆད་མེད་པའི་ཐོད་པའི་ནང༔ ཡོངས་སུ་དེ་ཉིད་རྒྱས་པའི་བདུད་རྩི་ཞུ༔ ཨེ་མ་ཧོ་མདངས་གསལ་གསལ་རྫོགས་ངང་དུ་དབང་བསྐུར་བས༔ སྣང་བ་མཐོང་མེད་མཐོང་བ་རབ་གསལ་ཤོག༔ ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་དགའ་མ་དང་རིག་པའི་ཁྱེའུ་གཉིས་མེད་རྟག་པར་དགྱེས་པའི་བརྡ་གཟུགས་འདིས་མཚོན་པར་མོས། རིག་ཙཀ་གཏད་ལ། བདེ་ཆེན་ཡེ་ཤེས་གང་བའི་ལང་ཚོ་ཡིས༔ རིག་པ་རང་གསལ་གཅིག་ཏུ་བདེ་བར་འཁྲིལ༔ གཉིས་མེད་སྣང་མེད་འཛིན་མེད་བདེ་བ་ཆེ༔ ཨེ་མ་ཧོ་བདེ་ཆེན་ཡེ་ཤེས་དབང་བསྐུར་བས༔ རྟོག་ཚོགས་བདེ་བ་ཆེན་པོའི་ངང་དུ་གྲོལ༔ དབང་བཞི་པའི་སླད་དུ་ཆོས་ཉིད་ཀ་དག་གི་ཀློང་དུ་འཁོར་འདས་ཀྱི་སྣང་བ་འཇའ་ཚོན་ལྟར་བཀྲ་ཡང་སྐྱེ་འགག་གནས་གསུམ་དང་བྲལ་བའི་དགོངས་པ་དབྱིངས་ལས་མ་གཡོས་པ་རྡོ་རྗེ་སེམས་དཔའི་མན་ཤེལ་གྱི་བརྡས་མཚོན་ཏེ། མན་ཤེལ་ཕྱར་ནས། སེམས་དཔའི་མེ་ལོང་དྭངས་གསལ་རྙོགས་པ་ཀུན་དང་བྲལ༔ སྣང་བ་ཅི་ཤར་འཇའ་ཚོན་བཞིན་དུ་དངོས་མེད་པར༔ གང་ནས་མ་བྱུང་ཕྱི་ནང་ཀུན་ཏུ་ཐ་ལེར་གསལ༔ དབྱིངས་རིག་ཟུང་འཇུག་དགོངས་པས་དབང་བསྐུར་བསྐུར་ཐོབ་མེད༔ རྩིས་གདབ་བྲལ་བའི་ངང་དུ་གནས་པས་དབང་བསྐུར་ཡོངས་རྫོགས་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ་ལ་ལ་ཧོཿ དེ་རྣམས་ཀྱི་དབང་བཞི་གྲུབ་ནས་ཡེ་ཤེས་ཀྱི་དགོངས་བརྒྱུད་འཕོ་བས་དབང་དོན་སྐྱེས་བརྟན་གོང་འཕེལ་གྱི་སླད་དུ་མངོན་རྫོགས་སྟོན་པ་བཅུ་གཉིས་ཀྱི་བྱིན་རླབས་བརྡ་ཡི་དབང་བཞི་བསྐུར་བ་ལ་རང་བྱུང་རྡོ་རྗེའི་རྒྱུད་ཀྱི་ཚིག་བསྒྲགས་པ་དང་སྟོན་པ་བདེ་བར་གཤེགས་པ་རྣམས་ཁྱེད་རང་གི་སྤྱི་བོར་ཐིམ་པས་རྡོ་རྗེ་ཡེ་ཤེས་ཆེན་པོའི་བྱིན་རླབས་བཙན་ཐབས་སུ་ཐོབ་པར་མོས་ཤིག །རྡོར་འཆང་སྐབས། རྒྱ་གར༴ སརྦ་བྷ་ལ་ཏྲི༴ རྒྱུད་ཚན་གསུམ། རྡོར་སེམས་སོགས་བཅུ་གཉིས་ལ། རྒྱ་གར༴ སརྦ་དྷརྨ་བྷྱཻཿསོགས་ནས། རྒྱུད་རེ་རེ་བཞིན་བཀླག་དགོས། མཆན། སྟོན་པ་བཅུ་གཉིས་ཀྱི་སྐུ་རེ་སྦྲགས་ཏེ་འདས་རྗེས་ཀྱི་ཁྲིད་བཀླག་ནས་བསྐུར་བ་རྡོར་གླིང་ལྟ་བ་ཀློང་ཡངས་ནས་ཟུར་དུ་ཕྱུང་བ་ལྟར་བྱའོ། དེ་རྣམས་ཀྱིས་ནང་སྐོར་ཡི་དམ་ཞི་སྒྲུབ་བདེ་གཤེགས་བཅུ་གཉིས་ཀྱི་དབང་བསྐུར་ཐོབ་པ་ལས་བྱུང་བའི་དམ་ཚིག་ལ་སྲུང་སྡོམ་བགྱིད་སྙམ་པས་རྗེས་ཟློས་གྱིས། གཙོ་བོས་སོགས། དབང་རྗེས་དང་ཕྲིན་ལས་རྗེས་ཀྱི་རིམ་པ་དཀྱུས་ལྟར་བྱའོ། །མཚན་ཙམ་ཐོས་པར་དཀའ་བ་ཡི། །ཐུན་མིན་བདེ་གཤེགས་བཅུ་གཉིས་ཀྱི། །བྱིན་རླབས་འདི་འདྲ་འཇིག་རྟེན་དཀོན། །བདག་ཀྱང་སྐལ་པ་བཟང་ངོ་སྙམ། ༈ བརྒྱད་པ་ནང་སྐོར་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་དང༌། ཡན་ལག་དགུ་བསྒྲིལ་གྱི་དབང་ལ་སྟ་གོན་དང༌། དངོས་གཞི་གཉིས་ཏེ། སྤྱིར་གཏེར་གཞུང་དུ་སྟ་གོན་གྱི་ཚིག་ཟིན་སྔ་རྗེས་གཉིས་སུ་གསུངས་ཤིང༌། བཀའ་མ་ཚོགས་ཆེན་འདུས་པ་ལ་དངོས་གཞི་མ་ཧཱའི་དབང་གི་སྐབས་སུ་སྟ་གོན་མཛད་པ་ཡིན་ཀྱང་འདིར་ཡན་ལག་ཐེག་དགུའི་དབང་རྩ་བའི་དཀྱིལ་འཁོར་གྱི་འཕྲོས་དོན་ཙམ་ལས་དབང་སྒྲུབ་དཀྱིལ་ཆོག་སྒེར་དུ་མ་གསུངས་པས་སྟ་གོན་ཐོག་མར་མཛད་ནས། ཡན་ལག་དང་རྩ་བའི་དབང་བསྐུར་རིམ་ཅན་དུ་བསྐུར་བ་ཕྱག་ལེན་དུ་མཛད་པས། དང་པོ་སྟ་གོན་ལ་བཞི་ལས། དང་པོ་ས་ལྷ་སྟ་གོན་ནི། གང་དུ་བྱ་བའི་གཞི་དེར་གཏོར་མ་དཀར་དམར་གསེར་སྐྱེམས་བཅས་བཤམས་ལ། བརྒྱུད་འདེབས། བསང་ཆུ། སྔོན་འགྲོ། ནང་སྐོར་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ཀྱི་དབུ་ནས་བྱིན་བརླབ་བྱང་བུ་ཡན་བཏང་ལ། རང་ཉིད་སྐད་ཅིག་གིས་དཔལ་ཆེན་མངོན་རྫོགས་རྒྱལ་པོ་རང་སྣང་གི་ཡུམ་དང་བཅས་པའི་སྐུར་ལམ་གྱིས་གསལ་བར་མོས་ལ་བྱིན་རླབས་སྤྱི་འགྲོ་ལྟར་བྱ། ཧཱུྃ༔ ཆོས་དབྱིངས་རང་རྩལ་ལས་ཤར་བའི༔ སོགས་ཀྱིས་བསྔོ་བ་ནས། ཆག་ཆག་གདབ་པ་གྲུབ་ཀྱི་བར་གཏེར་གཞུང་ལྟར་བྱ། གཉིས་པ་ལྷ་སྟ་གོན་ལ། དྲིས་བྱུག་པའི་མཎྜལ་སྟེང་ཚོམ་བུ་དབུས་དང་ཕྱོགས་མཚམས་སུ་རྒྱུད་ལུང་གི་ཁྲོ་བོ། དེའི་ཕྱི་རོལ་གནས་ཡུལ་སྒོ་བ། ཤར་སྟོད་ནས་ཕྱོགས་རེར་དྲུག་དྲུག་གིས་དབང་མོ་ཉེར་བརྒྱད་ཙམ་དངོས་སུ་བཀོད་པ་གཞན་རྣམས་མཚོན་བྱེད་འབྲུའི་སིལ་མ་བཀྲམ། ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་བསྟོད་པའི་བར་བཏང་ནས། འདེགས་པའི་རྒྱ་དང་བཅས། བེ་ག་ཀྲ་མ་ཡྃ་གྱིས་སྟ་གོན་གྱི་ལྷ་ནམ་མཁར་བཏེགས། གསུམ་པ་བུམ་པ་སྟ་གོན་ལ། སྭ་བྷཱ་ཝ་འི་སྔགས་བརྗོད་པས་དྲི་བཟང་གི་ཆུ་བླུགས། ཨོཾ་ཛྙཱ་ན་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་བྷྲཱུྃ༔ ཞེས་རྒྱན་གྱིས་སྤྲས་སྟེགས་བུར་བཀོད་ལ་གཟུངས་ཐག་བཏགས། བུམ་པ་རང་བྱུང་གཞལ་ཡས་ཁང་ཆེན་དབུས། །བྱོལ་སོང་པདྨ་ཉིཾ་ཟླའི་གདན་སྟེང་དུ༔ སོགས་ནས་བསྟོད་པའི་བར་དང༌། གཟུངས་ཐག་བླངས་ལ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཅེས་བརྗོད་ལ་སྙིང་པོ་དང༌། ཡང་སྙིང་ཅི་ནུས་བཟླ། སྟོང་ཚིག་དང་འབྲུ་གསུམ་གྱི་མཆོད་ཡོན་ཕུལ་བའི་རྐྱེན་གྱིས། ལྷ་རྣམས་འོད་དུ་ཞུ་སྟེ་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་བརྗོད། དཀྱུས་ཙམ་དུ་དངོས་སྟ་སྦྲེལ་ན་འཇུག་པ་བདེ་བས་སྟེགས་ཀྱི་ཁར་འདིའི་རས་བྲིས་དངོས་སམ་འདུས་མདོའི་རས་བྲིས་ལྟ་བུ་ཡོད་ན་བཀྲམ། མེད་ན་ཚོམ་བུ་གོང་བཞིན་བཀོད། དེའི་སྟེང་མཉྫིའི་ཁར་བུམ་པ། ཕྱོགས་བཞིར་ཐུན་མོང་རིག་པའི་དབང་ལྔ། མངོན་རྫོགས་རྒྱལ་པོ་གཙོ་འཁོར་དགུའི་ལྷ་ཙཀ །མངའ་གསོལ་ཆས། གསང་ཐོད། རིག་ཙཀ་རྣམས་རྩ་དབང་དང༌། མཐའ་རྟེན་སྒྲུབ་རྫས་ལ་སྨན་གྱི་ཕོ་བྲང༌། མར་མེ་གླིང་དགུ ཁྲམ་དང་འཁོར་ལོ། རྟ་ཞལ། ཕུར་བུ། མདོས་གཏོར། ཞལ་ཟས་སྣ་ཚོགས་རྣམས་བཤམ། རྩ་དཀྱིལ་གྱི་བྱང་ཤར་ནས་བརྩམས་ཏེ་གཡོན་བསྐོར་དུ། སྒོ་འབྱེད་དབང་ལ། ཁྲུས་བུམ། བྱེ་ཡུངས། ཕྱག་རྡོར་སྐུ་ཙཀ་ཐུབ་དྲུག་ཙཀ་ལི། ནུབ་བྱང་དུ་ལྷ་མི་གཉིས་ཀྱི། མི་ཡི་ཐེག་པར་ཁྲུས་བུམ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྡེ་ལྔ། ལྷ་ལ་བུམ་པ། ལྷ་བུ་དམ་པ་ཏོག་དཀར། ཚངས་པ། བརྒྱ་བྱིན། ལྷ་མོ་སྒྱུ་འཕྲུལ་རྣམས་ཀྱི་སྐུ་ཙཀ །ལྷོ་ནུབ་ཏུ་ཉན་ཐོས་ལ། བུམ་པ། རབ་བྱུང་ཆས། སྟོན་པ་ཉན་ཐོས་བཞིས་བསྐོར་བའི་སྐུ་ཙཀ །ཤར་ལྷོར་རང་རྒྱལ་ལ། བུམ་པ། རང་རྒྱལ་གྱི་སྐུ་ཙཀ་རྟེན་འབྲེལ་བཅུ་གཉིས་ཀྱི་གཟུགས་བྲིས་པའི་ཙཀ་ལི། བྱང་དུ་བྱང་སེམས་ལ། བུམ་པ། སེམས་དཔའ་བརྒྱད་ཀྱི་སྐུ་ཙཀ་རལ་གྲི་སྨན་གྲུ་དུང་བཅས་བྲིས་པའི་ཙཀ་ལི། ནུབ་ཏུ་ཀྲྀ་ཡ་ལ། ཁྲུས་བུམ། སྟོན་པ་ལ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་སྐུ་ཙཀ །རྣམ་བུམ། དབུ་རྒྱན། རིགས་གསུམ་སྐུ་ཙཀ །ལྷོ་རུ་ཨུབྷའི་དབང་ལ། བུམ་པ། དབུ་རྒྱན། རྡོར་དྲིལ། དབྱངས་གསལ་སྔགས་བྱང༌། རྣམ་སྣང༌། སྣང་མཐའ། མི་བསྐྱོད། རིན་འབྱུང་བཅས་རིགས་བཞིའི་སྐུ་ཙཀ །ཤར་དུ་ཡོ་གའི་དབང་ལ། བུམ་པ་སོགས་རིགས་དབང་ལྔ། རིགས་ལྔ་ཡབ་ཡུམ་གྱི་སྐུ་ཙཀ །སྔགས་བྱང༌། མེ་ལོང༌། མངའ་གསོལ་ཆས་དང༌། དེ་རྣམས་ཀྱི་ཕྱི་རོལ་དུ་ཕྱི་ནང་གི་མཆོད་ཚོགས། མིག་དར་མེ་ཏོག་སོགས་དང༌། སྟ་གོན་གྱི་རྫས་བཞི། ཏིལ་སོགས་ཀྱང་འདུ་བྱའོ། །ཡན་ལག་ཐེག་དགུའི་དབང་རྫས་རྣམས་རྩ་དཀྱིལ་གྱི་ཕྱོགས་མཚམས་རྣམས་སུ་བཤམས་པ་ཕྱག་ལེན་བསྡུས་པ་གཞུང་རྩ་བའི་དགོངས་དོན་ལྟར་རོ། །གཉིས་པ་དངོས་གཞི་ལ་དབང་དོན་སྒྲུབ་མཆོད་དང༌། དབང་བསྐུར་དངོས་གཉིས་ལས། དང་པོ་ནི། དངོས་སྟ་སྦྲེལ་ན་བུམ་པ་སྟ་གོན་གྲུབ་པའི་དེ་མ་ཐག་པར་དམ་རྫས་རྣམས་ཚོགས་པར་བྱས་ནས། ནང་སྐོར་ཁྲོ་བོའི་མཆོད་པ་བྱིན་རླབས་ཀྱི་བྱང་བུ་ནས་བསྟོད་པའི་མཇུག་ཏུ་ཛཔ྄་ཁང་དབྱེ་བ་ནི། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ྄༔ ཛཔ྄་དམིགས་བཅས་བཟླས་པ་གྲུབ་ཀྱི་བར་དང༌། དབང་གཞུང་ལས། ཐེག་པ་དགུ་ཡི་དཀྱིལ་འཁོར་རྣམས༔ རྩ་བའི་འཁོར་གྱི་ཚུལ་ཏུ་བསྒོམ༔ དཔེར་ན་རྩ་བའི་ཤེལ་གཅིག་ལ༔ ཐོ་ཕྱིར་འཇའ་ཚོན་ཤར་བཞིན་བསྒོམ༔ ཞེས་གསུངས་པ་ལྟར། ཆོས་ཉིད་ལྟ་བའི་ཀློང་དུ་ཐེག་དགུའི་ཡོན་ཏན་གཞིར་རྫོགས་ཐམས་ཅད་དཀྱིལ་འཁོར་གྱི་ལྷ་ཡི་རོལ་པར་ཤར་བའི་ངེས་པས་ཡན་ལག་གི་དཀྱིལ་འཁོར་དུ་བཀོད་པའི་བུམ་པ་སོགས་དབང་རྫས་རྣམས་ཡེ་ཤེས་ཀྱི་རོལ་པར་ཤེས་པས་ལྟ་བའི་ངང་བསྐྱངས་ཏེ་བཟླས་པ་བྱ་བ་གལ་ཆེ་ཞིང༌། རྣམ་པ་ཙམ་དུ། མདུན་བསྐྱེད་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་ཆེན་པོའི་ཕྱི་རོལ་རྡོ་རྗེའི་སྲུང་གུར་ནང་གི་བྱང་ཤར་དུ་ངན་སོང་ཀུན་འདྲེན་སྒོ་འབྱེད་ཕྱག་རྡོར་གྱི་དཀྱིལ་འཁོར་གསང་བདག་འཁོར་ཐུབ་པ་དྲུག །ནུབ་བྱང་དུ་ལྷ་མིའི་ཐེག་པར་སྟོན་པ་ཟས་གཙང་སྲས་འཁོར་ལོས་བསྒྱུར་བའི་ཆས་ཅན་ལ་འཁོར་རང་འདྲ་བཞི་དང་ལྷ་ཡི་སྟོན་པ་དབང་པོ་བརྒྱ་བྱིན་ལྷ་ཡི་ཆས། ལྷོ་ནུབ་ཏུ་ཉན་ཐོས་ཐེག་པའི་སྟོན་པ་ཐུབ་དབང་མཆོག་གི་སྤྲུལ་སྐུའི་ཚུལ། འཁོར་ཉན་ཐོས་རྣམ་པ་བཞི། ཤར་ལྷོར་རང་རྒྱལ་སྟོན་པ་རང་སངས་རྒྱས་དགྲ་བཅོམ་པ་རབ་བྱུང་གི་ཚུལ། བྱང་དུ་བྱང་སེམས་ཉེ་སྲས་བརྒྱད་སེམས་དཔའི་ཆ་བྱད་ཅན། ནུབ་ཏུ་བྱ་རྒྱུད་མི་འཁྲུགས་པ་ལ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར་བ། ལྷོར་སྤྱོད་རྒྱུད་ལ་རྣམ་སྣང༌། སྣང་མཐའ། མི་བསྐྱོད་པ། རིན་འབྱུང་རིགས་བཞི། ཤར་དུ་རྣལ་འབྱོར་རྒྱུད་རྣམ་སྣང་ཞལ་བཞི། ཕྱག་མཉམ་བཞག་འཁོར་ལོ། ཡུམ་དབྱིངས་ཕྱུག་མ་སེམས་སྐྱིལ་གྱིས་མདུན་དུ་བཞུགས་པ། གཞན་རིགས་བཞི་ལོངས་སྐུའི་ཆས་མཉམ་བཞག་རང་རྟགས་རྡོར་དཀྱིལ། ཡུམ་བཞི་ཕྱག་གཡས་གར་རྒྱ། གཡོན་རང་རྟགས། ཞབས་སེམས་སྐྱིལ་ཅན་རྣམས་ཀྱང་དྭངས་པའི་མཁའ་ལ་འཇའ་ཚོན་ཤར་བ་ལྟར་བཀྲ་ལམ་གྱིས་གསལ་བར་གྱུར། ཞེས་བརྗོད་ནས་རང་འདྲའི་སྐལ་མཉམ་གྱིས་འདི་བཞིན་མོས་པས་གསལ་འདེབས་གནང་བ་གལ་ཆེ་སྙམ་ཞིང༌། ནང་སྐོར་ཁྲོ་བོའི་སྔགས་བྱང་ལྟར་བཟླས་པའང་སྦྱར། བུམ་པ་བསྒྲུབས་ཟིན་མ་ཐག་པ་ཡིན་པས་མི་དགོས། སྨན་གྱི་ཕོ་བྲང་ལ་དམིགས་ཏེ་བདུད་རྩི་སྨན་སྒྲུབ་ངག་འདོན་གཏེར་གཞུང་ཞི་བ་དང༌། ཁྲོ་བོ་ལ། དབྱིངས་ཀྱི་བྷནྡྷ་སོགས་ནས་བཟླས་པ་སྨན་སྲུང་སྤྱན་དྲངས་བཅས་ཚང་མ་བསྡུས་ཙམ་བྱ། བཀའ་གཏེར་སྲུང་མའི་གཏོར་བསྔོ། ཚོགས་མཆོད་དང་ལས་བུམ་ལ་རྡོར་སེམས་བསྐྱེད་པའམ་སྙིང་པོས་བརླབ། རིག་པའི་མེ་ཏོག་དོར་བ་རྣམས་གྲུབ་ནས། གཉིས་པ་ནི། སློབ་མ་རྣམས་བོས། སྒོའི་ཕྱི་རོལ་དུ་ཁྲུས་ནས་དབྱུང༌། ནང་དུ་ཞུགས་པ་ན་བགེགས་ལ་གཏོར་མ་སྦྱིན་ཅིང་བསྐྲད། སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་བྱས་ནས་སེམས་བསྐྱེད་གསལ་གདབ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་རང་རེ་རྣམས་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་འདི་ལྟ་བུ་ཐོབ་པ་རེས་འགའ་ཙམ་ཡིན། ཐོབ་པ་དེ་ཡང་ཡུན་དུ་མི་རྟག་ཅིང་མྱུར་དུ་འཇིག་པའི་ཆོས་ཅན་ཡིན་པས་དེ་བས་ན་མྱུར་བ་ཉིད་དུ་དམ་པའི་ཆོས་ལ་འབད་པ་དྲག་པོ་ཅི་ནས་ཀྱང་བྱ། དེ་ཡང་རྗེས་སུ་ལས་དཀར་ནག་གང་བྱས་བསགས་པའི་འབྲས་བུ་བདེ་སྡུག་ལ་ལོངས་སྤྱོད་ཅིང་ཟག་བཅས་འཁོར་བའི་གནས་འདིར་བདེ་བ་ལྟར་སྣང་བ་རྣམས་ཀྱང་སྡུག་བསྔལ་གྱི་རྒྱུ་ཁོ་ན་ལས་མ་འདས་པས་དེ་བས་ཁམས་གསུམ་འཁོར་བ་ལ་ངེས་པར་འབྱུང་བའི་བློ་ཤུགས་དྲག་ཏུ་བསྐྱེད་ཅིང་རྒྱུ་འབྲས་བླང་དོར་ལ་ཕྲ་ཞིང་ཕྲ་བ་ནས་བརྩོན་པ་ལྷུར་ལེན་པ་གལ་ཆེ་ཞིང་སྒྲུབ་པར་བྱ་བ་དམ་པའི་ཆོས་དེ་ལ་ཡང༌། གདུལ་བྱའི་ཁམས་དབང་དང་མཚམས་པར་ཆོས་ཚུལ་བསམ་གྱི་མི་ཁྱབ་པ་ལ་རེ་ཞིག་སྤང་གཉེན་གྱི་དབང་དུ་བསྡུ་ན། སངས་རྒྱས་གསང་བའི་རྣམ་འཇོམས་གཟུངས་འགྲེལ་ལས། སངས་རྒྱས་མཆོག་གིས་ཆོས་གསུངས་པ། །འདུལ་བ་མདོ་སྡེ་མངོན་པ་དང༌། །རིག་པ་འཛིན་པའི་སྡེ་བཞིར་གནས། །ཞེས་སྡེ་སྣོད་བཞིར་དབྱེ་བ་དང་སྔ་འགྱུར་རང་སྐད་ཐུན་མོང་མིན་པར་སྤྱི་མདོ་དགོངས་འདུས་ལས། ལང་ཀའི་བདག་པོ་གཞན་ཡང་གང༌། །དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིག །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུམ་དུ་སྣང་བ་ལས་རེ་རེ་ལའང་གསུམ་གསུམ་དུ་ཕྱེ་བས་དགུར་འགྱུར་ཏེ། ཀུན་འབྱུང་འདྲེན་པའི་ཐེག་པ་ནི། ཉན་ཐོས་རང་རྒྱལ་བྱང་སེམས་ཏེ་མཚན་ཉིད་སྡེ་གསུམ་དང༌། དཀའ་ཐུབ་རིག་བྱེད་ཐེག་པ་ནི། ཀྲི་ཡ་ཨུ་པ་ཡོ་ག་སྟེ་ཕྱི་རྒྱུད་སྡེ་གསུམ་དང༌། དབང་བསྒྱུར་ཐབས་ཀྱི་ཐེག་པ་ནི། རྒྱུད་མ་ཧཱ་ཡོ་ག །ལུང་ཨ་ནུ་ཡོ་ག །མན་ངག་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་སྡེ་གསུམ་རྣམས་སུ་དབྱེ་བ་དང༌། ལང་ཀར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །དེ་བཞིན་དུ་ནི་ཉན་ཐོས་དང༌། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་ཐ་དད་པར་བཤད་དོ། །ཞེས་མངོན་མཐོའི་ཐེག་པ་གཉིས། ངེས་པར་ལེགས་པའི་ཐེག་པ་གསུམ་དང་ལྔར་དབྱེ་བ་རྣམས་སུ་ཡོད་པས་མདོ་རྒྱུད་དེ་དག་གི་རྗེས་སུ་འབྲངས་ནས་ཉམས་ལེན་མངོན་རྟོགས་ཀྱི་རིམ་པ་སོ་སོའི་ལམ་རང་རང་ལྟ་སྒོམ་སྤྱོད་པའི་ཉམས་ལེན་རང་རྐྱ་ཐུབ་པ་དང༌། གསང་སྔགས་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་ལམ་སྟེགས་སུ་བསྟན་པས་མཐར་ཐུག་སྔགས་ཀྱི་ལྟ་སྤྱོད་ལས་གཞན་དུ་མ་གྱུར་ཀྱང་ལམ་ཉམས་ལེན་ཐེག་དགུ་རང་རང་དང་མི་འགལ་བར་བཀྲལ་ཞིང་འཇུག་སྒོ་དབང་གིས་སྨིན་པར་བྱ་བ་སྔ་འགྱུར་བཀའ་མ་ལུང་ཨ་ནུ་ཡོ་ག་མདོ་ཚོགས་ཆེན་འདུས་པ་དང༌། གཏེར་ཁ་དུ་མ་ལས་ཀྱང་འབྱུང་བའི་བཀའ་སྲོལ་གཉིས་ལས་འདིར་ཟབ་མོ་གཏེར་གྱི་ཕྱོགས་ཡིན། དེ་ལ་ཡང་ཐེག་དགུ་ཡོངས་རྫོགས་ཀྱི་དབང་བསྐུར་མང་དུ་བཞུགས་པ་ལས་འདིར་དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ནང་སྐོར། ཆོས་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་ལས་མི་འདའ་བར་བསྟན་པ་ཀློང་དགུ་བམ་པོ་ཉི་ཁྲིའི་རྒྱུད་ཀྱི་བཅུད་ཕྱུང་བ་མན་ངག་གི་རྩ་བ་སྤྲུལ་སྐུ་དགའ་རབ་རྡོ་རྗེའི་མདོ་ལུང་ཆེན་པོའི་རྒྱུད་ལས་བཏུས་པའི་རིག་འཛིན་ཤྲཱི་སིང་ཧའི་མན་ངག་གི་ཁྱད་ཆོས་སུ་བཞག་པ་རྫོགས་པ་ཆེན་པོ་ཀློང་སྡེའི་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོ་དང་ཡན་ལག་ཐེག་པ་དགུ་བསྒྲིལ་གྱི་དབང་སྟེ། གཞུང་ལས། དེ་ལྟར་སྡེ་གསུམ་ནང་སྐོར་གྱི༔ རྩ་བ་ཡན་ལག་དཀྱིལ་འཁོར་པའི༔ སྔགས་ཀྱི་ཕྲེང་བ་དགོངས་པ་བཅས༔ ཤྲཱི་སིང་ཧའི་ཐུགས་ཀྱི་བཅུད༔ ཐུན་མོང་མ་ཡིན་ལུང་ཆེན་པོའི༔ བཅུད་འདྲིལ་མན་ངག་ཡང་ཞུན་འདི༔ བཻ་རོ་བདག་གི་ཐུགས་དམ་སྟེ༔ ད་ལྟ་སྤེལ་ཕངས་གཏེར་དུ་སྦས༔ མ་འོངས་མངའ་བདག་ཡབ་སྲས་ཀྱི༔ སྤྲུལ་པ་སྒྱུ་མའི་སྐྱེས་བུ་ཟུང༔ དུས་ཀྱི་ཐ་མར་འབྱུང་བ་དང༔ འཕྲད་ནས་གཞན་ལ་ཕན་པར་ཤོག༔ ཅེས་གསུངས་པ་ལྟར་འཇམ་མགོན་ཉི་ཟླ་ཟུང་གཅིག་གིས་ངེས་གསང་བསྟན་པའི་མེ་རོ་གསོ་བའི་སྲོག་གི་ཟུངས་སུ་ས་སྟེང་དུ་སྣང་བར་མཛད་པ་ཕྲིན་ལས་ཉི་མ་མཐའ་ཡས་ཞེས་སྔོན་འགྲོ་འཇུག་པའི་ཆོས་བཅུ། རྩ་བ་དགུ་བསྒྲིལ། མཐའ་རྟེན་ཡན་ལག་གཉིས་དང་བཅས་ཉི་ཤུ་ཐམ་པའི་དབང་གི་གཏེར་མཛོད་རྣམས་དཀྱུས་གཅིག་ཏུ་བསྐུར་བ་ལ་སྟ་གོན་དང་དངོས་གཞི་གཉིས་ལས། ཐོག་མར་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྡ་སྦྱར་ལ་མཎྜལ་འབུལ། དེ་ནས་ལག་གཉིས་སྙིམ་པ་མེ་ཏོག་གིས་བཀང་སྟེ་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོཿ འདྲེན་པའི་གཙོ་བོ་བླ་མ་རྗེ༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ ཐར་པའི་ལམ་མཆོག་སྟོན་དང༔ ཐུགས་རྗེས་བརྩེ་བར་བཟུང་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས་ལན་སྦྱིན་པ་ནི། ཧོཿ ཐར་པ་དོན་གཉེར་སྐལ་ལྡན་རྣམས༔ ཚུར་ཤོག་ཇི་ལྟར་འཚམ་པ་ཡི༔ ལམ་མཆོག་བདག་གིས་སྟོན་པས་ན༔ སྐལ་པ་ལྡན་རྣམས་སྤྲོ་བ་སྐྱེད༔ རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཆེན་པོ་སངས་རྒྱས་ཆོས་ཀྱི་སྐུ། རང་མདངས་མ་འགག་པར་གསལ་བ་དམ་པའི་ཆོས། སྣ་ཚོགས་ཅི་ཡང་ཤར་བ་དགེ་འདུན་ཏེ་དེ་ལྟ་བུའི་གནས་ལུགས་ཡོངས་ཤེས་ཀྱི་ངང་ནས་རིག་པའི་སྣང་ཆ་མདུན་གྱི་ནམ་མཁར་སྐྱབས་གནས་དཀོན་མཆོག་རྩ་གསུམ་རྒྱ་མཚོ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་འཇིགས་པ་ལས་བསྒྲལ་བའི་བློས་དྭངས་འདོད་ཡིད་ཆེས་ཀྱི་དད་པ་དྲག་པོ་བསྐྱེད་དེ་དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར་དུ་མི་ཕྱེད་གུས་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས། ངོ་བོ་སྟོང་པ་རྫོགས་སངས་རྒྱས༔ རང་བཞིན་གསལ་བ་དམ་པའི་ཆོས༔ སྣ་ཚོགས་སྤྲུལ་པའི་ཚོགས་མཆོག་ལ༔ དབྱེར་མེད་ཆེན་པོར་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པའི་སླད་དུ་སེམས་ཅན་ཐམས་ཅད་ཡེ་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་བྲི་གང་འཕོ་འགྱུར་བྲལ་བ་བཞུགས་པ་ལ། རང་ངོ་མ་ཤེས་པས་བསྒྲིབས་ཏེ་བདག་གཞན་དུ་སྒྲོ་བཏགས་པའི་གཉིས་ཆོས་ཀྱི་འཁྲུལ་པས་བཅིངས་པའི་འགྲོ་བ་རྣམས་སྲིད་ཞིར་མི་གནས་པའི་དཔལ་ཆེན་རང་བྱུང་ཁྲོ་བོའི་རྒྱལ་པོའི་ཡེ་ཤེས་ཀྱི་ཀློང་དུ་བསྒྲལ་བར་བྱའོ་སྙམ་པའི་བློས་ཕྱོགས་ལྷུང་དང་བྲལ་བར་ཁྱབ་གདལ་ཆེན་པོར་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཨེ་མ་ཧོ་ཆོས་དབྱིངས་རྣམ་དག་ནས༔ སྒྲོ་བཏགས་མ་རིག་འཁྲུལ་པའི་འགྲོ༔ ཡེ་ཤེས་ཀློང་དུ་བསྒྲལ་བའི་ཕྱིར༔ ཁྱབ་གདལ་ཆེན་པོར་སེམས་བསྐྱེད་དོ༔ ལན་གསུམ། སླར་ཡང་ཞིང་མཆོག་དེ་དག་གི་སྤྱན་སྔར་བསགས་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བརྒྱད་པ་བགྱི་བ་ལ། ཆོས་དབྱིངས་མཐའ་དབུས་བྲལ་བའི་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་དམིགས་མེད་ལྟ་བའི་ངང་ནས་གཉིས་སུ་མེད་པར་ཕྱག་འཚལ་ཞིང༌། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཀློང་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྤང་བླང་མཚན་འཛིན་མེད་པར་སྒྲིབ་བྲལ་དུ་གསལ་བས་སྣང་སྲིད་ཐམས་ཅད་མཆོད་པར་འབུལ་བ་དང༌། དགེ་སྡིག་གི་ཆོས་ཐམས་ཅད་སྤང་བླང་འཛིན་མེད་མཉམ་པ་ཉིད་ཀྱི་ཀློང་དུ་གནས་པ་མ་ཤེས་པས་རྒྱུ་འབྲས་གཉིས་སུ་འཛིན་པའི་སྡིག་ལྟུང་ཐམས་ཅད་བཤགས་པ་དང༌། ཆོས་ཅན་གྱི་སྣང་ཆ་མ་འདྲེས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཀློང་དུ་ཕྱོགས་དུས་ཀྱི་སློབ་དང་མི་སློབ་ཟག་བཅས་ཟག་མེད་ཀྱི་དགེ་ཆོས་ཐམས་ཅད་རྣམ་པར་རང་རྩལ་དུ་གསལ་བ་ལ་སོ་སོ་རང་རིག་པས་རྗེས་སུ་ཡི་རང་ཞིང༌། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ཀློང་དུ་གང་ལ་གང་འདུལ་གྱི་འདོད་རྒུ་ཐམས་ཅད་འབྱུང་བའི་ཕྲིན་ལས་ལ་འབད་མེད་ལྷུན་གྲུབ་ཆེན་པོར་དབང་འབྱོར་བས་རིགས་ཅན་གསུམ་ལ་བློ་རིམ་དང་མཚམས་པའི་ཆོས་འཁོར་རྒྱུན་མི་འཆད་དུ་བསྐོར་བར་བསྐུལ་བ་དང༌། སྲིད་ཞིར་མི་གནས་ཤིང་བདེན་གཉིས་དབྱེར་མེད་ཆེན་པོར་ཆོས་གཟུགས་ཀྱི་སྐུ་གཉིས་རྟག་པར་འདུ་འབྲལ་མེད་པར་བཞུགས་པ་དང༌། དེ་ལས་བྱུང་བའི་དགེ་བ་དམ་པས་མཐའ་བྲལ་གཟུང་འཛིན་གྱི་སྒྲིབ་པ་ཕྲ་རགས་ལས་འདས་པའི་ཆོས་དབྱིངས་ཡེ་ཤེས་ཆེན་པོའི་ཀློང་དུ་མངོན་པར་བྱང་ཆུབ་པར་བསྔོ་བ་སྟེ་དོན་དེ་རྣམས་དྲན་བཞིན་པས་རྗེས་ཟློས། དམིགས་མཐའ་བྲལ་བའི་བདེ་གཤེགས་ལ༔ ཆོས་དབྱིངས་ཀློང་དུ་ཕྱག་འཚལ་ལོ༔ མེ་ལོང་ཀློང་དུ་མཆོད་པ་འབུལ༔ མཉམ་ཉིད་ཀློང་དུ་མ་ཤེས་བཤགས༔ མ་འདྲེས་ཀློང་དུ་རྗེས་ཡི་རང༔ འདོད་རྒུ་འབྱུང་བའི་ཆོས་འཁོར་བསྐོར༔ བདེན་པ་གཉིས་སུ་བཞུགས་སུ་གསོལ༔ གཉིས་མེད་དབྱིངས་སུ་འབྲས་ཐོབ་ཤོག༔ ལན་གསུམ། དེ་ནས་ཚོགས་ཞིང་དཔང་པོར་བཞུགས་པའི་སྤྱན་སྔར་སྐྱབས་འགྲོ་ནས་བཟུང་ངེས་འབྱུང་གི་བློས་སོ་ཐར་གྱི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པ་དང༌། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་རྡོ་རྗེ་ཐེག་པ་བདེ་གཤེགས་རིགས་ལྔའི་ཕྱི་ནང་གསང་བའི་སྡོམ་པ་དང་དམ་ཚིག་རྣམས་གཟུང་བར་བགྱིའོ་སྙམ་པས་རྗེས་ཟློས། བདེ་གཤེགས་སྲས་བཅས་དགོངས་སུ་གསོལ༔ བདག་གིས་དཀོན་མཆོག་གསུམ་གཟུང་ཞིང༔ དེ་བཞིན་མཁན་པོ་ཕ་མ་ལ༔ དགེ་བའི་གྲོགས་ལ་བཀུར་སྟི་དང༔ དགེ་བཅུ་ཕར་ཕྱིན་བདག་གིས་སྤྱད༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ མགོན་པོས་ལམ་མཆོག་བསྟན་དུ་གསོལ༔ ལན་གསུམ། དེ་ལྟར་རྒྱུད་སྡོམ་ལྡན་དུ་བྱས་པ་ལ། སློབ་དཔོན་གྱི་དཀྱིལ་འཁོར་དུ་འཇུག་པར་གནང་བ་སྦྱིན་པ་ནི། དེ་ལྟར་ཡིན་ན་གསང་སྔགས་ཀྱི༔ དཀྱིལ་འཁོར་དྲུག་ཏུ་འཇུག་རུང་ཡིན༔ བརྟགས་ཕྱིར་སྟ་གོན་ལེགས་པར་གྱིས༔ ཞེས་གདམས་ཏེ། དང་པོ་དངོས་གྲུབ་ཀྱི་ལྟས་བརྟགས་པའི་ཕྱིར་སོ་ཤིང་སྦྱིན་པ་ནི། མཁའ་དབྱིངས་ཀྱི་རྒྱས་སོ་ཤིང་བཟུང་སྟེ་རྩེ་མོས་སོ་བྲུས་པ་ལྟར་བྱས་པས་ལུས་ཀྱི་སྒྲིབ་པ་དག །བུམ་དབང་གི་སྣོད་རུང་དུ་བྱས་ལ་དངོས་གྲུབ་ཀྱི་ལྟས་བརྟགས་པའི་དོན་དུ་ལྟོས་པར་མེད་པར་འདིའི་རྗེས་ཟློས་དང་བཅས་ཏེ་མཎྜལ་དུ་འདོར་བར་ཞུ། ཧོཿ ཆོས་དབྱིངས་མཎྜལ་རྣམ་པར་དག༔ ཡེ་ཤེས་ལྔ་ཡི་ཚོམ་བུར་གསལ༔ བདག་གི་དུག་ལྔ་ཡེ་ཤེས་སུ༔ སངས་ནས་སྐལ་པ་མཐོང་བར་ཤོག༔ བཛྲ་ཧ་ས་ཧ༔ ལྟས་བརྟགས་པ་ནི། ཕྱོགས་བཞི་དབུས་ནི་རིགས་ལྔ་དང༔ སྟེང་འོག་མཁའ་ཡི་དངོས་གྲུབ་ཐོབ༔ མ་འཛིན་ངན་པས་བཤགས་ཤིང་བསྐྱར༔ ཞེས་གསུངས་སོ། །ཁྱོར་ཆུ་སྦྱིན་པ་ནི། ཁྱོར་ཆུ་ལག་གཡས་སུ་ལན་གསུམ་བྱིན་པ་ཧུབ་གསུམ་དུ་བཏུང་ཞིང་ལྷག་མས་ཁྲུས་བྱས་པས་ངག་གི་སྒྲིབ་པ་དག་ཅིང་གསང་དབང་གི་སྣོད་རུང་དུ་བྱས་པར་མོས། དུང་ཞལ་གྱི་ཆུ་ཐོགས་ནས། རྨི་ལམ་བརྟགས་ཏེ་དེ་གསལ་ཕྱིར༔ དྲི་མེད་ཁྱོར་ཆུ་བདུད་རྩིའི་མཚོ༔ རྣམ་པར་དག་པ་ཁྲུས་ཀྱི་ཆུས༔ བག་ཆགས་ངན་པ་སངས་གྱུར་ནས༔ སྐལ་བཟང་རྨི་ལམ་མཐོང་བར་ཤོག༔ ལས་སྔགས་རྡོར་སེམས་སྙིང་པོ་བཟླ་བཞིན་དུ་སྦྱིན། སྲུང་སྐུད་བཅིངས་པ་ནི། ལས་སྔགས་རྡོར་སེམས་སྙིང་པོས་བསྔགས་ཏེ། བར་ཆད་བསལ་ཕྱིར་ལས་སྔགས་ཀྱིས༔ བསྔགས་པའི་རྡོ་རྗེའི་སྲུང་སྐུད་བཏགས༔ ཞེས་གསུངས་པ་ལྟར་ཕྲིན་ལས་ཀྱི་ལྷ་ཡི་རང་བཞིན་དུ་བྱིན་གྱིས་བརླབས་པའི་སྲུང་སྐུད་སྐྱེས་པའི་དཔུང་པ་གཡས། བུད་མེད་ཀྱི་གཡོན་དུ་བཅིངས་པས་ཁམས་ཀྱི་སྒྲིབ་པ་སྦྱངས་ཤིང་ཤེར་དབང་གི་སྣོད་རུང་དུ་བྱས་པར་མོས། རྨི་ལམ་མི་འཁྲུགས་པའི་ཕྱིར་དུ་དྷཱི་དང་ཁྃ་ལས་བྱུང་བའི་ཀུ་ཤའི་ཆུན་པོ་སྔས་དང་སྟན་གྱི་དོན་དུ་སྦྱིན་པ་ནི། ཧཱུྃ༔ ཐབས་ཀྱི་དྷཱི་ལས་སྐྱེས་པ་དང༔ ཤེས་རབ་ཁྃ་ལས་སྐྱེས་པ་ཡི༔ གཙང་ཞིང་དགེ་བའི་སྔས་སྟན་ལ༔ ཉལ་ཏེ་ལྷ་ལ་སེམས་བཟུང་ལ༔ བཟང་ངན་གང་བྱུང་བདག་ལ་སྟོན༔ གང་ཡང་ཆོས་ཉིད་ཀློང་དུ་ཞོག༔ བཛྲ་དྷཱི་ཁྃ༔ སྡིག་སྦྱོང་ནི། ཏིལ་དང་མེ་ཆུ་བཤམ་ལ། ཁྱེད་རང་དབང་གིས་སྨིན་པར་བྱེད་པའི་འགལ་རྐྱེན་སྡིག་སྒྲིབ་སྦྱང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། ཐ་མལ་ལུས་ཀྱི་རྐང་མཐིལ་ལ། །ཡྃ་དང་ལྟེ་བར་རྃ་སྙིང་གར༔ སྡིག་པ་ཀྃ་ཡིག་རྣམ་པར་གནས༔ སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས༔ ཡྃ་རྃ་རླུང་མེའི་སྦྱོར་བ་ཡིས༔ ཀྃ་ཡིག་སློབ་མའི་སྣ་ནས་ཐོན༔ ཏིལ་ལ་བསྟིམ་ལ་སྡིག་མཛུབ་ཀྱིས༔ ཡེ་ཤེས་མེ་དང་ཆུ་ལ་སྦྱངས༔ ཨོཾ་སརྦ་པཱ་པཾ་ཨ་པ་ནཱ་ཡ་བི་ཤུདྡྷེ་སྭཱ་ཧཱ༔ ཞེས་པའི་སྔགས་ལན་གསུམ་གྱིས་ཏིལ་བསྲེག་མེ་ཆུར་དོར། སྒོ་གསུམ་རྡོ་རྗེ་གསུམ་དུ་དག་ཅིང་དབང་ཤེས་ལྷ་ཡི་རོལ་པར་ཤེས་པས་སྨིན་རུང་དུ་བྱེད་པའི་ཕྱིར་ཁྱེད་རང་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་གསལ་བའི་གནས་གསུམ་དུ་དྲི་ཡི་ཐིག་ལེ་བྱ་སྟེ། ཨོཾ་ཨཱ་ཧཱུྃ༔ ཞེས་གནས་གསུམ་དུ་དྲི་ཡི་ཐིག་ལེ་བཀོད། འབྲུ་གསུམ་ལ་བསྒོམ་རྒྱལ་རྣམས་ཀྱི༔ གསང་གསུམ་བྱིན་རླབས་ཐམས་ཅད་བསྟིམ༔ དེ་ཉིད་ལ་ཉེ་བར་སྤྱོད་པ་རྣམས་ཀྱིས་མཆོད་པར་གྱུར། ཨོཾ་བཛྲ་པུཥྤེ་སོགས་ནས། ནཻ་ཝིདྱའི་བར་མཆོད་པ་རྣམ་ལྔས་མཆོད། ཟམ་མོའི་ཆོས་བཤད་པས་སྤྲོ་བ་སྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ༌། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །དེ་རྣམས་ཀྱིས་སློབ་མ་སྟ་གོན་གྲུབ་ནས། དངོས་གཞིའི་དབང་བསྐུར་བ་ལ། སྣོད་བཅུད་དབྱིངས་ཡེ་གཉིས་མེད་ཀྱི་དཀྱིལ་འཁོར་དུ་རང་ཤར་བར་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལམ་བྱེད་ཨ་ནུ་ལུང་གི་མདོ་བཞི་ལ་སོགས་པའི་དགོངས་པ་དབང་གི་ཆུ་བོ་བཞི་རྒྱུན་མ་ཆད་པ། འཕགས་པའི་ཡུལ་དུ་རྒྱལ་པོ་ཛཿལས་བརྒྱུད་པ་གནུབས་སངས་རྒྱས་ཡེ་ཤེས་རིན་པོ་ཆེས་རྒྱ་བལ་བྲུ་ཤའི་སློབ་དཔོན་བཞི་ལས་དབང་རྒྱུད་བཤད་མན་ངག་དང་བཅས་པ་གསན་པའི་རྒྱུན་སྔ་འགྱུར་བཀའ་མའི་རིང་ལུགས་མ་ཉམས་པར་བཞུགས་པའི་དགོངས་པ་དང་མི་འགལ་ཞིང༌། བསྐྱེད་རྫོགས་ཉམས་ལེན་གྱི་རིམ་པ་རྫོགས་པ་ཆེན་པོ་ཀློང་སྡེའི་མན་ངག་ལྟར་བཀྲལ་བའི་ཡི་དམ་མངོན་རྫོགས་རྒྱལ་པོ་ཐེག་དགུའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་དབང་བསྐུར་ཚུལ་ཟབ་མོ་གཏེར་གྱི་བཀའ་བབ་ལས་བྱུང་བའི་སྔོན་མེད་ངོ་མཚར་རྨད་དུ་བྱུང་བའི་གསང་བའི་ལམ་ཁྱད་པར་དུ་འཕགས་པ་སྟེ། དེ་ཡང་དབང་གི་ངོ་བོ་ནི། རྒྱུ་གཉིས་རྐྱེན་བཞི་ཚོགས་ལ་བརྟེན་ནས་གོ་འཕང་གི་ཆོས་རྒྱུད་ལ་འཇོག་པའི་ལས་ཀྱི་དྲི་མ་བྱང་བས་ཉམས་སྨད་པར་བྱས་ཤིང་ཐར་པའི་མྱུ་གུ་མངོན་དུ་སྐྱེས་པའམ་སྐྱེ་ངེས་ཀྱི་ས་བོན་ཁྱད་པར་ཅན་གསོས་ཐེབས་པས་ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་མཐུ་ཅན་དུ་བྱས་པ་སྟེ་ས་བོན་གསོས་ཐེབས་པའི་ཆ་དེ་སྔགས་ཀྱི་སྡོམ་པའང་ཡིན་ལ་དམ་ཚིག་ཀྱང་ཡིན་ནོ། །ངེས་ཚིག་ནི། ཨ་བྷི་ཥིཉྩའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བས་ན་དབང་སྟེ། སྦྱང་བྱ་སྒོ་གསུམ་གྱི་དྲི་མ་གཏོར་ཞིང་འཁྲུད་པར་བྱེད་པའི་ཕྱིར་དང༌། ཡང་ན་མངོན་པར་བླུགས་པས་ན་དབང་སྟེ། ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་གི་ནུས་པ་ཁྱད་པར་ཅན་རྒྱུད་ལ་འཇོག་པའི་ཕྱིར། དེ་ལྟར་ཡང་བརྟག་གཉིས་ལས། །གཏོར་དང་བླུགས་པ་ཞེས་བྱ་བ། དེས་ན་དབང་ཞེས་བརྗོད་པར་བྱ། ཞེས་གསུངས། དབྱེ་ན་དབང་དོན་བསྡུས་པ་ལས། རྗེས་འཇུག་ལས་ཀྱི་དང་པོ་ལ། །ཆུ་བོ་བཞི་ཡི་དབང་བསྐུར་བ། །ཡོ་ག་ལ་སོགས་ཐེག་དྲུག་ལ། །ཕྱི་དབང་རྒྱུད་ཀྱི་ཆུ་བོས་བྱ། །བསྐྱེད་པ་མ་ཧཱ་ཡོ་ག་ལ། །ནང་དབང་འབྱུང་བའི་ཆུ་བོས་བྱ། །རྫོགས་པ་ཨ་ནུ་ཡོ་ག་ལ། །སྒྲུབ་དབང་གྲགས་པའི་ཆུ་བོས་བྱ། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །གསང་དབང་རྫོགས་པའི་ཆུ་བོས་བྱ། །ཞེས་གསུངས་པ་ལྟར། སྒོ་འབྱེད་ཀྱི་དབང་དང༌། ལྷ་མིའི་ཐེག་པའི་དབང༌། ཐེག་རིམ་དགུའི་དབང་རྣམས་བཞུགས་ཤིང༌། ནང་གསེས་ཀྱི་དབྱེ་བ་དུ་མ་དང་བཅས་པའི་དབང་བསྐུར་རྣམས་རིམ་པར་བསྒྲུབ་པར་བགྱི་བ་ལ། ཐོག་མར་སྒོ་འབྱེད་ཕྱག་རྡོར་ངན་སོང་ཀུན་སྦྱོང་གི་དབང་བསྐུར་བ་ནི། རྩ་བའི་དཀྱིལ་འཁོར་ཆེན་པོའི་བྱང་ཤར་ངན་སོང་སྦྱོང་བའི་དཀྱིལ་འཁོར་གྱི་གཙོ་བོ་གསང་བའི་བདག་པོ་ངན་སོང་ཀུན་འདྲེན་གྱི་ལྷ་ཚོགས་འཁོར་དང་བཅས་པ་ནམ་མཁའ་གང་བར་བྱོན་ནས་བུམ་པ་བདུད་རྩིས་གང་བའི་ཡེ་ཤེས་ཀྱི་ཆུ་རྒྱུན་གྱིས་སྤྱི་བོ་ནས་ཁྲུས་མཛད་པས་དུག་གསུམ་རྒྱུ་འབྲས་དང་བཅས་པ་དབྱིངས་སུ་དག་པར་མོས་ཤིག །བུམ་པ་ཐོགས་ཏེ། ཧཱུྃ༔ བྱང་ཤར་དཀྱིལ་འཁོར་ཆེན་པོ་ནས༔ ཕྱག་ན་རྡོ་རྗེ་དབྱིངས་ནས་བཞེངས༔ བཀྲ་ཤིས་ཁྲུས་ཀྱི་བུམ་པ་འདིར༔ རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཆུ༔ སློབ་མའི་དུག་གསུམ་སྒྲིབ་སྦྱངས་ནས༔ ན་རཀ་གནས་རྣམས་དོང་སྤྲུགས་ཤོག༔ ཨོཾ་བཛྲ་པཱ་ཎི་ཧཱུྃ་ཕཊ྄༔ ཁྲུས་བྱ། ཡུངས་ཀར་གྱིས་བྲབ། ཁྱེད་རང་ཐ་མལ་དུ་གནས་པའི་རྐང་མཐིལ་དུ་དུཿནག་པོ། གསང་བར་པྲེ་ཐལ་སྐྱ། ལྟེ་བར་ཏྲི་སྔོ་ནག་གི་རྣམ་པ་ལ་ངོ་བོ་ཉོན་མོངས་དུག་གསུམ་གྱི་ལས་དང་བག་ཆགས་ཐམས་ཅད་འདུས་པ་སློབ་དཔོན་དང་གསང་བའི་བདག་པོ་དབྱེར་མེད་པའི་ཕྱག་སོར་རིགས་ལྔ་ཡབ་ཡུམ་མཉམ་པར་སྦྱོར་བའི་སྦྱོར་མཚམས་ནས་འོད་ཟེར་གྱི་ཕྲེང་བ་སྤྲོས་པས་ངན་སོང་གསུམ་གྱི་ས་བོན་བག་ཆགས་དང་བཅས་པ་བ་མོ་ལ་ཉི་ཟེར་ཕོག་པ་བཞིན་སངས་ཀྱིས་སྦྱངས་པར་བསམ། ཨོཾ་བཛྲ་སུ་ར་ཏི༔ ཨོཾ་བཛྲ་ཨཉྫ་ལི༔ ཨོཾ་བཛྲ་བནྡྷ་བྃ༔ སླར་ཡང་ཐུགས་ཀ་ནས་སྤྲོས་པའི་ཡེ་ཤེས་ཀྱི་མེས་སྡིག་སྒྲིབ་ཐམས་ཅད་བསྲེག །བྱང་སེམས་ཀྱི་ཆུས་བཀྲུ། ཆོས་ཉིད་ཀྱི་རླུང་གིས་གཏོར་ཞིང་ལྷག་མེད་དུ་སྦྱངས་བར་བསམ་ལ། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུྃ་ཧཱུྃ་ཕཊ྄༔ ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུྃ་ཧཱུྃ་ཕཊ྄༔ ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུྃ་ཧཱུྃ་ཕཊ྄༔ སྔགས་གསུམ་བརྗོད། དེས་སྦྱོར་བ་སྡིག་སྒྲིབ་དག་བྱེད་ཀྱི་དབང་གིས་རྒྱུད་སྣོད་རུང་དུ་བྱས་ནས་ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་ཕྱག་རྒྱའི་སྐུ་ཡིས་དབང་བསྐུར་བར་མོས་ཤིག ཧཱུྃ༔ གསང་བའི་བདག་པོ་རྡོ་རྗེ་འཛིན༔ ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང༔ རྡོ་རྗེ་དྲིལ་འཛིན་ཁྲོ་བོའི་རྒྱལ༔ ཐར་པར་འདྲེན་པས་དབང་བསྐུར་རོ༔ ཨོཾ་བཛྲ་པཱ་ཎི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དམྱལ་བ་འདུལ་མཛད་ཆོས་ཀྱི་རྒྱལ༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ ཞེ་སྡང་སྡིག་སྒྲིབ་འཇོམས་པར་མཛད༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨོཾ་མུ་ནེ་ཡེ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཡི་དྭགས་འདུལ་མཛད་ཁ་འབར་རྒྱལ༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ འདོད་ཆགས་སྡིག་སྒྲིབ་འཇོམས་པར་མཛད༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨོཾ་མུ་ནེ་སྲུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དུད་འགྲོ་འདུལ་མཛད་སེང་རབ་བརྟན༔ སྤྲུལ་སྐུ་སྟོན་པའི་ཚུལ་བཟུང་བས༔ གཏི་མུག་སྡིག་སྒྲིབ་འཇོམས་མཛད་པ༔ དེ་བཞིན་གཤེགས་པས་དབང་བསྐུར་རོ༔ ཨོཾ་མུ་ནེ་ཀྵྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་ངན་འགྲོའི་གནས་གསུམ་སྦྱངས་རྗེས་བུམ་པ་ཐོགས་ཏེ། སླར་ཡང་གསང་བའི་བདག་པོ་འཁོར་དང་བཅས་པས་ཁྲུས་མཛད་པས་ཉོན་མོངས་ཕྲག་དོག་ལོག་ལྟའི་སྡིག་སྒྲིབ་རྒྱུ་འབྲས་རྣམས་བཀྲུས་པར་མོས་ཤིག ཧཱུྃ༔ བྱང་ཤར་དཀྱིལ་འཁོར་སོགས་གོང་ལྟར་ཁྲུས་བྱས་རྗེས། སྐུ་ཙཀ་གི་དབང་བསྐུར་ཏེ། ལྷ་མིན་གྱི་ཐུབ་པ་གཙོ་འཁོར་བཞིའི་དབང་བསྐུར་བྱིང་གྱིས་བརླབ་པར་མོས་ལ། ཧཱུྃ༔ ཕྲག་དོག་རབ་ཏུ་འཇོམས་པ་དང༔ རྟག་ཆད་གཉིས་ཀྱི་མཐའ་བསལ་མཛད༔ གཟུགས་ཅན་མུ་སྟེགས་ལ་སོགས་པའི༔ ལྟ་ལོག་སུམ་བརྒྱ་དྲུག་ཅུ་དང༔ གཟུགས་མེད་ལྷ་མིན་མཐུ་ཆེན་འཇོམས༔ ལྷ་མིན་བཅོམ་ལྡན་ཐག་བཟང་རིས༔ རྒྱལ་པོའི་ཆ་ལུགས་འཁོར་ལོ་འཛིན༔ དེད་དཔོན་བཞི་ཡི་ཚོགས་རྣམས་ཀྱིས༔ ལོག་ལྟ་འཇོམས་ཕྱིར་དབང་བསྐུར་རོ༔ ཨོཾ་མུ་ནེ་ཏྲཱུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ཡན་ལག་དང་པོ་ཐར་པའི་སྒོ་འབྱེད་ཀྱི་དབང་གྲུབ་ནས། ཡན་ལག་གཉིས་པ་མི་ཡི་ཐེག་པ་དགེ་བཅུ་སྟོན་པའི་དབང་བསྐུར་བ་ལ། བུམ་པ་ཐོགས་ལ། དཀྱིལ་འཁོར་ཆེན་པོའི་ནུབ་བྱང་ནས་མི་ཡི་ཐུབ་པ་ཤཱཀྱའི་རྒྱལ་པོས་རིན་པོ་ཆེའི་བུམ་པར་སྟོན་པ་ཟས་གཙང་སྲས་སོགས་སངས་རྒྱས་ཀྱི་བྱིན་རླབས་བདུད་རྩིས་གང་བས་དབང་བསྐུར་བས་མ་དག་པའི་ཆ་བཀྲུས་ཤིང་དག་པ་ཡེ་ཤེས་ཀྱི་བྱིན་རླབས་ཐོབ་པར་མོས་མཛོད། ཧཱུྃ༔ བཀྲ་ཤིས་བུམ་པ་ཀུན་ཏུ་དགེ་བའི་ཁྲུས༔ མཛངས་ཞིང་བློ་གྲོས་ལྡན་པར་བྱ་བའི་ཕྱིར༔ སངས་རྒྱས་བྱིན་རླབས་བདུད་རྩི་ཆུ་ཡི་མཆོག༔ དེང་འདིར་སྐལ་ལྡན་རྣམས་ལ་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ སྐུ་ཐོགས་ལ། འགྲོ་འདུལ་མི་ཡི་སྟོན་པ་ཟས་གཙང་སྲས་ཤཱཀྱའི་རྒྱལ་པོ་ལ་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་བསྒྱུར་བཞི་འཁོར་དང་བཅས་པས་བྱིན་གྱིས་བརླབས་པར་གྱུར༔ ཧཱུྃ༔ འདོད་ཆགས་འཇོམས་མཛད་བཅོམ་ལྡན་འདས༔ ཟས་གཙང་སྲས་པོ་ཁྱེའུ་མཛེས་པའི་གཟུགས༔ ལྟ་བས་ཆོག་མི་ཤེས་པ་རྒྱལ་པོའི་ཚུལ༔ དང་པོ་གསེར་གྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ གཉིས་པ་དངུལ་གྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ གསུམ་པ་ཟངས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ བཞི་པ་ལྕགས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ༔ འཇིག་རྟེན་མི་ཡི་རྒྱལ་པོ་སྡེ་ལྔ་ཡིས༔ བཀྲ་ཤིས་རྣམ་པར་དགེ་བའི་དབང་བསྐུར་བས༔ སྐྱོན་སྤངས་ལེགས་པའི་ཡོན་ཏན་སྒྲུབ་པ་ཡི༔ དགེ་བཅུ་ཕུན་སུམ་ཚོགས་པའི་དབང་ཐོབ་ཤོག༔ ཨོཾ་མུ་ནེ་བྲུྃ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཡན་ལག་གཉིས་པ་མིའི་ཐེག་པ༔ ཡོངས་སུ་རྫོགས་པའི་དབང་ལྡན་འགྱུར༔ དེས་མངོན་མཐོའི་དང་པོ་མི་ཡི་ཐེག་པའི་ལམ་དང་ཡོན་ཏན་ཐམས་ཅད་རྫོགས་པར་བྱས་པ་ལ། ཡན་ལག་གསུམ་པ་ལྷ་ཡི་དགེ་བཅུ་སྟོན་པའི་ཕྱིར། སླར་ཡང་བཀྲ་ཤིས་བུམ་པ་ཐོགས་ཏེ། དཀྱིལ་འཁོར་ཆེན་པོའི་ནུབ་བྱང་སྨད་ནས་ལྷ་ཡི་ཐེག་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་དག་གཙང་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར་ཞིང་བཀྲུས་པར་མོས་མཛོད། ཧཱུྃ༔ ཅིར་ཡང་བསྒྱུར་བའི་སྣ་ཚོགས་ཆོ་འཕྲུལ་ལས༔ བཀྲ་ཤིས་བུམ་པ་ཁྲུས་ཀྱི་གཞལ་ཡས་ཁང༔ ལྷ་ཡི་བྱ་བ་ཐོག་མར་དག་བྱེད་ཁྲུས༔ འཇིག་རྟེན་ཆོས་ཚུལ་དེ་དང་མཐུན་པའི་ཕྱིར༔ དགེ་བའི་ཁྲུས་ཆབ་གཙང་མས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ལྷ་ཡི་སྟོན་པ་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པས་དབང་བསྐུར་བས་ཞི་ལྷག་གི་ཏིང་ངེ་འཛིན་གྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་བསམ། སྐུ་ཙཀ་ཐོགས་ལ། ཧཱུྃ༔ ང་རྒྱལ་འཇོམས་མཛད་བཅོམ་ལྡན་བརྒྱ་བྱིན་ནི༔ དམ་པ་ཏོག་དཀར་ལྷ་ཡི་རྒྱལ་པོའི་ཚུལ༔ ཀུན་ལ་དབང་བསྒྱུར་ཚངས་པ་གདོང་བཞི་དང༔ སྲིད་པའི་མེས་པོ་ལྷ་དབང་བརྒྱ་བྱིན་ནི༔ ཀུན་ཏུ་དགེ་བ་ལྷ་ཡི་ཚོགས་ཀྱི་རྗེ༔ ཀུན་ཏུ་མཛེས་པ་ལྷ་མོ་སྒྱུ་འཕྲུལ་མ༔ ལྷ་ཡི་དགེ་བཅུ་ཕུན་སུམ་ཚོགས་གྱུར་པའི༔ འཇིག་རྟེན་ལྷ་དབང་རྣམས་ཀྱི་དབང་བསྐུར་རོ༔ ཨོཾ་མུ་ནེ་ཀྲིཾ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཡན་ལག་གསུམ་པ་ལྷའི་ཐེག་པ༔ ཡོངས་སུ་རྫོགས་པའི་དབང་ལྡན་འགྱུར༔ དེས་ཐོག་མའི་ལམ་སྟེགས་སོར་བཞག་ལྷ་མིའི་ཐེག་པའི་དབང་གྲུབ་ནས། ཡན་ལག་བཞི་པ་ཉན་ཐོས་ཐེག་པའི་དབང་བསྐུར་བ་ནི། བུམ་པ་ཐོགས་ལ། དཀྱིལ་འཁོར་ཆེན་པོའི་ལྷོ་ནུབ་ཉན་ཐོས་ཐེག་པའི་དཀྱིལ་འཁོར་གྱི་གཙོ་བོ་ཤཱཀྱ་ཐུབ་པ་མཆོག་གི་སྤྲུལ་པའི་སྐུས་ལམ་གྱི་མི་མཐུན་ཕྱོགས་སྦྱང་པའི་ཕྱིར་སློབ་དཔོན་དང་སྟོན་པ་ཐུབ་པའི་དབང་པོ་དབྱེར་མེད་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བས་ཁྲུས་མཛད་པས་ཤཱཀྱའི་དབང་པོ་སྐུ་བལྟམས་པ་དང་ལྷ་རྣམས་ཀྱིས་ཁྲུས་གསོལ་བ་བཞིན་དགེ་ལེགས་ཀྱི་དཔལ་རྒྱས་པར་གྱུར། ཧོཿ རྒྱལ་བ་འཇིག་རྟེན་ལ་ནི་སྐུ་བལྟམས་ཚེ༔ ལྷ་ཡི་རྒྱལ་པོ་རྣམས་ཀྱིས་ཁྲུས་གསོལ་ལྟར༔ རྣམ་པར་རྒྱལ་བའི་བུམ་པ་ཁྲུས་ཀྱི་མཛོད༔ འཇིག་རྟེན་ཀུན་ཏུ་ཤེས་པ་དང་པོའི་དབང༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ སྐལ་བཟང་འདྲེན་པ་རྣམས་ཀྱིས་འགྲོ་བ་འདུལ་བའི་དོན་དུ་བཞེས་པའི་ཐར་པའི་རྒྱལ་མཚན་ཆེན་པོ་རྣམ་པ་གསུམ་དང༌། སྦྱངས་པའི་ཡོན་ཏན་གྱི་རྟེན་ལྷུང་བཟེད་འཁར་སིལ་ལ་སོགས་འཚོ་བའི་ཡོ་བྱད་སྤྲུལ་སྐུ་ཆགས་བྲལ་གྱི་ཆས་རྣམས་ཀྱིས་དབང་བསྐུར་བས་ཚངས་པར་སྤྱོད་པ་བསླབ་པ་གསུམ་གྱི་ཡོན་ཏན་མངོན་དུ་གྱུར་པ་མོས། ཆོས་གོས་གསུམ་སོགས་གཏད་ལ། ཧོཿ རབ་ཏུ་བྱུང་ཞིང་ཚངས་པར་སྤྱོད་པའི་ཚེ༔ ཆོས་གོས་རྣམ་གསུམ་ལྷུང་བཟེད་འཁར་སིལ་དང༔ སྤྱི་བླུགས་ཆུ་སྣོད་ཆུ་ཚགས་ལ་སོགས་པའི༔ རབ་བྱུང་ཆ་ལུགས་ཆས་ཀྱི་དབང་བསྐུར་བས༔ ཚངས་པར་སྤྱོད་པའི་སྡོམ་པ་ཡོངས་རྫོགས་ཤོག༔ སྟོན་པ་འཁོར་དང་བཅས་པས་དབང་བསྐུར་བས་ཉན་ཐོས་ཀྱི་ལམ་ཡོངས་སུ་རྫོགས་པའི་ཡོན་ཏན་མངོན་དུ་གྱུར་པར་མོས། ཐུབ་དབང་འཁོར་བཅས་ཀྱི་སྐུ་ཙཀ་གཏད་དེ། ཧཱུྃ༔ སྟོན་པའི་རྒྱལ་པོ་བཅོམ་ལྡན་ཤཱཀྱ་ཐུབ༔ གསེར་མདོག་ས་གནོན་མཉམ་བཞག་མཚན་དཔེས་སྤྲས༔ ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ཉེ་བ་འཁོར༔ མངོན་པར་ཤེས་པ་ལྡན་པ་ཤཱ་རིའི་བུ༔ རྫུ་འཕྲུལ་ཁྱད་པར་འཕགས་པ་མོའུ་གལ་བུ༔ རྒྱལ་བའི་རིམ་གྲོ་ཉན་ཐོས་ཀུན་དགའ་བོ༔ གཞན་ཡང་ཉན་ཐོས་དགེ་སློང་དཔག་མེད་པས༔ དབང་བསྐུར་ཚུལ་ཁྲིམས་མཐའ་རུ་ཕྱིན་པར་ཤོག༔ ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཤཱཀྱ་མུ་ནི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ འོ་རིགས་ཀྱི་བུ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་མ་སོང་ན་སྲིད་པའི་གཡང་ས་ལས་ནམ་ཡང་མི་སྒྲོལ་བས་ཁྱེད་རྣམས་ལ་སྟོན་པ་སངས་རྒྱས་ཀྱི་སྐུ་ཡི་དབང་བསྐུར། འཕགས་པའི་དགེ་འདུན་གྱི་རྗེས་སུ་སློབ་ཕྱིར་རབ་ཏུ་བྱུང་བའི་ཆས་ཀྱིས་སྤྲས། རྟོགས་པའི་ཆོས་བསླབ་པ་གསུམ་ལྡན་དུ་བྱེད་པར་ལམ་བདེན་ལུང་འབོག་པའི་ཚུལ་དུ་དབང་བསྐུར་བས་སྲིད་པའི་མཐའ་ལས་གྲོལ་བའི་དབང་ཐོབ་པའི་དོན་བསྒྲགས་པ་ལ་སྙན་གཏོད་འཚལ། ཨེ་མ་ལྷ་མིའི་ཐེག་པ་དགེ་བ་བཅུ་སྤྱད་ཀྱང༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་བས༔ འཁོར་བར་འཕགས་པ་ནམ་ཡང་མི་འགྱུར་ཞིང༔ དགེ་སྡིག་སྤང་བླང་ཙམ་ལས་ལྟ་བ་མེད༔ ཉན་ཐོས་ལྟ་བ་བག་ཡོད་ཚུལ་བཞིན་ལས༔ ཆོས་ཀྱི་བདག་མེད་ཕྱེད་ཙམ་སྟོང་པ་དང༔ གང་ཟག་བདག་མེད་རྟོག་པ་སྐད་ཅིག་མ༔ དེ་ལས་གཞོམ་མེད་གཞན་དུ་སྟོང་པར་བལྟ༔ དྷརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཡན་ལག་བཞི་པ་ཉན་ཐོས་ཐེག༔ ཡོངས་སུ་རྫོགས་པའི་དབང་ལྡན་འགྱུར༔ ཡན་ལག་ལྔ་པ་རང་རྒྱལ་གྱི་ཐེག་པའི་དབང་བསྐུར་བ་ལ། བུམ་པ་ཐོགས་ཏེ། དཀྱིལ་འཁོར་ཆེན་པོའི་ཤར་ལྷོ་རང་རྒྱལ་དཀྱིལ་འཁོར་གྱི་གཙོ་བོས་ལྷ་ཡི་བདུད་རྩིས་གང་བའི་བུམ་པས་དབང་བསྐུར་བས་རྟེན་འབྲེལ་གྱི་དོན་རྟོགས་པའི་རང་བྱང་ཆུབ་ཀྱི་ལམ་ཀུན་ལ་དབང་བའི་སྐལ་ལྡན་དུ་བྱས་པར་གྱུར། ཧཱུྃ༔ ཐོག་མཐའ་བར་དུ་དགེ་བ་ལྷ་ཡི་ཆུ༔ དངོས་པོའི་དྲི་འཇོམས་མི་རྟག་ཚུལ་སྟོན་པ༔ ཡོངས་སུ་སྡིག་སྒྲིབ་འཇོམས་པའི་ཆུ་ཡིས་བཀྲུ༔ རྫུ་འཕྲུལ་ཤུགས་ཀྱིས་སྟོན་པའི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཡིད་བཞིན་བདེ་བ་མཆོག་གི་གོ་འཕང་མངོན་དུ་གྱུར་པའི་རང་རྒྱལ་གྱི་སྟོན་པ་རྫུ་འཕྲུལ་སྣ་ཚོགས་འདུ་མཛད་པས་དབང་བསྐུར་བྱིན་གྱིས་བརླབས་པར་བསམ། སྐུ་ཙཀ་ཐོགས་ལ། སློབ་དཔོན་མེད་པར་རང་སངས་རྒྱས་པའི་སྐུ༔ ཉོན་མོངས་དགྲ་བཅོམ་མ་རིག་ཀུན་ལས་ལྡོག༔ རང་རྒྱལ་གཙོ་བོ་སྐུ་ལས་མེ་འབར་དང༔ མི་རྟག་དོན་རྟོགས་སྐུ་ལས་ཆུ་འཁྲུགས་དང༔ སྟོང་ཉིད་དོན་རྟོགས་རང་རྒྱལ་མཁའ་ལ་བཞུགས༔ མི་རྟོག་དོན་རྟོགས་རང་རྒྱལ་འཇིགས་པ་མེད༔ སྣང་བའི་ཆོས་ལ་མི་ཞེན་འོད་ཕུང་འབར༔ རང་རྒྱལ་ཆེན་པོ་རྣམས་ཀྱི་དབང་ཐོབ་ཤོག །ཨོཾ་སརྦ་མ་ཧཱ་ཡཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རང་སངས་རྒྱས་རྣམས་ནི་སློབ་དཔོན་མེད་པར་དུར་ཁྲོད་དུ་སོང་སྟེ་ལམ་སྔོན་སྦྱང་གི་ནུས་པས་རྟེན་འབྲེལ་ལུགས་འབྱུང་ལྡོག་གི་དོན་མངོན་དུ་གྱུར་ནས་གང་ཟག་དང་ཆོས་ཀྱི་བདག་མེད་པ་ཕྱེད་དང་གཉིས་རྟོགས་པར་མཚོན་ཕྱིར་རྟེན་འབྲེལ་བཅུ་གཉིས་ཀྱི་གཟུགས་ཀྱིས་དབང་བསྐུར་བར་མོས། རྟེན་འབྲེལ་གྱི་གཟུགས་ཐོགས་ལ། ཧཱུྃ༔ རྟེན་འབྲེལ་བཅུ་གཉིས་ཐོག་མ་མ་རིག་པ༔ ཡོངས་དག་གང་ཟག་བདག་མེད་ཉིད་རྟོགས་ཤིང༔ སྲིད་པའི་འཁོར་ལོའི་དྲྭ་བ་རྣམ་འཇོམས་པའི༔ རྟེན་འབྲེལ་བཅུ་གཉིས་མངོན་པར་དག་གྱུར་པས༔ བརྡ་རྟགས་གཟུགས་ཀྱི་ཐ་མ་གདོས་བཅས་ཚོགས༔ མི་རྟག་སྟོན་པའི་ཚུལ་གྱིས་དབང་བསྐུར་རོ༔ དྷརྨ་ཨ་བྷི་ཥིཉྩ་ཨཱཿ ཡན་ལག་ལྔ་པ་རང་རྒྱལ་ཐེག༔ ཡོངས་སུ་རྫོགས་པའི་དབང་ལྡན་འགྱུར༔ ཡན་ལག་དྲུག་པ་བྱང་སེམས་ཐེག་པའི་དབང་བསྐུར་བ་ནི། མངོན་རྫོགས་དཀྱིལ་འཁོར་ཆེན་པོའི་བྱང་ནས་རྒྱལ་སྲས་རིགས་གསུམ་མགོན་པོ་སོགས་མཁའ་དབྱིངས་གང་བའི་སེམས་དཔའ་རྣམས་ཀྱིས་བུམ་པ་བྱང་ཆུབ་སེམས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོ་ནས་ཁྲུས་མཛད་ཅིང་དབང་བསྐུར་བར་མོས། བྱང་སེམས་ཐེག་པའི་བུམ་པ་ཐོགས་ལ། ཧཱུྃ༔ ཕན་བདེ་འབྱུང་གནས་བཀྲ་ཤིས་བུམ་པ་རུ༔ བྱང་ཆུབ་སེམས་ཀྱི་ཆུ་ཡི་བདུད་རྩིས་བཀང༔ སྡུག་བསྔལ་ཐམས་ཅད་རྣམ་པར་སྦྱང་བའི་ཕྱིར༔ སྐལ་ལྡན་རྣམས་ལ་སྙིང་པོའི་ཁྲུས་གསོལ་བས༔ བྱང་ཆུབ་སེམས་དཔའི་རིགས་ཅན་དག་ཏུ་གྱུར༔ རྒྱ་ཆེན་རྒྱུན་མི་འཆད་པའི་བྱང་ཆུབ་སེམས༔ རྣམ་པར་བརྟན་ཅིང་རབ་ཏུ་འཕེལ་གྱུར་ཅིག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་ཁྲུས་བྱས་ཤིང་དབང་བསྐུར་བས་ཁྱེད་རྣམས་སེམས་དཔའ་གཞོན་ནུ་ལྷ་ཡི་ཆ་བྱད་ཅན་དུ་གྱུར་པ་ལ་ཉེ་བའི་སྲས་མཆོག་རྣམས་ཀྱིས་དབང་བསྐུར་བས་དེ་དག་གི་ཐུགས་བསྐྱེད་དང་རྣམ་ཐར་གྱི་དཔལ་ལ་སྤྱོད་པའི་དབང་དམ་པ་ཐོབ་པར་གྱུར། སྐུ་ཙཀ་སྤྱི་བོར་བཞག་ལ། ཧཱུྃ༔ སྙིང་རྗེའི་བདག་ཉིད་འཕགས་མཆོག་ཐུགས་རྗེ་ཆེ༔ མཁྱེན་བརྩེའི་བདག་ཉིད་འཇམ་དཔལ་ཡེ་ཤེས་སེམས༔ བདུད་རྩི་ཀུན་འཇོམས་བཅོམ་ལྡན་རྡོ་རྗེ་འཛིན༔ ས་བཅུའི་མགོན་པོ་འཕགས་མཆོག་མི་ཕམ་མགོན༔ གཞན་ཡང་སྒྲིབ་པ་རྣམ་སེལ་ནམ་མཁའི་སྙིང༔ ཀུན་ཏུ་བཟང་པོ་ས་ཡི་སྙིང་པོ་དང༔ ཟླ་བའི་བློ་གྲོས་བྱམས་མགོན་ཐུགས་རྗེའི་གཏེར༔ སེམས་དཔའི་རྒྱལ་པོ་གསེར་འོད་དམ་པ་སོགས༔ བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་གི༔ ཐུགས་བསྐྱེད་རྣམ་དག་སྨོན་ལམ་ཡོངས་གྲུབ་པ༔ སེམས་ཅན་ཀུན་ལ་སྨན་མཛད་མཁྱེན་བརྩེ་ནུས༔ མ་ལུས་ཡོངས་སུ་རྫོགས་པའི་དབང་ཐོབ་ཤོག༔ ཨོཾ་བྷོ་དྷི་སཏྭ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་རྣམས་རྒྱུད་ལ་རྫོགས་ཏེ་ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚོགས་དང་སྐལ་པ་མཉམ་པས་མཐར་ཤེས་རབ་ཀྱི་རལ་གྲི་སོགས་རྫས་རྣམས་ཀྱིས་དབང་བསྐུར་བ་ནི། རལ་གྲི་སོགས་ཕྱག་མཚན་རྣམས་གཏད་དེ། སྡུག་བསྔལ་གཅོད་མཛད་ཤེས་རབ་རལ་གྲི་དང༔ ཉོན་མོངས་གཅོད་ནད་འབྱིན་པའི་སྨན་གྱི་རྒྱལ༔ སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ་བའི་གྲུ༔ སེམས་ཅན་ཀུན་གྱི་དབུགས་དབྱུང་ཆོས་ཀྱི་དུང༔ བྱང་ཆུབ་སེམས་ཀྱི་རང་བཞིན་ཀུན་ཁྱབ་པ༔ རྟག་ཏུ་ཡོན་ཏན་མངོན་སུམ་རྫོགས་གྱུར་པའི༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་གང་དགོངས་པ༔ སེམས་ཅན་ཀུན་ལ་དེ་ཉིད་འབྱུང་གྱུར་ཅིག༔ ཨོཾ་སརྦ་བྷོ་དྷི་སཏྭ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་དབང་བསྐུར་བས་ཞི་བ་ཕྱོགས་གཅིག་གི་མཐའ་ལས་གྲོལ་ནས་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་རྟོགས་པའི་བློ་ཟུང་དུ་འཇུག་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་རྒྱ་མཚོ་ཡོངས་སུ་རྫོགས་པས་དོན་གཉིས་ལྷུན་གྲུབ་ཀྱི་ས་ལ་དབུགས་དབྱུང་ནས་ལུང་བསྟན་པ་ནི། སློབ་དཔོན་གྱི་ཕྱག་གདེངས་ཏེ། འདི་ཕན་ཐེག་དམན་ཉན་ཐོས་རང་དོན་ཏེ༔ འདི་ནི་ཐེག་ཆེན་གཞན་དོན་རླབས་ཆེན་ཡིན༔ སྨོན་ལམ་ཡང་དག་དགེ་བའི་འཇུག་པ་སྟེ༔ བྱང་ཆུབ་སེམས་དཔའི་སྡོམ་པ་བླ་ན་མེད༔ བདག་མེད་རྣམ་གཉིས་རང་བཞིན་རྟོགས་གྱུར་ཏེ༔ དེ་རིང་བྱང་ཆུབ་སེམས་དཔའི་རིགས་ཅན་ནོ༔ རྒྱལ་བ་ཀུན་གྱི་སྲས་ཀྱི་དམ་པ་དགོངས༔ སྤྲོ་བ་བསྐྱེད་ཅིག་གཞན་ཕན་རྒྱ་ཆེར་གྱིས༔ བྷོ་དྷི་སཏྭ་ཨཱཿ ཡན་ལག་དྲུག་པ་བྱང་སེམས་ཐེག༔ ཡོངས་སུ་རྫོགས་པའི་དབང་ལྡན་འགྱུར༔ དེ་དག་གིས་རྒྱུ་མཚན་ཉིད་ཐེག་པའི་དབང་རྣམས་གྲུབ་ནས། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་དང་པོ་ཕྱི་རྒྱུད་སྡེ་གསུམ་ལས། ཡན་ལག་བདུན་པ་ཀྲྀ་ཡའི་ཐེག་པའི་དབང་བསྐུར་བ་ནི། དཀྱིལ་འཁོར་རྩ་བའི་ནུབ་ནས་ཀྲྀ་ཡ་རིགས་གསུམ་འདུས་པའི་ལྷ་ཚོགས་རྣམས་ཀྱིས་རྒྱལ་བ་ཤཱཀྱའི་དབང་པོ་སྐུ་བལྟམས་པའི་ཚེ་ལྷ་རྣམས་ཀྱིས་ཁྲུས་གསོལ་བ་བཞིན་ཡེ་ཤེས་བདུད་རྩིས་གང་བའི་བུམ་པས་སྤྱི་བོ་ནས་དབང་བསྐུར་ཞིང་བཀྲུས་པར་མོས་མཛོད། དག་བྱེད་ཁྲུས་ཀྱི་བུམ་པ་ཐོགས་ཏེ། ཧཱུྃ༔ རྣམ་པར་རྒྱལ་བའི་སྟོན་པ་སངས་རྒྱས་ཉིད༔ ས་ཆེན་འདི་རུ་རྣམ་པར་བལྟམས་པའི་ཚེ༔ ཀུན་གྱིས་དང་པོ་བཀྲ་ཤིས་ཁྲུས་གསོལ་ལྟར༔ ཤིན་ཏུ་དགེ་བའི་ཆབ་ཀྱིས་ཁྲུས་བགྱིའོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ རིགས་གསུམ་འདུས་པའི་ལྷ་ཚོགས་ནམ་མཁའ་གང་བས་སྐུ་ཕྱག་རྒྱའི་དཀྱིལ་འཁོར་གྱིས་དབང་བསྐུར་བར་གྱུར། སྟོན་པ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་བསྐོར་བའི་སྐུ་སྤྱི་བོར་བཞག་ལ། ཧཱུྃ༔ སྟོན་པ་གསེར་མདོག་མྱ་ངན་མེད་པའི་རྒྱལ༔ ཉོན་མོངས་དུག་རྣམས་སེལ་བའི་རྨ་བྱ་ཅན༔ སྒྲིབ་པའི་དྲི་མ་ཚོགས་འཇོམས་བསིལ་བའི་ཚལ༔ གདོན་བགེགས་མ་ལུས་ཀུན་འཇོམས་སོ་སོར་འབྲང༔ སྡུག་བསྔལ་རྣམ་པར་འཇོམས་མཛད་ལྷ་མོའི་མཆོག༔ འཇིགས་པ་བརྒྱད་རྣམས་ཞི་མཛད་ཞི་བ་མ༔ ཡོངས་སུ་སྡུག་བསྔལ་སྦྱོང་མཛད་རིག་པའི་རྒྱལ༔ ཀུན་ཏུ་བསོད་ནམས་འཕེལ་མཛད་རྣམ་པར་རྒྱལ༔ ལས་ཀུན་གྲུབ་པར་མཛད་པ་གྲུབ་པ་མོ༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱི་དབང་བསྐུར་བས༔ ཤིན་ཏུ་རྣམ་པར་དགེ་དང་བཀྲ་ཤིས་ཤིང༔ རྣམ་པར་རྒྱལ་བའི་དབང་མཆོག་ཐོབ་པར་ཤོག༔ དཀྱིལ་འཁོར་གྱིས་ལྷ་ཚོགས་རྣམས་ཁྱེད་རང་ལ་ཐིམ་པས་སློབ་མ་རྣམས་སྐད་ཅིག་གིས་སྟོན་པ་ཐུབ་པའི་དབང་པོའི་སྐུར་གྱུར་པ་ལ་བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པས་དབང་བསྐུར་བས་ལྷ་ཚོགས་རྣམས་ཀྱི་ཡེ་ཤེས་དང་ཡོན་ཏན་ཡོངས་སུ་རྫོགས་པ་ཐོབ་པར་གྱུར། རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ༔ བཀྲ་ཤིས་རྣམ་པར་རྒྱལ་བའི་བུམ་པ་ན༔ ཉོན་མོངས་དུག་འཇོམས་ཕ་རོལ་ཕྱིན་པའི་ཆུ༔ བཀོད་པ་ཁྱད་འཕགས་དགེ་མཚན་དུ་མར་བཅས༔ ཡེ་ཤེས་ཆུ་བོ་མཆོག་གི་ཁྲུས་བགྱིའོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་ཆུ་སྦྱིན་ཅིང་ཁྲུས་བྱ། དེ་ལྟར་དབང་བསྐུར་ཞིང་ཁྲུས་བྱས་པས་དུག་ལྔ་དག །ཡེ་ཤེས་ལྔ་མངོན་དུ་གྱུར། བུམ་པའི་བདུད་རྩིས་ལུས་གང༌། ཟེགས་མ་སྤྱི་བོར་འཁྱིལ་བ་ཡོངས་སུ་གྱུར་པ་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་རྒྱན་སྤྱི་བོར་བཅིངས་ལ། དམ་པ་ཏོག་དཀར་ལྷ་ཡུལ་ནས་གཤེགས་ཏེ༔ དེ་ཚེ་རྒྱལ་བ་བྱམས་པ་མགོན་པོ་ལ༔ རྒྱལ་ཚབ་དབང་བསྐུར་ཅོད་པན་བཅིངས་པ་ལྟར༔ རིན་ཆེན་ཅོད་པན་དམ་པས་དབང་བསྐུར་རོ༔ ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མི༔ ཁྱེད་རྣམས་ཀྱི་ལུས་ངག་ཡིད་གསུམ་རིགས་གསུམ་སེམས་དཔའ་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་དུ་བྱིན་གྱིས་བརླབས་པར་གྱུར། རིགས་གསུམ་གྱི་སྐུ་ཙཀ་གནས་གསུམ་དུ་བཞག་ལ། ཧཱུྃ༔ སྣང་སྲིད་རིགས་གསུམ་དཀྱིལ་འཁོར་མཐོང་བའི་ཕྱིར༔ སྐུ་ཡི་རིགས་མཆོག་འཇམ་དཔལ་ཡེ་ཤེས་སེམས༔ གསུང་གི་རིགས་མཆོག་འཕགས་པ་སྤྱན་རས་གཟིགས༔ ཐུགས་ཀྱི་རིགས་མཆོག་བཅོམ་ལྡན་གསང་བའི་བདག༔ དུག་གསུམ་དག་ན་སྐུ་གསུམ་མཐོང་བ་དང༔ རིགས་གསུམ་ལྷ་ཚོགས་རྣམས་དང་དབྱེར་མེད་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆུ་ཡི་དབང་བསྐུར་དབུ་རྒྱན་དག །བྱ་བའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་གསུངས་པ་ལྟར་གྲུབ་པས། ཡན་ལག་བདུན་པ་ཀྲྀ་ཡའི་ཐེག༔ ཡོངས་སུ་རྫོགས་པའི་དབང་ཐོབ་འགྱུར༔ ཡན་ལག་བརྒྱད་པ་ཨུ་བྷའི་ཐེག་པའི་དབང་བསྐུར་བ་ནི། དེ་ཡང་རྒྱུད་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང༌། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས། །ཞེས་པ་ལྟར། མངོན་རྫོགས་རྩ་བའི་དཀྱིལ་འཁོར་ཆེན་པོའི་ལྷོ་ཕྱོགས་སུ་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་རིག་པའི་ལྷ་མོ་རྣམས་སྤྲོས་ཏེ་བཀྲ་ཤིས་པའི་རྣམ་པ་དུ་མས་དབང་བསྐུར་བར་གྱུར། བུམ་པ་ཐོགས་ལ། ཧཱུྃ རང་གསལ་དག་པའི་བུམ་པ་རུ༔ ཡེ་ཤེས་བཞི་ཡི་ཆུ་ཡིས་བཀང༔ ཉོན་མོངས་སྦྱང་ཕྱིར་ཁྲུས་བགྱིས་པས༔ ཡེ་ཤེས་རྣམ་བཞི་མཐོང་བར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ བུམ་པ་བཟང་པོ་ལས་བྱུང་བའི་ཆུས་ཁྲུས་བྱས་ཤིང་ཡོན་ཏན་ཡོངས་སུ་རྫོགས་པའི་བརྡར་དབང་ལྷས་དབུ་རྒྱན་སྤྱི་བོར་བཅིངས་པར་གྱུར། དབུ་རྒྱན་བཅིངས་ལ། ཧཱུྃ༔ རྣམ་པར་རྒྱལ་བའི་སངས་རྒྱས་ཀྱི༔ རིན་ཆེན་དབང་རྟགས་ཅོད་པན་ཆེ༔ རྒྱལ་བའི་དབང་རྣམས་རྫོགས་པའི་ཕྱིར༔ དབུ་རྒྱན་དམ་པས་དབང་བསྐུར་རོ༔ རཏྣ་མུ་ཀུ་ཊྃ༔ ཐུགས་བདེ་སྟོང་ཆེན་པོ་ཐབས་ཤེས་གཉིས་སུ་མེད་པའི་ཕྱག་རྒྱ་རྡོ་རྗེ་དང་དྲིལ་བུ་གཏད་པས་ཟུང་འཇུག་གི་ཡེ་ཤེས་རྟོགས་པའི་བརྡར་ཐུགས་ཀར་བསྣོལ་ཏེ་ཟུངས་ཤིག །རྡོར་དྲིལ་གཏད་ལ། ཧཱུྃ༔ རྣམ་པར་དག་པའི་ཡེ་ཤེས་ཀྱི༔ ཐབས་ཀྱི་རྡོ་རྗེ་གཟུང་བར་གྱིས༔ སྟོང་པ་ཟུང་འཇུག་དབྱངས་ལྡན་པའི༔ ཤེས་རབ་དྲིལ་བུ་གཟུང་བར་གྱིས༔ བཛྲ་དྷཱ་ར་ཀརྨ་གཎྜེ་ཨ༔ གསུང་རིག་པའི་སྔགས་ཀྱིས་བྱིན་རླབས་ཐོབ་པའི་ཕྱིར་ཐབས་ཤེས་དབྱངས་གསལ་གྱི་ཡི་གེའི་ཕྲེང་བས་དབང་བསྐུར་བར་གྱུར། སྔགས་བྱང་གཏད་ལ། ཧཱུྃ༔ སྔགས་དང་ཕྱག་རྒྱ་བླ་མེད་པའི༔ ཐམས་ཅད་ཡེ་ཤེས་ཆེན་པོར་བསྒྱུར༔ ཐབས་དང་ཤེས་རབ་ཟུང་འཇུག་པའི༔ སྔགས་དང་ཕྱག་རྒྱ་གཟུང་བར་གྱིས༔ ཨ་ཨཱ་ཨི་ཨཱི་སོགས། ཀ་ཁ་ག་གྷ་ང་སོགས། སྐུ་ཕྱག་རྒྱའི་དབང་བསྐུར་བའི་ཕྱིར་རིགས་ཀྱི་འཁོར་ལོས་བསྒྱུར་བ་བཞིའི་དབང་བསྐུར་བར་གྱུར། སྐུ་ཙཀ་ཐོགས་ལ། ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་བཅོམ་ལྡན་རྣམ་སྣང་མཛད༔ སོར་རྟོག་ཡེ་ཤེས་བཅོམ་ལྡན་སྣང་མཐའ་ཡས༔ མེ་ལོང་ཡེ་ཤེས་བཅོམ་ལྡན་མི་བསྐྱོད་པ༔ མཉམ་ཉིད་ཡེ་ཤེས་བཅོམ་ལྡན་རིན་ཆེན་འབྱུང༔ རྒྱལ་བ་རིགས་བཞིའི་དབང་ཆེན་རབ་བསྐུར་བས༔ རིགས་བཞིའི་ལྷ་ཡི་དངོས་གྲུབ་འགྲུབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཻ་རོ་ཙཱ་ན་པདྨ་དྷཱ་ར་ཨཀྵོ་བྷྱ་རཏྣ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔,,ཡན་ལག་བརྒྱད་པ་ཨུ་བྷའི་ཐེག༔ ཡོངས་སུ་རྫོགས་པའི་དབང་ཐོབ་འགྱུར༔ ཡན་ལག་དགུ་པ་ཡོ་གའི་ཐེག་པའི་དབང་བསྐུར་བ་ཡང༌། རྒྱུད་སྔ་མ་ལས། ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་དུ་གསལ་བར་ཕྱེས། །དེ་ནི་དྲུག་པའི་བྱེ་བྲག་དབང༌། །སློབ་དཔོན་གྱི་ནི་དབང་ཞེས་བྱ། །ཞེས་གསུངས་པ་ལྟར་དམ་ཚིག་གསུམ་སྦྱིན་པ་དང་རྡོ་རྗེ་སློབ་དཔོན་གྱི་དབང་རྣལ་འབྱོར་གྱི་རྒྱུད་ལས་འབྱུང་བ་ལྟར་ཐུན་མོང་རིག་པའི་དབང་ལྔ་རྫོགས་པར་སྟེར་བ་ནི། ཐོག་མར་ཁྱེད་རང་མ་རིག་པའི་སྒྲིབ་གཡོགས་མཚོན་བྱེད་མིག་དར་འཆིང་བར་ཞུ། ཨ་ཁཾ་ཝཱི་ར་ཧཱུྃ༔ གིས་ཆིངས། ལྷ་དང་མཇལ་བའི་ཕྱག་རྟེན་མེ་ཏོག་རེ་ཡང་འཛིན་མཛོད། ཨ་ཁཾ་ཝཱི་ར་ཧཱུྃ༔ གསང་བ་གཉན་པོའི་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བ་ལ་རྒྱུད་སྡོམ་པ་དང་མ་ལྡན་ན་དབང་གི་བཅུད་མི་ཆགས་པར་གདམས་པ་ནི། འདི་ཕན་ཉོན་མོངས་བཀྲུ་བའི་བྱ་བ་ཡིན༔ ད་ནི་ཡེ་ཤེས་གོང་དུ་འཕེལ་བ་ཡི༔ གསང་སྔགས་ཡོ་གའི་ཐེག་པར་འཇུག་པ་སྟེ༔ རིགས་ལྔའི་སྡོམ་པ་མ་ལུས་ཐུབ་པར་སྲུངས༔ ཞེས་བརྗོད་ལ་སློབ་མས་རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་བཟུང་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་བར་གཤེགས་པ་སློབ་དཔོན་དགོངས༔ རིགས་ལྔའི་སྡོམ་པ་མ་ལུས་པ༔ རྣལ་འབྱོར་རྒྱུད་དུ་གང་གསུངས་པ༔ དེ་དག་ཐམས་ཅད་བདག་གིས་སྡོམ༔ ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་འབེབས་པའི་སླད་དུ་སློབ་མ་རྣམས་ཀྱི་གཞི་ལུས་རྣམ་པར་སྣང་མཛད་ཀྱི་སྐུ་འདི་ལྟར་གསལ་ཐོབ་ཅིག །སློབ་མ་མི་དམིགས་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང༔ དུས་གསུམ་སངས་རྒྱས་ཀུན་རིག་རྣམ་སྣང་མཛད༔ ཞལ་བཞི་ཕྱག་གཉིས་མཉམ་བཞག་འཁོར་ལོ་འཛིན༔ དཀར་པོ་ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་རྫོགས༔ ལྷ་མོ་དབྱིངས་ཕྱུག་མ་ནི་མདུན་ན་འདུག༔ དེ་ལྟར་གསལ་བའི་གནས་གསུམ་ཡིག་འབྲུས་མཚན༔ སློབ་དཔོན་ཐུགས་ནས་འོད་ཟེར་འཕྲོས་པ་ཡིས༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ་པར་གྱུར༔ ཨོཾ་བུདྡྷ་བཻ་རོ་ཙཱ་ན་ཨ་བེ་ཤ་ཡ་ཨ་ཨཱ༔ ཞེས་དབབ། ཡེ་ཤེས་པ་རྣམས་བརྟན་པར་གྱུར༔ ཏིཥྛ་བཛྲ་ཞེས་སྤྱི་བོར་རྡོ་རྗེ་བཞག་པས་བརྟན་པར་བྱ། དཀྱིལ་འཁོར་ལྷ་ལ་སྔར་ཕྱག་ཏུ་གཏད་པའི་མེ་ཏོག་འབུལ་ཏེ་སྔགས་འདིའི་རྗེས་ཟློས། པུཥྤེ་པཱུ་ཛ་ཧོཿ མེ་ཏོག་སླར་ཡང་དབང་རྟགས་ཅོད་པན་ཏུ་སྤྱི་བོར་བཅིངས་ཏེ། པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ ལྷག་པའི་ལྷ་སྤྱི་བོ་ནས་ཐིམ་པར་བསམ། མ་རིག་པའི་སྒྲིབ་གཡོགས་མིག་དར་ལྷན་ཅིག་བསལ་བར་མོས་མཛོད། ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ ཅེས་བརྗོད་པས་རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་མངོན་སུམ་མཇལ་བར་མོས་པ་དང་སྤྲོ་བ་བསྐྱེད་ཅིག །དེ་ནས་དབང་བསྐུར་བ་དངོས་ལ། རིག་པའི་དབང་ལྔ་ལས་དང་པོ་ཆོས་དབྱིངས་བུམ་པ་མི་བསྐྱོད་པའི་ངོ་བོ་བདུད་རྩིའི་རང་བཞིན་ཅན་གྱིས་དབང་བསྐུར་བས་ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་མངོན་དུ་གྱུར་པ་མོས་མཛོད། རྣམ་བུམ་ཐོགས་ཏེ། ཧཱུྃ༔ ཆོས་དབྱིངས་རྣམ་པར་དག་པའི་བུམ་པ་རུ༔ རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་མངོན་སུམ་བཞེངས༔ དག་པ་ལྷ་ཡི་བདུད་རྩི་དབབ་པ་ཡི༔ མེ་ལོང་ཡེ་ཤེས་བུམ་པས་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཀྵོ་བྷྱཿཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་ཞིང་བུམ་ཆུ་སྦྱིན་ལ་སྤྱི་བོར་གཏོར། རིན་འབྱུང་གི་ངོ་བོ་རྒྱལ་བ་རིགས་ལྔའི་དབུ་རྒྱན་གྱིས་དབང་བསྐུར་བས་ང་རྒྱལ་རྣམ་དག་མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར་པར་མོས་མཛོད། དབུ་རྒྱན་ཐོགས་ལ། ཏྲྃ༔ འདི་ནི་རྒྱལ་བ་ཐམས་ཅད་ཀྱིས༔ དབང་བསྐུར་ཅོད་པན་ཆེན་པོ་སྟེ༔ རྒྱལ་བ་རིགས་ལྔས་དབུ་རྒྱན་པས༔ མཉམ་ཉིད་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་སཾ་བྷ་ཝ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲྃ༔ ཞེས་མགོ་བོར་བཞག །སྣང་མཐའི་ངོ་བོ་གཞོམ་མེད་རྡོ་རྗེའི་དབང་བསྐུར་བས་འདོད་ཆགས་རྣམ་དག་སོར་རྟོག་ཡེ་ཤེས་མངོན་དུ་གྱུར་པར་མོས། རྡོ་རྗེ་ཐོགས་ལ། ཧྲཱིཿ ཡང་དག་གཞོམ་མེད་རྡོ་རྗེ་ཆེ༔ ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི༔ རྡོ་རྗེ་རབ་ཏུ་གསོར་བ་ཡིས༔ སོར་རྟོག་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་དྷཱ་ར་ཨ་བྷི་ཥིཉྩ་ཧྲཱིཿ ལག་གཡས་སུ་གཏད། དོན་གྲུབ་ཀྱི་ངོ་བོ་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་དྲིལ་བུའི་དབང་བསྐུར་བས་ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར་པར་མོས། དྲིལ་བུ་ཐོགས་ལ། ཨཿ ཡང་དག་ཡེ་ཤེས་སངས་རྒྱས་དབྱངས༔ རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྒྲ༔ དབྱངས་སྙན་དྲིལ་བུའི་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱ༔ དཀྲོལ་ཞིང་ལག་གཡོན་དུ་གཏད། རྣམ་པར་སྣང་མཛད་ཀྱི་ངོ་བོ་སངས་རྒྱས་རིགས་སུ་མཚན་གསོལ་བས་གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར་པར་མོས། མིང་དྲིལ་ཐོགས་ལ། ཧཱུྃ༔ འདི་ནི་སངས་རྒྱས་ཀུན་གྱི་མིང༔ ས་རྣམས་ཀུན་ཏུ་གྲགས་གྱུར་པའི༔ དེ་བཞིན་རིགས་སུ་མཚན་གསོལ་བས༔ ཆོས་དབྱིངས་ཡེ་ཤེས་རྟོགས་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་བཻ་རོ་ཙཱ་ན་ཆེ་གེ་མོ་ཞེས་བྱ་བའི་དེ་བཞིན་གཤེགས་པའོ༔ ཞེས་སྤྱི་བོར་འཁྲོལ། དེ་ལྟར་རིག་པའི་དབང་ལྔ་བསྐུར་བས། མ་རིག་པ་ལྔ་སྦྱངས། ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་ཡི་རྟོགས་པ་རྒྱུད་ལ་སྐྱེས་པར་གྱུར། བུམ་དབང་གི་རྗེས་འབྲེལ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ་ལྷ་སྐུ་ཕྱག་རྒྱའི་དབང་ནི། ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་རིག་རྣམ་སྣང་མཛད༔ ཞལ་བཞི་ཕྱག་གཉིས་མཉམ་བཞག་འཁོར་ལོ་འཛིན༔ དཀར་པོ་ལོངས་སྤྱོད་རྫོགས་སྐུ་མཚན་དཔེ་རྫོགས༔ ལྷ་མོ་དབྱིངས་ཕྱུག་མ་ནི་མདུན་ན་འདུག༔ དེ་བཞིན་གཤེགས་པ་མཆོག་གི་དབང་བསྐུར་རོ༔ ཨོཾ་བུདྡྷ་བཻ་རོ་ཙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དུས་གསུམ་སངས་རྒྱས་རྒྱལ་བ་རིགས་བཞི་རྣམས༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་རང་རྟགས་འཛིན༔ མཐིང་སེར་དམར་ལྗང་ལོངས་སྤྱོད་རྫོགས་སྐུའི་ཆས༔ བདེ་བར་གཤེགས་པ་བཞི་ཡི་དབང་བསྐུར་རོ༔ ཨོཾ་བཛྲ་ཨཀྵོ་བྷྱཿརཏྣ་སཾ་བྷ་ཝ་པདྨ་དྷཱ་ར་ཀརྨ་ཨ་མོ་གྷ་སིདྡྷི་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མཚམས་ལ་བཞུགས་པའི་དེ་བཞིན་གཤེགས་མ་བཞི༔ ཞལ་གཅིག་ཕྱག་གཉིས་གར་བསྒྱུར་རང་རྟགས་འཛིན༔ མཐིང་སེར་དམར་ལྗང་ཡབ་ལ་འདུད་པའི་ཚུལ༔ བདེ་བར་གཤེགས་མ་བཞི་ཡི་དབང་བསྐུར་རོ༔ ཨོཾ་སརྦ་ཏ་ཐཱ་ཏ་ག་ཏ་བཛྲ་རཏྣ་པདྨ་ཀརྨ་མུ་དྲ་ཨ་བྷི་ཥིཉྩ་ཨོཾ༔ གསུང་གི་བཟླས་པའི་ལུང་སྦྱིན་པ་ནི། སྔགས་ཡི་གེའི་ཕྲེང་བའི་དབང་བསྐུར་བས་གསུང་གི་བྱིན་རླབས་དང་ནུས་པའི་སྟོབས་རྫོགས་པར་གྱུར། སྔགས་བྱང་ཐོགས་ལ། ཧཱུྃ༔ རྡོ་རྗེ་རྩེ་མོའི་གཟུངས་སྔགས་བླ་ན་མེད༔ ངན་སོང་རྣམ་འཇོམས་སྡིག་པའི་ཚོགས་འཇོམས་པ༔ རྒྱལ་བའི་གསང་སྔགས་རིག་སྔགས་ཐམས་ཅད་ཀྱི༔ དབང་བསྐུར་མ་ལུས་ཡོངས་སུ་རྫོགས་པར་ཤོག༔ ངན་སོང་སྦྱོང་བའི་གཟུངས་སྔགས། ཨོཾ་ཤྭ་དྷ་ནི་ཤྭ་དྷ་ནི་སརྦ་པ་པཾ་ཤྭ་དྷ་ནི་ཤུདྡྷེ་བི་ཤུདྡྷེ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤྭ་དྷ་ནེ་སྭཱ་ཧཱ༔ ཞེས་ཚར་གཅིག་བརྗོད། ཐུགས་ཀྱི་དབང་བསྐུར་བ་ནི། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་མཉམ་པར་བཞག་པས་སྣང་ཙམ་མ་འགག་པའི་ཆོས་ཀུན་རང་གསལ་དུ་ཤར་བ་དེ་མཚོན་བྱེད་མེ་ལོང་དུ་གཟུགས་བརྙན་ཤར་བ་འདིས་མཚོན་ཏེ། ཧཱུྃ༔ ཆོས་རྣམས་མ་ལུས་ཐམས་ཅད་ནི༔ གཟུང་དུ་མེད་ལ་འཛིན་པ་བྲལ༔ མེ་ལོང་ནང་གི་གཟུགས་བརྙན་ལྟར༔ བརྗོད་དུ་མེད་པ་རྟོགས་པར་ཤོག༔ ཙིཏྟ་དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་དབང་བསྐུར་ཞིང་སྐུ་གསུང་ཐུགས་རྡོ་རྗེའི་བྱིན་གྱིས་བརླབས་པས་གཞན་དོན་བྱེད་ནུས་པ་ལྷ་དང་སྐལ་པ་མཉམ་པ་མཚོན་པའི་སླད་དུ་རྡོ་རྗེ་སློབ་དཔོན་ལ་འོས་པའི་ཡོ་བྱད་རྣམས་ཀྱིས་མངའ་གསོལ་ཞིང་ཤིས་པ་བརྗོད་པ་ནི། རྡོ་རྗེ་སློབ་དཔོན་གྱི་ཆས་རྣམས་གཏད་དེ། ཧཱུྃ༔ དཀྱིལ་འཁོར་གཙོ་བོའི་གོ་འཕང་མཉམ་པའི་ཕྱིར༔ ཁྲི་ལ་མངའ་གསོལ་གདུགས་ཕུབ་རྒྱལ་མཚན་ཕྱར༔ རྒྱལ་བ་ཀུན་གྱི་ཤིས་པའི་མེ་ཏོག་ཀྱང༔ དེ་རིང་འདི་ལ་ཀུན་གྱིས་འཐོར་བར་ཤོག༔ རྟེན་སྙིང་བརྗོད་ཅིང་མེ་ཏོག་འཐོར་བར་བྱའོ། །དེ་ཡང་རྒྱུད་ལས། ཕྱིར་མི་ལྡོག་པ་ཡི་ནི་དབང༌། །རྣལ་འབྱོར་རྒྱུད་ལ་གསལ་བར་བྱས། །ཞེས་གསུངས་པ་ལྟར་ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པའམ་ཕྱི་རྒྱུད་སྡེ་གསུམ་གྱི་དབང་བསྐུར་བས། ཡན་ལག་དགུ་པ་ཡོ་གའི་ཐེག༔ ཡོངས་སུ་རྫོགས་པའི་དབང་ཐོབ་གྱུར༔ དཀྱིལ་འཁོར་ཡོལ་བས་སྒྲིབ། དེ་རྣམས་ཀྱིས་ཐེག་རིམ་དགུ་པོ་སོ་སོའི་དབང་རྣམས་གྲུབ་ནས་རྩ་བ་མངོན་རྫོགས་རྒྱལ་པོ་ནང་པ་ཐབས་རྒྱུད་མ་ཧཱ་ཨ་ནུ་ཨ་ཏི་གཅིག་དྲིལ་གྱི་དབང་གི་གཏེར་མཛོད་ཆེན་པོ་བསྐུར་བ་ལ་དཀྱིལ་འཁོར་གྱི་ཕྱི་སྒོ་ནས་ཡེ་ཤེས་ནང་གསལ་ཆེན་པོའི་དཀྱིལ་འཁོར་གྱི་ནང་དུ་འཇུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ ཡེ་གསང་ཐབས་ཀྱི་སྒོ་བ་རྣམས༔ རིག་པའི་ཡེ་ཤེས་མཐོང་འདོད་པས༔ བདག་ཅག་སྐལ་ལྡན་ཕོ་མོ་རྣམས༔ ཐར་པའི་དྲུང་དུ་གཏོང་བར་གསོལ༔ ལན་གཅིག །དེའི་ལན་དུ་སྒོ་སྲུང་ཁྲོ་བོ་ཆེན་པོས། ཧཱུྃ༔ རིག་པའི་ཡེ་ཤེས་མཐོང་འདོད་ན༔ བླ་མ་དཔལ་ཆེན་མཁའ་འགྲོ་མའི༔ བཀའ་བཞིན་དམ་ཚིག་ཐུབ་པ་དང༔ སྡོམ་པ་ལ་ནི་གནས་པར་གྱིས༔ ཞེས་གསུངས་ནས་ཐར་པ་ཆེན་པོའི་གྲོང་ཁྱེར་གྱི་སྒོ་ནས་ནང་དུ་བཏང་བར་མོས། ཡོལ་བ་བསལ། བྱུར་དང་སྐལ་པ་ངན་པ་སྦྱང་བའི་ཕྱིར་ཁྲུས་བྱས་ཤིང་བགེགས་བསལ་བར་མོས། ཇི་ལྟར་བལྟམས་པ་སོགས་ཁྲུས། བགེགས་བསྐྲད། སྲུང་འཁོར་རྣམས་བྱས་མཐར། དངོས་གཞིའི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་ཕུལ། དངོས་སྟ་ཞག་གིས་བཅད་ན་མཚམས་འདིར་སྐྱབས་སེམས། བསགས་སྦྱང༌། སྡོམ་བཟུང་བཅས་སྟ་གོན་སྐབས་ལྟར་འདིར་སྦྱར་དགོས། སྔོན་ཆད་གཉིས་འཛིན་གྱི་སྒྲིབ་པས་ཡེ་ཤེས་གསང་བའི་དཀྱིལ་འཁོར་མ་མཐོང་བ་མཚོན་བྱེད་དུ་སྤྱན་དར་འཆིང་བར་ཞུ། ཨོཾ་ཨཱཿཧཱུྃ༔ གིས་མིག་དར་འཆིང༌། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་རྟེན་དུ་མེ་ཏོག་གི་ཕྲེང་བ་རེ་འཛིན་མཛོད། ཨ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་སྦྱིན། ཐལ་མོ་མེ་ཏོག་དང་བཅས་པས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་གཞུག་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ ཧེ་རུ་ཀ་དང་གཉིས་མེད་པའི༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཁྲག་འཐུང་ཆེན་པོའི་གྲོང་ཁྱེར་དུ༔ བདག་ཅག་མགོན་པོས་གཞུག་པར་འཚལ༔ ལན་གསུམ། དེ་ནས་སྣོད་བརྟག་ཅིང་དམ་ཚིག་གི་གནས་ལ་སྤྲོ་བ་དྲི་བ་ནི། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ གྲོང་ཁྱེར་ཆེན་པོར་གཞུག་པར་བྱ༔ བླ་མེད་རྒྱུད་ལས་གང་གསུངས་པའི༔ དམ་ཚིག་ཐམས་ཅད་ཐུབ་པར་གྱིས༔ གསང་སྔགས་ལམ་མཆོག་རྙེད་པ་ནི༔ བསྐལ་པ་བརྒྱ་ལམ་རེས་འགའ་ཙམ༔ ཨུ་དུམ་ཝ་རའི་མེ་ཏོག་འདྲ༔ དེ་བས་དགའ་ཞིང་སྤྲོ་བར་གྱིས༔ ཞེས་དྲིས་པའི་ལན་དུ། དངོས་གྲུབ་མཆོག་གི་གནས་ལ་འདུན་པས་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས་འཛིན་སྙམ་པས་འདིའི་རྗེས་ཟློས། བདེ་བར་གཤེགས་པ་ཧེ་རུ་ཀའི༔ བདག་ཉིད་བླ་མ་དགོངས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ མ་ལུས་བདག་གིས་གཟུང་བར་བགྱི༔ སྲོག་གི་ཕྱིར་ཡང་མི་གཏོང་ངོ༔ ལན་གསུམ། དཔལ་ཧེ་རུ་ཀ་མཆོག་གི་གོ་འཕང་མངོན་དུ་བྱེད་པ་ནི་དམ་ཚིག་སྲུང་བ་ལ་རག་ལས་པས་བདག་ལས་ཇི་ལྟར་ཁས་བླངས་པའི་དམ་ཚིག་གི་གནས་རྣམས་ལས་འདའ་བར་མ་བྱེད་ཅིག །རྡོ་རྗེ་སློབ་དཔོན་བཀའ་གཉན་པས་དམ་ལ་བཞག་པ་ནི། རྡོ་རྗེ་སྤྱི་བོར་བཞག་སྟེ། ཧོཿ བདག་ནི་ཧེ་རུ་ཀ་དཔལ་ཏེ༔ ང་ལ་བརྙས་པར་མི་རུང་ངོ༔ ཚུལ་འདི་ལས་ནི་འདས་པ་ན༔ དཀྱིལ་འཁོར་གཙོ་བོར་འགལ་བར་འགྱུར༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ༔ བཀའ་ལས་འདས་པའི་ཉེས་པ་བསྒྲགས་པས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཞག་སྟེ། ཧེ་རུ་ཀ་དཔལ་བདག་གིས་ནི༔ བསྒོ་བའི་བཀའ་ལ་ཉན་པར་གྱིས༔ གལ་ཏེ་བཀའ་ལས་འདས་པ་ན༔ གསང་སྔགས་འབྲས་བུ་ཐོབ་འདོད་མིན༔ བཛྲ་ས་མ་ཡ་ཏིཥྛ༔ ཁེ་ཉེན་གཉིས་ཀའི་དཔང་པོ་མནའ་ཆུ་སྦྱིན་པས་དམ་ལ་བཞག་པ་ནི། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་སྲུང་ཡེ་ཤེས་སེམས་དཔའ་སྟེ༔ འདས་ན་ཡཀྴ་ནག་པོར་འགྱུར༔ སྙིང་ཁྲག་འཐུང་ཤིང་དམྱལ་བར་ལྟུང༔ དེ་བས་དམ་ཚིག་ཐུབ་པར་གྱིས༔ བཛྲ་ས་མ་ཡ་རཀྴ་སི་ཧཱུྃ༔ ཁེ་ཉེན་ཤེས་པས་དམ་ལས་མི་འདའ་བར་བྲོ་བོར་བར་གདམས་པ་ནི། ཧེ་རུ་ཀ་དཔལ་ཚུལ་འདི་ནི༔ གསང་བས་བྱིན་རླབས་བླ་ན་མེད༔ ཚུལ་འདི་སྨྲས་ཤིང་བདག་བརྙས་ན༔ དམ་ཚིག་ལས་ནི་འགལ་བར་འགྱུར༔ དེ་བས་སྙིང་ནས་བྲོ་བོར་ཞིག༔ སློབ་མས་རྡོ་རྗེ་རྩེ་གཅིག་གི༔ ཕྱག་རྒྱ་སྙིང་གར་བཟུང་བྱས་ཏེ༔ རྡོ་རྗེའི་བྲོ་བོར་རྗེས་ཟློས་མཛོད། ཨོཾ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ ཞེས་བྲོ་བོར། དེ་ནས་དབང་གི་གཞི་སྒྲུབ་པ་ཡེ་ཤེས་དབབ་པ་ལ་ལུས་གནད་དྲང་པོར་བསྲངས། ངག་གནད་སྲོག་རྩོལ་ཁ་སྦྱོར་དུ་བཅིངས། སེམས་ཀྱི་གནད་དམིགས་པ་འདི་བཞིན་མཛོད། སྣང་སྲིད་ཆོས་འབྱུང་ཆེན་པོར་བསམ༔ དབུས་སུ་སློབ་མ་མངོན་རྫོགས་རྒྱལ༔ ཧེ་རུ་ཀ་དཔལ་ཞལ་གཅིག་པ༔ སྨུག་ནག་ཕྱག་གཉིས་གྲི་ཐོད་འཛིན༔ ཞབས་གཉིས་སྐྱིལ་ཀྲུང་ཡུམ་དང་འཁྲིལ༔ བམ་རོ་པད་ཉི་གནས་པ་ཡི༔ སྙིང་གར་ཆོས་འབྱུང་དམར་པོའི་ནང༔ ཨ་ཤད་དམར་པོ་འོད་འབར་བསྒོམ༔ སློབ་དཔོན་ཧེ་རུ་ཀ་དཔལ་གྱི༔ ཐུགས་སྲོག་ཧཱུྃ་གིས་ཡེ་ཤེས་བཀུག༔ སློབ་བུའི་སྙིང་གར་གཉིས་མེད་བསྟིམ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨ་ཨ་ཧྃ༔ ཧ་ཧ་ཧ་ཧཱུྃ་ཧཱུྃ་ཧཱུྃ༔ ཨ་རལླི་ཨེ་ཧྱེ་ཨ་ཧྃ༔ བཛྲ་ས་མ་ཡ་ཛ་ཨ་ཧཾ༔ སྦྱར་བའི་སྤོས་བདུག །སྔགས་དང་ཐོད་རྔ་སོགས་རོལ་མོའི་སྒྲ་དང་བཅས་པས་དབབ་བོ། །དེ་ལྟར་སྐུ་གསུང་ཐུགས་ཕེབས་པའི་རྟགས་གང་བྱུང་བ་དེ་ཞེན་མེད་དུ་སྐྱོངས་ཤིག །ཡེ་ཤེས་པ་དབབ་པ་དེ་ཉིད་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག །མེ་ཏོག་དོར་གཞི་འདུ་བྱས་ལ། ཧོཿ བདེ་གཤེགས་རྒྱལ་བའི་ཕོ་བྲང་འདིར༔ ཡེ་ཤེས་ལྷ་ཚོགས་དངོས་སུ་བཞུགས༔ འབྲེལ་བ་གང་ཡོད་བརྟགས་པའི་ཕྱིར༔ རིག་པའི་མེ་ཏོག་ལྷ་ལ་འབུལ༔ ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་རིགས་ལྷའི་དཀྱིལ་འཁོར་དུ་དོར་བའི་མོས་པས་འདིའི་རྗེས་ཟློས། ཧོཿ བསྐལ་པ་སྔོན་ནས་འབྲེལ་བ་ཡི༔ ཡེ་ཤེས་རིག་པའི་ལྷ་མཆོག་ལ༔ རང་རིག་ལྷ་དང་ངོ་འཕྲོད་ཕྱིར༔ ཁ་དོག་ལྔ་ལྡན་མེ་ཏོག་འབུལ༔ ཐུགས་ཀྱིས་དགྱེས་པར་བཞེས་སུ་གསོལ༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོ༔ དོར་བས་དབུས་ལ་བབས་པ་ན༔ བུདྡྷ་ཧེ་རུ་ཀ་དཔལ་དང༔ དེ་བཞིན་ཕྱོགས་བཞིར་རིག་པར་བྱ༔ མཚམས་བཞིར་གུ་ཧྱ་ལ་སོགས་སོ༔ ཞེས་གསུངས་པས་དཀྱིལ་འཁོར་ལྷ་ཚོགས་རྣམས་གཙོ་བོ་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་ཐུགས་ཡེ་ཤེས་ཆེན་པོའི་རང་བཞིན་ཁོ་ན་ལས་གཞན་དུ་མ་ཡིན་པས་ཁྱེད་རྣམས་ཀྱི་གསང་མཚན་བུདྡྷ་ཧེ་རུ་ཀ་དཔལ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་རང་རིག་ཡེ་ཤེས་ཀྱི་ལྷ་དང་མཇལ་བར་དབང་བའི་བརྡར་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཧོཿ ཡེ་ཤེས་ལྷ་ཚོགས་ཐམས་ཅད་ལ༔ རིག་པའི་མེ་ཏོག་ཕུལ་བ་ཡི༔ བྱིན་རླབས་བསམ་མི་ཁྱབ་པ་དེ༔ རང་རིག་ལྷ་དང་ངོ་འཕྲོད་དེ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ༔ དཔལ་ཆེན་པོ་དང་དབྱེར་མེད་ཤོག༔ པུཥྤེ་གྲྀ་ཧྞ་ཨི་མཾ་སཏྭ་མ་ཧཱ་བ་ལ༔ མ་རིག་པའི་སྒྲིབ་པས་ལྡོངས་པའི་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ བདེ་བར་གཤེགས་པ་མིག་མཁན་རྒྱལ༔ ཧེ་རུ་ཀ་དཔལ་མཐོང་བྱའི་ཕྱིར༔ བསྐལ་པ་སྔོན་ནས་བསྒྲིབས་པ་ཡི༔ མ་རིག་ལིང་ཏོག་བསལ་དུ་གསོལ༔ ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་ཡེ་ཤེས་རིག་པ་ཐུར་མས་བསལ་བར་མོས། ཧོཿ དེང་ཁྱོད་ཧེ་རུ་ཀ་དཔལ་གྱིས༔ ཡེ་ཤེས་མཆོག་གི་མིག་དབྱེ་མཛད༔ རབ་རིབ་བདེ་བར་གཤེགས་པས་བསལ༔ ཡེ་ཤེས་མཆོག་ནི་མཐོང་བར་འགྱུར༔ བཛྲ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ དཀྱིལ་འཁོར་བལྟ་བར་བསྐུལ་བ་ནི༔ ཧོཿ ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ༔ མཐོང་ན་ཡེ་ཤེས་མྱུར་དུ་རྟོགས༔ འདི་ན་ཧེ་རུ་ཀ་དཔལ་གྱི༔ གྲོང་ཁྱེར་བླ་ན་མེད་པ་བཞུགས༔ སྐད་ཅིག་མཐོང་བ་ཙམ་གྱིས་ནི༔ བསྐལ་པ་དུ་མའི་སྒྲིབ་པ་སྦྱངས༔ ཞེས་གསུངས་པ་ལྟར་སྨིན་པར་བྱ་བའི་དབང་གི་བྱེད་ལས་ཀྱང་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་ཤིང༌། དཀྱིལ་འཁོར་ལ་ཡང་རང་བཞིན་ཡེ་ཤེས། ཏིང་འཛིན་སྤྲུལ་པ། རིག་པ་ཉམས། གཟུགས་བརྙན་རྟེན་གྱི་དཀྱིལ་འཁོར་བཞི་ལས་ཐོག་མར་གཞུག་བྱ་གཟུགས་བརྙན་གྱི་དཀྱིལ་འཁོར་ཡིན་པས་འདི་ལྟར་སྐུ་གསུམ་ཡེ་ཤེས་རོལ་པའི་རྣམ་འཕྲུལ་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་ཏིང་ངེ་འཛིན་སྤྲུལ་པའི་དཀྱིལ་འཁོར་གྱིས་བྱིན་གྱིས་བརླབས་པའི་རྡོ་རྗེའི་སྲུང་འཁོར་འབྱུང་ལྔ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་རྡོ་རྗེ་རྡུལ་གྱིས་འཐས་པའི་གཞིར་དུར་ཁྲོད་ཆེན་པོ་བརྒྱད་དང་ཡན་ལག་ཐེག་རིམ་དགུ་ཡི་དཀྱིལ་འཁོར་གྱིས་བསྐོར་བའི་དབུས་སུ་པད་ཉི་སྣ་ཚོགས་རྡོ་རྗེ་གདན་གྱི་ལྟེ་བར་མངོན་རྫོགས་རྩ་བའི་གཞལ་མེད་ཁང་གི་ནང་རིམ་པ་གཉིས་ལྡན་གྲུ་བཞི་སྒོ་བཞི་རྟ་བབ་བརྒྱད་ལྡན་གྱི་ལྟེ་བར་འཁོར་ལོ་རྩིབས་བརྒྱད་པའི་དབུས་སུ་བྱོལ་སོང་གཙོ་བརྒྱད་པདྨ་ཉི་ཟླའི་སྟེང་དུ་སྲིད་ཞིའི་སྤྱི་དཔལ་མངོན་རྫོགས་རྒྱལ་པོ་སྐུ་མདོག་སྨུག་ནག་དབུ་ཉེར་གཅིག་མཐིང་དཀར་དམར་བ། རྩ་བའི་ཕྱག་དང་པོ་གཉིས་ཀྱིས་གྲི་ཐོད་འཛིན་པས་ཡུམ་ལ་འཁྱུད་པ། བར་པའི་གཡས་གཡོན་གྱིས་དག་དང་མ་དག་གི་འཇིག་རྟེན་འདེགས་ཚུལ། ཐ་མ་གཉིས་ཀྱིས་འོད་ཀྱི་ཐིག་ལེའི་ཀློང་དུ་འདོད་གཟུགས་ཀྱི་འཇིག་རྟེན་འཛིན་པ། ལྷག་མ་བར་ཕྱག་བཅུས་གཡས་སུ་འབྱུང་བ་ལྔ། གཡོན་ལྔས་རིགས་ལྔའི་ཕྱག་མཚན། ལྷག་མ་གཡས་ལྔ་བཅུའི་གྲི་གུག །གཡོན་ལྔ་བཅུའི་ཐོད་ཁྲག་འཛིན་པ་དཔལ་དང་དུར་ཁྲོད་ཀྱི་ཆས་ཅན། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་རྡོ་རྗེ་བདེ་མ་དབུ་དགུ་ཕྱག་བཅོ་བརྒྱད་ཀྱིས་གྲི་ཐོད་འཛིན་པ་དང་སྦྱོར་བ། དེའི་ཕྱི་དྲག་པོའི་འཁོར་ལོ་རྩིབས་བརྒྱད་དུ་རྒྱུད་ལུང་གི་ཁྲོ་བོ་བརྒྱད། དེའི་མཐར་ཁྱམས་ལ་དཔལ་ཆེན་པོའི་ཡེ་ཤེས་ཀྱི་རང་རྩལ་སུམ་བརྒྱ་དང་དྲུག་ཅུ་རེ་དགུ་སོགས་མ་འདྲེས་ཡོངས་རྫོགས་ཉི་མ་དང་འོད་ཟེར་བཞིན་བཞུགས་པ་དཔལ་ཆེན་མངོན་རྫོགས་རྒྱལ་པོའི་རང་བཞིན་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་རྣམས་མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་འདི་དང་དབྱེར་མེད་ཅིང་མཚོན་བྱ་དོན་གྱི་དཀྱིལ་འཁོར་གཉུག་མ་མི་ཤིགས་པའི་སྒོ་གསུམ་ལ་གདོད་མ་ཉིད་ནས་རང་བྱུང་ལྷུན་གྲུབ་ཏུ་བཞུགས་པ་ངོ་ཤེས་པར་གྱིས་ཤིག །དེས་དཀྱིལ་འཁོར་ཕྱི་ནང་དུ་འཇུག་པ་སོང་ནས། ཞུགས་ནས་མངོན་པར་དབང་བསྐུར་བ་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧཱུྃ༔ དཔལ་ཆེན་མངོན་རྫོགས་དཀྱིལ་འཁོར་འདིར༔ ཞུགས་ཀྱང་སྨིན་པར་མཛད་དུ་གསོལ༔ སྨིན་ཅིང་གྲོལ་བ་མཐར་ཕྱིན་ཅིང༔ མི་གནས་ཀློང་དུ་སྐྱེལ་བར་མཛོད༔ ལན་གསུམ་གྱིས་གསོལ་བ་བཏབ་ནས། དབང་དངོས་ལའང༌། རྩ་རྒྱུད་ལས། ཕྱི་ཡི་དབང་དང་ནང་གི་དབང༌། །སྒྲུབ་པའི་དབང་དང་གསང་བའི་དབང༌། །བཅུ་དང་བཅུ་གཅིག་བཅུ་གསུམ་དང༌། །རྣམ་པ་གཉིས་ཀྱིས་རྫོགས་པར་འགྱུར། །ཞེས་གསུངས་པ་ལྟར་ཕྱི་དབང་རྒྱུད་ཀྱི་ཆུ་བོ། ནང་དབང་འབྱུང་བའི་ཆུ་བོ། སྒྲུབ་དབང་གྲགས་པའི་ཆུ་བོ། གསང་དབང་རྫོགས་པའི་ཆུ་བོ་བཞི་རྣམས་ལས། དང་པོའི་སླད་དུ་མ་རིག་པ་ལྔ་ཡེ་ཤེས་ལྔར་དག་པའི་ཆེད་དུ་རིག་པའི་དབང་ལྔ་བསྐུར་བ་ལ། བུམ་པ་རང་བྱུང་གི་གཞལ་མེད་ཁང་ཆེན་པོར་བུམ་བཅུད་ཧེ་རུ་ཀ་དཔལ་ཞུ་བའི་ཆུ་རྒྱུན་དང་བཅས་པ་དབང་ལྷ་རྣམས་ཀྱིས་ཐོགས་ཏེ་དབང་བསྐུར་བར་གྱུར། ཧཱུྃ༔ རང་བྱུང་ཡེ་ཤེས་བུམ་པ་རུ༔ ཧེ་རུ་ཀ་དཔལ་ལྷ་ཚོགས་བཞུགས༔ ཐབས་ཤེས་གཉིས་མེད་ཞུ་བའི་ཆུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཨོཾ་ཤྲཱི་ཧེ་རུ་ཀ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ དཔལ་ཧེ་རུ་ཀའི་དབང་རྟགས་ཅོད་པན་སྤྱི་བོར་བཅིངས་ཏེ། ཧཱུྃ༔ ཧེ་རུ་ཀ་དཔལ་དབང་གི་རྟགས༔ ཁྲག་འཐུང་ལྔ་ཡི་ཅོད་པན་དང༔ ཐབས་དང་ཤེས་རབ་དབྱེར་མེད་པའི༔ དར་དཔྱང་དབང་བསྐུར་སྦྱིན་པར་བྱ༔ ཨོཾ་ཤྲཱི་ཧེ་རུ་ཀ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ ཐབས་བདེ་བ་ཆེན་པོའི་རང་བཞིན་རྡོ་རྗེ་ཕྱག་གཡས་སུ་གཏད་དེ་ཐུགས་ཀར་གསོར་ཅིག ཧཱུྃ༔ཡེ་ཤེས་ལྔ་ལས་རང་བྱུང་བ༔ ཐབས་ཀྱི་རང་བཞིན་རྡོ་རྗེ་ཆེ༔ སངས་རྒྱས་ཀུན་གྱི་གསང་གསུམ་ལས༔ བྱུང་བའི་རྡོ་རྗེའི་དབང་བསྐུར་རོ༔ ཨོཾ་ཤྲཱི་ཧེ་རུ་ཀ་བཛྲ་ཨ་བྷི་ཥིཉྩ་ཧྲཱིཿ ཤེས་རབ་སྟོང་ཉིད་ཀྱི་ངོ་བོ་དྲིལ་བུ་ཕྱག་གཡོན་དུ་གཏད་དེ་དཀྲོལ་ཞིང་དཀུ་ལ་རྟེན་ཅིག ཧཱུྃ༔ སངས་རྒྱས་ཀུན་གྱི་དབྱངས་ལྡན་པའི༔ ཤེས་རབ་རང་བཞིན་དྲིལ་བུ་ཆེ༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ལས༔ བྱུང་བའི་དྲིལ་བུའི་དབང་བསྐུར་རོ༔ ཨོཾ་ཤྲཱི་ཧེ་རུ་ཀ་གཎྜེ་ཨ་བྷི་ཥིཉྩ་ཨཱ༔ རྡོར་དྲིལ་བསྣོལ་མ་སྤྱི་བོར་བཞག་པ་དང་བཅས་ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་མིང་གིས་དབང་བསྐུར་ཏེ། ཧཱུྃ༔ བདེ་བར་གཤེགས་པ་ཐམས་ཅད་ཀྱི༔ སེམས་དཔར་མིང་ནི་གདགས་པ་བཞིན༔ རྒྱལ་བའི་མིང་ནི་བླ་ན་མེད༔ ས་གསུམ་གྲགས་པར་དབང་བསྐུར་རོ༔ ཨོཾ་ཤྲཱི་ཧེ་རུ་ཀ་བུདྡྷ་ཧེ་རུ་ཀ་དཔལ་ཞེས་བྱ་བའི་ཁྲོ་བོའི་རྒྱལ་པོའོ༔ དེ་ལྟར་རིག་པའི་དབང་ལྔ་བསྐུར་བས་ཉོན་མོངས་པ་ལྔ་དག །ཡེ་ཤེས་ལྔ་རྒྱུད་ལ་སྐྱེས་ཁྲག་འཐུང་རིགས་ལྔའི་གོ་འཕང་ཐོབ་པའི་སྐལ་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་དང་རྗེས་འབྲེལ་ཕན་པ་ལྷ་ཡི་དབང་བསྐུར་བའི་སླད་དུ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྦྱིན་པའི་ཐོག་མར་དཀྱིལ་འཁོར་གྱི་ལྷ་ཚོགས་ཡེ་ཤེས་ཕྱག་རྒྱའི་སྐུ་རྣམས་ལས་སྐུ་གཉིས་པ་རེ་འཕྲོས་ཁྱེད་རང་མངོན་རྫོགས་ཧེ་རུ་ཀར་གསལ་བའི་གནས་རྣམས་སུ་ཐིམ་པས་སྣོད་བཅུད་ཐ་མལ་གྱི་ཞེན་རྟོག་ཡེ་ཤེས་ལྷ་ཡི་འཁོར་ལོར་དག་པའི་མོས་པ་མཛོད། ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ དབུས་ཀྱི་ཧེ་རུ་ཀ་དཔལ་ཏེ༔ མངོན་རྫོགས་རྒྱལ་པོ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨོཾ་ཤྲཱི་ཧེ་རུ་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ཤར་གྱི་ཧེ་རུ་ཀ་དཔལ་ཏེ༔ བཅོམ་ལྡན་བཛྲ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨོཾ་བཛྲ་ཤྲཱི་ཧེ་རུ་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ལྷོ་ཡི་ཧེ་རུ་ཀ་དཔལ་ཏེ༔ བཅོམ་ལྡན་རཏྣ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ནུབ་ཀྱི་ཧེ་རུ་ཀ་དཔལ་ཏེ༔ བཅོམ་ལྡན་པདྨ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཀཱ་ཡ་ཨོཾ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ བྱང་གི་ཧེ་རུ་ཀ་དཔལ་ཏེ༔ བཅོམ་ལྡན་ཀརྨ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ཤར་ལྷོའི་ཧེ་རུ་ཀ་དཔལ་ཏེ༔ བཅོམ་ལྡན་གུ་ཧྱ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨོཾ་གུཧྱ་ཤྲཱི་ཧེ་རུ་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ལྷོ་ནུབ་ཧེ་རུ་ཀ་དཔལ་ཏེ༔ བཅོམ་ལྡན་ས་ནུ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨོཾ་ས་ནུ་ཤྲཱི་ཧེ་རུ་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ ནུབ་བྱང་ཧེ་རུ་ཀ་དཔལ་ཏེ༔ བཅོམ་ལྡན་ཡཀྴ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨོཾ་ཡཀྴ་ཤྲཱི་ཧེ་རུ་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཆོས་སྐུ་སྐྱེ་མེད་ལོངས་སྤྱོད་རྫོགས༔ བྱང་ཤར་ཧེ་རུ་ཀ་དཔལ་ཏེ༔ བཅོམ་ལྡན་རཀྴ་ཧེ་རུ་ཀ༔ ཡབ་ཡུམ་འཁོར་བཅས་དབང་རྫོགས་ཤོག༔ ཨོཾ་རཀྴ་ཤྲཱི་ཧེ་རུ་ཀ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གསུང་བཟླས་པའི་སྔགས་ཀྱི་ལུང་སྦྱིན་པ་ནི། བླ་མ་ཧེ་རུ་ཀ་དཔལ་དང་ཁྱེད་རང་གི་སྙིང་གར་ཉི་མའི་སྟེང་དུ་རྡོ་རྗེ་རྩེ་དགུའི་ལྟེ་བར་ཧཱུྃ་མཐིང་ནག་དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམ། བླ་མའི་ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་བྱུང་ཞལ་ནས་ཐོན་ཁྱེད་རང་གི་ཞལ་དུ་ཞུགས་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་གྲགས་སྟོང་རྡོ་རྗེའི་སྔགས་སུ་དག་པར་མོས་ལ་འདིའི་རྗེས་ཟློས། ཨོཾ་བཛྲ་ཀྲོདྷ་སོགས་ཕྲིན་ལས་ལྟར་སྙིང་པོ་ཡང་སྙིང་རྣམས་ལན་གསུམ་རེ་རྗེས་ཟློས་བྱར་གཞུག །ཐུགས་ཀྱི་རྗེས་གནང་གི་སླད་དུ་དུས་གསུམ་གྱི་སྤྲོས་པས་གདོད་ནས་རྣམ་པར་དག་པའི་ཆོས་ཉིད་རང་བྱུང་གི་རིག་པ་དབྱིངས་ཡེ་གཉིས་སུ་མེད་པའི་ངང་དུ་མཉམ་པར་བཞག་པས་དྲན་རྟོག་ཆོས་ཉིད་ཀྱི་འཁོར་ལོར་དག་པར་མོས་ཤིག །རྡོ་རྗེ་སློབ་དཔོན་བདག་པོའི་དབང་ལ་ཁྱེད་རང་རྣམས་སེང་གེའི་ཁྲིར་འཁོད། སྟེང་དུ་གདུགས་ཕུབ་རྡོ་རྗེ་སློབ་དཔོན་གྱི་ཆས་དང་མཆོད་པའི་ཡོ་བྱད་རྣམས་ཀྱིས་མངའ་གསོལ་བར་གྱུར། ཨོཾ་བཛྲ་པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད། ཤིས་བརྗོད་ཅི་རིགས་བྱའོ། །ལུང་བསྟན་པའི་སླད་དུ་སློབ་དཔོན་གྱིས་ལག་གཡོན་པས་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་བཟུང༌། གཡས་སྐྱབས་སྦྱིན་དང་བཅས། སློབ་དཔོན་དེ་བཞིན་གཤེགས་པ་སྤྲུལ་པའི་སྐུའི་ཆ་བྱད་ཅན་གྱི་ལུང་བསྟན་པ་ནི་ཀྱེ་བུདྡྷ་ཧེ་རུ་ཀ་ཞེས་བྱ་བའི་དེ་བཞིན་གཤེགས་པ་ས་འོག་ས་སྟེང་ས་བླ་རྣམས་སུ་གྲགས་ཤིང་དེ་བཞིན་གཤེགས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བྱང་ཆུབ་ཏུ་ལུང་བསྟན་པ་དང་དབུགས་དབྱུང་བར་འགྱུར་རོ། །དེ་རྣམས་ཀྱིས་བདག་པོའི་དབང་རྫོགས་པ་ཡིན་ནོ། །དེ་ལྟར་ཕྱི་ཐར་པ་ཆེན་པོའི་དཀྱིལ་འཁོར་དུ་བུམ་པའི་དབང་བསྐུར་བས་ལས་དང་ལུས་སྒྲིབ་དག་ཅིང་སྣང་སྟོང་གྱི་འཁོར་ལོར་ཤར་བ་མ་ཧཱ་ཡོ་གའི་ལམ་བསྒོམ་པ་ལ་དབང༌། སྒོམ་ལམ་ལུང་ཆེན་ཐོབ་པ་དང་རྩལ་ཆེན་རྫོགས་པའི་རྣལ་འབྱོར་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་བྱས། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །གསང་དབང་རྫོགས་པའི་ཆུ་བོ་གསུམ་བསྐུར་བ་ལ་གསང་བ་བྱང་ཆུབ་སེམས་ཀྱི་དབང་ངག་ལ་བསྐུར་བའི་སླད་དུ་བླ་མ་ཧེ་རུ་ཀ་ཡབ་ཡུམ་མཉམ་པར་སྦྱོར་བའི་ཉི་ཟླ་བྱང་སེམས་ཐོད་པའི་ནང་དུ་ལྷུང་བ་ལྕེ་ཐོག་ཏུ་བཞག་པར་གྱུར། ཐོད་པའི་བདུད་རྩི་ཐོགས་ལ། ཧཱུྃ༔ཧེ་རུ་ཀ་དཔལ་མངོན་རྫོགས་རྒྱལ༔ ཡུམ་མཆོག་ཙཎྜ་ལཱི་དང་སྦྱོར༔ རྒྱལ་བའི་ཟག་མེད་བྱང་སེམས་བསྡུས༔ བདེ་སྟོང་ཟུང་འཇུག་རྟོགས་ཕྱིར་སྦྱིན༔ བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཨཱ༔ དེས་གསང་བའི་དབང་ཐོབ་ངག་སྒྲིབ་དག་ཅིང་གསལ་སྟོང་བདག་བྱིན་རླབས་ཀྱི་རིམ་པ་སྒོམ་པ་དང༌། འབྲས་བུ་ལོངས་སྐུ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ་པདྨ་ཅན་གྱི་ཕྱག་རྒྱ་གནམ་ཞལ་དབྱིངས་ཕྱུག་མའི་ངོ་བོར་སྤྲོས་པ་ཁྱེད་རང་རྣམས་ཀྱི་ལག་གཡས་པར་ཕྱག་རྒྱའི་ལག་གཡོན་པ་གཏད་དེ། རིག་ཙཀ་ཐོགས་ལ། ཧཱུྃ༔ འདི་ནི་བདེ་ཆེན་གསང་བའི་ལམ༔ འདུ་ཤེས་གསུམ་གྱིས་རྟག་ཏུ་བསྟེན༔ བདེ་ཆེན་ཡེ་ཤེས་རྟོགས་པར་བྱེད༔ འདི་སྤངས་སངས་རྒྱས་ཐོབ་འདོད་མིན༔ རྒྱལ་བ་ཀུན་གྱིས་གསང་ལམ་མཆོག༔ དེ་རིང་ཁྱོད་ལ་བསྟན་པར་བྱ༔ བུ་ཡིས་བདེ་བ་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་བྷཉྫ་མོཀྵ༔ དེ་ལྟར་འདུ་ཤེས་གསུམ་ལྡན་གྱིས་སྙོམ་པར་ཞུགས་པས་ལྷན་སྐྱེས་དགའ་བའི་ཡེ་ཤེས་ཉམས་སུ་མྱོང་བར་མོས་ཤིག །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ཡིད་སྒྲིབ་དག་ཅིང་བདེ་སྟོང་ཕོ་ཉའི་ལམ་ཨ་ནུ་ཡོ་ག་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པར་འགྱུར་བའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །དོན་དམ་རིག་པ་རྩལ་གྱི་དབང་སེམས་ལ་བསྐུར་བའི་སླད་དུ། རང་བྱུང་རྡོ་རྗེ་སེམས་དཔའི་མན་ཤེལ་གྱི་བརྡས་མཚོན་ཏེ། མན་ཤེལ་ཐོགས་ལ། ཧཱུྃ༔ སེམས་ནི་རང་བཞིན་འོད་གསལ་བ༔ དེ་ཉིད་མི་རྟོག་སྐྱེ་བ་མེད༔ གསལ་སྟོང་འགག་མེད་བདེ་བ་ཆེ༔ ཐམས་ཅད་དབྱེར་མི་ཕྱེད་པའོ༔ ཡང་དག་དོན་ལ་གནས་པར་གྱིས༔ དྷརྨ་དྷཱ་ཏུ་ཨ་ཨ་ཨཿ འདི་ལྟར་སྣང་བ་ཐམས་ཅད་སྣང་དུས་ནས་མ་གྲུབ་ཅིང་གདོད་ནས་ཤིན་ཏུ་རྣམ་པར་དག་པའི་དབྱིངས་སྟོང་པ་ཆེན་པོ་དང་རིག་པའི་རྩལ་སྣ་ཚོགས་སུ་ཤར་བ་མན་ཤེལ་ལ་ཡུལ་རྐྱེན་གྱི་ཁ་དོག་སྣ་ཚོགས་སྣང་ཡང་སྟོང་པ་དང་རོ་གཅིག་པ་ལྟར། དབྱིངས་རིག་གཉིས་སུ་མེད་པའི་དོན་ངོ་ཤེས་པར་གྱིས་ལ་མཉམ་པར་འཇོག་འཚལ། དེས་དབང་བཞི་པ་ཐོབ། ཡེ་ཤེས་ཀྱི་དྲི་མ་དག །རིག་སྟོང་ཟུང་འཇུག་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་རྣམས་ཀྱིས་དངོས་གཞིའི་དབང་བསྐུར་རྣམས་གྲུབ་ནས། མཐའ་རྟེན་སྒྲུབ་རྫས་ཀྱི་དབང་བསྐུར་བ་ལ། དང་པོ་སྨན་གྱི་དབང་བསྐུར་བ་སྟེ། ཆོས་དོན་རྟགས་རྫས་ཀྱི་བདུད་རྩིའི་སྣང་སྲིད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་དུ་རྣམ་པར་དག་པས་རྡོ་རྗེ་ཉི་མ་ཆེ་མཆོག་ཡོན་ཏན་གྱི་དངོས་གྲུབ་ལ་དབང་བསྒྱུར་བའི་ཕྱིར་དཔལ་ཧེ་རུ་ཀ་ཡབ་ཡུམ་གཉིས་མེད་མཉམ་པར་སྦྱོར་བའི་བདུད་རྩི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་བར་མོས་ཤིག །བདུད་རྩི་སྨན་གྱིས་དབང་བསྐུར་ཏེ། ཧཱུྃ༔ བདེ་ཆེན་ཡེ་ཤེས་བདུད་རྩི་ནི༔ ཧེ་རུ་ཀ་དཔལ་ཡབ་ཡུམ་རྣམས༔ གཉིས་མེད་སྦྱོར་བའི་དམ་ཚིག་རྫས༔ ར་ས་ཡ་ནས་དབང་བསྐུར་རོ༔ པཉྩ་ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ གཞི་རྣམ་ཤེས་ཚོགས་བརྒྱད་ལམ་བསྐྱེད་རྫོགས་བསྙེན་སྒྲུབ་ཡན་ལག་བཞི་དང་དགའ་བཞི་སྟོང་པའི་དབྱིངས་སུ་སྦྱངས་པས་འབྲས་བུ་ཡེ་ཤེས་ཀློང་དགུ་གཅིག་ཏུ་འཁྱིལ་བ་རྡོ་རྗེ་སེམས་དཔའ་ཡང་དག་ཧེ་རུ་ཀ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པ་མར་མེ་གླིང་དགུས་དབང་བསྐུར་བར་མོས་ཤིག །མར་མེ་གླིང་དགུའི་དབང་བསྐུར་ལ། ཧཱུྃ༔ དབྱིངས་སུ་མཚོན་པའི་ཀོང་བུ་རུ༔ ཡེ་ཤེས་ཀློང་དགུའི་ཞུན་ཆེན་བལྟམས༔ ཧེ་རུ་ཀ་དགུས་མེ་འབར་བ༔ ་སྣང་གསལ་མར་མེའི་དབང་བསྐུར་རོ༔ བཛྲ་ཨཱ་ལོ་ཀེ་ཨ་བྷི་ཥིཉྩ་ཧཱུྃ༔ འཁོར་ལོ་རྣམ་པ་བཞིས་སྲིད་ཞིའི་སྟོང་སྲོག་འཕྲོག་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཅན་འཇམ་དཔལ་ཁྲག་འཐུང་རོལ་པས་བདུད་དང་མུ་སྟེགས་གདུལ་དཀའ་མངོན་སྤྱོད་ཀྱིས་འདུལ་བའི་ཕྲིན་ལས་ལ་དབང་ཐོབ་པར་མོས་མཛོད། ཁྲམ་ཤིང་དང་འཁོར་ལོ་གཏད་ལ། ཧཱུྃ༔ བདུད་འདུལ་མཐུ་ཆེན་དམིགས་བྱ་ངན༔ བསད་པའི་ཁྲམ་དུ་འདེབས་པ་དང༔ ཚད་མེད་སྟོང་སྲོག་འཁོར་ལོ་ཡིས༔ གདུག་པའི་ཚོགས་འཇོམས་དབང་བསྐུར་རོ༔ ཐུམ་རིམ་ཙཀྲ་ཝརྟི་ཨ་བྷི་ཥིཉྩ་ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་འགག་པ་མེད་པའི་སྒྲ་དབྱངས་རྟ་སྐད་ཐེང་གསུམ་གྱི་དགོངས་པས་དབང་ཆེན་དཔལ་གྱི་གོ་འཕང་མངོན་དུ་བྱེད་ཕྱིར་རྟ་ཞལ་གྱིས་དབང་བསྐུར་བར་མོས་མཛོད། རྟ་མགོ་སྤྱི་བོར་བཞག་ལ། ཧཱུྃ༔ རྔམས་པའི་ཧ་ཧའི་སྒྲ་ཆེན་གྱིས༔ སྣང་སྲིད་དུས་གཅིག་དབང་སྡུས་ནས༔ ཡེ་ཤེས་འཇིག་རྟེན་ལས་ལ་ཚུད༔ མཆོག་ཐུན་འགྲུབ་པའི་དབང་ཐོབ་ཤོག༔ ཧ་ཡ་གྲཱྀ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཐལ་འབྱིན་ཕུར་པ་རྣམ་བཞིའི་དགོངས་པ་ཡུལ་ལ་ཐེབས་པས་རྫོང་འཕྲང་སྲོག་གི་ལས་ལ་དབང་ཐོབ་ནས་གདུག་ཅན་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་ཐུགས་རྗེའི་མཚོན་ཆས་འཛིན་པས་མི་གཏོང་བའི་དབང་ཐོབ་པར་མོས་མཛོད། ཕུར་པ་འདྲིལ་ཞིང་གཏད་ལ། ཧཱུྃ༔ བདུད་འདུལ་མཐུ་ཆེན་ཀཱི་ལ་ཡ༔ འཇོམས་བྱེད་ཆེན་པོའི་དབང་བསྐུར་བས༔ གསལ་བ་གསུམ་ལྡན་སྲོག་གསུམ་གསལ༔ ལོག་རྟོག་བསྒྲལ་ཕྱིར་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བསྐལ་ངན་དུས་ཀྱི་གཡོ་འཁྲུགས་ཆོས་ཉིད་སྐྱེ་མེད་ཀྱི་དབྱིངས་སུ་འཆོས་ཕྱིར་ཆོས་ཅན་སྣང་སྲིད་ཡོངས་རྫོགས་མ་མོའི་མདོས་ཀྱི་དབང་བསྐུར་བས་དོན་གཉིས་ལྷུན་གྲུབ་འགག་མེད་ཕྲིན་ལས་ཀྱི་དཔལ་ལ་དབང་ཐོབ་པར་མོས་ཤིག༔ མདོས་གཏད་ལ། ཧཱུྃ༔ སྣང་སྲིད་གཡོ་འཁྲུགས་ཟློག་པའི་ཕྱིར༔ སྣང་སྲིད་མདོས་ཀྱི་རི་རབ་ལ༔ དོན་གཉིས་བཅུད་ཀྱི་བརྒྱན་བྱས་ཏེ༔ ཡོངས་རྫོགས་མདོས་ཀྱི་དབང་བསྐུར་རོ༔ ཨོཾ་སརྦ་བ་ལིཾ་ཏ་བྷྱོ་བྷྱོ་ཟློག་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེའི་ཚེ་ཐབས་ཀྱི་མཱྃ་ས་ཤེས་རབ་ཛ་གད་ཞལ་ཟས་ཀྱི་བྱེ་བྲག་སོགས་དངོས་གྲུབ་ཀྱི་རྫས་ཐམས་ཅད་ལ་རོལ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་རྒྱ་མཚོའི་དཔལ་ལ་ལོངས་སྤྱོད་པར་གྱུར་ཅིག །དངོས་གྲུབ་ཀྱི་རྫས་སྣ་ཚོགས་གཏད་ལ། ཧཱུྃ༔ བཀྲ་ཤིས་ཚེ་ནི་ཚེ་ཡི་ལུང༔ ཐབས་ཤེས་རྫས་མཆོག་བདེ་བའི་ལུང༔ ཛ་གད་སྨན་མཆོག་གལ་གྱི་ལུང༔ མཱྃ་ས་རྫས་མཆོག་ནུས་པ་བསྐྱེད༔ འབྲས་བུ་རིག་བྱེད་རིག་རྒྱུད་ལུང༔ ཟླ་རྒྱས་ཟླ་ཕྲོམ་བཀྲ་ཤིས་ཟས༔ མཐའ་རྫོགས་དགའ་སྟོན་དབང་བསྐུར་རོ༔ ག་ཎ་ཙཀྲ་མངྒ་ལཾ་ཨཱཡུཿསིདྡྷི་བྷྲཱུྃ༔ དེ་རྣམས་ཀྱིས་མངོན་རྫོགས་ཧེ་རུ་ཀའི་རྩ་བ་དང་ཡན་ལག་གི་དབང་རྣམས་གྲུབ་པས་བྱིན་རླབས་བརྟན་པར་བྱ་བའི་སླད་དུ་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་ཤིས་པའི་ཚིག་གིས་མངའ་གསོལ་བར་གྱུར། བཀྲ་ཤིས་ཅི་རིགས་བརྗོད། དེ་ལྟར་གྱི་རིམ་པ་ཡང༌། གཞུང་ལས། རྩ་བ་དགུ་བསྒྲིལ་འདི་ཉིད་ནི༔ བདག་པོའི་དབང་ཕན་མ་ཧཱ་དང༔ གསང་དབང་ཤེར་དབང་ཨ་ནུ་སྟེ༔ རིག་རྩལ་ཨ་ཏི་རྫོགས་པ་ཆེ༔ སྤྱིར་ནི་ཐེག་རིམ་དབང་བསྐུར་བས༔ ཐེག་པ་དངོས་ཀྱི་འཇུག་སྒོ་ཡིན༔ སྔོན་འགྲོ་ཐེག་རིམ་གཏན་འབེབས་ཏེ༔ ལུང་མདོ་ཨ་ནུའི་ཁྱད་པར་གྱི༔ བྱེ་བྲག་འདི་ནི་བསྡུས་དོན་ཡིན༔ རྒྱས་པར་དཔེ་རྒྱུད་ཕྱོགས་ལ་ལྟོས༔ དེ་ལྟར་ནང་སྐོར་ཡི་དམ་གྱི༔ དབང་བསྐུར་རྩ་བ་དགུ་བསྒྲིལ་ཡང༔ ལས་ཅན་བུ་དང་འཕྲད་པར་ཤོག༔ ཅེས་གསུངས་པ་ལྟར་ཐེག་པ་རིམ་དགུའི་དབང་རྣམས་ཡོངས་རྫོགས་ལེགས་པར་གྲུབ་པ་ལགས་ཤིང་དབང་དུས་སུ་ཞལ་གྱིས་བཞེས་པའི་དམ་ཚིག་རྣམས་མདོར་བསྡུས་ཏེ་གཟུང་བ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དམ་ཚིག་ཁས་བླང་དང༌། གཏང་རག་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བསྔོ་སོགས་གྲུབ་ནས་སློབ་མ་རྣམས་རང་གནས་སུ་བཏང༌། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ་བ། གཏོར་སྐྱོང༌། དཀྱིལ་འཁོར་རྗེས་ཀྱི་ཆོ་ག་རྣམས་ཁྲོ་བོའི་བྱང་བུ་ཁྲིགས་བསྡེབས་ལྟར་བྱས་པས་གྲུབ་བོ། །ནང་སྐོར་ཀློང་སྡེའི་སྨིན་བྱེད་བཅུད། །ཁྲག་འཐུང་མངོན་རྫོགས་རྒྱལ་པོ་ཡི། །རྩ་བ་ཡན་ལག་སྨིན་བྱེད་རྣམས། །བསྐུར་ཚུལ་ཀློང་སྡེའི་མཛེས་རྒྱན་སྤེལ། ༈ དགུ་པ་ནང་སྐོར་ཁྲིད་ཀྱི་བྱིན་རླབས་ལ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་ནི། ཕྱི་ནང་གསང་བའི་མཆོད་ཚོགས་རྣམས་ཚོགས་པར་བྱས། ཨོག་འཁར། སྒོམ་ཐག །དམིགས་ཤིང་གསུམ་སྤྲོས་མེད་ཀྱི་བྱིན་རླབས་ཡིན་པས་གཞན་དབང་རྫས་དང་དབང་སྒྲུབ་ལོགས་སུ་མི་དགོས་ཤིང༌། སློབ་དཔོན་ལྟ་དགོངས་དང་ལྡན་པས་ཀུན་བཟང་དོན་གྱི་ཕྲིན་ལས་ནི། ཨ༔ ཆོས་རྣམས་ཡེ་ནས་སངས་རྒྱས་རང་བཞིན་ལ༔ བསྐྱེད་པའི་རིམ་པ་དམིགས་སུ་མ་མཆིས་སོ༔ རང་རྩལ་རྫོགས་པའི་རྣམ་སྣང་བཻ་རོ་རྗེ༔ འོད་གསལ་ཐིག་ལེ་རང་ཤར་ཀློང་དུ་བསྐྱེད༔ འཁྲུལ་མ་མྱོང་བའི་ཀ་དག་ཆོས་སྐུ་ལ༔ སྤྱན་འདྲེན་གཤེགས་སུ་གསོལ་བ་ག་ལ་ཡོད༔ ལྷུན་གྱིས་གྲུབ་ཅིང་འདུ་འབྲལ་མེད་པའི་ལྷ༔ སྟོང་གསལ་འདུས་མ་བྱས་པར་གཤེགས་སུ་གསོལ༔ སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ལ༔ དབང་བསྐུར་རྒྱས་གདབ་བཞུགས་སུ་གསོལ་བྱ་ཅི༔ འོད་གསལ་སྤྲོས་བྲལ་རིག་པ་ཟང་ཐལ་ངང༔ ཡེ་ནས་མ་བཅོས་རང་དབང་བཞུགས་གསོལ་རྫོགས༔ ཆོས་རྣམས་དབྱིངས་རིག་སྐུ་དང་ཞིང་ཁམས་ལ༔ མཆོད་པའི་ལོངས་སྤྱོད་སྤྲོ་རུ་མ་མཆིས་ཕྱིར༔ དག་པའི་སྣང་བ་འབྱམས་ཀླས་ཡེ་ཤེས་སྤྲིན༔ གཉིས་མེད་མཉམ་པའི་ངང་དུ་འབུལ་བར་བགྱི༔ སྟོང་གསལ་ཉིད་ལས་གཡོ་བ་མ་མཆིས་པས༔ ཡོན་ཏན་ལྷུན་གྲུབ་ནང་དབྱིངས་ཆེན་པོའི་ངང༔ ངོ་བོ་རང་བཞིན་མ་འདྲེས་སོ་སོར་གསལ༔ གཉིས་སུ་མེད་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ གདོད་མའི་གནས་ལུགས་ཤེལ་ལྟར་དྭངས་པ་ལ༔ ལྷུན་གྲུབ་སྣང་བ་འཇའ་ལྟར་ཀུན་ཏུ་ཤར༔ གཉིས་མེད་ཟུང་འཇུག་རིག་པའི་རྩལ་དབང་ཆེས༔ འབྲས་བུ་གཞི་རུ་སྨིན་པར་དབང་བསྐུར་རོ༔ བླ་ན་མེད་པའི་སྣང་བ་མཐར་ཕྱིན་ཕྱིར༔ རེ་དོགས་མེད་པར་བསྒོམ་པར་ཀློང་ཆུབ་པ༔ ལྟ་བའི་རྒྱལ་པོ་གནམ་འཕང་གཅོད་པ་བཞིན༔ ཁྱུང་ཆེན་རྩལ་རྫོགས་ངང་དུ་ངོ་སྤྲོད་དོ༔ གཟུང་འཛིན་བློ་ཟད་འཁོར་འདས་ཁྱབ་བརྡལ་ཆེ༔ དགོངས་ཀློང་གཅིག་འདྲེས་ཡེ་ཤེས་མཐར་ཕྱིན་ཤོག༔ ཅེས་དགོངས་པ་མི་གཡོ་བའི་ངང་ནས་གསལ་གདབ་ལ། སློབ་མ་རྣམས་ཁྲུས་དང༌། བགེགས་བསྐྲད། སྲུང་འཁོར་བསྡུས་ཙམ་བྱས་ནས་སེམས་བསྐྱེད་གསལ་གདབ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་དཔལ་ཀུན་ཏུ་བཟང་པོའི་ཐུགས་བཅུད། རྫོགས་པ་ཆེན་པོ་ཀློང་སྡེ་ལ་མཁས་པ་བཻ་རོ་ཙཱ་ནས་སྤང་མི་ཕམ་མགོན་པོ་ལ་གདམས་པ་རིང་བརྒྱུད་བར་མ་ཆད་པར་བཞུགས་པ་ལ་འདིར་ཤིན་ཏུ་བརྒྱུད་ཐག་ཉེ་ཞིང་གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ། གང་ལ་གང་འདུལ་གྱི་ཕྲིན་ལས་རྨད་དུ་བྱུང་བ་ཤིན་ཏུ་ཟབ་པ་གཏེར་གྱི་ཕྱོགས་ཡིན་ལ། དེ་ལ་ཡང་ཟབ་གཏེར་འབྱིན་པའི་རིག་འཛིན་གྲུབ་ཐོབ་ཀུན་གྱི་རྒྱལ་པོ། ཟབ་གཏེར་གྱི་རིང་ལུགས་ལ་རྒྱུད་དང་སྒྲུབ་སྡེའི་བཀའ་སྲོལ་སྔོན་ཆད་ས་སྟེང་དུ་མ་གྲགས་པའི་སྨིན་གྲོལ་གྱི་ལམ་རང་རྐང་ཚུགས་པ་བསམ་ལས་འདས་པར་སྤྱན་དྲངས་ནས་སྙིགས་དུས་བསྟན་འགྲོའི་དཔལ་མགོན་མཚུངས་ཟླ་མ་མཆིས་པ་རིག་འཛིན་མཁས་གྲུབ་ཀུན་གྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་གླིང་པས་ཟབ་མོའི་གཏེར་ཁ་སུམ་ཅུ་རྩ་བདུན་ཐུན་མོང་ཀུན་གྱི་སྤྱོད་ཡུལ་དུ་བཞེས་པའི་དགུ་པ། གྲུབ་པའི་སློབ་དཔོན་ཆེན་པོའི་མན་ངག །བོད་ཡུལ་ས་འོག་ཀུན་གྱི་གཏེར་གཅིག་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་སྐོར་ཁྲིད་ཀྱི་བྱིན་རླབས་བརྡ་བཞི་བསྟན་པ་ལོ་ཆེན་བཻ་རོས་རུ་དམ་ཕ་ཝང་ནག་པོའི་སྟེང་དུ་ཐུགས་སྲས་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་གནང་བའི་དགོངས་བཅུད་ཞུ་བའི་ཡོན་དུ་ཞེས་མཚམས་སྦྱར་ལ་མཎྜལ་འབུལ། བླ་མ་ཉིད་སྣང་བཞི་མཐར་སོན་འཇའ་ལུས་འཕོ་བ་ཆེན་པོའི་ཡེ་ཤེས་ཀྱི་སྐུ་བརྙེས་པ་སློབ་དཔོན་བཻ་རོ་ཙཱ་ནའི་སྐུར་བསྒོམ་པ་ནི། སེམས་ཉིད་ངོ་བོ་རང་རིག་འདི༔ ལོ་ཆེན་བཻ་རོ་དཀར་གསལ་འཛུམ༔ པཎ་ཞྭ་ཆོས་གོས་སྨུག་བེར་གསོལ༔ རྡོ་རྗེ་སྐྱིལ་ཀྲུང་པད་ཟླར་བཞུགས༔ མཉམ་བཞག་ཐོད་པ་བཅུད་བཀང་བསྣམས༔ འོད་དང་འོད་ཟེར་འབར་བར་བསྒོམ༔ ཨོཾ་ཨཱཿཧཱུྃ་བཻ་རོ་ཙཱ་ན་སིདྡྷི་ཧཱུྃ༔ ཞེས་མཚན་སྔགས་ཅུང་ཟད་བཟླ། དེ་ལྟར་གསལ་བ་ལ། ནམ་མཁར་དུས་གསུམ་སངས་རྒྱས་དང༔ རྫོགས་པ་ཆེན་པོའི་རིག་འཛིན་རྣམས༔ བར་དུ་ཡི་དམ་མཁའ་འགྲོའི་ཚོགས༔ མ་ལུས་ཀུན་གྱིས་མགྲིན་གཅིག་ཏུ༔ སྙན་བརྒྱུད་གདམས་པ་གསུངས་པར་བསྒོམ༔ དེ་ནས་སྤྲོ་བ་བསྐྱེད་པ་ནི། ཧོཿ ཐར་པ་བླ་ན་མེད་པའི་གྲོང་ཁྱེར་དུ༔ འདུས་པའི་གཙོ་བོ་ལོ་ཆེན་བཻ་རོ་བཞུགས༔ འདི་ན་མོས་པའི་སྐལ་ལྡན་སྐྱེས་བུ་ཁྱོད༔ འཇུག་པར་ལེགས་ཤིང་དངོས་གྲུབ་ཅི་ལ་དགའ༔ དེ་ཉིད་སྦྱིན་ཅིང་འདི་ན་བླ་མེད་པའི༔ ཚེ་གཅིག་སངས་རྒྱས་ནུས་པས་སྤྲོ་བ་བསྐྱེད༔ དམ་ཚིག་མ་ལུས་ཡོངས་སུ་གཟུང་བར་གྱིས༔ སློབ་མས་ཐལ་མོ་སྦྱར་ཞིང་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ ཁྱབ་བདག་དཔལ་ལྡན་བླ་མ་དགོངས་སུ་གསོལ༔ བདག་ནི་དུས་གསུམ་རྒྱལ་བའི་དགོངས་པའི་མཐིལ༔ བདེ་བ་ཆེན་པོའི་ཡེ་ཤེས་ལ་དགའ་བས༔ དེ་ཉིད་མྱུར་སྩོལ་གསང་སྔགས་རིགས་མཆོག་གི༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ ཉི་ཤུ་རྩ་ལྔའི་དམ་ཚིག་ཆེས་འཕགས་པ༔ སྲོག་གི་ཕྱིར་ཡང་མི་བཏང་གཟུང་བར་བགྱི༔ སློབ་དཔོན་རྡོ་རྗེ་མགོར་བཞག་བདུད་རྩི་སྦྱིན༔ འདི་ནི་གསང་བ་བླ་ན་མེད་པ་ཡི༔ ཐར་པའི་གོ་འཕང་ཚེ་འདིར་ཐོབ་གྱུར་པས༔ ཉེ་བའི་ལམ་མཆོག་བདེ་བ་ལམ་བྱེད་ཡིན༔ ཁྱེད་རྣམས་རྡོ་རྗེའི་དམ་ཚིག་ཐུབ་པར་གྱིས༔ མ་ཐུབ་རྡོ་རྗེ་དམྱལ་བ་ཆེན་པོར་ལྟུང༔ སྲོག་གི་ཕྱིར་ཡང་ཡོངས་སུ་མ་བཏང་ཞིག༔ བཛྲ་ས་མ་ཡ་རཀྵ་སི་ཧཱུྃ༔ སློབ་མས་དམ་ཆུ་འཐུང་ཞིང་བྲོ་བོར་བ༔ མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཧཱུྃ༔ ཨི་དན་ན་ར་ཀན༔ ཕྱག་ནི་སྤྱི་བོའི་གཙུག་བཞག་སྟེ༔ ཨ་ཧ་ཡི་ཧོཿ ཨ་ནི་སྐྱེ་མེད་གསལ་བའོ༔ ཧ་ནི་མ་བཅོས་ཐད་ཀར་འཇོག༔ ཡི་ནི་བདེ་བ་ཆེན་པོ་ལ༔ ཧོ་ནི་དབྱེ་བ་མེད་པའོ༔ ཨ་ཧ་ཡི་ཧོཿ ལག་པས་བྱིན་རླབས་ནམ་མཁར་བལྟ༔ སེམས་དང་ནམ་མཁའ་གཉིས་སུ་མེད༔ ནམ་མཁར་དངོས་པོ་ཡོད་མེད་བརྟགས༔ སེམས་ལ་གཏད་སོ་ཡོད་མེད་བརྟགས༔ དེ་གཉིས་གཉིས་མེད་དམིགས་པ་མེད༔ འོན་ཀྱང་ངོ་བོ་གསལ་བའོ༔ སྒོམ་ཤིང་ཨོག་མཁར་བཙུགས་བྱས་ནས༔ ལུས་བསྲངས་དབང་པོ་ཐད་ཀར་བཞག༔ ལུས་དང་སེམས་གཉིས་ཐ་དད་དམ༔ ལུས་ཀྱི་དབང་པོ་གང་ནས་བྱུང༔ སེམས་ཀྱི་ཡུལ་ལ་གང་ནས་ཁྲིད༔ དེ་གཉིས་དབྱེར་མེད་ཇི་ལྟ་བུ༔ སེམས་ནི་དམིགས་པ་མེད་པ་སྟེ༔ གང་ཡང་གནས་པ་མ་ཡིན་ནོ༔ མི་རྟོག་པ་སྟེ་ངོ་མཚར་ཆེ༔ སྒོམ་ཐག་ལུས་ལ་བསྐོན་བྱས་ཏེ༔ འོག་རླུང་ཡིད་ཙམ་འཐེན་བྱས་ལ༔ བདེ་བ་ཆེན་པོའི་རང་བཞིན་ལས༔ སེམས་འདི་འདས་པར་མ་གྱུར་ཏེ༔ འོན་ཀྱང་དམིགས་སུ་མེད་པས་ན༔ བདེ་བ་དེ་ལ་འཛིན་པ་བྲལ༔ རང་བྱུང་བདེ་ཆེན་ངོ་མཚར་ཆེ༔ དབྱེར་མེད་དམིགས་ཤིང་མདུན་དུ་བཞག༔ ལྕེ་ནི་གང་དུའང་མ་རེག་བྱ༔ ཕྱི་ནང་འཁོར་འདས་ཆོས་ཐམས་ཅད༔ གསལ་ལ་དམིགས་མེད་བདེ་བ་ཆེ༔ དབྱེར་མེད་དམིགས་ཤིང་མདུན་དུ་བཞག༔ འདི་གསུམ་དབྱེར་མེད་ངོ་བོ་ཉིད༔ འཁོར་འདས་ཐམས་ཅད་ཀློང་དུ་ཆུབ༔ མན་ངག་ཀློང་ཆུབ་གདམས་ངག་བསྒོམ༔ འདིར་རིག་འཛིན་བྱིན་རླབས་ལྟར་ནང་སྐོར་གླུ་རྣམས་བླངས། དེ་རྣམས་ཀྱིས་ནང་སྐོར་ཁྲིད་ཀྱི་བྱིན་རླབས་ལེགས་པར་གྲུབ་པ་ཡིན་པས་དམ་ཚིག་ཁས་བླངས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། དེ་ལྟར་ཐོབ་པའི་གཏང་རག་དང༌། སླར་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཀློང་སྡེའི་སྔོན་འགྲོ་ཚོགས་བསགས་བྱང་བུ་ལྟར་འབུལ་དུ་གཞུག །དེ་ལ་འདིར་གྲུབ་པའི་སློབ་དཔོན་ཆེན་པོ་རྣམ་པ་གསུམ་གྱི་དགོངས་བཅུད། རྒྱལ་དབང་པདྨཱ་ཀ་ར། ལོ་ཆེན་བཻ་རོ་ཙཱ་ནས་བཀྲལ་བའི་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ལས། ནང་སྐོར་ཀློང་སྡེ་ཉི་མ་ཀློང་ཆུབ་དགོངས་པ་འོད་གསལ་ཟབ་ཁྲིད་དངོས་གཞི་སྙིང་པོར་དྲིལ་བ་ཉིད་འཆད་པ་ནི་རྡོ་རྗེའི་གསུང་འདི་ལ་ཉན་པར་ཞུ། ན་མོ་གུ་རུ༔ ནང་སྐོར་ཁྲིད་ཀྱི་དངོས་གཞི་ལ༔ སོགས་ནས། ས་མ་ཡ་རྒྱ་རྒྱ༔ ཞེས་འབྱུང་བ་དང༌། དེ་ཉིད་ཀྱི་རྗེས་འབྲེལ་དུ། ནང་སྐོར་ཁྲིད་ཀྱི་རྗེས་འབྲེལ་ནི༔ སོགས། ས་མ་ཡ་རྒྱ་རྒྱ༔ ཞེས་གསུངས་པ་རྣམས་ཀྱི་ཚིག་དོན་ཐུགས་ལ་བཅགས་པས་ཉམས་ལེན་ཚུལ་བཞིན་གནང་བ་ནས། སྨིན་གྲོལ་དེ་དག་ལེགས་པར་ཐོབ་པའི་གཏང་རག་ཏུ་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་ཡོངས་སུ་འབུལ་བའི་བློས་འདིའི་རྗེས་ཟློས་མཛོད། །དེང་ནས་བརྩམས་ཏེ་སོགས་ཀྱིས་དགེ་བསྔོ་བྱའོ། །བྱིན་རླབས་ཁྱད་དུ་འཕགས་པ་ཡི། །གསལ་བྱེད་ཉུང་ངུ་འདི་ཉིད་ཀྱང༌། །གསེར་ལ་མུ་ཏིག་སྤྲས་པ་བཞིན། །མཛེས་རྒྱན་འདི་ཡང་བླ་མའི་དྲིན། ༈ བཅུ་པ་ནང་སྐོར་མཁའ་འགྲོའི་དབང་ལ་བཤམ་ནི། རྡུལ་ཚོན་ནམ་རས་བྲིས་གང་རུང་ཆོས་འབྱུང་བསྣོལ་མ་པདྨ་དུར་ཁྲོད་རྡོ་ར་མེ་རི་ཅན་བཤམ། མེད་ན་མཎྜལ་སྟེང་ཚོམ་བུ་བདུན་བཀོད་པས་ཀྱང་རུང༌། དེ་སྟེང་མཉྫིའི་ཁར་ཐོད་པ་བདུད་རྩིས་བཀང་བ་དང༌། དེ་སྟེང་མཁར་བའི་མེ་ལོང་སིནྡྷཱུར་བྱུག་པར་ཆོས་འབྱུང་བསྣོལ་མའི་དབུས་སུ་བྃ་དེ་མཐར་ཟུར་དྲུག་ལ་ཨེ་ཡྃ་ཧྃ་ལྃ་རྃ་ཧཱུྃ་གི་སྔགས་གཡོན་སྐོར་དུ་བྲིས་པས་བཀབ་པ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང༌། མཆོད་ཚོགས་རྣམས་བཤམ། ནང་སྐོར་མཁའ་འགྲོའི་བྱང་བུ་ཁྲིགས་བསྡེབས་ལྟར་དཀྱིལ་འཁོར་གསུམ་དབྱེར་མེད་དུ་བསྐྱེད། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་གཞུང་ལྟར་བྱ། སྒྲུབ་པ་ལ། ཐུན་མཚམས་སིནྡྷཱུར་ཆང་སྦྱར་བས༔ བདུད་རྩིས་སྙིང་གའི་ཐིག་ལེ་མཆོད༔ ཅེས་གསུངས་པས། སྒྲུབ་པའི་སྔགས་མཐར་འབྲུ་གསུམ་བཏགས་པས་བདུད་རྩི་མྱང་བ་ཡིན་ནམ་སྙམ། ཐུན་མཐར་སྟོང་ཚིག །སྲུང་མའི་གཏོར་འབུལ། ཚོགས་མཆོད་གྲུབ་ནས། བསང་ཆུ་རྡོར་སེམས་སྙིང་པོས་བརླབས། རིག་མེ་དོར་བ་བཅས་གྲུབ་ནས། སློབ་མ་ཁྲུས་དང༌། བགེགས་བསྐྲད་སྤྱི་ལྟར་བྱ། སེམས་བསྐྱེད་གསལ་གདབ་ལ་མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་གསན་བྱའི་དམ་པའི་ཆོས་ནི། ཁྱབ་བདག་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་ཆོས་ཚུལ་མཐའ་ཡས་པ་བསྟན་པ་ཡང༌། སྤྱི་མདོ་དགོངས་པ་འདུས་པ་ལས། ཐེག་པ་དཔག་མེད་བསྟན་པ་ལས། །ཇི་ལྟར་མོས་པ་ཐ་དད་པས། །འཁྲིད་པར་བྱ་བའི་ཐབས་སུ་ཟད། །རྡོ་རྗེ་ཐེག་པ་ཉིད་ལས་མེད། ཅེས་གསུངས་པ་ལྟར་དགོངས་པའི་མཐར་ཐུག་རྡོ་རྗེ་ཐེག་པ་ཡིན་ཞིང༌། དེའི་ཡང་རྩེ་ཨ་ཏི་འོད་གསལ་རྫོགས་པ་ཆེན་པོ་ལ་སྐོར་ཚོ་གསུམ་དང་རྗེས་སུ་འབྲེལ་བའི་རྩ་བ་གསུམ་གྱི་སྒྲུབ་སྐོར་མཐའ་ཡས་པ་བཞུགས་པ་ལས། ཆོས་དབྱིངས་རྡོ་རྗེ་བཙུན་མོའི་ཡེ་ཤེས་སྒྲ་ཇི་བཞིན་པ་མངོན་དུ་བྱེད་པ་ནི་དངོས་གྲུབ་མཐའ་དག་གི་རྩ་བ་སྟེ། དེ་ཉིད་རྟོགས་པའི་ཐབས་ལ་རྣམ་བཅས་མཁའ་འགྲོའི་དབང་དང་སྒྲུབ་པ་ལ་བརྩོན་དགོས་པས་དེའི་ཚུལ་ཆོས་དང་གང་ཟག་གཉིས་ཀ་ཚད་མ་གསུམ་གྱིས་ལེགས་པར་གྲུབ་ཅིང་རྩོད་པ་དང་བྲལ་བའི་ཟབ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ནང་སྐོར་ལས་བྱོན་པའི་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོའི་གསང་སྒྲུབ་མཁའ་འགྲོ་དགོངས་པ་ཀློང་གསལ་གྱི་རྒྱུད་ལས་ལུང་དང་སྒྲུབ་ཐབས་སུ་བཏུས་པ་མཁའ་འགྲོའི་དགོངས་རྒྱན་དང་ཟབ་པ་ཡུམ་གྱི་དབང་བསྐུར་བཅས་ཀུན་ལ་ཐུན་མོང་དུ་མ་གྲགས་ཤིང་ཟབ་གནད་དུ་མས་ཁྱད་པར་འཕགས་པ་འདི་ཉིད། གཞུང་རྩ་བ་ལས། དེ་ལྟ་བུ་ཡི་གསང་སྒྲུབ་འདི༔ བཻ་རོ་བདག་གི་ཐུགས་ཁྲག་སྟེ༔ དཔེ་རྒྱུད་འཆོལ་བར་བསྟན་པ་ལས༔ སྙན་བརྒྱུད་མན་ངག་ཉམས་པའི་ཚེ༔ ཡེ་ཤེས་སྙིང་པོ་ཚིག་གི་རྒྱུད༔ མངའ་བདག་ཡབ་སྲས་རྣམ་འཕྲུལ་སོགས༔ སྐལ་ལྡན་འགའ་ལ་སྣང་བར་འགྱུར༔ ཤིན་ཏུ་གསང་བའི་དམ་ཚིག་གོ༔ ཞ་ེས་རྣམ་སྣང་ལོ་ཙཱའི་ཐུགས་བཅུད་ཟབ་མོ་འདིའི་བྱིན་རླབས་བསྒྲུབ་པར་བགྱི་བ་ལ། སློབ་དཔོན་གྱིས་བགྱི་འོས་རྣམས་གྲུབ་ནས་ཁྱེད་རང་གི་ངོ་སྐལ་སྨིན་བྱེད་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། མཎྜལ་ཕུལ། དེ་ནས་བླ་མ་རྡོ་རྗེ་བཙུན་མོ་དངོས་སུ་བཞུགས་པ་ལ་མི་ཕྱེད་དད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བདེ་གསལ་མི་རྟོག་དབྱེར་མེད་པའི༔ བླ་མ་རྡོ་རྗེ་བཙུན་མོ་ཡིས༔ ཐུགས་རྗེ་བརྩེ་བས་ཉེར་དགོངས་ནས༔ བྱིན་རླབས་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར་ཁྱབ་བདག་རྡོ་རྗེ་བཙུན་མོའི་སྤྱན་སྔར་སྐུ་གསུམ་རང་ངོ་ཤེས་པའི་སྐྱབས་འགྲོ་དང༌། གཉིས་སྣང་རང་གྲོལ་ཆེན་པོར་སེམས་བསྐྱེད་པ། དོན་དམ་པའི་ཡན་ལག་བདུན་པ་འབུལ་བ་རྣམས་ཀྱི་རྗེས་ཟློས། སྐྱབས་སེམས་སོགས་ཀྱི་ཚིག་རྣམས་ལས་བྱང་ལྟར་བྱ། སླར་ཡང་སྔགས་ཀྱི་སྡོམ་པ་དང་དམ་ཚིག་རྣམས་གཟུང་སྙམ་པས་འདིའི་རྗེས་ཟློས། རང་བྱུང་རྡོ་རྗེ་བཙུན་མོ་ཡི༔ བདག་ཉིད་བླ་མ་དགོངས་སུ་གསོལ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་དང༔ མི་སྤང་ལྔ་དང་དང་ལེན་ལྔ༔ ཤེས་བྱ་ལྔ་དང་བསྒྲུབ་བྱ་ལྔ༔ སྤྱད་པར་བྱ་བའི་དམ་ཚིག་ལྔ༔ མ་ལུས་བདག་གིས་གཟུང་བར་བགྱི༔ ལན་གསུམ། དེ་རྣམས་ཀྱིས་རྒྱུད་སྦྱོང་བའི་རིམ་པ་རྣམས་གྲུབ་ནས་དངོས་གཞི་བྱིན་རླབས་ཀྱི་གཞི་འགོད་པ་ལ་ཁྱེད་རང་དམིགས་པ་འདི་བཞིན་མཛོད། མཁའ་འགྲོ་ཆོས་འབྱུང་འབར་བའི་དཀྱིལ༔ དམིགས་པ་མེད་པའི་ལྟ་བའི་ཀློང༔ རང་བཞིན་དྭངས་གསལ་སྒོམ་པར་ཤར༔ བདེ་བ་ཆེན་པོའི་སྤྱོད་པའི་སྐུ༔ ཟུང་འཇུག་ཤིན་ཏུ་རྣམ་དག་པའི༔ རོལ་པ་བདེ་བའི་སྟོབས་ལྡན་མ༔ འབུམ་ཕྲག་མཁའ་འགྲོ་ཀུན་གྱི་གཙོ༔ མཐིང་ནག་ནམ་མཁའ་དྭངས་པའི་མདོག༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་གཡོ༔ ཕྱག་གཡས་ཐོད་པའི་ཅང་ཏེའུ་འཁྲོལ༔ གཡོན་པས་བྷནྡྷ་ཁྲག་བཀང་གསོལ༔ ཞི་ཆགས་ཁྲོས་པའི་ཉམས་འགྱུར་རྫོགས༔ སྐྲ་གྲོལ་ཐོར་གཙུག་ནོར་བུ་དང༔ རིན་ཆེན་རུས་པ་དར་སྣས་བརྒྱན༔ ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་བའི༔ བདེ་བ་ཆེན་པོའི་གར་སྟབས་ཀྱིས༔ ཡེ་ཤེས་མེ་དཔུང་འཇའ་འོད་ཀློང༔ པད་ཉི་བམ་རོའི་སྙིང་གར་བརྫིས༔ ཁ་ཊྭཱྃ་ག་ནི་མཆན་གཡོན་བརྟེན༔ གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན༔ སློབ་དཔོན་ཐུགས་ནས་འོད་འཕྲོས་པས༔ ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ༔ སྤོས་རོལ་དང་བཅས་བསྙེན་སྒྲུབ་སྔགས་མཐར། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་དྲག་ཏུ་བརྗོད་པས་དབབ། ཏིཥྛ་བཛྲ། ཞེས་བརྗོད་པས་བརྟན་པར་བྱས་པའི་མོས་པ་མཛོད། ཐོད་པ་ཐོགས་ལ། མཁའ་དབྱིངས་ཁྱབ་པའི་ལྷ་ཚོགས་རྣམས་ཀྱིས་རང་བྱུང་བདེ་སྐྱོང་གི་བུམ་པ་ཐོགས་ཏེ་དབང་བསྐུར་བར་གྱུར། ཨོཾ༔ བདེ་ཆེན་བདུད་རྩིའི་ཐོད་པ་ལ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྣང་སྟོང་བདེ་མཆོག་མངོན་གྱུར་ཤོག༔ སྔགས་མཐར། ཀ་ལ་ཤ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ལྷ་ཚོགས་རྣམས་འོད་དུ་ཞུ་བའི་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་གྱུར། ཨཱཿ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ འོད་ཞུ་བྱང་སེམས་བདུད་རྩིའི་བཅུད༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ གསལ་སྟོང་དགོངས་པ་མངོན་འགྱུར་ཤོག༔ གུ་ཧྱ་ཛྙཱ་ན་ཨ་མྲྀ་ཏ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ བདུད་རྩི་སྦྱིན། རྗེས་འབྲེལ་བཟླས་ལུང་སྦྱིན་པ་ནི། དཔོན་སློབ་གཉིས་ཀའི་ཐུགས་རིན་ཆེན་ཟུར་དྲུག་མཆོང་གུར་ལྟ་བུའི་ཉི་ཟླའི་གྭའུའི་ནང་བྃ་ཡིག་སྔགས་ཕྲེང་བྱུང་ཞལ་ནས་ཐོན་ཁྱེད་རང་གི་ཞལ་དུ་ཞུགས་ཐུགས་སྲོག་གི་མཐར་འཁོད་པའི་མོས་པ་མཛོད། བསྙེན་སྔགས་ལན་གསུམ། སླར་ཡང་ཁྱེད་རང་གི་ཙིཏྟ་རིན་ཆེན་ཟུར་དྲུག་པའི་དབུས་ཉི་ཟླའི་གྭའུའི་ནང་བྃ་ཡིག་རྩིབས་ལ་ཡི་གེ་འབྲུ་དྲུག་གིས་མཚན་པ། སྔགས་བཟླས་པའི་རྐྱེན་གྱིས་ཚོགས་དྲུག་གི་རྣམ་རྟོག་ཡེ་ཤེས་དྲུག་གི་ངོ་བོར་ཤར་ཞིང་རབ་འབྱམས་ཞིང་གི་ཌཱ་ཀི་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་བདེ་བ་ཆེན་པོའི་གཟི་བྱིན་ལྷག་པར་འབར་ཏེ་ཐམས་ཅད་བདུད་རྩིར་ཞུ་ནས་བདག་ལ་ཐིམ་པས་བྱིན་རླབས་ནུས་སྟོབས་མཆོག་ཏུ་འབར་བར་བསམ་ལ་སྒྲུབ་པའི་སྔགས་ཀྱི་རྗེས་ཟློས་མཛོད། སྒྲུབ་སྔགས་ལན་གསུམ། ལས་སྦྱོར་གྱི་བཟླས་པའི་སླད་དུ་སླར་ཡང་འོད་ཟེར་འཕྲོས། ལས་བྱེད་མཁའ་འགྲོ་འབུམ་གྱི་ཐུགས་རྒྱུད་བསྐུལ། དེ་ལས་རང་འདྲ་མཁའ་ཁྱབ་ཏུ་འཕྲོས་རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ། བདེ་བ་ཆེན་པོའི་དངོས་གྲུབ་བསྡུས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་འོད་ཟེར་བདུད་རྩིའི་རྣམ་པས་བསྡུས་པ་རང་ལ་ཐིམ་པར་བསམ་ལ་ལས་སྦྱོར་གྱི་སྔགས་འདིའི་རྗེས་ཟློས་མཛོད། ལས་སྔགས་ལན་གསུམ། ཤམ་བུ་བཏགས་པ་ལན་གཅིག་རྗེས་ཟློས་བྱར་གཞུག །དེང་ཕྱིན་ཆད་བསྙེན་སྒྲུབ་ལས་སྦྱོར་གྱི་བཟླས་པ་ཆུ་བོའི་རྒྱུན་ལྟར་གྱིས་ཤིག །སིན་དྷཱུ་རའི་མཎྜལ་ཕྱག་ཏུ་གཏད་ཅིང་ཐིག་ལེ་སྙིང་གར་བཀོད་པ་དང་ཤེས་རབ་རྣམ་ཐར་སུམ་ལྡན་དབྱིངས་ཀྱི་ཆུ་སྐྱེས་ལ་བརྟེན་པའི་དགའ་བཞིའི་ཡེ་ཤེས་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ༔ རྣམ་ཐར་གསུམ་ལྡན་དགའ་བ་བཞི༔ མཚོན་བྱེད་རྟགས་ཀྱི་མཎྜལ༔ རིགས་ཀྱི་བུ་ལ་གཏད་པ་ཡིས༔ མི་རྟོག་ཡེ་ཤེས་ཉམས་མྱོང་ཤོག༔ སིན་དྷཱུ་ར་མཎྜ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལག་ཏུ་གཏད་ཅིང་སྙིང་གར་ཐིག་ལེ་བྱ། དེ་ནི་མཚོན་བྱེད་དཔེ་ཡི་ཡེ་ཤེས་ཡིན་ལ་མཚོན་བྱ་དོན་གྱི་ཡེ་ཤེས་བདེ་གསལ་མི་རྟོག་དབྱེར་མེད་པ་ཟུང་འཇུག་ཤིན་ཏུ་རྣམ་པར་དག་པའི་དོན་རྡོ་རྗེའི་ཚིག་གི་ངོ་སྤྲད་པ་ནི། ཧོཿ བདེ་གསལ་མི་རྟོག་དབྱེར་མེད་པ༔ ཟུང་འཇུག་ཤིན་ཏུ་རྣམ་དག་ངང༔ རིགས་ཀྱི་བུ་ལ་བྱིན་བརླབས་པས༔ ཀློང་སྡེའི་ཡེ་ཤེས་མཐར་ཕྱིན་ཤོག༔ ཛྙཱ་ན་དྷཱ་ཏུ་ཨ་ཨ་ཨཱཿ དེ་རྣམས་ཀྱི་སྒོ་གསུམ་དང་ཁམས་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས། དབྱིངས་ཕྱུག་རྡོ་རྗེ་ཕག་མོའི་གསང་བ་གསུམ་ཡེ་ཤེས་རྡོ་རྗེ་དང་བཅས་པའི་བྱིན་རླབས་ཐོབ། ས་འོག་ས་སྟེང་མཁའ་སྤྱོད་ཀྱི་གནས་གསུམ་གྱི་མཁའ་འགྲོའི་ཚོགས་དང་སྐལ་པ་མཉམ་པར་བྱས། སྐུ་བཞིའི་ས་བོན་ཐེབ་པ་ཡིན་ནོ། །བྱིན་རླབས་དངོས་གྲུབ་བརྟན་པར་བྱ་བའི་སླད་དུ་བླ་མ་དང་དབྱིངས་ཡུམ་རྡོ་རྗེ་ཕག་མོའི་ལྷ་ཚོགས་རྣམས་ཀྱིས་ཤིས་པ་བརྗོད་པར་གྱུར། བཀྲ་ཤིས་བརྗོད། དེ་ལྟར་བསྒྲུབ་པའི་དགོས་པ་དང་པན་ཡོན་ཀྱང༌། གཞུང་རྩ་བ་ལས། དེ་ལྟ་བུ་ཡི་དབང་མཆོག་འདི༔ དགོངས་པ་མངོན་གྱུར་སློབ་དཔོན་གྱིས༔ སྣོད་དང་སྐལ་ལྡན་སློབ་མ་ལ༔ ཚུལ་བཞིན་སྨིན་པའི་དབང་བསྐུར་བས༔ རྩ་ཁམས་རླུང་ལ་བྱིན་ཕེབས་ནས༔ བདེ་གསལ་མི་རྟོག་དབྱེར་མེད་པའི༔ ཀློང་ཆེན་ཀུན་ཏུ་བཟང་མོའི་དབྱིངས༔ སྐུ་དང་ཡེ་ཤེས་མྱུར་འགྲུབ་འགྱུར༔ དེ་ཕྱིར་ཤིན་ཏུ་གཅེས་པར་ཟུངས༔ ཞེས་གསུངས་པ་བཞིན་མཁའ་འགྲོའི་ཟབ་དབང་ལེགས་པར་གྲུབ་པ་ཡིན་པས་རང་བཞིན་ལྟ་བའི་དམ་ཚིག་ལས་མི་འདའ་ཞིང་ཁྱད་པར་གྱི་སྤྱོད་པ་རྣམས་ལས་འདའ་བར་མི་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་ཡོན་འབུལ་དགེ་བསྔོ་རྣམས་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་པ་སོགས་རྗེས་ཀྱི་ལས་རིམ་རྣམས་བྱའོ། །ཁྱབ་བདག་རྡོ་རྗེ་བཙུན་མོ་ཡི། །བྱིན་རླབས་བདུད་རྩིའི་ཟིལ་མངར་ནི། །སྙིང་གི་པདྨོར་བྲན་པ་ལས། །བྱུང་བའི་ཚིག་དོན་སྦྲང་རྩིའོ།། ༈ བཅུ་གཅིག་པ་གསང་སྐོར་རིག་འཛིན་ཡོངས་རྫོགས་ཀྱི་དབང་ལ་སྦྱོར་བ་ཡོ་བྱད་ཀྱི་བཤམ་ལ། འདིའི་རས་བྲིས་འོད་ལྔའི་དཀྱིལ་འཁོར་རམ་མེད་ན་མཎྜལ་དབུས་སུ་ཚོམ་བུ་ཕྱོགས་བཞིར་བཞི། དེའི་ཕྱི་རོལ་དུ་བརྒྱད་བཀོད་པའི་ཁར་མཉྫིའི་སྟེང་རྣམ་བུམ། རིག་དབང་ལྔའི་ཆས། རིག་འཛིན་བཅོ་ལྔའི་ལྷ་ཙཀ །སྔགས་ཕྲེང༌། མེ་ལོང༌། རྡོ་རྗེ། མངའ་གསོལ་ཆས། རྡོར་དྲིལ། རྒྱུད་ཀྱི་གླེགས་བམ། དར་གྱི་ཆས་གོས། ཐོད་ཆང༌། རིག་མ། ཤེལ་རྡོ། ཚེ་འབྲང༌། ཚེ་རིལ་ཆང༌། ཚེ་མདའ། བཀྲ་ཤིས་རྫས་རྟགས་སྣ་བདུན། མིག་དར། མེ་ཏོག །ཕྱི་ནང་གི་མཆོད་ཚོགས་རྣམས་འདུ་བྱའོ། །དབང་དོན་སྒྲུབ་མཆོད་ལ་གསང་སྐོར་བླ་མའི་བྱང་བུ་ཁྲིགས་བསྡེབས་ལྟར་བྱ། བུམ་བཟླས་ཟུར་དུ་སྤྲོ་ན་དམིགས་བཟླས་འོད་ཞུ་སྤྱི་ཁྱབ་ལྟར་དང༌། ལས་བུམ་རྡོར་སེམས་སྙིང་པོས་བརླབ། ཚོགས་མཆོད་རིག་མེ་དོར་བ་བཅས་གྲུབ་ནས། སློབ་མ་རྣམས་ཁྲུས་ནས་དབྱུང༌། བགེགས་བསྐྲད། སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུག །རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་གསེང་ལམ། མ་ཡེ་ཤེས་ཀྱི་ཌཱ་ཀི་བྱེ་བ་འབུམ་གྱི་ཐུགས་ཁྲག་འོད་གསལ་རྫོགས་པ་ཆེན་པོ་ལ་དབྱེ་ན། ཨ་ཏི་བཀོད་པ་ཆེན་པོ་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་སྡེ། །ཞེས་གསུངས་པ་ལྟར་གསུམ་དུ་དབྱེ་བ་དེ་ཐམས་ཅད་ཀྱང་ནམ་མཁའ་ཆེ་ལས། རང་བྱུང་ཡེ་ཤེས་རྩོལ་མེད་ལས། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །ཅེས་པ་ལྟར་རྩོལ་མེད་ཀྱི་ལམ་ཡིན་པར་གཅིག་ཀྱང༌། གསང་བ་མན་ངག་གི་སྡེས་རིག་པ་རང་གནས་ཀྱི་ཡེ་ཤེས་རྗེན་ཅེར་དུ་སྟོན་པས་ཁྱད་པར་དུ་འཕགས་པའི་གསང་སྐོར་ལ་བཀའ་གཏེར་ཇི་སྙེད་ཅིག་བཞུགས་པ་ལས། འདིར་མཐོང་བས་བྱིན་རླབས་བབ་དང་ལྡན་པ། ཐོས་པས་ངན་སོང་གི་སྐྱེ་སྒོ་འགག་པ། ཚུལ་བཞིན་ཉམས་སུ་བླངས་པས་ཚེ་འདིར་སངས་རྒྱས་འཇའ་ལུས་འཕོ་བ་ཆེན་པོའི་གྲུབ་མཐའ་སྙོགས་པ། གླེགས་བམ་ལ་རེག་པ་ཙམ་གྱིས་ཀྱང་ཐར་པའི་ས་བོན་ཐེབས་ངེས་པའི་ཟབ་ཆོས་བྱིན་རླབས་ཀྱི་ཚན་ཁ་ཁྱད་པར་དུ་འཕགས་པའི་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཆོས་སྡེ་ལས། སྐབས་སུ་བབས་པ་འདི་ནི་གཞི་ལམ་འབྲས་གསུམ་གྱི་ཆོས་ཐམས་ཅད་ཀ་དག་དང་ལྷུན་གྲུབ་དབྱེར་མེད་པའི་དོན་རང་གི་མཚན་ཉིད་སྤང་གཉེན་གཉིས་ཀའི་མཐའ་ལས་གྲོལ་བ་གསང་བ་ཟབ་པ་མན་ངག་གི་སྡེ་ཡིད་དཔྱོད་ཀུན་ལས་འདས་ཤིང་ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀ་དག་ཡོངས་གྲོལ་ཆེན་པོར་སྡུད་པས་ཁྱད་པར་དུ་འཕགས་པ་གནད་ཐོག་ཏུ་ཕེབས་པའི་མེ་བཙའ་ལྟ་བུ་གསང་བ་སྙིང་ཁྲག་གམ་སྲོག་གི་དྭངས་མ་དང་འབྲེལ་བས་རྒྱུད་ཆེན་བཅུ་བདུན་སོགས་ཀྱི་བསྟན་དོན། བི་མ་དང༌། པད་འབྱུང༌། བཻ་རོ་གསུམ་གྱི་བཀའ་སྲོལ་ལས་བྱུང་བ་བཀའ་གཏེར་དག་སྣང་གི་བབ་ཟབ་རྒྱས་མཐའ་ཀླས་པ་བཞུགས་པ་ལས། སྐབས་སུ་བབ་པ་འདི་ནི་མངའ་བདག་ཆོས་རྒྱལ་ཡབ་སྲས་ཀྱི་རྣམ་འཕྲུལ་རིག་འཛིན་རྩལ་འཆང་རྣམ་གཉིས་ཀྱིས་ཟབ་མོ་གཏེར་ལས་སྤྱན་འདྲེན་པར་མཛད་པའི་ཟབ་ཆོས་བཻ་རོའི་ཐུགས་ཏིག་གི་གསང་སྐོར་མན་ངག་གི་སྡེའི་རིག་འཛིན་ཡོངས་རྫོགས་ཀྱི་དབང་བསྐུར་ཞེས་སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝས་རྒྱ་གར་ནས་དཀའ་བ་དུ་མ་སྤྱད་དེ་ཟག་མེད་ཡེ་ཤེས་ཀྱི་སྐུ་ཅན་གྱི་སློབ་དཔོན་མང་པོ་མཉེས་པ་གསུམ་གྱིས་བསྟེན་ནས་ཐེག་མཆོག་རྫོགས་པ་ཆེན་པོའི་རྒྱུད་ལུང་མན་ངག་གསན་པའི་བླ་མ་ཡོངས་རྫོགས་འདུས་པའི་གསེང་ལམ་གྱི་དབང་བསྐུར་དགོངས་པ་མཐར་ཕྱིན་སྒྲུབ་པར་བགྱི་བ་ལ་བདག་ཉིད་ཀྱི་བགྱི་འོས་གྲུབ་ནས་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་ཕུལ། སྔོན་ཆད་རང་རིག་བླ་མའི་དཀྱིལ་འཁོར་མ་མཐོང་བའི་བརྡར་འབྲུ་གསུམ་གྱིས་མིག་དར་འཆིང་བར་ཞུ། ཨོཾ་ཨཱ་ཧཱུྃ། ཡེ་ཤེས་ཀྱི་ལྷ་དང་མཇལ་བའི་ཕྱག་རྟེན་དུ་ཨ་ཁཾ་ཝཱི་ར་ཧཱུྃ་ལས་སྐྱེས་པའི་མེ་ཏོག་གཏད་པར་གྱུར། ཨ་ཁཾ་ཝཱི་ར་ཧཱུྃ། ཐལ་མོ་མེ་ཏོག་དང་བཅས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ བརྒྱུད་གསུམ་རྒྱལ་བ་རིག་འཛིན་དང༔ དབྱེར་མེད་རྡོ་རྗེ་སློབ་དཔོན་གྱིས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ སྨིན་གྲོལ་དབང་མཆོག་བསྩལ་དུ་གསོལ༔ ལན་གསུམ། གསང་བ་མཆོག་གི་ལམ་གྱི་སྣོད་དང་ལྡན་མི་ལྡན་བརྟགས་པས་དྲི་བ་བྱ་བ་ནི། རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་འདིར༔ འཇུག་པའི་སྐལ་ལྡན་རེ་རེ་ཙམ༔ རྒྱུད་སྦྱང་དམ་ཚིག་སྡོམ་པ་གཟུང༔ ཚུལ་བཞིན་སྒྲུབ་ལ་བརྩོན་ནུས་སམ༔ ཞེས་དྲིས་པས་སློབ་མས་བཀའ་བཞིན་སྒྲུབ་པར་ཁས་བླངས་ཏེ་ལན་གསོལ་བ་འདིའི་རྗེས་ཟློས། ཇི་ལྟར་བཀའ་བསྩལ་བདག་གིས་བགྱིད༔ ངེས་པར་རྗེས་སུ་གཟུང་དུ་གསོལ༔ དེ་ནས་རྒྱུད་སྦྱང་བའི་སླད་དུ་ཚོགས་བསགས་པ་ལ་དམིགས་འདུན་འདི་ལྟར་མཛོད། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་དབྱིངས་ནི་སངས་རྒྱས་ཀུན་གྱི་དགོངས་པ་སྟེ་དེ་ཉིད་དོན་དམ་ཆོས་ཉིད་བླ་མའང་ཡིན་པས་རང་ལ་འདུ་འབྲལ་མེད་པར་བཞུགས་པ་ངོ་ཤེས་པའི་ཕྱིར་ཀུན་རྫོབ་གཟུགས་སྐུའི་བླ་མ་སངས་རྒྱས་ཐམས་ཅད་ཀྱི་སྤྱི་གཟུགས་སུ་ཤེས་པས་ཡིད་ཆེས་དད་པས་བདེན་གཉིས་དབྱེར་མེད་ཀྱི་སྐྱབས་འགྲོ་འདིའི་རྗེས་ཟློས། དབྱིངས་ཉིད་རྣམ་དག་རྫོགས་སངས་རྒྱས༔ རིག་པ་ལྷུན་གྲུབ་དམ་པའི་ཆོས༔ དབྱིངས་རིག་དབྱེར་མེད་ཚོགས་མཆོག་ལ༔ ཡེ་ནས་དག་པར་སྐྱབས་སུ་མཆི༔ ལན་གསུམ། འགྲོ་ཀུན་གདོད་ནས་ཆོས་ཉིད་ཀྱི་ཀློང་དུ་ཡེ་སངས་རྒྱས་ཀྱང་མ་རྟོགས་ཨ་འཐས་སུ་ཞེན་པས་མེད་སྣང་སྲིད་པར་འཁྲུལ་པས་གདུང་བའི་ཡིད་ཅན་ཀུན་ལ་ཕྱོགས་རིས་མེད་པའི་སེམས་བསྐྱེད་ཀྱི་གཡར་དམ་གཟུང་བ་འདིའི་རྗེས་ཟློས། ཨེ་མ་ཧོ་རང་རིག་བྱང་ཆུབ་སེམས༔ མ་རྟོགས་འཁྲུལ་པར་གྱུར་པ་ཀུན༔ གཉིས་སུ་མེད་པར་བསྒྲལ་བའི་ཕྱིར༔ རང་བྱུང་རང་ཤར་སེམས་བསྐྱེད་དོ༔ ལན་གསུམ། དབྱིངས་རིག་གསལ་ཁྱབ་ཆེན་པོར་བསགས་སྦྱང་གཉིས་མེད་བསལ་བཞག་དང་འབྲེལ་བའི་དགོངས་ཀློང་མཆོག་ལ་རྗེས་སུ་འདུན་པས་དོན་དམ་པའི་ཡན་ལག་བདུན་པ་འདིའི་རྗེས་ཟློས། ནམ་མཁའ་ལྟ་བུའི་བདེ་གཤེགས་ལ༔ གསལ་བ་ཆེན་པོར་ཕྱག་འཚལ་ལོ༔ རིག་པའི་ངང་དུ་མཆོད་པ་འབུལ༔ རྒྱུན་ཆད་མེད་པའི་ཀློང་དུ་བཤགས༔ རྟག་ཅིང་སྒྲིབ་མེད་ཡི་རང་ངོ༔ ཡིན་མིན་མེད་པར་ཆོས་འཁོར་བསྐོར༔ མྱོང་བ་ཅན་དུ་བཞུགས་སུ་གསོལ༔ ངེས་པ་ཅན་གྱི་མཆོག་ཐོབ་ཤོག༔ སྤྱི་དང་ཁྱད་པར་གྱི་དམ་ཚིག་དང་སྡོམ་པ་གཟུང་སྙམ་པས་འདིའི་རྗེས་ཟློས། ཧོཿ བདེ་བར་གཤེགས་པ་ཁྱེད་ཅི་འདྲ་བ༔ དེ་འདྲ་ཁོ་ནར་བདག་རྒྱུར་ཅིག༔ སྤྲུལ་སྐུའི་སྟོན་པས་བཤད་པ་ཡི༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ ལོངས་སྐུའི་སྟོན་པས་བཤད་པ་ཡི༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ ཁྱད་པར་རིག་འཛིན་ཡོངས་རྫོགས་ཀྱི༔ ཉི་ཤུ་ལྔ་དང་བྱེ་བྲག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཇི་ལྟར་བསྟན་པ་བདག་གིས་གཟུང༔ སྲོག་གི་ཕྱིར་ཡང་མི་བཏང་ན༔ རིག་འཛིན་རིག་མཆོག་བསྩལ་དུ་གསོལ༔ ཞེས་པས་ཁས་བླངས། དམ་ལ་བཞག་པ་ནི། རྡོ་རྗེ་ཕྲེང་བ་མགོ་བོར་བཞག་ལ། ང་ནི་སངས་རྒྱས་ཀུན་བདག་ཉིད༔ ཧེ་རུ་ཀ་དཔལ་བླ་ན་མེད༔ ཤྲཱི་སིངྷ་ང་ཡིན་གྱིས༔ ང་ལ་བརྙས་པར་མ་བྱེད་ཅིག༔ རྡོ་རྗེ་ཕྲེང་བ་སྙིང་གར་བཞག་ལ། ང་ནི་བླ་མ་ཀུན་ཏུ་བཟང༔ ཁྱོད་ཀྱི་བཀའ་ཡང་མི་གཅོག་ཅིང༔ བདེ་གཤེགས་རིགས་ཀྱིས་བཤད་པའི་ཆོས༔ བཤད་ཀྱིས་ཐེ་ཚོམ་མ་ཟ་ཞིག༔ དམ་ཆུ་བདུད་རྩི་སྦྱིན་ལ། འདི་ནི་ངོ་བོ་དམ་ཚིག་ཆུ༔ ཡེ་ཤེས་བསྐྱེད་ཕྱིར་སྦྱིན་པ་ཡིན༔ དམ་བསྲུངས་དངོས་གྲུབ་འདིས་ཐོབ་བྱེད༔ མ་བསྲུངས་ལྕགས་ཀྱི་སྡིག་པར་འགྱུར༔ སྲོག་གཅོད་དམྱལ་བ་ཆེན་པོར་ལྟུང༔ དམ་སྲུང་རྡོ་རྗེའི་ཆུ་འདི་འཐུང༔ དེ་ལྟར་བྱིན་པའི་དམ་ཚིག་རྡོ་རྗེའི་ཆུ་སྙིང་ལ་བསྟིམས་ཏེ་མི་འདའ་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨོཾ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ དེ་ནས་དབང་གི་གཞི་སྒྲུབ་པ་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་ལྟར་གསལ་ཐོབ་ཅིག །འཁོར་འདས་སྣོད་བཅུད་སྟོང་པར་ཐིམ༔ སྟོང་པའི་རང་མདངས་འགག་མེད་ལས༔ སེང་ཁྲི་པད་ཉི་ཟླ་བའི་སྟེང༔ གང་འདུལ་ཐུགས་རྗེ་རོལ་པའི་རྩལ༔ གཟུགས་ཀྱི་སྐུར་བཞེངས་ཤྲཱི་སིང༔ དམར་སྨུག་ཤིན་ཏུ་བརྗིད་པའི་སྐུ༔ རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་ཚུལ༔ ཁྲོ་འཛུམ་གཟི་བྱིན་རབ་ཏུ་འབར༔ ཡེ་ཤེས་ལྟ་སྟངས་དབྱིངས་ལ་གཟིགས༔ ཕྱག་གཡས་ལྕགས་ཀྱུའི་ཕྱག་རྒྱ་ཡིས༔ འཁོར་འདས་ཀུན་གྱི་དྭངས་མ་སྡུས༔ གཡོན་པས་བདེ་སྐྱོང་སྣོད་དུ་བསྐྱིལ༔ མེ་ཏོག་ཕྲེང་བས་ཐོད་བཅིངས་ཤིང༔ ཐོད་སྐམ་ཅོད་པན་འཁོར་ལོ་སོགས༔ རིན་ཆེན་རུས་པའི་རྒྱན་གྱིས་བརྒྱན༔ དར་གྱི་ན་བཟའ་སྟག་ཤམ་གསོལ༔ ཞབས་ཟུང་གཡོན་བརྐྱང་ཕྱེད་སྐྱིལ་བཞུགས༔ སྤྱི་བོར་རིགས་བདག་རྡོ་རྗེ་སེམས༔ རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔ མགྲིན་པར་ཆོས་སྐུ་ཀུན་ཏུ་བཟང༔ མཐིང་གསལ་མཉམ་བཞག་ཡུམ་དང་འཁྲིལ༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ དགའ་རབ་རྡོ་རྗེ་སྤྲུལ་སྐུའི་ཚུལ༔ མཉམ་བཞག་སྐྱིལ་ཀྲུང་མཚན་དཔེ་འབར༔ དེ་ལྟར་གསལ་བའི་གནས་གསུམ་རྡོ་རྗེ་གསུམ་གྱིས་མཚན་པ་དང༌། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོས་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། རྩ་སྔགས་མཐར། ཛྙཱ་ན་བེ་ཤ་ཡ་ཨ་ཨཿ ཛཿཧཱུྃ་བྃ་ཧོཿ མང་དུ་བརྗོད་པས་དབབ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ་ཞེས་བརྟན་པར་བྱ། ཚོམ་བུ་འདུ་བྱས་ལ། སློབ་དཔོན་གྱིས། རིག་འཛིན་ཡོངས་རྫོགས་ཕོ་བྲང་དུ༔ རིག་པའི་མེ་ཏོག་མ་འདྲེས་འདོར༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ཡེ་ཤེས་ལྷ་ལ་འབབ་པར་འགྱུར༔ ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དོར་བའི་མོས་པས་འདིའི་རྗེས་ཟློས། ཧོཿ རིག་འཛིན་རོལ་པའི་དཀྱིལ་འཁོར་འདིར༔ སྙིང་པོའི་ཡེ་ཤེས་བརྟག་བྱའི་ཕྱིར༔ རིག་པའི་མེ་ཏོག་འདི་འབུལ་གྱིས༔ ལས་འཕྲོས་དབང་གིས་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འདོར་དུ་གཞུག །རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གཙོ་དང་འཁོར་དུ་སྣང་བ་ཐམས་ཅད་ཀྱང་དཔལ་མགོན་རིག་འཛིན་བླ་མ་ཡེ་ཤེས་ཀྱི་སྐུ་ཅན་ཤྲཱི་སིངྷའི་རང་བཞིན་ཁོ་ནར་ཡིན་པས་ཁྱེད་རང་རྣམས་ཀྱི་གསང་བའི་མཚན་རིགས་མཆོག་འདུས་པ་རྩལ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཕུལ་བ་དེ་ཉིད་ཀྱང་རིགས་ཀྱི་རྟགས་སུ་བྱིན་གྱིས་བརླབས་ཏེ་རྡོ་རྗེའི་ཅོད་པན་ཏུ་བཅིངས་པར་མོས་ཤིག ཧཱུྃ༔ མི་གནས་ཡེ་ཤེས་དཀྱིལ་འཁོར་དུ༔ རིག་པའི་མེ་ཏོག་ཕུལ་བ་འདི༔ བྱིན་རླབས་བསམ་མི་ཁྱབ་པར་ཟུངས༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་བོ༔ པུཥྤེ་གྲྀཧྞ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། ཞེས་མེ་ཏོག་སྤྱི་བོར་བཞག སྒྲིབ་པས་ལྡོངས་པའི་མིག་དབྱེ་བར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ བསྐལ་སྔོན་སྒྲིབ་པའི་མ་རིག་མིག༔ ཐབས་མཁས་རྒྱལ་པོ་རིག་འཛིན་ཆེས༔ མྱུར་བ་ཉིད་དུ་དབྱེ་བ་དང༔ ཡེ་ཤེས་དཀྱིལ་འཁོར་བསྟན་དུ་གསོལ༔ ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་ཡེ་ཤེས་རིག་པའི་ཐུར་མས་བསལ་བར་མོས་ཤིག །ཅེས་གསེར་ཐུར་ཐོགས་ལ། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ འགྲོ་བའི་མིག་ནི་དབྱེ་བར་མཛད༔ སངས་རྒྱས་ས་ལ་བཀོད་པ་བཞིན༔ དེང་འདིར་རིག་པ་འཛིན་དབང་གིས༔ མ་རིག་མིག་ནི་དབྱེ་བར་བྱ༔ ཙཀྵུཿཔྲ་བེ་ཤ་ཡ་ཕཊ྄༔ ཅེས་མིག་བསལ། ཧོཿ ལྟོས་ཤིག་སྐལ་པ་ཅན་རྣམས་ལྟོས༔ བདེ་གཤེགས་ཀུན་འདུས་དཀྱིལ་འཁོར་འདི༔ སྐད་ཅིག་མཐོང་བ་ཙམ་གྱིས་ཀྱང༔ སྒྲིབ་པ་དག་སྟེ་ཡེ་ཤེས་མཐོང༔ ཧོཿ རིག་འཛིན་རོལ་པའི་ཕོ་བྲང་དང་ཡེ་ཤེས་ཀྱི་བུམ་པ་དབྱེར་མེད་པའི་ནང་དུ༔ བདེ་གཤེགས་ཀུན་འདུས་འཇིགས་མེད་ཤྲཱི་སིངྷ་དང་བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་རྣམས་གཙོ་འཁོར་གྱི་ཚུལ་དུ་བཞུགས་པ་འདི་ནི་མཚན་མ་རྫས་དང་སྤྲུལ་པའི་དཀྱིལ་འཁོར་དབྱེར་མེད་ཅིང༔ འདི་མཚོན་བྱེད་དེ་མཚོན་བྱ་དོན་གྱི་དཀྱིལ་འཁོར་རང་གི་སེམས་ཉིད་བརྒྱུད་གསུམ་རིག་འཛིན་བླ་མའི་བདག་ཉིད་ཆེན་པོར་རྫོགས་པའི་རང་བཞིན་དུ་ངོ་ཤེས་པར་གྱིས་ཤིག །ཅེས་ལྷ་ངོ་བསྟན། དེ་དག་གི་དཀྱིལ་འཁོར་ཕྱི་ནང་གི་འཇུག་པ་སོང་ནས་མངོན་པར་དབང་བསྐུར་བ་ཞུ་བའི་སླད་དུ་མཎྜལ་ཕུལ། གཉིས་པ་དབང་དངོས་ལ་གཉིས། དངོས་གཞི་རྡོ་རྗེ་སློབ་མ་སློབ་དཔོན་གྱི་དབང༌། མཐའ་རྟེན་བཀྲ་ཤིས་ཚེ་ཡི་དབང་ངོ༌། །དེ་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧོཿ རིག་འཛིན་ཡོངས་རྫོགས་དཀྱིལ་འཁོར་འདིར༔ ཞུགས་ཀྱང་སྨིན་པར་མཛད་དུ་གསོལ༔ སྨིན་ཀྱང་གྲོལ་བར་མཐར་ཕྱིན་ཞིང༔ མི་གནས་ཀློང་དུ་སྐྱེལ་བར་མཛོད༔ ལན་གསུམ། རྡོ་རྗེ་སློབ་མར་དབང་བསྐུར་བ་བུམ་གསང་ཤེར་ཡེ་ཚིག་གི་དབང་བཞི་རྣམས་རིམ་པར་འབྱུང་བའི་ཐོག་མར་བུམ་དབང་འཁོར་དང་བཅས་པ་ལ་སངས་རྒྱས་རིགས་ལྔའི་ངོ་བོ་རིག་པའི་དབང་ལྔ། རྗེས་འབྲེལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་སྦྱིན་པ་རྣམས་སུ་ཡོད་པ་ལས། དང་པོ་ཆུ་ཡི་དབང་གི་སླད་དུ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་རིག་འཛིན་ཡོངས་རྫོགས་ཀྱི་ལྷ་ཚོགས་རྣམས་བཞུགས་པའི་སྐུ་ལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བྱུང་བས་སྒྲིབ་པའི་འཆིང་བ་གཏོར་ཞིང་ཡེ་ཤེས་ཀྱི་བཅུད་བླུགས་པར་མོས་ཤིག ཧཱུྃ༔ དབྱིངས་ཀྱི་བུམ་པར་རིག་པའི་བཅུད༔ ཟུང་འཇུག་རིག་འཛིན་རོལ་པའི་ལྷ༔ གཉིས་མེད་མཉམ་སྦྱོར་བདུད་རྩི་མཆོག༔ ཡེ་ཤེས་ཆུ་ཡི་དབང་བསྐུར་རོ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ ཡེ་ཤེས་རྡོ་རྗེའི་ཅོད་པན་དབུ་ལ་བཅིངས་པས་རིགས་ཐམས་ཅད་ཀྱི་རྒྱལ་སྲིད་ལ་མངའ་དབང་བསྒྱུར་བར་མོས་ཤིག །རིན་ཆེན་འབར་བའི་པྲོག་ཞུ་འདི༔ རྒྱལ་བ་ཀུན་དང་མཉམ་པ་ཡི༔ གོ་འཕང་བླ་མེད་བསྒྲུབ་བྱའི་ཕྱིར༔ དབང་བསྐུར་ཅོད་པན་ཆེན་པོའོ༔ རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏྲཱྃ༔ མི་འགྱུར་རྡོ་རྗེ་རྩེ་ལྔ་ཕྱག་གཡས་སུ་གཏད་པས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བདག་ཉིད་ཆེན་པོར་གྲུབ་པར་མོས་ཤིག །སངས་རྒྱས་རིགས་ལྔའི་ཡེ་ཤེས་ལྔས༔ དུག་ལྔ་རྣམ་པར་གཞོམ་པའི་ཕྱིར༔ མི་འགྱུར་རྡོ་རྗེ་བླ་ན་མེད༔ སངས་རྒྱས་རྡོ་རྗེའི་དབང་བསྐུར་རོ༔ བཛྲ་དྷཱ་ར་ཨ་དྷི་པ་ཏི་བཛྲ་ཨ་བྷི་ཥིཉྩ་ཧྲཱིཿ ལས་ཀྱི་དྲིལ་བུ་ཕྱག་གཡོན་དུ་གཏད་པས་ཤེས་རབ་སྟོང་ཉིད་གཞོམ་མེད་ཆོས་ཀྱི་སྒྲས་འགྲོ་ཁམས་སད་པར་བྱེད་པའི་མཐུ་ཐོབ་པར་མོས་ཤིག །ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང༔ རྗེས་སུ་འགྲོ་བའི་ཤེས་རབ་མཆོག༔ མ་རིག་སད་པའི་དྲིལ་བུ་ཆེ༔ ཀརྨ་གཎྜེ་ཨ་བྷི་ཥིཉྩ་ཨཱཿ མིང་གི་དབང་བསྐུར་བས་རྡོ་རྗེའི་མཚན་གྱིས་ས་གསུམ་དུ་གྲགས་པའི་དབང་ཐོབ་པར་མོས་ཤིག །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ རྡོ་རྗེའི་མིང་ནི་བླ་ན་མེད༔ ས་གསུམ་ཀུན་ཏུ་གྲགས་པ་ཡི༔ ཧེ་རུ་ཀ་དཔལ་ཞེས་བྱའོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཤྲཱི་ཧེ་རུ་ཀ་དྷཱ་ར་ཡཱ་མི་ཨ་བྷི་ཥིཉྩ་ཨོཾ༔ དེ་དག་གིས་མ་རིག་ལས་གྱུར་པའི་སྒྲིབ་པ་ལྔ་དག །རིག་པ་ཡེ་ཤེས་ལྔའི་ས་བོན་གསོས་བཏབ་པས་རིག་པའི་དབང་ཞེས་བྱའོ། །དེ་ནས་མདོ་བྱང་ལས། བྱིན་རླབས་སྤྱི་ལས་ཁྱད་པར་མཚན་དང་ནི༔ སྐུ་ཡི་རྣམ་པས་སྔོན་དུ་སྐུ་དབང་བསྐུར༔ གསུང་ལ་གདམས་པ་ཐུགས་ལ་རྡོ་རྗེའི་གླུ༔ དགོངས་པའི་ཉམས་སྐྱོང་བཞི་ཡིས་རྫོགས་པ་ལ༔ དབང་བསྐུར་དགོངས་པ་མཐར་ཕྱིན་ཞེས་བྱའོ༔ ཞེས་གསུངས་པ་ལྟར་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ་མདུན་བསྐྱེད་རིག་འཛིན་རོལ་པའི་ལྷ་ཚོགས་གཙོ་འཁོར་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྣང་བརྙན་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གནས་རྣམས་སུ་ཐིམ་པར་མོས་ཤིག །རིག་འཛིན་སོ་སོའི་སྐུ་ཙཀ་གིས་དབང་བསྐུར་ཏེ། ཧཱུྃ༔ ཆོས་སྐུའི་སྟོན་མཆོག་འོད་མི་འགྱུར༔ ཀུན་ཏུ་བཟང་པོ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཟུང་འཛིན་དབྱིངས་སུ་ཐིམ་པར་ཤོག༔ ཨོཾ་གུ་རུ་སམནྟ་བྷ་དྲ་ཨ་བྷི་ཥིཉྩ་ཨོཾ༔ ཨཱཿ ལོངས་སྐུའི་སྟོན་མཆོག་དཀྱིལ་འཁོར་བདག༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་པའི་ཡེ་ཤེས་རང་སྣང་ཤོག༔ ཨོཾ་གུ་རུ་བཛྲ་སཏྭ་ཨ་བྷི་ཥིཉྩ་ཨོཾ༔ སྤྲུལ་སྐུའི་སྟོན་པ་རིག་འཛིན་གཙོ༔ དགའ་རབ་དགྱེས་པ་རྡོ་རྗེ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོངས་རྫོགས་མཆོག་གི་དབང་ཐོབ་ཤོག༔ ཨོཾ་གུ་རུ་པྲ་ཧེ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ སྐུ་གསུམ་དབྱེར་མེད་ཧེ་རུ་ཀ༔ འཇིགས་མེད་ཤྲཱི་སིངྷ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རིག་རྩལ་དབང་མཆོག་ཐོབ་པར་ཤོག༔ ཨོཾ་གུ་རུ་ཤྲཱི་སིངྷ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ རྒྱུད་ལུང་མན་ངག་ཀུན་གྱི་བདག༔ རྒྱལ་ཆེན་ཨིནྡྲ་བྷུ་ཏི་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གླེགས་བམ་དབང་མཆོག་ཐོབ་པར་ཤོག༔ ཨོཾ་གུ་རུ་ཨིནྡྲ་བྷུ་ཏི་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཆེ༔ འཆི་མེད་པདྨ་འབྱུང་གནས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རབ་འབྱམས་དབང་མཆོག་ཐོབ་པར་ཤོག༔ ཨོཾ་གུ་རུ་པདྨ་སཾ་བྷ་ཝ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ པཎ་གྲུབ་ལྔ་བརྒྱའི་གཙུག་གི་རྒྱན༔ སློབ་དཔོན་བི་མ་མི་ཏྲ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བཤེས་གཉེན་དབང་མཆོག་ཐོབ་པར་ཤོག༔ ཨོཾ་གུ་རུ་བི་མ་མི་ཏྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ སྣང་བཞི་མཐར་ཕྱིན་ཡེ་ཤེས་སྐུ༔ པཎ་ཆེན་ཛྙཱ་ན་སཱུ་ཏྲ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དགོངས་ཀློང་དབང་མཆོག་ཐོབ་པར་ཤོག༔ ཨོཾ་གུ་རུ་ཛྙཱན་སཱུ་ཏྲ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ཡང་དག་གྲུབ་པའི་ཐིག་ལེའི་སྐུ༔ སློབ་དཔོན་རྡོ་རྗེ་ཧཱུྃ་ཀ་རས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མེ་ལོང་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་གུ་རུ་ཧཱུྃ་ཀ་ར་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ བཅོམ་ལྡན་འཇམ་དཔལ་གཤིན་རྗེ་དངོས༔ སློབ་དཔོན་ཁྲག་འཐུང་ནག་པོ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་གུ་རུ་ཧེ་རུ་ཀ་ཀཱ་ལ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ དབང་ཆེན་རྟ་མཆོག་རོལ་པའི་གར༔ སློབ་དཔོན་ནཱ་གརྫུ་ན་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སོར་རྟོག་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་གུ་རུ་ནཱ་གརྫུ་ན་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ ཕྲིན་ལས་ལྷ་དང་གཉིས་སུ་མེད༔ སློབ་དཔོན་པྲ་ཆེན་ཧསྟི་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་གུ་རུ་པྲ་བྷ་ཧསྟི་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ སྲིད་པ་མ་མོའི་འཁོར་ལོས་བསྒྱུར༔ སློབ་དཔོན་དྷ་ན་སཾསྐྲྀ་ཏས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཐའ་གྲོལ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་གུ་རུ་དྷ་ན་སཾསྐྲྀ་ཏ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ རིག་འཛིན་ཌཱ་ཀིའི་འཁོར་ལོས་བསྒྱུར༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཕྱག་རྒྱའི་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་གུ་རུ་ཀརྨ་ཨེནྡྲ་ནཱི་ལ་ཨ་བྷིཥིཉྩ་ཨོཾ༔ ཧྲཱིཿ དྲེགས་པ་ཟིལ་གནོན་སྟོབས་ཀྱི་བདག༔ སློབ་དཔོན་རོམྦུ་གུ་ཧྱ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབྱིངས་གྲོལ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་གུ་རུ་རོམྦུ་གུ་ཧྱ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱིཿ དྲག་སྔགས་དམོད་པའི་འཁོར་ལོས་བསྒྱུར༔ སློབ་དཔོན་ཤནྟིཾ་གརྦྷ་ཡིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཐའ་གྲོལ་ཡེ་ཤེས་མངོན་གྱུར་ཤོག༔ ཨོཾ་གུ་རུ་ཤནྟིཾ་གརྦྷ་ཨ་བྷི་ཥིཉྩ་ཨོཾ༔ ལྷ་དང་དབྱེར་མེད་རིག་འཛིན་རོལ་པའི་སྐུ་ཕྱག་རྒྱའི་དབང་བསྐུར་བས༔ དེང་ཕྱིན་ཆད་དེ་ལྟར་སྣང་ཞིང་བརྟགས་པའི་ཆོས་ཐམས་ཅད་སྐུ་རྡོ་རྗེ་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོར་རང་ཤར་དུ་འཆར་བར་གྱུར་ཅིག༔ གསུང་བཟླས་པའི་ལུང་གི་སླད་དུ། ཁྱེད་རང་གི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཐུགས་མཆོང་གུར་སྨུག་པོའི་ཀློང་དུ་ཉི་ཟླའི་གྭའུའི་དབུས་སུ་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་དང༌། བླ་མ་དཀྱིལ་འཁོར་པའི་ལྷ་ཚོགས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་གཉིས་པ་འཕྲོས་ཞལ་ནས་ཐོན་ཁྱེད་རང་གི་ཞལ་དུ་ཞུགས་ཐུགས་སྲོག་གི་མཐར་འཁོད་པ་དང༌། དེ་ལས་འོད་ཟེར་འཕྲོས་རྩ་གསུམ་རྒྱལ་བ་རབ་འབྱམས་དང༌། རིག་འཛིན་བླ་མ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། གསང་གསུམ་བྱིན་རླབས་ལྷ་སྔགས་ཕྱག་མཚན་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་མོས་ལ་སྔགས་འདིའི་རྗེས་ཟློས། བསྙེན་སྒྲུབ་ལས་གསུམ་གྱི་རྩ་སྔགས་ལན་གསུམ་བཟླ། དེ་བརྟན་པར་བྱ་བའི་ཕྱིར་སྔགས་ཕྲེང་མགྲིན་པར་བཞག་ལ། ཨཱཿ རིག་འཛིན་རོལ་པའི་ལྷ་ཚོགས་ཀྱི༔ བསྙེན་སྒྲུབ་ལས་སྦྱོར་རྡོ་རྗེའི་སྔགས༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ གྲགས་སྟོང་རང་གྲོལ་དབང་ཐོབ་ཤོག༔ ཨོཾ་སརྦ་མ་ཧཱ་གུ་རུ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ སྔགས་དང་དབྱེར་མེད་པའི་རིག་འཛིན་རོལ་པའི་གསུང་བཟླས་པའི་དབང་བསྐུར་བས༔ དེང་ཕྱིན་ཆད་འདི་ལྟར་སྒྲར་སྣང་ཞིང་གྲགས་པའི་ཆོས་ཀུན་གསུང་རྡོ་རྗེ་གྲགས་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ ཐུགས་ཀྱི་དབང་གི་སླད་དུ་རང་རིག་དུས་གསུམ་འགྱུར་མེད་ཁྱབ་གདལ་ཆེན་པོའི་དགོངས་པའི་ངང་དུ་བཞག་པ་དང༌། དེ་མཚོན་བྱེད་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡས་མཚོན་ཏེ། མེ་ལོང་དུ་རྡོ་རྗེ་ཤར་བ་བསྟན་ལ། ཧཱུྃ༔ མི་འགྱུར་སྟོང་ཉིད་རྡོ་རྗེའི་དབྱིངས༔ རིག་པ་མེ་ལོང་གཟུགས་བཞིན་སྣང༔ ཟུང་འཇུག་བརྡ་ཡི་དབང་བསྐུར་བས༔ དབྱེར་མེད་ངེས་དོན་རྟོགས་པར་ཤོག༔ ཨོཾ་སརྦ་མ་ཧཱ་གུ་རུ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཆོས་ཉིད་བསམ་གྱི་མི་ཁྱབ་པ་དང་དབྱེར་མེད་པ་རིག་འཛིན་རོལ་པའི་ཐུགས་དགོངས་པའི་དབང་བསྐུར་བས༔ དེང་ཕྱིན་ཆད་འདི་ལྟར་གཟུང་ཞིང་འཛིན་པའི་ཆོས་ཀུན་ཐུགས་རྡོ་རྗེ་རིག་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་འཆར་བར་གྱུར་ཅིག༔ དེས་རྡོ་རྗེ་སློབ་མའི་དབང་བསྐུར་བ་ཡོངས་སུ་རྫོགས་ནས། གཞུང་ལས། ཡོན་ཏན་ཡོངས་རྫོགས་ཆུ་བོ་བཞིས༔ རྡོ་རྗེ་སློབ་དཔོན་དབང་བསྐུར་ཕྱིར༔ སློབ་མ་སེང་གེའི་ཁྲི་ལ་བཞག༔ གདུགས་དང་རྒྱལ་མཚན་བ་དན་འཕྱར༔ མཆོད་པའི་སྤྲིན་གྱིས་མདུན་བདར་ཏེ༔ སོ་སོའི་རྫས་ཀྱིས་དབང་བསྐུར་བྱ༔ ཞེས་གསུངས་པ་ལྟར་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རིག་འཛིན་བླ་མའི་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་མཆོག་ལ་འགོད་པ་ཡོན་ཏན་ཡོངས་རྫོགས་ཀྱི་དབང་གི་ཆུ་བོ་བཞིའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཕོ་བའི་དབང་བསྐུར་བའི་ཕྱིར་དུ། ཁྱེད་རང་རྣམས་སངས་རྒྱས་ཐམས་ཅད་ཀྱི་གསང་བ་ཡོངས་སུ་རྫོགས་པ་རིག་པ་རྩལ་གྱི་དབང་ཐོབ་པས་སྣང་སྲིད་ཟིལ་གནོན་རིག་འཛིན་ཆེན་པོ་ཤྲཱི་སིངྷའི་གསང་གསུམ་དང་གཉིས་སུ་མེད་པའི་བདག་ཉིད་དུ་གྱུར་པ་རྡོ་རྗེ་རིན་པོ་ཆེ་སེང་གེའི་ཁྲི་བརྩེགས་པ་ལ་འཁོད་པའི་སྟེང་དུ་གདུགས་དཀར་པོ་དབུབ། གཡས་གཡོན་རྒྱལ་མཚན་དང་བ་དན་བསྒྲེང༌། ཕྱག་ཏུ་རྡོ་རྗེ་དྲིལ་བུ། ཕྱག་ཤིང་དུང་དཀར་པོ་རྣམས་གཏད། ནམ་མཁའ་གང་བའི་དབང་གི་ལྷས་དཀྱིལ་འཁོར་རབ་འབྱམས་ཀྱི་ལྷ་ཚོགས་ཆར་བབ་པ་ལྟར་སྤྲོས་ནས་ཁྱེད་རང་ལ་ཐིམ་པས་བྱིན་རླབས་ཡེ་ཤེས་ཀྱི་གཟི་བྱིན་འབར། བཀྲ་ཤིས་པའི་ལྷ་མོ་རྣམས་ཀྱིས་མཆོད་པའི་བྱེ་བྲག་འབུལ་ཞིང་རོལ་མོའི་སྒྲ་སྒྲོགས། རྒྱལ་བ་སྲས་དང་བཅས་པས་མེ་ཏོག་འཐོར་ཞིང་མངའ་གསོལ་བའི་མོས་པ་མཛོད་ཅིག །དེ་དག་དངོས་སུ་བྱ་བའམ་བྲིས་པའི་གཟུགས་བརྙན་གཏད་ཅིང་དཔོན་སློབ་གཉིས་ཀས་དམིགས་པ་གསལ་གདབ་ལ། ཨོཾ༔ རང་སྣང་རྣམ་དག་ཡེ་ཤེས་ཕོ་བྲང་ཆེར༔ སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ༔ སློབ་མ་རིགས་འདུས་ཤྲཱི་སིངྷ་རྩལ༔ དཀྱིལ་འཁོར་རྒྱ་མཚོའི་བདག་པོར་བཞུགས་པ་ཡི༔ སྟེང་དུ་གདུགས་ཕུབ་གཡས་གཡོན་རྒྱལ་མཚན་འཕྱར༔ དམ་ཚིག་གསུམ་ལྡན་རྡོ་རྗེ་དྲིལ་བུ་འཁྱུད༔ ཡེ་ཤེས་དཀྱིལ་འཁོར་རབ་འབྱམས་ཐམས་ཅད་ཀྱི༔ ཡི་དམ་ལྷ་དང་དབྱེར་མེད་དབང་བསྐུར་བས༔ དགོངས་པ་མི་འགྱུར་ལྷ་ཚོགས་རང་ལ་རྫོགས༔ རིག་རྩལ་རོལ་པ་དོན་གྱི་དབང་ཐོབ་ནས༔ ཀུན་བཟང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་མཎྜལ ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེས་ཡི་དམ་ལྷ་ཡི་སྐུ་རྡོ་རྗེའི་དཀྱིལ་འཁོར་གྱི་བདག་པོར་དབང་བསྐུར་ནས། དབང་གི་ལྷ་ཚོགས་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་བདག་ཉིད་རྒྱུད་ལུང་མན་ངག་གི་གླེགས་བམ་མགྲིན་པར་བཞག་པས། གསང་བ་རྒྱ་མཚོའི་མཛོད་གསུམ་བཤད་སྒྲུབ་བྱེད་པ་ལ་དབང་ཞིང་ཞི་ཁྲོ་རྒྱལ་བ་རབ་འབྱམས་ཀྱི་གསུང་རྡོ་རྗེའི་བྱིན་རླབས་དབང་གི་སྐལ་ལྡན་དུ་གྱུར་པར་བསམས་ལ། རྒྱུད་ལུང་མན་ངག་གི་གླེགས་བམ་གཏད་དེ། ཨཱཿ རྒྱུད་ལུང་མན་ངག་དམ་པའི་མཛོད་གསུམ་གྱི༔ ཆོས་བཀའ་གཏད་པ་གླེགས་བམ་དབང་བསྐུར་བས༔ ལུང་བསྟན་རྡོ་རྗེའི་ཡེ་ཤེས་རྒྱུད་ལ་ཤར༔ རབ་འབྱམས་ཆོས་སྒོ་འབྱེད་པའི་དབང་ཐོབ་ཤོག༔ ཨཱཿ སརྦ་ཏནྟྲ་དྷརྨ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ དེས་པུསྟི་གླེགས་བམ་གྱི་དབང་གིས་གསུང་རྡོ་རྗེ་གསང་བ་ཀུན་གྱི་མངའ་བདག་ཏུ་དབང་བསྐུར་ནས། ཐེག་པ་གསུམ་གྱི་ལམ་གྱི་ཡོན་ཏན་མཐའ་དག་རྫོགས་པའི་རྣམ་ཐར་གྱིས་ཡོངས་འཛིན་དགེ་བའི་བཤེས་གཉེན་གྱི་དབང་གིས་མདོ་སྔགས་བསྟན་པ་ཀུན་གྱི་བདག་པོར་མངའ་གསོལ་བར་མོས་ཤིག །གུ་རུའི་སྐུ་ཆས་རྣམས་ཀྱིས་མངའ་གསོལ་བའི་ཚུལ་གྱིས། ཧཱུྃ༔ ཆོས་གོས་རྣམ་གསུམ་དར་དང་རིན་ཆེན་རྒྱན༔ བེར་ཕོད་པདྨའི་སྙན་ཞུའི་མངའ་གསོལ་བས༔ སྡོམ་པ་སུམ་ལྡན་སྡེ་སྣོད་རྒྱུད་སྡེའི་བདག༔ དགེ་བའི་བཤེས་གཉེན་དབང་མཆོག་ཐོབ་པར་ཤོག༔ ཧཱུྃ་མ་ཧཱ་ཨ་ཙརྻ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་དགེ་བའི་བཤེས་གཉེན་གྱི་དབང་གིས་སོ་བྱང་སྔགས་ཀྱི་བསླབ་པ་མཐར་ཕྱིན་པ་སྤྱོད་པའི་དབང་གིས་ཐུགས་རྡོ་རྗེ་རིག་པ་འཛིན་པའི་ཆེ་མཆོག་ཏུ་མངའ་གསོལ་ནས། དོན་གཉིས་ལྷུན་གྲུབ་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཐབས་སྤྱི་བླུགས་རིག་པ་རྩལ་གྱི་དབང་གི་སླད་དུ་གདན་གསུམ་ཡོངས་རྫོགས་ཀྱི་འཁོར་ལོའི་རིན་པོ་ཆེའི་བུམ་པ་བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩིས་གཏམས་པས་ཡེ་ཤེས་རྡོ་རྗེ་ཡོན་ཏན་གྱི་དབང་ཐོབ་པར་གྱུར། རྣམ་རྒྱལ་བུམ་པའི་དབང་བསྐུར་ལ། ཧོཿ བཀྲ་ཤིས་བུམ་པ་ལྷ་ཡི་གཞལ་ཡས་ཁང༔ རྩ་གསུམ་འོད་ཞུ་བདེ་ཆེན་བདུད་རྩིས་གཏམས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཡོན་ཏན་ཡོངས་རྫོགས་མཆོག་གི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཨ་བྷི་ཥིཉྩ་ཧོཿ བྲལ་བ་དང་རྣམ་པར་སྨིན་པ་དང་དབྱེར་མེད་རིག་འཛིན་རོལ་པའི་ཡོན་ཏན་གྱི་དབང་བསྐུར་བས༔ དེང་ཕྱིན་ཆད་འདི་ལྟར་སྣང་བའི་ཡུལ་ཐམས་ཅད་ཡོན་ཏན་རྡོ་རྗེ་གསལ་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་ལྷུན་གྱིས་གྲུབ་པར་གྱུར་ཅིག༔ དེ་ལྟར་གསང་སྔགས་དབང་གི་ཆུ་བོ་བཞི་རྫོགས་སུ་ཐོབ་པས། བདག་དོན་དུ་ཉན་སྒོམ། གཞན་དོན་དུ་ཕྲིན་ལས་དང་འཆད་སྤེལ། གཉིས་དོན་དུ་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱིས་དབང་ཐམས་ཅད་རྫོགས་པར་བྱས་པས་དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཐབས་ལ་སྤྱོད་པའི་ཕྲིན་ལས་ཀྱི་དབང་ཐོབ་པར་མོས། ཞི་ཁྲོའི་སྐུ་བགྲང་ཕྲེང་གླེགས་བམ་སྣ་ཚོགས་རྡོ་རྗེ་རྣམས་གཏད་ལ། ཧཱུྃ༔ རྩ་གསུམ་ལྷ་སྒོམ་རྩེ་གཅིག་སྒྲུབ་པ་དང༔ གཞན་དོན་འཆད་ཕྲིན་རབ་འབྱམས་དབང་བསྐུར་བས༔ རྒྱལ་བའི་གདུང་འཚོབ་འགྲོ་བའི་ཁ་ལོ་བསྒྱུར༔ དོན་གཉིས་ལྷུན་གྲུབ་ཕྲིན་ལས་མཐར་ཕྱིན་ཤོག༔ ཨོཾ་ཨཱ་ཧཱུྃ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀརྨ་ཨ་བྷི་ཥིཉྩ་ཨོཾ༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཛད་པ་དབྱེར་མེད་པ་རིག་འཛིན་རོལ་པའི་ཕྲིན་ལས་ཀྱི་དབང་བསྐུར་བས༔ དེང་ཕྱིན་ཆད་བྱེད་སྤྱོད་ཐམས་ཅད་ཕྲིན་ལས་རྡོ་རྗེ་ཚོར་སྟོང་ཟུང་འཇུག་གི་ཡེ་ཤེས་ཆེན་པོ་རང་ཤར་དུ་སྣང་བར་གྱུར་ཅིག༔ ཧོཿ བཀྲ་ཤིས་བུམ་པ་འཁོར་དང་བཅས་པའི་དབང་བསྐུར་བས༔ སློབ་མ་ཐམས་ཅད་ལྷ་རུ་འགྱུར་ཞིང་ལྷ་ཐམས་ཅད་སྣང་སྟོང་གི་ཡེ་ཤེས་སུ་རྟོགས་པར་གྱུར་ཅིག༔ ཅེས་མེ་ཏོག་འཐོར་ཞིང་ཤིས་བརྗོད་བྱ། ཧོཿ སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་ཕྱི་མཚན་མའི་དཀྱིལ་འཁོར་དུ༔ སྤྲོས་བཅས་བུམ་པས་དབང་བསྐུར་བས་སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐ་མལ་སྣང་ཞེན་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག༔ ལམ་སྣང་སྲིད་གཞིར་བཞེངས་རང་བྱུང་གི་དཀྱིལ་འཁོར་བསྒོམ་པ་ལ་དབང༔ འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ ཐོད་པའི་བདུད་རྩི་སྦྱིན་ལ། ཧཱུྃ༔ དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ རིག་པ་བདེ་སྟོང་ལྷ་ཚོགས་སྦྱོར༔ ཟུང་འཇུག་བདེ་ཆེན་བདུད་རྩིའི་དབང༔ བདེ་ཆེན་ཡོངས་སུ་བསྐྱེད་ཕྱིར་བསྐུར༔ བོ་དྷི་ཙིཏྟ་ཨ་བྷིཥིཉྩ་ཧཱུྃ༔ ཧོཿ བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བས་ཕུང་ཁམས་ཐམས་ཅད་ལྷར་དག་སྟེ་བདེ་གསལ་ཡེ་ཤེས་མངོན་དུ་འབར་བར་གྱུར་ཅིག༔ གསང་དབང་གི་རྟོགས་བརྗོད་སྨོན་ལམ་ནི། སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་ལུས་ཀྱི་དཀྱིལ་འཁོར་དུ་སྤྲོས་མེད་གསང་བའི་དབང་བསྐུར་བས་སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་ངག་རླུང་བཅས་ཀྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །ལམ་གསལ་སྟོང་བདག་བྱིན་རླབས་ཀྱི་རིམ་པ་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ ཅེས་བརྗོད། རིག་མའི་གཟུགས་བརྙན་ནམ་དྲིལ་བུ་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གཟུང་མ་འདི༔ བསྟེན་ན་བདེ་བ་ཆེན་པོ་རྟོགས༔ འདི་སྤང་སངས་རྒྱས་ཐོབ་འདོད་མིན༔ བདེ་ཆེན་ངལ་མེད་རྟག་ཏུ་རོལ༔ མ་ཧཱ་སུ ༨ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོཿ བདེ་བསྐྱེད་ཡུམ་གྱི་དབང་བསྐུར་བས་རྟོག་ཚོགས་ཐམས་ཅད་བདེ་བ་ཆེན་པོར་དག་སྟེ༔ བདེ་ཆེན་ཡེ་ཤེས་ཀློང་དུ་འགྱུར་བར་གྱུར་ཅིག༔ ཤེར་དབང་གི་རྟོགས་བརྗོད་སྨོན་ལམ་ནི། ཧོཿ སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་གསང་བ་བྷ་གའི་དཀྱིལ་འཁོར་དུ། ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་ཡིད་ཐིག་ལེའི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག །ལམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག །ཅེས་བརྗོད། ཤེལ་རྡོ་ཐོགས་ལ། ཧཱུྃ༔ སེམས་ཉིད་མ་བཅོས་ཀ་ནས་དག༔ སྟོང་གསལ་རང་བྱུང་ཡེ་ཤེས་རྩལ༔ ལྷུན་གྱིས་གྲུབ་པ་མེ་ལོང་བཞིན༔ རིག་རྩལ་མཆོག་གི་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ ཧོཿ རྡོ་རྗེ་སེམས་དཔའི་མེ་ལོང་གི་དབང་བསྐུར་བས་མི་གནས་ཡེ་ཤེས་ཀྱི་རྟོགས་པ་མངོན་དུ་འགྱུར་བར་གྱུར་ཅིག༔ དབང་བཞི་པའི་རྟོགས་བརྗོད་སྨོན་ལམ་ནི། ཧོཿ སྐུ་གསུམ་སྟོན་པ་བླ་མ་རིག་འཛིན་ཡོངས་རྫོགས་ཀྱི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ༔ རབ་ཏུ་སྤྲོས་མེད་བཞི་པའི་དབང་བསྐུར་བས་སྐལ་ལྡན་རིག་པ་འཛིན་པ་རྣམས་ཀྱི་སྒོ་གསུམ་སྙོམས་འཇུག་གི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག༔ ལམ་རིག་སྟོང་ཟུང་འཇུག་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང༔ འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་པ་དང་ལྡན་པར་གྱུར་ཅིག༔ ཅེས་བརྗོད། དེ་ནས་མདོ་བྱང་ལས། མཐའ་རྟེན་ཚེ་ཡི་གདམས་པ་གསང་བའི་ལམ༔ ཞེས་གསུངས་པ་ལྟར་མཐའ་བརྟེན་ཚེ་ཡི་དབང་བསྐུར་བ་ལ། ཚེ་འགུགས་པའི་སླད་དུ་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས་པས་རང་གཞན་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང༌། འཁོར་འདས་ཀྱི་ཚེ་བཅུད་རྣམས་བསྡུས་ནས་ཁྱེད་རང་དང་སྒྲུབ་པའི་རྫས་ལ་ཐིམ་པར་གྱུར། ཅེས་བརྗོད་ལ་མདའ་དར་གཡབ་ཅིང༌། ཧྲཱིཿ བདུད་རྩི་གང་རྒྱ་སྨན་གྱི་ལུང༔ རཏྣ་པདྨ་ཚེ་ཡི་ལུང༔ བཛྲ་པདྨ་ཕོ་ཉར་སྤྲོ༔ འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི༔ ཚེ་དང་སྨན་གྱི་བཅུད་བསྡུས་ལ༔ གནས་འདིར་ད་ལྟ་ཉིད་དུ་ཁུག༔ མགྱོགས་མ་བཞི་དང་མཁའ་འགྲོ་བཞི༔ སྲོག་བདག་བཞི་དང་ཤུགས་འགྲོ་བཞི༔ སྲིད་གསུམ་ཚེ་ཡི་བདག་མོ་རྣམས༔ ཚེ་དང་སྨན་གྱི་བཅུད་འདིར་བསྡུས༔ བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ༔ སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཞེས་པས་བསྐུལ། ཚེ་ཡི་འབྲང་རྒྱས་རིག་འཛིན་ཚེ་ལྷའི་དཀྱིལ་འཁོར་དུ་གསལ་བ་སྤྱི་བོར་སྤྱན་དྲངས་པས་འཆི་མེད་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པའི་མོས་པ་མཛོད། ཧྲཱིཿ ཟླ་གམ་དབང་ཆེན་གཞོན་ནུ་བུམ་སྐུའི་དབྱིངས༔ ཡེ་ཤེས་རང་སྣང་འཆི་མེད་ལྷ་ཚོགས་བཞུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ཚེ་དང་ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ལས་སྦྱོར་ཚེ་ཡི་སྔགས་ཀྱི་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་ཨ་ཡུ་ཥེ་ཨ་བྷི་ཥིཉྩ་ཨོཾ༔ ཐབས་ཤེས་ཀྱི་རྫས་ཚེ་བཅུད་འདུས་པའི་བཟའ་བ་དང༌། བདུད་རྩིའི་བཏུང་བ་སྦྱིན་ཏེ། ཚེ་རིལ་ཚེ་ཆང་གཏད་དེ་ཐབས་ཤེས་ཀྱི་རྫས་བཟའ་བཏུང་ལག་གཡས་གཡོན་ཏུ་སྦྱིན། མི་འགྱུར་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་ཉིད་ཟུང་དུ་འཇུག་པའི་མོས་པ་མཛོད། ཚེ་སྔགས་གོང་བཞིན་བརྗོད། སླར་ཡང་ཚེ་འབྲང་སྤྱི་བོར་བཞག་སྟེ། རིག་འཛིན་ཚེ་ལྷའི་དཀྱིལ་འཁོར་ལྷ་ཚོགས་ལས་རང་འདྲ་གཉིས་པ་ཆད་དེ་ཁྱེད་རང་ལ་ཐིམ་པའི་མོས་པ་མཛོད། ཛཿཧཱུྃ་བྃ་ཧོཿས་བསྟིམ། རྒྱས་གདབ་པ་ནི། ཧཱུྃ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྟག་པ་དམ་པར་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ༔ མཐའ་བརྟེན་དུ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་གྱིས་མངའ་གསོལ་བར་མོས། སྤྱི་འགྲོའི་ཚིག་གིས་སྦྱིན། བཀྲ་ཤིས་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ། དེ་རྣམས་ཀྱིས་རིག་འཛིན་ཡོངས་རྫོགས་ཀྱི་དབང་མཐའ་བརྟེན་དང་བཅས་པ་གྲུབ་པ་ལགས་ན་དེ་ལས་ཐོབ་པའི་དམ་ཚིག་མཐའ་དག་ལ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས་དང་ཡོན་འབུལ་དགེ་བསྔོ་རྣམས་བྱ། རྗེས་ཚོགས་ལ་རོལ་པ་སོགས་ཕྲིན་ལས་ལྟར་བྱའོ། །ཡོངས་རྫོགས་བླ་མའི་སྒྲུབ་ཐབས་ནི། །བྱིན་རླབས་དངོས་གྲུབ་ཀུན་གྱི་གཞི། །དེ་ཡི་སྨིན་བྱེད་དབང་ཆོག་ལ། །མཛེས་པར་བྱེད་པའི་རྒྱན་འདིའོ། ༈ བཅུ་གཉིས་པ་གསང་སྐོར་ཞི་ཁྲོ་གནས་གྱུར་གྱི་དབང་ལ་བཤམ་ནི། ཞི་ཁྲོའི་དཀྱིལ་འཁོར་རས་བྲིས་སྟེང་འོག་ཏུ་བཤམས་པའམ། ཚོམ་བུ་དགུ་བཀོད་པའི་ཁར་མཉྫིའི་སྟེང་བུམ་པ་བཅུད་ལྡན། ཁ་རྒྱན་ལ་ཅོད་པན། རྡོར་དྲིལ། མིང་དབང་བྲིས་པའི་ཙཀ་ལི་བཏགས་པ། ཞི་བ་རིགས་ལྔ། ཡུམ་ལྔ། སེམས་དཔའ་བརྒྱད། སེམས་མ་བརྒྱད། ཐུབ་པ་དྲུག །བྱ་བྱེད་ཡབ་ཡུམ། སྒོ་བཞིའི་ཁྲོ་བོ་ཡབ་ཡུམ། ཁྲོ་བོ་ཡབ་ལྔ། ཡུམ་ལྔ། ཀེའུ་རི་མ་བརྒྱད། སེང་ཧ་མ་བརྒྱད། སྤོར་བྱེད་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉེར་བརྒྱད་བཅས་ཀྱི་སྐུ་ཙཀ །གསང་ཐོད། རིག་ཙཀ །ཤེལ་རྡོ་བཅས་དབང་གསུམ་གྱི་རྫས་དང༌། ཐོད་རྒལ་ལ་མེ་ལོང་དར་སྣས་བརྒྱན་པ། རྨ་བྱའི་མདོངས། ཤེལ་ཕྲེང༌། ཤེལ་རྡོ་རྣམས་སྦྲེལ་བ་དང༌། བསྟན་བུའམ་བཏགས་གྲོལ་འཁོར་ལོ། དབང་གཏོར། མིག་དར་མེ་ཏོག་རྣམས་བཀོད། དབང་སྒྲུབ་ལ་གསང་སྐོར་ཞི་ཁྲོ་གནས་གྱུར་གྱི་བྱང་བུ་ཁྲིགས་བསྡེབས་ཀྱི་ཀུན་བཟང་དོན་གྱི་ཕྲིན་ལས་ཉིད་བདག་བསྐྱེད་བྱས་ལ། མདུན་བསྐྱེད་ཞི་ཁྲོ་གནས་གྱུར་གྱི་མངོན་རྟོགས་ལྟར། དང་པོ་ཞི་བ་བསྒོམ། སྤྱན་འདྲེན་མཆོད་བསྟོད་དང༌། བུམ་བཟླས་ཟུར་དུ་སྤྲོ་ན་སྤྱི་ཁྱབ་ལྟར་མདོར་བསྡུས་འོད་ཞུ་བཅས། དེ་རྗེས་སྲུང་མའི་སྤྱི་གཏོར་འབུལ། ཚོགས་མཆོད། ཏིང་ངེ་འཛིན་གྱི་དབང་བླང་བའམ་རིག་པའི་མེ་ཏོག་དོར། སློབ་མ་རྣམས་ཁྲུས་དང་བགེགས་བསྐྲད་ལ། སེམས་བསྐྱེད་དང་མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་སྐབས་སུ་བབ་པའི་གསན་བྱའི་ཆོས་ནི། ཀུན་བྱེད་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་དང༌། །འབྲས་བུ་སྔགས་ཀྱི་ཐེག་པའོ། །ཞེས་གསུངས་པ་ལྟར་སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ་ཐམས་ཅད་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་ལས་ཁྱད་དུ་འཕགས་པ་འབྲས་བུ་སྔགས་ཀྱི་ཐེག་པའི་ཡང་རྩེ་བླ་མེད་ནང་རྒྱུད་སྡེ་གསུམ་སྟེ། དེ་ཡང་རིག་པའི་རྩལ་དུ་སྣང་བ་མ་ཧཱ། རིག་པའི་ཆོ་འཕྲུལ་དུ་སྣང་བ་ཨ་ནུ། རིག་པ་རང་ཤར་བ་ཨ་ཏི་དང་གསུམ་ལས་འདིར་ཕྱི་མ། དེ་ལའང་ཕྱི་ནང་གསང་བའི་སྐོར་ཚོ་གསུམ་ལས་གསང་སྐོར་སེམས་ལས་འདས་པའི་རིག་པ་ཡེ་ཤེས་ཉག་གཅིག་རྩལ་དུ་འདོན་པའི་མན་ངག་སྡེའི་སྨིན་གྲོལ་གདམས་པའི་རིམ་པ་ཉམས་སུ་ལེན་པའི་སྔོན་དུ་འགྲོ་བ་ཡི་དམ་ཞི་བ་ཁྲོ་བོ་གནས་གྱུར་གྱི་སྨིན་བྱེད་སྒྲུབ་པར་བགྱི་བའི་སྐབས་སུ་བབས་པ་ཡིན། དེ་ལ་བདག་ཉིད་ཀྱིས་བགྱི་འོས་གྲུབ་ནས་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ལ་སྨིན་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། ཞེས་བརྗོད་ལ་མཎྜལ་འབུལ་དུ་གཞུག །རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཟོད་འཇུག་དགོས་པའི་བརྡར་མིག་དར་འཆིང་མཛོད། ཨོཾ་ཨཱཿཧཱུྃ། དོན་དམ་ཡེ་ཤེས་ལྔའི་དཀྱིལ་འཁོར་རང་རིག་གདོད་མའི་ངོ་བོར་རྫོགས་པ་མངོན་དུ་བྱ་བའི་བརྡར་མེ་ཏོག་གི་ཕྲེང་བ་ཁ་དོག་ལྔ་པ་ཐོགས་མཛོད། ཨ་ཁཾ་ཝཱི་ར་ཧཱུྃ། རྒྱུད་རྣམ་པར་དག་པའི་སྡོམ་པ་དང་ལྡན་པའི་ཕྱིར་དབྱིངས་རིག་གཉིས་མེད་ཞི་ཁྲོ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་རང་རིག་ལ་ཡེ་རྫོགས་སུ་བཞུགས་པའི་གདངས་ཕྱིར་གསལ་ཡེ་ཤེས་ཀྱི་འཁོར་ལོ་མཁའ་ཁྱབ་ཏུ་སད་པ་གཉིས་མེད་ཐིག་ལེ་གཅིག་ཏུ་རྫོགས་པའི་དོན་ཤེས་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་ལན་གསུམ་མཛོད། དབྱིངས་ཉིད་རྣམ་དག་སོགས། འགྲོ་ཀུན་རྒྱལ་བ་ཞི་ཁྲོ་གདན་གསུམ་ལྷའི་འཁོར་ལོ་ལས་གཞན་དུ་མ་གྱུར་ཀྱང་བློས་བཏགས་འཁྲུལ་སྣང་གི་གཞན་དབང་ཅན་མ་དག་སྲིད་པའི་རྒྱུ་འབྲས་ལ་སྤྱོད་པ་ཐམས་ཅད་རྣམ་གྲོལ་ཡེ་ཤེས་དག་པའི་དགོངས་པར་ངལ་འཚོ་བའི་ཆེད་སྨོན་འཇུག་གི་དམ་བཅའ་བཟུང་བ་འདིའི་རྗེས་ཟློས། ཨེ་མ་ཧོ་རང་རིག་སོགས་ལན་གསུམ། དག་ཆེན་ཆོས་ཉིད་ཀྱི་ལྷ་ལ་ཡེ་ཤེས་རྒྱུན་མི་ཆད་པའི་བསགས་སྦྱང་མངོན་དུ་བྱ་བས་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཐིག་ལེར་ངལ་འཚོ་བའི་ཆེད་འདིའི་རྗེས་ཟློས། ནམ་མཁའ་ལྟ་བུའི་སོགས། དེ་ནས་དཀྱིལ་འཁོར་གཉན་པོར་འཇུག་སྟེ་སྨིན་པའི་ཕྱིར་བླ་མ་དང་ཡི་དམ་གྱི་ལྷ་ཚོགས་ཐ་མི་དད་པ་ལ་ཐལ་མོ་མེ་ཏོག་གིས་བཀང་སྟེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། བླ་མ་ཞི་ཁྲོའི་ལྷ་ཚོགས་དགོངས༔ བདག་ནི་མ་རིག་འཁྲུལ་པས་བསྒྲིབས༔ སྒྲིབ་པའི་ཚོགས་རྣམས་བསལ་བར་མཛོད༔ རྗེས་སུ་འཛིན་པར་མཛད་དུ་གསོལ༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ། སློབ་དཔོན་གྱིས། དེ་ལྟར་ཡིན་ན་ཞི་ཁྲོ་ཡི༔ བླ་མེད་ཡང་གསང་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་བཏང་བར༔ ཁྱོད་ཀྱིས་ཡང་དག་བྲོ་བོར་ཅིག༔ སློབ་མས་གསང་བ་གཉན་པོའི་ཐ་ཚིག་ལས་མི་འདའ་བར་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨི་དན་ན་ར་ཀན༔ དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པ་ཡིན་པས་དམིགས་པ་འདི་བཞིན་དུ་མཛོད། སློབ་མ་མ་བཅོས་གསལ་ཀློང་ཀུན་ཏུ་བཟང་པོར་གསལ་བའི་ཐུགས་ཀར་ཡེ་ཤེས་ཀྱི་འཁོར་ལོ་དྲག་ཏུ་འཁོར་བས་རྒྱལ་བ་ཐམས་ཅད་བྱོན་ནས་ཐིམ་པས་བྱིན་གྱིས་བརླབ་པར་གྱུར༔ ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་པས་བྱིན་དབབ། ཡེ་ཤེས་པ་བརྟན་པར་གྱུར་ཅིག ཏིཥྛ་བཛྲ། ཞེས་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག ཁྱེད་རྣམས་ལ་སྔར་ཕྱག་ཏུ་གཏད་པའི་མེ་ཏོག་དེ་ཉིད་ཡེ་ཤེས་ཀྱི་དཀྱིལ་འཁོར་འདིར་དོར་བས་ལས་ཀྱི་འབྲེལ་བའི་ལྷག་པའི་ལྷ་ལ་དབབ་པར་ཤོག་སྙམ་པས་འདིའི་རྗེས་ཟློས། ཧོཿ བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་འདིར༔ སྙིང་པོའི་ཡེ་ཤེས་བརྟག་པའི་ཕྱིར༔ རིག་པའི་མེ་ཏོག་འདི་འབུལ་གྱིས༔ ལས་འཕྲོའི་དབང་གིས་བཞེས་སུ་གསོལ༔ པུཥྤེ་པྲ་ཏཱིཙྪ་ཧོཿ ཞེས་འདོར་དུ་བཅུག རྟེན་བརྟེན་པའི་དཀྱིལ་འཁོར་གཙོ་འཁོར་དུ་སྣང་བ་ཐམས་ཅད་ཁྱབ་བདག་ཀུན་ཏུ་བཟང་པོ་གཅིག་གི་རང་བཞིན་ལས་མ་འདས་པས་མེ་ཏོག་གཙོ་བོས་བཞེས་ནས་རིགས་ཀྱི་རྟགས་སུ་རྡོ་རྗེའི་ཅོད་པན་དུ་བཅིངས་པ་དང་གསང་བའི་མཚན་རིག་འཛིན་འདུས་པ་རྩལ་དུ་གནང་བར་མོས་མཛོད། ལྷན་སྐྱེས་མ་རིག་པའི་སྒྲིབ་གཡོགས་ཡེ་ཤེས་རིག་པའི་ཐུར་མས་བསལ་བར་མོས། སྔོན་གྱི་རྒྱལ་བ་ཐམས་ཅད་ཀྱིས༔ འགྲོ་བའི་མིག་ནི་དབྱེ་བར་མཛད༔ སངས་རྒྱས་ས་ལ་བཀོད་པ་བཞིན༔ དེང་འདིར་ཧེ་རུ་ཀ་བདག་གིས༔ མ་རིག་མིག་ནི་དབྱེ་བར་བྱ༔ ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ ཅེས་མིག་དར་བསལ། ཧོཿ ལྟོས་ཤིག་སྐལ་པ་ཅན་རྣམས་ལྟོས༔ བདེ་གཤེགས་ཞི་ཁྲོའི་དཀྱིལ་འཁོར་འདི༔ སྐད་ཅིག་མཐོང་བ་ཙམ་གྱིས་ཀྱང༔ སྒྲིབ་པ་དག་སྟེ་ཡེ་ཤེས་མཐོང༔ ཧོཿ རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ཐ་མི་དད་པའི་དཀྱིལ་འཁོར་འདི་རུ་འོག་ཁང་ཞི་བ་བདེ་གཤེགས་རིགས་ལྔ་ཡབ་ཡུམ། བྱ་བྱེད་གཉིས། སེམས་དཔའ་སེམས་མ་བརྒྱད། ཐུབ་པ་དྲུག །སྒོ་བ་ཡབ་ཡུམ་བཞི། སྟེང་ཁང་ཁྲོ་བོའི་དཀྱིལ་འཁོར་དུ་ཁྲག་འཐུང་རིགས་ལྔ་ཡབ་ཡུམ། གནས་ཡུལ་གྱི་མ་མོ་དང་སྤོར་མ་བརྒྱད། སྒོ་མ་བཞི། དབང་ཕྱུག་ཉེར་བརྒྱད་རྣམས་བཞུགས་པའི་གདན་ཁྲི་གཞལ་ཡས་ཁང་དང་བཅས་པ་སྣང་ལ་མ་འགག་པ་ཆུ་ཟླ་དང་འཇའ་ཚོན་བཞིན་བཀྲག་ས་ལེ་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་གཉིས་སུ་མེད་པར་མཇལ་བས་མཚོན་བྱ་དོན་གྱི་དཀྱིལ་འཁོར། དབྱིངས་ཀ་དག་ཞི་བ། འོད་གསལ་ལྷུན་གྲུབ་ཁྲོ་བོའི་དཀྱིལ་འཁོར་རང་བྱུང་གསལ་རྫོགས་སུ་ཐབས་འདིས་མངོན་དུ་བྱེད་པའི་རྟེན་འབྲེལ་བསྒྲིགས་པ་ཡིན་ནོ། །དབང་དངོས་ལ་འཁོར་ཆོས་གནས་སུ་དག་པ་ཞི་བའི་དབང༌། ཡེ་ཤེས་གནས་གྱུར་ཁྲོ་བོའི་དབང༌། གཉིས་ཀའི་ཐུན་མོང་དུ་མཆོག་དབང༌། མཐའ་བརྟེན་བཅས་བསྐུར་བའོ། །དང་པོ་ཞི་བ་གནས་དག་ཕན་ནུས་ཀྱི་དབང་བསྐུར་བའི་སླད་དུ་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཡབ་ཡུམ་འཁོར་དང་བཅས་པ་གདན་གསུམ་ཚང་བའི་དབང་གི་ལྷར་སད་པ་རྣམས་དང༌། སློབ་དཔོན་ལྷན་ཅིག་པས་ཡེ་ཤེས་གཅིག་ཉིད་དུ་མར་ཤར་བའི་ཆོ་འཕྲུལ་རིག་པའི་དབང་ལྔའི་རྫས་རྣམས་གཙོ་བོ་རྣམ་པར་རྒྱལ་བའི་བུམ་པ་གཅིག་ལ་རྫོགས་པའི་དབང་བསྐུར་བསྩལ་བར་གྱུར། ཧཱུྃ༔ བཀྲ་ཤིས་བུམ་པ་སྣོད་བཅུད་ཡོངས་སུ་རྫོགས༔ རིན་ཆེན་ཅོད་པན་རྒྱལ་བའི་དབང་བསྐུར་ཆེ༔ ཡེ་ཤེས་རྡོ་རྗེ་དང་བཅས་རྒྱལ་བས་འཛིན༔ སངས་རྒྱས་གསུང་དབྱངས་དྲིལ་བུའི་སྒྲ་འཁྲོལ་ཞིང༔ བཀྲ་ཤིས་མཚན་གྱི་སྙིང་པོའི་མངའ་གསོལ་བས༔ རིག་པའི་དབང་ལྔ་དུས་གཅིག་རྫོགས་གྱུར་ཅིག༔ ཨོཾ་བོདྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱཏུ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་བུམ་པ་ལ་བརྟེན་པའི་རིག་པའི་དབང་ལྔ་ཡོངས་སུ་རྫོགས་པས་དུག་ལྔ་དབྱིངས་སུ་དག །སྐུ་ལྔ་ཡེ་ཤེས་ལྔ་ཐོབ་པའི་ནུས་པ་རྒྱུད་ལ་བཞག་པའོ། །ཙཀ་ལི་རྣམས་ཐོགས་ལ། ཧཱུྃ༔ ཞེ་སྡང་རྣམ་དག་མི་བསྐྱོད་རྡོ་རྗེ་དང༔ གཏི་མུག་རྣམ་དག་རྣམ་པར་སྣང་མཛད་དང༔ ང་རྒྱལ་རྣམ་དག་རིན་ཆེན་འབྱུང་ལྡན་དང༔ འདོད་ཆགས་རྣམ་དག་སྣང་བ་མཐའ་ཡས་དང༔ ཕྲག་དོག་རྣམ་དག་དོན་ཡོད་གྲུབ་པ་སྟེ༔ རྒྱལ་བ་རིགས་ལྔའི་སྐུ་གསུང་ཐུགས་རྫོགས་ཤོག༔ ཧཱུྃ་ཨོཾ་ཏྲཱྃ་ཧྲཱིཿཨ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ནམ་མཁའ་རྣམ་དག་ཡུམ་ཆེན་དབྱིངས་ཕྱུག་མ༔ ས་ཁམས་རྣམ་དག་ཡུམ་ཆེན་སངས་རྒྱས་སྤྱན༔ ཆུ་ཁམས་རྣམ་དག་ཡུམ་ཆེན་མཱ་མ་ཀཱི༔ མེ་ཁམས་རྣམ་དག་ཡུམ་ཆེན་གོས་དཀར་མོ༔ རླུང་ཁམས་རྣམ་དག་ཡུམ་ཆེན་དམ་ཚིག་སྒྲོལ༔ རིགས་ཀྱི་ཡུམ་གྱུར་རྣམས་ཀྱིས་དབང་བསྐུར་རོ༔ མཱུྃ་ལཱྃ་མྃ་པཱྃ་ཏཱྃ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མིག་དབང་གནས་དག་སེམས་དཔའ་ས་ཡི་སྙིང༔ གཟུགས་ཡུལ་གནས་དག་སེམས་དཔའ་བྱམས་པ་མགོན༔ རྣ་དབང་གནས་དག་སེམས་དཔའ་ནམ་མཁའི་སྙིང༔ སྒྲ་ཡུལ་གནས་དག་སེམས་དཔའ་སྒྲིབ་པ་སེལ༔ སྣ་དབང་གནས་དག་སེམས་དཔའ་སྤྱན་རས་གཟིགས༔ དྲི་ཡུལ་གནས་དག་སེམས་དཔའ་ཀུན་ཏུ་བཟང༔ ལྕེ་དབང་གནས་དག་སེམས་དཔའ་འཇམ་པའི་དབྱངས༔ རོ་ཡུལ་གནས་དག་སེམས་དཔའ་རྡོ་རྗེ་འཛིན༔ བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་དབང་བསྐུར་རོ༔ ཀཥིཾ་མཻ་ཏྲཱྃ་ཐ1$0000240[WP:12,58][WP:12,61]1$0000300ིཾ་ཧྲཱིཿཨ་མཱུྃ་ཛིཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ མིག་གི་རྟོག་པ་གནས་དག་ལཱ་སྱ་མ༔ གཟུགས་ཡུལ་རྟོག་པ་གནས་དག་པུཥྤེ་མ༔ རྣ་བའི་རྟོག་པ་གནས་དག་མཱ་ལྱ་མ༔ སྒྲ་ཡུལ་རྟོག་པ་གནས་དག་དྷཱུ་པེ་མ༔ སྣ་ཡི་རྟོག་པ་གནས་དག་གཱིརྟི་མ༔ དྲི་ཡུལ་རྟོག་པ་གནས་དག་ཨཱ་ལོ་མ༔ ལྕེ་ཡི་རྟོག་པ་གནས་དག་ནཱིརྟི་མ༔ རོ་ཡུལ་རྟོག་པ་གནས་དག་གནྡྷེ་མ༔ བྱང་ཆུབ་སེམས་མ་བརྒྱད་ཀྱིས་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཏྲཱྃ་ཏྲཱྃ་ཧྲཱིཿ ཧྲཱིཿཨ་ཨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷ་ཡི་རྟོག་པ་གནས་དག་བརྒྱ་བྱིན་དབང༔ ལྷ་མིན་རྟོག་པ་གནས་དག་ཐག་བཟང་རིས༔ མི་ཡི་རྟོག་པ་གནས་དག་ཤཱཀྱ་ཐུབ༔ བྱོལ་སོང་རྟོག་པ་གནས་དང་སེང་རབ་བརྟན༔ ཡི་དྭགས་རྟོག་པ་གནས་དག་ཁ་འབར་མ༔ དམྱལ་བའི་རྟོག་པ་གནས་དག་ཆོས་ཀྱི་རྒྱལ༔ འགྲོ་འདུལ་ཐུབ་པ་དྲུག་གིས་དབང་བསྐུར་རོ༔ ཀྲིཾ་ཏྲཱུྃ་ཀྵྃ་ཀྲུྃ་སྲུྃ་ཡེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ བྱེད་པ་རྣམ་དག་ཡེ་ཤེས་སྐུ་མངའ་བ༔ རྒྱལ་བ་ཀུན་ཏུ་བཟང་པོའི་དབང་བསྐུར་རོ༔ བྱ་བ་རྣམ་དག་ཆོས་ཀྱི་སྐུ་མངའ་བ༔ རྒྱལ་ཡུམ་ཀུན་ཏུ་བཟང་མོའི་དབང་བསྐུར་རོ༔ ཨ་ཨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ རྟག་ལྟ་གནས་དག་སྒོ་བ་གཤིན་རྗེ་གཤེད༔ སྙིང་རྗེའི་བདག་ཉིད་རྡོ་རྗེ་ལྕགས་ཀྱུ་མ༔ ཆད་མཐའ་གནས་དག་སྒོ་བ་རྣམ་པར་རྒྱལ༔ བྱམས་པའི་བདག་ཉིད་རྡོ་རྗེ་ཞགས་པ་མ༔ མཚན་མ་གནས་དག་སྒོ་བ་རྟ་མགྲིན་རྒྱལ༔ དགའ་བའི་བདག་ཉིད་རྡོ་རྗེ་ལྕགས་སྒྲོག་མ༔ མཚན་འཛིན་གནས་དག་སྒོ་བ་བགེགས་མཐར་བྱེད༔ བཏང་སྙོམས་བདག་ཉིད་རྡོ་རྗེ་དྲིལ་བུ་མ༔ མཐར་བྱེད་ཡབ་ཡུམ་བརྒྱད་ཀྱིས་དབང་བསྐུར་རོ༔ ཧཱུྃ་ཏྲཱྃ་ཧྲཱིཿཨ༔ ཛཿཧཱུྃ་བྃ་ཧོཿཨ་བྷི་ཥིཉྩ་ཧཱུྃ༔ དེ་རྣམས་ཀྱིས་ཕུང་ལྔ་འབྱུང་ལྔ་དབང་ཡུལ་རྟོག་པ་བྱ་བྱེད་དང་བཅས་པ་གནས་སུ་དག་པའི་དབང་དམ་པ་ཐོབ་པ་ཡིན་ནོ། །དེ་ནས་ཡེ་ཤེས་གནས་གྱུར་བདེ་གཤེགས་ཁྲོ་བོའི་ཕྱག་རྒྱའི་ལྷ་ཡི་དབང་བསྐུར་བ་ནི། སློབ་མ་ཞི་བ་རྡོ་རྗེ་དབྱིངས་ཀྱི་གཙོ་བོ་ཀུན་བཟང་ཡབ་ཡུམ་དུ་གསལ་བ་སྐད་ཅིག་གིས་འབར་བ་ཁྲག་འཐུང་ཁྲོ་བོའི་ཚོགས་རྗེ་སྤྱི་དཔལ་ཆེན་པོར་གནས་གྱུར་ཏེ། དབུས་ཕྱོགས་བྱོལ་སོང་ཁྲི་ཡི་སྟེང༔ དཔལ་ཆེན་བཛྲ་ཧེ་རུ་ཀ༔ མཐིང་སྨུག་གར་དགུའི་བརྗིད་པའི་སྐུ༔ ཞལ་གསུམ་ཕྱག་དྲུག་གཤོག་པ་གདེངས༔ གཡས་པ་དང་པོའི་རྡོ་རྗེ་དང༔ གཡོན་པས་དུང་ཁྲག་ལྷག་མ་རྣམས༔ ཕྱག་མཚན་གཞན་རྣམས་འཛིན་པའོ༔ དབྱིངས་ཕྱུག་ཁྲོ་མོ་ཆེ་དང་སྦྱོར༔ དེ་ལྟར་གསལ་བ་ལ་དཔལ་ཆེན་ཧེ་རུ་ཀ་ཁྲག་འཐུང་ལྔ་ཅུ་རྩ་བརྒྱད་ཀྱི་དབང་བསྐུར་བས་འཇོམས་བྱེད་ཁྲོ་རྒྱལ་འབར་བའི་སྐུ་གསུང་ཐུགས་དང་གཉིས་མེད་དུ་གྱུར་པར་སྒོམས་ཤིག ཧཱུྃ༔ ཉོན་མོངས་ཞེ་སྡང་གནས་གྱུར་པའི༔ རྡོ་རྗེ་ཁྲོ་བོས་དབང་བསྐུར་རོ༔ ཉོན་མོངས་གཏི་མུག་གནས་གྱུར་པའི༔ དེ་བཞིན་ཁྲོ་བོས་དབང་བསྐུར་རོ༔ ཉོན་མོངས་ང་རྒྱལ་གནས་གྱུར་པའི༔ རིན་ཆེན་ཁྲོ་བོས་དབང་བསྐུར་རོ༔ ཉོན་མོངས་འདོད་ཆགས་གནས་གྱུར་པའི༔ པདྨ་ཁྲོ་བོས་དབང་བསྐུར་རོ༔ ཉོན་མོངས་ཕྲག་དོག་གནས་གྱུར་པའི༔ ཀརྨ་ཁྲོ་བོས་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ འབྱུང་བ་ཆུ་ཁམས་གནས་གྱུར་པའི༔ བཛྲ་ཀྲོ་དྷཱིས་དབང་བསྐུར་རོ༔ འབྱུང་བ་ནམ་མཁའ་གནས་གྱུར་པའི༔ བུདྡྷ་ཀྲོ་དྷཱིས་དབང་བསྐུར་རོ༔ འབྱུང་བ་ས་ཁམས་གནས་གྱུར་པའི༔ རཏྣ་ཀྲོ་དྷཱིས་དབང་བསྐུར་རོ༔ འབྱུང་བ་མེ་ཁམས་གནས་གྱུར་པའི༔ པདྨ་ཀྲོ་དྷཱིས་དབང་བསྐུར་རོ༔ འབྱུང་བ་རླུང་ཁམས་གནས་གྱུར་པའི༔ ཀརྨ་ཀྲོ་དྷཱིས་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མིག་གི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་ཀེའུ་རི་མ༔ རྣ་བའི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་ཙོའུ་རི་མ༔ སྣ་ཡི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་པྲ་མོ་ཧ༔ ལྕེ་ཡི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་བཻ་ཏ་ལི༔ ལུས་ཀྱི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་པུཀྐ་སི༔ ཡིད་ཀྱི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་ཙཎྜ་ལི༔ ཉོན་ཡིད་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་གྷསྨ་རི༔ ཀུན་གཞི་རྣམ་ཤེས་གནས་གྱུར་པའི༔ མ་མོ་ཆེན་མོ་སྨེ་ཤཱ་ནི༔ གནས་ཀྱི་མ་མོས་དབང་བསྐུར་རོ༔ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ གཟུགས་ཡུལ་གནས་གྱུར་སེང་ཧ་མ༔ སྒྲ་ཡུལ་གནས་གྱུར་བྱཱ་གྷྲྀ་མ༔ དྲི་ཡུལ་གནས་གྱུར་སྲྀ་ལ་མ༔ རོ་ཡུལ་གནས་གྱུར་ཤྭ་ན་མ༔ ལུས་ཡུལ་གནས་གྱུར་ཀངྐ་མ༔ ཡིད་ཡུལ་གནས་གྱུར་ཀྲྀ་ཏ་མ༔ ཉོན་ཡུལ་གནས་གྱུར་ཁཱ་ཁ་མ༔ གཞི་ཡུལ་གནས་གྱུར་ཧུ་ལུ་མ༔ ཡུལ་གྱི་མ་མོས་དབང་བསྐུར་རོ༔ ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ ལྷ་རྣམས་གནས་སྤོར་སྐར་མདའ་འཕེན༔ ལྷ་མིན་གནས་སྤོར་མདུང་ཐུང་ཅན༔ མི་རྣམས་གནས་སྤོར་རལ་གྲི་འཛིན༔ དུད་འགྲོ་གནས་སྤོར་དྲིལ་འཁྲོལ་མ༔ ཡི་དྭགས་གནས་སྤོར་གློག་ཤ་རྡེབས༔ དམྱལ་བ་གནས་སྤོར་མེ་འབར་མ༔ རྟག་པའི་གནས་སྤོར་ཟླ་འཕེན་མ༔ ཆད་པའི་གནས་སྤོར་ཉི་ཟེར་འཕེན༔ སྤོར་བྱེད་བརྒྱད་ཀྱི་དབང་བསྐུར་རོ༔ ཧ་ཧ་ཧུ་ལུ་ཧུ་ལུ་ཧུ་ལུ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ རྟག་ལྟ་གནས་གྱུར་རྟ་གདོང་མ༔ ཆད་ལྟ་གནས་གྱུར་ཕག་གདོང་མ༔ མཚན་མ་གནས་གྱུར་སེང་གདོང་མ༔ མཚན་འཛིན་གནས་གྱུར་སྤྱང་གདོང་མ༔ སྒོ་མ་བཞི་ཡི་དབང་བསྐུར་རོ༔ ཛཿཧཱུྃ་བྃ་ཧོཿཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ རྣམ་རྟོག་ཕྲ་རགས་གནས་གྱུར་པའི༔ ཞི་བའི་ལས་མཛད་རྣལ་འབྱོར་བདུན༔ རྒྱས་པའི་ལས་མཛད་རྣལ་འབྱོར་བདུན༔ དབང་གི་ལས་མཛད་རྣལ་འབྱོར་བདུན༔ དྲག་པོའི་ལས་མཛད་རྣལ་འབྱོར་བདུན༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་རོ༔ བྷྱོ་སརྦ་ཡཀྵི་ཨ་བྷི་ཥིཉྩ་ཨོཾ༔ དེ་རྣམས་ཀྱིས་ཀུན་གཞི་ཡིད་ཆོས་ཁམས་དང་ཡུལ་ཤེས་འགྲོ་དྲུག་ལྟ་བ་སོགས་གནས་གྱུར་དཔལ་ཆེན་ཁྲོ་བོ་རོལ་པའི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །དེས་སྣོད་བཅུད་སྐུ་རྡོ་རྗེའི་དཀྱིལ་འཁོར་དུ་བུམ་དབང་མཐའ་བརྟེན་དང་བཅས་པས་སྨིན་པར་བྱས་པས་ཕུང་ཁམས་ཀྱི་སྒྲིབ་པ་སྦྱངས། ཡོངས་གྲུབ་གདན་གསུམ་ཚང་བའི་བསྐྱེད་རིམ་བསྒོམ་པ་ལ་དབང༌། གཞན་སྣང་འགྲོ་འདུལ་སྤྲུལ་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ནས་ཞི་ཁྲོ་གཉིས་སུ་མེད་པའི་མཆོག་དབང་རྣམ་གསུམ་བསྐུར་བ་ལ། ཐོད་པའི་བདུད་རྩི་ཐོགས་ལ། གསང་དབང་གི་སླད་དུ་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་མཉམ་པར་སྦྱོར་བའི་བདེ་བའི་ཟིལ་གྱིས་སངས་རྒྱས་ཀུན་གྱི་ལྷག་པའི་བྱང་སེམས་ཀྱི་བཅུད་བསྡུས་པ་ལྕེ་ཐོག་ཏུ་བྱིན་པར་མོས་མཛོད། ཧཱུྃ༔ བྷནྡྷ་སྟོང་པའི་སྣོད་ནང་དུ༔ བྱང་སེམས་བདེ་བའི་བཅུད་ཀྱིས་བཀང༔ བདེ་སྟོང་དབྱེར་མེད་བདུད་རྩི་འདིས༔ གསང་དབང་ངག་ལ་ཡོངས་རྫོགས་ཤོག༔ བོ་དྷི་ཙིཏྟ་ཧཱུྃ༔ གསལ་སྟོང་བདེ་བས་བརྒྱན་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པར་མོས། དེས་ཕྱེད་སྣང་གསུང་རྡོ་རྗེའི་དཀྱིལ་འཁོར་དུ་གསང་དབང་ཐོབ་པས་ལས་རླུང་གི་རྒྱུ་བ་དྷཱུ་ཏིའི་དབྱིངས་སུ་དག་པར་བྱས། སྐྱེ་མེད་རང་བྱུང་རྡོ་རྗེའི་བཟླས་པ་ལ་དབང༌། རང་སྣང་བདེ་ཆེན་ལོངས་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །རིག་ཙཀ་ཐོགས་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། སྣ་ཚོགས་གཟུགས་ཅན་མའི་ཕྱག་རྒྱའི་རེག་པས་དཔེ་ཡི་ཡེ་ཤེས་དྲང་བ་ལ་བརྟེན་ནས་ཡུལ་དབང་ཆགས་སྡང་ལས་འདས་པའི་དབྱིངས་རིག་གཉིས་མེད་དུ་ངོ་སྤྲད་པར་གྱུར། ཧཱུྃ༔ ཡུལ་སྣང་སྣང་སྟོང་མཚན་ལྡན་མར༔ རང་རིག་བདེ་བ་ཡེ་ཤེས་པས༔ དབྱིངས་རིག་བདེ་སྟོང་གཉིས་མེད་སྦྱོར༔ ཟུང་འཇུག་བདེ་ཆེན་རྟོགས་པར་ཤོག༔ མ་ཧཱ་སུ་ཁ་ཧོཿ བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས། དེས་སྣང་མེད་ཐུགས་རྡོ་རྗེའི་དཀྱིལ་འཁོར་དུ་ཤེར་དབང་ཐོབ་པས། གཉིས་སྣང་གི་འཆིང་བ་དབྱིངས་སུ་དག །བདེ་ཆེན་འོད་གསལ་གྱི་ཡེ་ཤེས་བསྒོམ་པ་ལ་དབང༌། གཏིང་གསལ་འགག་མེད་ཆོས་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །དབང་བཞི་པ་ཀ་དག་ཁྲེགས་ཆོད་ཀྱི་དོན་གྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེའི་ཁྱད་པར་གསུམ་ལྡན་རང་བྱུང་རྡོ་རྗེ་སེམས་དཔའི་མེ་ལོང་གི་བརྡ་དང་རྡོ་རྗེའི་ཚིག་གིས་དོན་ངོ་སྤྲད་པ་ནི། ཤེལ་རྡོ་ཐོགས་ལ། ཨེ་མ་ཧོཿ ངོ་བོ་སྟོང་པ་ཤེལ་གྱིས་མཚོན༔ རང་བཞིན་ལྷུན་གྲུབ་འཇའ་རུ་ཤར༔ ཐུགས་རྗེའི་འོད་ཟེར་ཀུན་ཏུ་འཕྲོ༔ རང་བྱུང་སེམས་ཉིད་ངོ་མཚར་ཆེ༔ དྷརྨ་ཤུདྡྷེ་ཨ༔ ལྷུན་གྲུབ་རིག་རྩལ་ཐོད་རྒལ་གྱི་སྣང་བ་དབྱིངས་རིག་སྒྲོན་མ་དྲུག་ལྡན་རྫས་དང་བརྡ་རྟགས་ཀྱིས་མཚོན་པའི་དབང་ནི། ངོ་སྤྲོད་ཀྱི་རྫས་རྣམས་ཐོགས་ལ། དབྱིངས་ཀྱི་རང་བཞིན་མེ་ལོང་ལ༔ འོད་ཀྱི་རང་བཞིན་དར་སྣས་བརྒྱན༔ ཐིག་ལེའི་རང་བཞིན་རྨ་བྱའི་མདངས༔ རིག་པ་ལུག་རྒྱུད་ཤེལ་གྱི་ཕྲེང༔ མིག་ཏུ་མཚོན་ཕྱིར་ཤེལ་གྱི་ཀློང༔ དབང་པོའི་སྒོར་སྦྱར་བརྡ་བསྟན་པས༔ རིག་རྩལ་ཐོད་རྒལ་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་ཨ༔ དབྱིངས་རིག་གཉིས་མེད་ཀྱི་ངང་ལ་མཉམ་པར་ཞོག །དེས་གཉིས་མེད་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཞི་པའི་དབང་བསྐུར་བས་སྣང་གསུམ་འཕོ་བའི་སྒྲིབ་པ་སྦྱངས། དབྱིངས་རིག་ཟུང་འཇུག་གི་ལམ་བསྒོམ་པ་ལ་དབང༌། མཆོག་ཏུ་མི་འགྱུར་ངོ་བོ་ཉིད་སྐུའི་གོ་འཕང་གི་ཆོས་རྒྱུད་ལ་བཞག་པ་ཡིན་ནོ། །མཐའ་རྟེན་དབང་བཞིའི་ཡེ་ཤེས་གོང་འཕེལ་དུ་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་སྲས་གཅིག་པུ། བསྟན་པ་བུ་གཅིག་གི་རྒྱུད། ཐོག་མའི་མགོན་པོའི་བྱིན་རླབས་མཆོག་གི་སྤྲུལ་པ་བསྟན་པའི་བཙས་གསུམ་གྱི་འདྲ་འབག་གིས་དབང་བསྐུར་བས་གྲོལ་བ་དྲུག་ལྡན་གྱི་སྐལ་པ་མངོན་དུ་གྱུར་པར་མོས་ལ། བསྟན་བུའི་གླེགས་བམ་གནས་གསུམ་དུ་བཞག་ལ། ཨཱཿ རང་བྱུང་རང་ཤར་བསྟན་པ་བུ་གཅིག་རྒྱུད༔ སངས་རྒྱས་ཀུན་གྱི་ཡེ་ཤེས་ཐུགས་རྗེས་གཟུགས༔ འོད་གསལ་སྙིང་པོའི་བསྟན་པའི་བཙས་གཅིག་པུ༔ བྲིས་ཏེ་བཏགས་པས་གྲོལ་བའི་དབང་ཐོབ་ཤོག༔ འཁོར་ལོར་བྱས་ཏེ་མཐོང་པས་མཐོང་གྲོལ་ཤོག༔ གང་དུ་བཏགས་པ་རེག་པས་རེག་གྲོལ་ཤོག༔ བརྗོད་ཅིང་ཚིག་གི་བརྡ་སྤྲད་ཐོས་གྲོལ་ཤོག༔ བཟླས་ཤིང་བཏབ་པ་མྱོང་བས་མྱོང་གྲོལ་ཤོག༔ གང་གི་ཚོར་བ་དེ་དག་གྲོལ་བར་ཤོག༔ འཿཨཿཤཿསཿམཿཧཿཨ་བྷི་ཥིཉྩ་ཧཱུྃ༔ དབྱིངས་རིག་གཉིས་མེད་བརྡ་དོན་རྟགས་གསུམ་རྫོགས་པའི་གཏོར་མས་དཀྱིལ་འཁོར་ལྷ་ཚོགས་ཡོངས་སུ་རྫོགས་པའི་དབང་བསྐུར་བས་སྐྱེ་འཆི་བར་དོ་སྐུ་གསུམ་ཡེ་ཤེས་ཀྱི་རང་བཞིན་ཆེན་པོར་ལམ་དུ་ཁྱེར་བའི་དབང་ཐོབ་པར་མོས་མཛོད། གཏོར་མ་གནས་གསུམ་དུ་བཞག་ལ། ཧཱུྃ༔ གཏོར་གཞོང་དབྱིངས་ཀྱི་རང་བཞིན་གཞལ་ཡས་ཁང༔ གཏོར་མ་རིག་པ་རྒྱལ་བ་ཞི་ཁྲོའི་ལྷ༔ དབྱེར་མེད་ཟུང་འཇུག་ངང་དུ་དབང་བསྐུར་བས༔ སྣང་བ་ལྷར་དག་བར་དོར་གྲོལ་བར་ཤོག༔ ཕུང་ཁམས་གནས་གྱུར་འོད་གསལ་ཟིན་པར་ཤོག༔ རྟོག་ཚོགས་བདེ་ཆེན་དབྱིངས་སུ་འཕོ་བར་ཤོག༔ རིག་པ་དབྱིངས་སུ་ཐིམ་པར་བྱིན་གྱིས་རློབས༔ ཚོམ་བུ་འབུམ་བཅས་མངོན་སངས་རྒྱས་གྱུར་ཅིག༔ ཨོཾ་ཨཱ་ཧཱུྃ་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ སརྦ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ དེ་རྣམས་ཀྱིས་ཡི་དམ་ཞི་ཁྲོ་གནས་གྱུར་གྱི་དབང་བསྐུར་ལེགས་པར་གྲུབ་པ་ལ་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་ཤིས་པའི་ཚིག་བརྗོད་པས་དབང་དོན་གྱི་ཡེ་ཤེས་བརྟན་ཅིང་གོང་འཕེལ་དུ་བྱས་པའི་མོས་པ་མཛོད། ཅེས་ཤིས་པ་བརྗོད་ཅིང་དམ་ཚིག་ཁས་བླངས་ཡོན་འབུལ་སོགས་བྱའོ། །སློབ་དཔོན་གྱིས་དཀྱིལ་འཁོར་རྗེས་མཐར་དབྱུང་ངོ༌། །རང་རིག་རྩལ་ལས་ཞི་ཁྲོའི་ལྷ། །ཉི་དང་ཟེར་བཞིན་དབྱེར་མེད་བཞུགས། །སད་བྱེད་དབང་གི་ཆུ་རྒྱུན་འདི། །ངེས་དོན་གྲུབ་པའི་བཅུད་དུ་སྤེལ། ༈ བཅུ་གསུམ་པ་གསང་སྐོར་ཡི་དམ་ཁྲོ་བོ་ལ་བྱང་བུ་ཁྲིགས་བསྡེབས་ཀུན་གཟིགས་རྡོ་རྗེ་གཟི་བརྗིད་དང༌། དབང་ཆོག་འཇམ་མགོན་བླ་མའི་ལེགས་བཤད་ལྟར་ཤེས་པར་བྱའོ། ༈ བཅུ་བཞི་པ་གསང་སྐོར་ཁྲིད་ཀྱི་བྱིན་རླབས་ལ་བཤམ་ནི། བུམ་པ་བསྣོལ་མའི་རས་བྲིས་ཀྱི་དཀྱིལ་འཁོར་སྟེང༌། བུམ་པ་ལྔ། ཁ་རྒྱན། མདའ། མེ་ལོང༌། ཤེལ། རྨ་བྱའི་སྒྲོ་རྣམས་དང༌། མགུལ་ཆིངས་རིགས་ལྔའི་ཁ་དོག་བཅིང་པ་དང༌། རིག་འཛིན་བླ་མའི་ཙཀ་ལི་རྣམས་ཀྱང་བཤམས། གསང་སྐོར་རིག་འཛིན་བླ་མ་ཡོངས་རྫོགས་ཀྱི་ལས་བྱང་བསྡུས་པ་བཟླས་པ་བཅས་གྲུབ་པར་བྱས་རྗེས། བུམ་པའི་ནང་དུ་དེ་བཞིན་གཤེགས་པ་རིགས་ལྔ་སྐད་ཅིག་གིས་གསལ་ལ། བོ་དྷི་ཙིཏྟ་དང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿ ཨཱཿ སོགས་རིགས་ལྔའི་ས་བོན་བཟླ། སྟོང་ཚིག་སོགས་དང་ཚོགས་མཆོད་གྲུབ་ནས་སློབ་མ་རྣམས་ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ། སེམས་བསྐྱེད་གསལ་གདབ་ལ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་ཡ་གྱལ་སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཐུགས་བཅུད་ཀྱི་སྙིང་ཁུ་གསང་སྐོར་ཟབ་པ་མན་ངག་སྡེའི་ཁྲིད་ཀྱི་བྱིན་རླབས་འབུལ་བ་ལ་ཁྱེད་རྣམས་ཀྱིས་སྐུ་ལྔ་ཡེ་ཤེས་ལྔ་ལ་ལོངས་སུ་སྤྱོད་པའི་རྟེན་འབྲེལ་དུ་སྨན་འབྲུ་རིན་པོ་ཆེ། དྲི་ལྔ། སྙིང་པོ་ལྔ་རྣམས་ཀྱི་མཎྜལ་ཕུལ་བར་མོས་ལ་ཞིང་ཁམས་འབུལ་བར་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོ་ཀུན་ཏུ་བཟང༔ གདོད་མའི་བླ་མ་དགོངས་སུ་གསོལ༔ བདག་ནི་རྣམ་པར་གྲོལ་འདོད་པ༔ ཐེག་པའི་ཡང་རྩེ་གནང་དུ་གསོལ༔ ལན་གསུམ། སློབ་དཔོན་གྱིས་གནང་བ་སྦྱིན་ཅིང་དབང་གི་བཅུད་འཛིན་ཕྱིར་བླ་མ་སངས་རྒྱས་ཆོས་ཀྱི་སྐུར་བལྟ་བའི་མོས་གུས་བྱེད་དགོས་པས་གདམས་པས་དབང་གི་སྒོ་དབྱེ་བ་ནི། ཨེ་མ་རང་རིག་བྱང་ཆུབ་སེམས༔ འདི་ལ་མོས་པ་ཤིན་ཏུ་དཀོན༔ ཐེག་པའི་རྩེ་མོ་དོན་གཉེར་བ༔ ཤིན་ཏུ་ངོ་མཚར་སྦྱིན་ཆོག་ཀྱང༔ བདག་ནི་ཀུན་ཏུ་བཟང་པོ་སྟེ༔ གཟུགས་ཀྱི་སྐུ་རུ་བལྟ་མི་འཚལ༔ ཇི་ལྟར་བསྒོས་པའི་རྡོ་རྗེའི་དམ་ཚིག་རྣམས་ལས་མི་འདའ་བའི་བྲོ་བོར་བ་འདིའི་རྗེས་ཟློས། ས་མ་ཡ་ཨི་དན་ན་ར་ཀན༔ དེ་ཡང་དབང་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་ལ། མཚོན་བྱ་དོན་གྱི་དཀྱིལ་འཁོར་གདོད་ནས་རང་ལ་གནས་པ་ཉིད་ཀྱང༌། མཚོན་བྱེད་དཔེ་ཡི་དཀྱིལ་འཁོར་ལ་བརྟེན་ནས་ངོ་སྤྲད་དགོས་ཤིང༌། དཔེ་ཡི་དཀྱིལ་འཁོར་ལའང་བརྡ་དང་རྟགས་ཀྱི་དཀྱིལ་འཁོར་དུ་མ་ལས་སྐབས་འདིར་བརྡ་བུམ་པ་བསྣོལ་མའི་དཀྱིལ་འཁོར་ལ་བརྟེན་ནས་བསྐུར་དགོས་པས་དེའི་དོན་བཤད་པ་ནི་དབྱིངས་རིག་ཟུང་འཇུག་མཚོན་བྱ་དོན་གྱི་བུམ་པ། ལུས་སེམས་གཉིས་འདུས་མཚོན་བྱེད་རྟགས་ཀྱི་བུམ་པ། ཆོས་སྐུ་དང་གཟུགས་སྐུ་ཟུང་འཇུག་མཚོན་པ་བརྡ་ཡི་བུམ་པ་སྟེ་བརྡ་རྟགས་དོན་གསུམ་ཟུང་དུ་འཇུག་པས་སྨིན་པ་ལ། ཐོག་མར་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ་སློབ་མ་གཞི་ཡི་ཀུན་ཏུ་བཟང་པོ་ཡབ་ཡུམ་གཅེར་བུ་རྒྱན་མེད་པ་བསྒོམ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ནས་སློབ་མ་རྣམས་ལ་ཐིམ་པར་མོས། གསང་སྐོར་བྱང་བུའི་སྤྱན་འདྲེན་བརྗོད་ཅིང་སྔགས་དང་བཅས་པས་བྱིན་དབབ། དེ་ནས་བུམ་པ་ཐོགས་ཏེ་གནས་བཞིར་ཚིག་བསྟུན་བཞག །བུམ་ཆུ་སྦྱིན། ཧཱུྃ༔ དབྱིངས་ཀྱི་བུམ་པ་རིག་པའི་བཅུད༔ དབྱེར་མེད་ཁ་རྒྱན་བརྗོད་དང་བྲལ༔ དབྱིངས་ཀྱི་རང་བཞིན་མེ་ལོང་དང༔ ཤེས་རབ་རང་བཞིན་མདའ་ཡིས་བརྒྱན༔ འོད་ཟེར་མཐའ་ཡས་དར་གྱིས་བཀླུབས༔ ལུ་གུ་རྒྱུད་ནི་ཤེལ་གྱིས་མཚོན༔ ཐིག་ལེ་རྨ་བྱའི་སྒྲོ་དང་ལྡན༔ ཆོས་ཉིད་མངོན་སུམ་སྣང་བ་ཡི༔ སྤྲོས་བཅས་བུམ་པའི་དབང་བསྐུར་རོ༔ ཧཱུྃ༔ མཚན་མ་བྲལ་བ་དབྱིངས་ཀྱི་ངང༔ དམིགས་མེད་རང་གསལ་རིག་པའི་བཅུད༔ བསམ་མི་ཁྱབ་པའི་ཁ་རྒྱན་ལ༔ སྟོང་པ་ཆེན་པོའི་མདའ་ཡིས་བརྒྱན༔ བདེ་བ་མེ་ལོང་དབྱེར་མེད་ཤེས༔ རླུང་ལྔ་དག་པ་རྨ་བྱའི་སྒྲོ༔ རྩ་ཁམས་དག་པ་དར་གྱིས་བརྒྱན༔ ཕུང་པོ་ཡོངས་གྲོལ་དབང་བསྐུར་བས༔ ཉམས་སྣང་གོང་དུ་འཕེལ་གྱུར་ཏེ༔ སྤྲོས་མེད་གསང་དབང་ཐོབ་པར་ཤོག༔ ཧཱུྃ༔ དབྱིངས་ལས་མི་འདའ་ཡུམ་གྱི་མཁའ༔ རིག་པ་ཐབས་མཆོག་བདེ་བ་ཆེ༔ གཉིས་མེད་མཉམ་སྦྱོར་བཅུད་ཀྱིས་བཀང༔ ཡོན་ཏན་ཡོངས་རྫོགས་ཁ་རྒྱན་ལ༔ ཡུམ་གྱི་རྐྱེན་བཞི་མདའ་ཡིས་བརྒྱན༔ ཡབ་ཀྱི་རྒྱུད་བཞི་མེ་ལོང་གསལ༔ དབྱེར་མི་ཕྱེད་པ་ཤེལ་གྱིས་སྤྲས༔ བདེ་བ་མཁའ་ཁྱབ་དར་གྱིས་བཀླུབས༔ བདེ་སྟོང་དབྱེར་མེད་དབང་བསྐུར་བས༔ རིག་པ་ཚད་ལ་ཕེབས་གྱུར་ཏེ༔ རབ་ཏུ་སྤྲོས་མེད་ཤེར་དབང་ཐོབ༔ ཧཱུྃ༔ ཕ་མཐའ་བྲལ་བ་དབྱིངས་ཀྱི་ངང༔ བསམ་ལས་འདས་པ་རིག་པའི་བཅུད༔ སྨྲ་བརྗོད་བྲལ་བ་ཁ་རྒྱན་ལ༔ མཚན་ཉིད་བཞི་ལྡན་མདའ་ཡིས་བརྒྱན༔ ཡེ་ནས་དག་པ་མེ་ལོང་སྟེ༔ དབྱིངས་རིག་གཉིས་བྲལ་ཤེལ་གྱིས་བརྒྱན༔ སྟོང་ཡང་སྣ་ཚོགས་དར་གྱིས་བཀླུབས༔ རྫོགས་པ་ཆེན་པོའི་དབང་བསྐུར་བས༔ ཆོས་ཉིད་ཟད་སར་ཕྱིན་གྱུར་ཏེ༔ ཤིན་ཏུ་རྣམ་པར་གྲོལ་བར་ཤོག༔ ཧཱུྃ༔ བསྒོམ་བྱ་མེད་པ་དབྱིངས་ཀྱི་ངང༔ བསམ་ལས་འདས་པ་རིག་པའི་བཅུད༔ བརྗོད་ལས་འདས་པ་ཁ་རྒྱན་ཏེ༔ དབྱེར་མེད་སྟོང་པ་ཤེས་རབ་མདའ༔ འགག་མེད་ཅི་ཤར་མེ་ལོང་བརྒྱན༔ སྐྱེ་འགག་གཉིས་མེད་ཤེལ་གྱིས་བརྒྱན༔ ལྷུན་གྱི་གྲུབ་པ་དར་གྱིས་བཀླུབས༔ ཞིང་ཁམས་ལྔ་རུ་དབང་བསྐུར་བས༔ ཐམས་ཅད་ལྷུན་རྫོགས་ཐོབ་པར་ཤོག༔ དེ་ལྟར་དབྱིངས་དང་ཡེ་ཤེས་ཀྱི་སྣང་བ་རྣམ་པ་བཞི་མཚོན་པའི་བུམ་པ་རྒྱན་དང་ལྡན་པ་གནས་བཞིར་བཞག་ཅིང་བུམ་ཆུ་སྦྱིན་པ་ཁྲུས་བྱས་པས་དབང་བཞི་དེ་ཁོ་ན་ཉིད་ལ་ནང་གསེས་སུ་དབྱེ་བས་དབང་བཞི་ཐོབ། ཤེས་ཉམས་ཡིད་དཔྱོད་ཀྱི་སྒྲིབ་པ་ཕྲ་རགས་དག །ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་ཁམས་དྭངས་མར་སྨིན། ལམ་སྣང་བཞི་མཐར་ཕྱིན། འབྲས་བུ་སྐུ་བཞིའི་གོ་འཕང་མངོན་དུ་བྱས་པར་མོས་མཛོད། དབང་གཞུང་འདིར་མི་གསལ་ཡང་ཕྱི་སྐོར་ཁྲིད་ཀྱི་བྱིན་རླབས་ལས། སྐོར་གསུམ་བླ་མ་རྣམས་ཀྱི་བྱིན་རླབས་རིག་པས་འཕྲུལ་ལོ་གསུངས་པས་གསང་སྐོར་བླ་མའི་བྱིན་རླབས་དགོས་པར་སེམས་ཏེ་དཔོན་སློབ་གཉིས་ཀས་གསང་སྐོར་རིག་འཛིན་བླ་མའི་མངོན་རྟོགས་བསྒོམས་ལ། ཧཱུྃ༔ དབྱིངས་ཉིད་གདོད་ནས་རྣམ་པར་དག༔ སོགས་སམ། ཧཱུྃ༔ ཀུན་གཞི་མི་དམིགས་རྣམ་པར་སྟོང༔ སོགས་གང་རུང་བཏང༌། །དེ་ཡང་དབང་བཞི་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེ་བའི་རྒྱུ་མ་ནོར་བ་ནི་དགོངས་རྒྱུད་བྱིན་རླབས་དང་ལྡན་པའི་བླ་མའི་རྡོ་རྗེ་གསུམ་གྱི་དབང་གིས་སྨིན་པར་བྱེད་པ་ལ་རག་ལས་ཤིང༌། དེ་ཡང་རྣམ་པ་ལམ་བྱེད་རྡོ་རྗེ་གསུམ་གྱི་དབང་བསྐུར་བ་དང༌། བྱིན་རླབས་མྱུར་དུ་འཇུག་ཅིང་སྐྱེས་བརྟན་གོང་འཕེལ་དུ་བྱེད་པའི་ཐབས་ཀྱི་ཟབ་ཁྱད་ཐུན་མོང་མ་ཡིན་པ་དེ་ཉིད་འབོག་པ་ལ། ཐོག་མར་སྐུ་རྡོ་རྗེའི་བྱིན་རླབས་འཕོ་བའི་དབང་ནི། སློབ་དཔོན་རིག་འཛིན་ཆེན་པོ་ཤྲཱི་སིངྷར་གསལ་བས་དགོངས་བརྒྱུད་རིག་རྩལ་སློབ་མ་ལ་ཆེད་དུ་གཏད་ཅིང་ལྟ་སྟངས་གཟིར་བས་ཡེ་ཤེས་ཀྱི་སྐུ་གཉིས་པ་ཞིག་ཐུགས་ཀ་ནས་ཡེ་ཤེས་སེམས་དཔའི་ཚུལ་དུ་སྤྲོས་ཏེ་རྡོ་རྗེའི་གླུ་འདི་གསུངས་པར་མོས་ཤིག །སངས་གླིང་བཀའ་ཐང་ལས་བྱུང་བའི་ཤྲཱི་སིངྷའི་རྡོ་རྗེའི་གླུ་ནི། ཤྲཱི་སིངྷས་མཁའ་ལ་སྡིག་མཛུབ་གཏད༔ གང་ཤར་མ་ཞེན་གང་ཤར་མ་ཞེན་ཅིག༔ མ་ཤར་མ་ཤར་ཤར་ཤར་ཤར་མ་ཞེན༔ ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་མོ༔ སྟོང་སྟོང་མི་སྟོང་མི་སྟོང་རྣམ་པར་སྟོང༔ མ་འགགས་མ་འགགས་འགགས་འགགས་འགགས་པ་མེད༔ ཡེ་སྟོང་ཡེ་སྟོང་རྣམ་སྟོང་རྣམ་པར་སྟོང༔ སྟེང་འོག་བར་མཚམས་ཕྱོགས་མེད་ཀུན་ཤར་འདི༔ ཤྲཱི་སིངྷའི་དོན་དམ་གནད་དེ་མཛོད༔ ལྟ་སྤྱོད་སྣོད་རུང་དབྱེར་མེད་ངང་གིས་འཆར༔ ཞེས་གསུངས་རྡོ་རྗེ་ལྟ་བུའི་ཀློང་དུ་ཐིམ༔ ཞེས་བརྗོད་སྐུ་སྤྱི་བོར་བཞག །ཞེས་གསུངས་ནས་སྤྱི་བོ་ནས་ཐིམ་པས་རྡུལ་བྲལ་སྣང་སྟོང་མཁའ་ཁྱབ་འཕོ་བ་ཆེན་པོའི་རྡོ་རྗེའི་སྐུ་ཡི་དབང་དང་བྱིན་རླབས་ཆིག་རྫོགས་སུ་ཐོབ་པར་སྒོམས་ཤིག །སྤྲོ་ན་གང་ཤར་མ་ཞེན་སོགས་ངོ་སྤྲོད་དོན་ཉུང་ངུ་རྣམ་གསལ་མཁན་རཏྣའི་གསུང་གིས་གནད་བཀྲོལ་ཏེ་བཤད་ན་ལེགས་པར་སེམས། གཉིས་པ་གསུང་རྡོ་རྗེའི་བྱིན་རླབས་འཕོ་བའི་དབང་ནི། རིག་འཛིན་ཤྲཱི་སིངྷའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་དགའ་རབ་རྡོ་རྗེའི་ཐུགས་ཙིཏྟ་རིན་པོ་ཆེའི་མཆོང་གུར་དབུས་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿམཐར་རང་སྔགས་ཀྱིས་བསྐོར་བའི་སྔགས་ཕྲེང་བར་མ་ཆད་པ་མགལ་མེ་བཞིན་བྱུང༌། ཞལ་ནས་ཐོན་སློབ་མའི་ཁར་ཞུགས། སྙིང་གར་ཡེ་ཤེས་སེམས་དཔའི་ཐུགས་སྲོག་ཧྲཱིཿལ་ཐིམ་པར་མོས་ལ་རྡོ་རྗེའི་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཤྲཱི་སིདྡྷི་ཧཱུྃ༔ དེ་ལ་སྤྱིར་རླུང་འབྱིན་འཇུག་གནས་གསུམ་འབྲུ་གསུམ་རྡོ་རྗེའི་གསུང་གི་གསང་བ་ལྷུན་གྱི་གྲུབ་པར་ཤེས་པས་ཕྲ་རག་གི་རྡོ་རྗེའི་བཟླས་པ་དབང་པོས་གང་ཆུན་པ་མཛོད་ཅིག །ཅེས་བརྡ་སྦྱར་ལ་རྡོར་བཟླས་ལན་གསུམ་སོགས་བྱེད་དུ་གཞུག དེ་ལྟར་མཚན་བཅས་སྐུ་དང་སྔགས་ཀྱི་རྣམ་པ་གང་ལྟར་སྣང་ཡང༌། རང་རིག་ཀ་དག་གཉུག་མ་ཡེ་ཤེས་ཆེན་པོའི་ངོ་བོ་ལས་གཞན་དུ་མ་དམིགས་པར་ཤེས་པས་དེ་གའི་ངང་དུ་ཐིམ་པས་དངོས་མཚན་གང་དུའང་མ་གྲུབ་པར་ཆོས་ཉིད་ཁྱབ་བརྡལ་གྱི་ཀློང་དུ་མཉམ་པར་ཞོག་ཅིག །དེས་མཚོན་ནས། ཐུགས་ཀའི་ཡེ་ཤེས་སེམས་དཔའ་དགའ་རབ་རྡོ་རྗེའི་སྐུ་ལས་གཉིས་པ་སྤྲོས་ཏེ་རྡོ་རྗེའི་གླུས་ངོ་སྤྲད་པར་མོས་ཤིག །ཕྱི་སྐོར་ནས་འབྱུང་བའི་དགའ་རབ་རྡོ་རྗེའི་གླུ་ཚིག་བསྒྲགས། མཚན་སྔགས་སོ་སོར་སྤྲོ་ན་པྲ་ཧེ་བཛྲ་སོགས་དང་སྤྱི་ཁྱབ་རྡོ་རྗེའི་བཟླས་པ་དང༌། ཐུགས་ཡིད་བསྲེ་བའི་མཉམ་བཞག་བྱ། དེས་འགྲེས་ཏེ་གསང་སྐོར་རིག་འཛིན་བཅུ་གསུམ་གྱི་གླུ་དང༌། སྐུ་ཙཀ་གིས་དབང་བསྐུར། ལྷ་དབང་ནང་གི་མཚན་སྔགས་ལ་ཨ་བྷི་ཥིཉྩ་དོར་ལ་ཧཱུྃ་ཞེས་སྦྱར་བའི་རྗེས་ཟློས་དང་རྡོར་བཟླས། དགོངས་པ་མཉམ་བཞག་བྱ། དེ་རྣམས་ཀྱིས་གསང་སྐོར་ཁྲིད་ཀྱི་བྱིན་རླབས་ལེགས་པར་ཐོབ་པ་ཡིན་པས་དམ་ཚིག་ཁས་བླངས་པ་འདིའི་རྗེས་ཟློས། །གཙོ་བོས་ཇི་ལྟར་སོགས་དང༌། དེ་ལྟར་བྱིན་རླབས་ཟབ་མོ་ལེགས་པར་གྲུབ་པའི་གཏང་རག་དང་རྗེས་འབྲེལ་གྲོལ་བྱེད་ཁྲིད་ཀྱི་རིམ་པ་ཞུ་བའི་ཡོན་དུ་དམིགས་ཏེ་ཞིང་ཁམས་འབུལ་བར་འཚལ། མན་ངག་དོན་གྱི་ཚོགས་བསགས་བྱང་བུ་ལྟར་འབུལ་དུ་གཞུག འཆད་བྱའི་གསང་བ་ཟབ་མོ་འདི་ནི་ཐེག་པ་ཀུན་གྱི་རྩེ་མོ། དུས་གསུམ་རྒྱལ་བ་རྣམས་ཀྱི་དགོངས་པའི་སྐྱེལ་སོ། ཀུན་བཟང་པདྨཱ་ཀ་རའི་ཐུགས་ཀྱི་དགོངས་ཉམས་མཐར་ཐུག །རྣལ་འབྱོར་ཀུན་གྱི་མཆོག་གམ་རྩེ་མོ་བྱ་བྲལ་འབྲས་བུའི་ཐེག་པ་ཨ་ཏི་རྫོགས་པ་ཆེན་པོའི་ཟབ་ཁྲིད་ཀུན་གྱི་སྙིང་པོ་ལས་ཀྱང་སྙིང་པོར་གྱུར་པ་འདི་ནི་དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་མཐར་ཐུག་གསང་བ་མན་ངག་གི་སྡེ་ཡེ་ཤེས་གསང་ལམ་འོད་ཟེར་མཐའ་ཡས་ཀྱི་གདམས་ཁྲིད་ཟབ་མོ་བགྱི་བ་ནི། ཨོ་རྒྱན་ཆེན་པོས་རྡོ་རྗེའི་གསུང་གཏེར་གཞུང་དྲི་མ་མེད་པ་འདི་ལ་སྙན་གཏོད་འཚལ། ན་མོ་གུ་རུ༔ གསང་སྐོར་ཁྲིད་ཀྱི་རིམ་པ་ནི༔ སོགས་ནས། ས་མ་ཡ་རྒྱ་རྒྱ༔ ཞེས་པས་རང་བཞིན་རྫོགས་པ་ཆེན་པོ་གཞི་ལམ་འབྲས་གསུམ་གྱི་དགོངས་པ། དབང་བཞིའི་ལམ་གྱི་རིམ་པ་ཉམས་སུ་ལེན་ཅིང༌། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་གཏན་ལ་ཕབ་པའི་ཚུལ་བསྟན་ནས། རྗེས་འབྲེལ་དུ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་སྒྲོན་མ་དྲུག་ལ་བརྟེན་ནས་བཞུགས་སྟངས་གཟིགས་སྟངས་སྒོ་ཡུལ་རླུང་རིག་གི་གནད་ལ་བསླབ་པས། སྣང་བཞི་མཐར་སོན་འཕོ་མེད་འོད་ལུས་འགྲུབ་པའི་ཚུལ་སྟོན་པ་སྟེ། ན་མོ་གུ་རུ༔ གསང་སྐོར་ཁྲིད་ཀྱི་རྗེས་འབྲེལ་དུ༔ སོགས་ནས། ས་མ་ཡ་རྒྱ་རྒྱ༔ ཞེས་གསང་ཆེན་ཟབ་མོའི་མཐར་ཐུག་རྡོ་རྗེའི་གསུང་གི་དོན་གནད་རྣམས་ཐུགས་ཀྱི་དཔལ་བེའུར་བསྟི་བ་ནས། དེ་ལྟར་སྨིན་བྱེད་བྱིན་རླབས་དང་གྲོལ་བྱེད་ཁྲིད་ཀྱི་རིམ་པ་བཅས་ལེགས་པར་གྲུབ་པ་ལགས་ན། བདག་ལུས་སྒོ་གསུམ་གཅེས་པར་བསྐྱང་བའི་གཉེན་གྲོགས་བདོག་རྒུའི་ལོངས་སྤྱོད་དུས་གསུམ་དགེ་བའི་དངོས་པོ་སོགས་ལྟོས་མེད་ཆབས་ཅིག་ཏུ་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས། ཡོན་འབུལ་དགེ་བསྔོ་རྣམས་བྱའོ། །རིག་འཛིན་བྱིན་རླབས་སྙིང་དབུས་སུ། །སིམ་པའི་ཐབས་ཚུལ་འདི་ལྟ་བུ། །དུས་གསུམ་འབྱོན་པར་དཀའ་བའི་ཆོས། །སྙིང་པོའི་བསྟན་པའི་མཛེས་རྒྱན་གྲུབ། ༈ བཅོ་ལྔ་པ་བཀའ་སྲུང་ཡེ་ཤེས་མཁའ་འགྲོ་དང༌། མེ་གདོང་སོགས་སྲུང་མ་རྣམས་ཀྱི་དབང་བསྐུར་ལ་གཤོམ་ནི། མཎྜལར་འབྲུའི་ཚོམ་བུ་དགུ་བཀོད་པའི་ཁར། བུམ་པ། གནམ་ཞལ། ཀྲོ་དྷི་ཤྭ་རི། བེ་ཏ་ལི། པདྨ་གཟི་ལྡན། རྒྱས་འདེབས། མུ་ཁ་ལེ། ལས་དབང༌། འབྱུང་བདག །ཁམས་གསུམ་སྤྱི་འདུལ་ཏེ་ཡུམ་དགུའི་ལྷ་ཙཀ །སྔགས་ཕྲེང༌། ཐོད་ཆང༌། རིག་མ། ཤེལ་རྡོ། དབྱིངས་ཕྱུག་ཡུམ་ལྔའི་ཙཀ་ལི་རྣམས་བཤམས། མེ་གདོང་མར་ཆོས་འབྱུང་བསྣོལ་མའི་སྟེང་ཚོམ་བུ་གཅིག་བཀོད་པའི་ཁར། དམར་གཏོར་ཆེ་ཆུང་གཉིས། གཏོར་ཙཀ་དར་གདུགས་ཀྱིས་བརྒྱན་པ། གཤོག་རྒོད་མར་གྲུ་གསུམ་མཐིང་ནག་སྟེང༌། དམར་གཏོར་གཙོ་འཁོར་བཞི་སྐུ་ཙཀ་དར་གདུགས་ཅན། ཕྱག་མཚན་གྲི་ཐོད་བཅས་དང༌། དམ་ཅན་ལ་མཎྜལ་ཚོམ་བུ་གཅིག་གི་སྟེང༌། གཏོར་མ་མཁར་ཐབས་ར་མགོས་མཚན་པ་མདའ་རྒོད་མེ་ལོང་སྟག་དར་བཙུགས་པ་བཤམས། ཚོགས་ཀྱི་ཡོ་བྱད་འདུ་བྱས། མངོན་རྟོགས་བཟླས་པ་ཡུམ་ཀ་ཁྲིགས་བསྡེབས་ལྟར་ལ་བུམ་བཟླས་སྤྲོ་ན་སྤྱི་ཁྱབ་ལྟར་དང་སྟོང་ཚིག །བཀའ་གཏེར་སྲུང་མའི་གཏོར་འབུལ། འབར་མ་མེ་གདོང་ཅན་གྱི་མངོན་རྟོགས་ལ་འཇུག་སྟེ། རྃ་ཡྃ་ཁྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུ། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བས། རང་ཉིད་ཡི་དམ་ལྷར་གསལ་མདུན། །ཆོས་འབྱུང་དམར་ནག་བསྣོལ་མའི་དབུས། ཧཱུྃ༔ གཏུམ་ཆེན་ཁྲོས་མ་མེ་ཡི་གདོང༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ འབར་བའི་ཀློང་ན་གར་བསྒྱུར་མ༔ ཆུ་སྲིན་སེང་གེའི་གདོང་ཅན་གཉིས༔ དཀར་ནག་མདོག་ཅན་གྲི་ཐོད་འཛིན༔ མ་མོ་མཆེད་གསུམ་བཀའ་སྡོད་བཅས༔ མངོན་སུམ་བཞིན་དུ་བཞུགས་པར་བསམ། ཨོཾ་མ་མོ་ཛྭ་ལ་ཛྭ་ལ་ནི་ཙཎྜི་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ཏིཥྛ་ལྷན་གྱིས་བརྟན་པར་བཞུགས། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿས་མཆོད། ཧཱུྃ༔ ངོ་བོ་དབྱིངས་ཡུམ་ཨེ་ཀ་ཛཿ རྣམ་པ་ཁྲོས་མ་མེ་ཡི་གདོང༌། །མཆེད་གསུམ་འབར་བའི་བཀའ་སྡོད་ཚོགས། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །གཙོ་མོའི་ཐུགས་ཀར་ཉི་མ་ལ་གནས་པའི་བྷྱོ་ལ་སྔགས་ཕྲེང་གིས་བསྐོར་བ་ལ་བདག་གི་ཐུགས་ཀའི་འོད་ཀྱིས་རེག་པས་ཕྲིན་ལས་མ་ལུས་པར་སྒྲུབ་པར་མོས་ལ། ཨོཾ་མ་མོ་ཛྭ་ལ་ཛྭ་ལ་ནི་ཙཎྜི་ཧཱུྃ་ཕཊ྄༔ ཅེས་སྲོག་སྔགས་བཟླས་མཐར། ཧཱུྃ། ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །དངོས་བཤམས་ཡིད་ལས་བྱུང་བ་དག །ནམ་མཁའ་གང་བར་སྤྲོས་ཏེ་མཆོད། །ཨོཾ་ཤྲཱི་བཛྲ་དྷརྨ་པ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཤབྡ་རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་པྲ་ཏཱི་ཙྪ་སྭཱ་ཧཱ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། །མ་མོའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ། རྩ་སྔགས་མཐར། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་བཏགས་པ་ལན་གསུམ་གྱི་དབུལ། དཔལ་ཡེ་ཤེས་ཀྱི་མ་མོ་འབར་མ་མེ་གདོང་མ་འཁོར་དང་བཅས་པས་སངས་རྒྱས་ཀྱི་བསྟན་པ་སྲུང་སོགས་ནས། ཕྲིན་ལས་མཛོད་ཅིག ཧཱུྃ༔ གཏུམ་ཆེན་ཁྲོས་མ་མེ་ཡི་གདོང༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ འབར་བའི་ཀློང་ན་གར་བསྒྱུར་མ༔ ཆུ་སྲིན་སེང་གེའི་གདོང་ཅན་གཉིས༔ དཀར་ནག་མདོག་ཅན་གྲི་ཐོད་འཛིན༔ མ་མོ་མཆེད་གསུམ་བཀའ་སྡོད་བཅས༔ བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གདུག་པའི་དགྲ་བགེགས་ཐལ་བར་རློག༔ གཏེར་སྲུང་གཤོག་རྒོད་ཀྱི་མདུན་རྟེན་ལ་དམིགས་ནས། སྔར་ལྟར་མཆོད་པ་བྱིན་གྱིས་བརླབ། ཧཱུྃ༔ མཐིང་ནག་གྲུ་གསུམ་འབར་བའི་ཀློང༔ དབྱིངས་ལས་སྐུར་བཞེངས་མ་མོ་ནི༔ གཏུམ་ཆེན་མཐིང་ནག་གྲི་ཐོད་འཛིན༔ གཤོག་བརྒྱངས་མེ་ཡི་ཀློང་ན་བཞུགས༔ རིགས་བཞི་ཕོ་ཉ་བཞི་ཡིས་བསྐོར༔ དཀར་སེར་དམར་ལྗང་སྙིང་མེ་ལོང༔ འཛིན་ཅིང་མེ་ཀློང་གར་ཐབས་བསྒྱུར༔ མ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ མདུན་དུ་མངོན་སུམ་བཞུགས་པར་བསམ། ཨོཾ་མ་མ་ཏྲག་རཀྴ་ག་རུ་ཌ་བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ཏིཥྛ་ལྷན་གྱིས་བཞུགས་སུ་གསོལ། ཨརྒྷཾ་སོགས་ནས ཤབྡ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿས་མཆོད། ཧཱུྃ། བདེ་ཆེན་ཡེ་ཤེས་མ་མོ་ནི། །བསྟན་སྲུང་རྡོ་རྗེ་གཤོག་རྒོད་མ། །རིགས་བཞིའི་ཕོ་ཉ་སྤྲུལ་པ་འཁོར། །བསམ་མི་ཁྱབ་ལ་ཕྱག་འཚལ་བསྟོད། །མདུན་གྱི་མ་མོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་མ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལ་བདག་གི་ཐུགས་ཀའི་འོད་ཀྱིས་རེག་པས་ཕྲིན་ལས་ཐམས་ཅད་སྒྲུབ་པར་བསམ་ལ། ཨོཾ་མ་མ་ཏྲག་རཀྴ་ག་རུ་ཌ་ཧཱུྃ་ཕཊ྄༔ ཅེས་བཟླས་པ་བྱ། མཆོད་པ་གོང་ལྟར་ལ། རང་སྔགས་ལ་གཏོར་སྔགས་བཏགས་པས་དབུལ། ཧཱུྃ༔ དབྱིངས་ལས་སྐུར་བཞེངས་མ་མོ་ནི༔ གཏུམ་ཆེན་མཐིང་ནག་གྲི་ཐོད་འཛིན༔ གཤོག་བརྒྱངས་མེ་ཡི་ཀློང་ན་བཞུགས༔ རིགས་བཞི་ཕོ་ཉ་བཞི་ཡིས་བསྐོར༔ དཀར་སེར་དམར་ལྗང་སྙིང་མེ་ལོང༔ འཛིན་ཅིང་མེ་ཀློང་གར་ཐབས་བསྒྱུར༔ མ་མོ་འབུམ་གྱི་འཁོར་གྱིས་བསྐོར༔ འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ཕྲིན་ལས་བཅོལ། དམ་ཅན་གྱི་མདུན་རྟེན་ལ་དམིགས་ནས། མཆོད་གཏོར་སྔར་ལྟར་བྱིན་བརླབས་རྗེས། ཧཱུྃ༔ རང་མདུན་ཕ་ཝཾ་ལོང་བུའི་ཁར། །མེ་རླུང་དམར་ནག་འཚུབས་མ་འཁྱིལ། །འབྲུག་སྒྲ་ཐོག་སེར་བུ་ཡུག་འཚུབས། །སྟོབས་ལྡན་སེང་གེ་གཞོན་པའི་སྟེང༌། །དབང་གི་སྤྲུལ་པ་རྡོ་རྗེ་ལེགས༔ དམར་ནག་རྡོ་རྗེ་དགྲ་སྙིང་འཛིན༔ དར་གྱི་བེར་ཆེན་ཕྱི་ནང་གསོལ༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་བརྒྱན༔ སྭག་ལྷྭམ་གསོལ་ཞིང་སེང་ཆེན་ཆིབས༔ བཙན་དམག་ཞུབ་ཅན་སྟོང་གིས་བསྐོར༔ དགྱེས་སྡེ་བརྟན་མ་བཅུ་གཉིས་སོགས༔ ཡང་ཟབ་བཀའ་ཡི་སྲུང་མ་རྣམས༔ མངོན་སུམ་བཞིན་དུ་བཞུགས་པར་བསམ། ཨོཾ་ཏྲི་ཤུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ཏིཥྛ་ལྷན་གྱིས་བཞུགས་སུ་གསོལ། ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿས་མཆོད། ཧཱུྃ། དམ་ཅན་དམར་ནག་ཐིག་ལེ་རྩལ། །ཕྱག་གཉིས་རྡོ་རྗེ་དགྲ་སྙིང་བསྣམས། །མཆེད་འཁོར་སུམ་བརྒྱ་དྲུག་ཅུ་སོགས། །འཁོར་དང་སྤྲུལ་པར་བཅས་ལ་བསྟོད། །སྐྱེས་བུ་ཆེན་པོའི་ཐུགས་ཀར་ཉི་མ་གནས་པའི་ཏྲི་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལ་བདག་གི་ཐུགས་ཀའི་འོད་ཀྱིས་རེག་པས་ཕྲིན་ལས་ཐམས་ཅད་སྒྲུབ་པར་བསམ་ལ། ཨོཾ་ཏྲི་ཤུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ཞེས་སྲོག་སྔགས་བཟླ། མཆོད་པ་གོང་ལྟར་ལ། རང་སྔགས་ལ་གཏོར་སྔགས་བཏགས་པས་གཏོར་མ་འབུལ། ཧཱུྃ༔ དབང་གི་སྤྲུལ་པ་རྡོ་རྗེ་ལེགས༔ དམར་ནག་རྡོ་རྗེ་དགྲ་སྙིང་འཛིན༔ དར་གྱི་བེར་ཆེན་ཕྱི་ནང་གསོལ༔ དབུ་སྐྲ་གྱེན་གཟེངས་ཐོད་སྐམ་བརྒྱན༔ སྭག་ལྷྭམ་གསོལ་ཞིང་སེང་ཆེན་ཆིབས༔ བཙན་དམག་ཞུབ་ཅན་སྟོང་གིས་བསྐོར༔ དགྱེས་སྡེ་བརྟན་མ་བཅུ་གཉིས་སོགས༔ ཡང་ཟབ་བཀའ་ཡི་སྲུང་མ་རྣམས༔ འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ སྒྲུབ་པ་པོ་ཡི་བསམ་པ་སྒྲུབས༔ ཞེས་ཕྲིན་ལས་བཅོལ་ལོ། །དེ་ནས་རིག་མེ་དོར་བ་གྲུབ་ནས་སློབ་མ་ལ་ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར། སེམས་བསྐྱེད་གསལ་གདབ་ལ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་ཀུན་བཟང་ཁྱབ་བདག་ཧེ་རུ་ཀ་ཡི་ཐ་ཚིག་ཕོག་པའི་ཡེ་ཤེས་ལས་དང་འཇིག་རྟེན་གྱི་སྲུང་མ་མཐའ་ཡས་པ་བཞུགས་པ་ལས། འདིར་ནི་ངོ་བོ་དབྱིངས་ཕྱུག་ཁྲོ་མོའི་སྤྱི་རྗེ་དཔལ་ཆེན་པོའི་ཡེ་ཤེས་ཀློང་དགུའི་ཁྲོ་རྒྱལ་ཧེ་རུ་ཀ་རྣམས་ཀྱི་གསང་བའི་ཡུམ་ཆེན་རྣམ་པ་དགུ་རྣམས་ཟབ་ཆོས་གསང་བ་ཆེན་པོའི་གཉེར་འཛིན་ཅིང༌། ཕྲིན་ལས་ནུས་རྩལ་མྱུར་བ་ཤེས་རབ་སྟོང་པའི་ཕྱག་རྒྱར་གཉིས་མིན་གཉིས་སུ་སྣང་བའི་སྲུང་མའི་དབང་པོའི་སྐུར་བསྟན་པ་དཀྱིལ་འཁོར་གཅིག་ཏུ་བསྡུས་ཏེ་སྒྲུབ་པ་འདི་ནི་ཐེག་དགུའི་རྩེ་རྒྱལ་དམ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་གསང་སྐོར་བཀའ་བརྒྱད་རྫོང་འཕྲང་གི་ཡུམ་ཀ་ཡེ་ཤེས་ཁྲོས་མའི་རྒྱལ་མོ་དབྱིངས་ཀྱི་རྗེ་བཙུན་མ་རྣམས་དང༌། ཟབ་གཏེར་བཀའ་ཡི་སྲུང་མ་འབར་མ་ཆེན་མོ་མེ་ཡི་གདོང་ཅན། རྡོ་རྗེ་གཤོག་རྒོད་མ། དམ་ཅན་སྐྱེས་བུ་ཆེན་པོ་རྣམས་ཀྱི་བཀའ་གཏད་རྣམས་རིམ་པར་བསྒྲུབ་པར་བགྱི་བ་ལ་སོགས་ཀྱི་མཚམས་སྦྱར་ལ་མཎྜལ་ཕུལ། བླ་མ་དཔལ་ཆེན་ཧེ་རུ་ཀར་གསལ་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཨེ་མ་སློབ་དཔོན་དགོངས་སུ་གསོལ། །བདག་ནི་བསྟན་པ་སྲུང་བའི་ཕྱིར། །བདེ་བར་གཤེགས་པས་བཀའ་བསྒོས་པ། །དྲེགས་པ་མཐུ་ཡི་དབང་བསྐུར་ཞུ། ལན་གསུམ་རྗེས། དབྱིངས་རིག་རྣམ་དག་སོགས་སྐྱབས་འགྲོ། ཨེ་མ་ཧོ་རང་རིག་སོགས་སེམས་བསྐྱེད། །ནམ་མཁའ་ལྟ་བུའི་བདེ་གཤེགས་སོགས་བསགས་སྦྱངས། བདེ་བར་གཤེགས་པ་ཁྱེད་ཅི་འདྲ༔ དེ་འདྲ་ཁོ་ནར་བདག་གྱུར་ཅིག༔ སྤྲུལ་སྐུའི་སྟོན་པས་བཤད་པ་ཡི༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ ལོངས་སྐུའི་སྟོན་པས་བཤད་པ་ཡི༔ རིགས་ལྔའི་སྡོམ་པ་མ་ལུས་གཟུང༔ ཁྱད་པར་ཧེ་རུ་ཀ་དཔལ་གྱི༔ ཉི་ཤུ་ལྔ་དང་བྱེ་བྲག་ཏུ༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་རྣམས༔ ཇི་ལྟར་བསྟན་པ་བདག་གིས་སྲུང༔ སྲོག་གི་ཕྱིར་ཡང་མི་གཏང་ན༔ བདེ་གཤེགས་རིགས་མཆོག་བསྩལ་དུ་གསོལ༔ ཞེས་ཁས་བླང་དུ་གཞུག །བཀའ་སྲུང་རྣམས་ཀྱི་དབང་བསྐུར་བའི་སྔོན་འགྲོ་དམ་ཚིག་རྡོ་རྗེའི་ཆུ་ནན་སྦྱིན་པ་ནི། འདི་ནི་ངོ་བོ་དམ་ཚིག་ཆུ༔ ཡེ་ཤེས་བསྐྱེད་ཕྱིར་སྦྱིན་པ་ཡིན༔ དམ་བསྲུངས་དངོས་གྲུབ་འདིས་ཐོབ་བྱེད༔ མ་བསྲུངས་ལྕགས་ཀྱི་སྡིག་པར་འགྱུར༔ སྲོག་གཅོད་དམྱལ་བ་ཆེན་པོར་ལྟུང༔ དམ་སྲུང་རྡོ་རྗེའི་ཆུ་འདི་འཐུང༔ དེ་ལྟར་བྱིན་པའི་དམ་ཚིག་རྡོ་རྗེའི་ཆུ་སྙིང་ལ་བསྟིམས་ཏེ་མི་འདའ་བར་རྡོ་རྗེའི་བྲོ་བོར་བ་འདིའི་རྗེས་ཟློས། ཨོཾ་བཛྲ་ས་མ་ཡ་ཨི་དན་ན་ར་ཀན༔ དབང་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ཀྱང་སྲོག་དམ་ཚིག་གིས་འཛིན་དགོས་པའི་གནད་ཀྱིས་སྲུང་སྡོམ་ཆུ་ནན་སྦྱིན་པས་གནད་ལ་བཀར་ཏེ། །དབང་དངོས་ཀྱི་གཞི་སྒྲུབ་པ་ཡེ་ཤེས་པ་དབབ་པ་ལ་དམིགས་པ་འདི་བཞིན་མཛོད། །སྣོད་བཅུད་ཁྲག་འཐུང་རོལ་པའི་དུར་ཁྲོད་འོག་མིན་རྡོ་རྗེ་བཙུན་མོའི་མཁའ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་བྱོལ་སོང་གཙོ་བརྒྱད་པད་ཉི་དྲེགས་པ་ལྷ་ཆེན་ཁྱོ་ཤུག་སྟེང་དུ་རང་སེམས་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ལོའི་དབང་ཕྱུག་རྡོ་རྗེ་ཕག་མོ་གནམ་ཞལ་མ་སྐུ་མདོག་མཐིང་ནག་ཞལ་གསུམ་གཡས་དཀར་གཡོན་དམར། དབུས་ཁྲོ་མོ་ཆེན་མོའི་གཙུག་ཏུ་ཕག་ཞལ་ངུར་བ། ཕྱག་དྲུག་གཡས་གསུམ་གྲི་གུག་ཐོད་རྔ་རྡོ་རྗེ། གཡོན་གསུམ་ཐོད་ཁྲག་ཞིང་དབྱུག་དྲིལ་བུ་འཛིན་པ། ཞབས་གཡས་བསྐུམས་གཡོན་བརྐྱངས་གར་སྟབས་ཀྱིས་རོལ་ཞིང༌། ཡབ་ཧེ་རུ་ཀ་སྦས་ཚུལ་དུ་བཞུགས་པའི་རྡོ་རྗེའི་ཊྭཱྃ་མཆན་གཡོན་དུ་བསྟེན་པར་གསལ་བའི་སྙིང་གར་ཉི་མའི་གདན་ལ་ཧཱུྃ། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པའི་ཚོགས་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ཐིམ་པར་གྱུར། བསྙེན་སྔགས་ཤམ་དུ། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱཿ ཞེས་དྲག་ཏུ་བརྗོད་ཅིང་རོལ་མོ་བྱ། ཡེ་ཤེས་པ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། དེ་དག་གིས་དཀྱིལ་འཁོར་གྱི་ནང་དུ་འཇུག་པའི་རིམ་པ་སོང་ནས། དབང་བསྐུར་དངོས་གཞིའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ ཡེ་ཤེས་དགུ་ཡི་དཀྱིལ་འཁོར་འདིར༔ ཞུགས་ཀྱང་སྨིན་པར་མཛད་དུ་གསོལ༔ སྨིན་ཅིང་གྲོལ་བར་མཐར་ཕྱིན་ཞིང༔ མི་གནས་ཀློང་དུ་སྐྱེལ་བར་མཛོད༔ ལན་གསུམ། རྡོ་རྗེ་སློབ་མར་དབང་བསྐུར་བ་བུམ་གསང་ཤེར་ཡེ་ཚིག་གི་དབང་བཞི་རྣམས་རིམ་པར་འབྱུང་བའི་ཐོག་མར་བུམ་དབང་རྗེས་འབྲེལ་དང་བཅས་པ་ལ། བུམ་པ་རང་བྱུང་གི་གཞལ་ཡས་ཁང་དུ་ཡེ་ཤེས་ཀློང་དགུ་དབྱིངས་ཕྱུག་ཁྲོ་མོ་རྣམ་དགུའི་ལྷ་ཚོགས་བཞུགས་པའི་སྐུ་ལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བྱུང་བས་སྒྲིབ་པའི་འཆིང་བ་གཏོར་ཞིང་ཡེ་ཤེས་ཀྱི་བཅུད་བླུག་པར་མོས་ཤིག ཧཱུྃ༔ དབྱིངས་ཀྱི་བུམ་པར་རིག་པའི་བཅུད༔ ཟུང་འཇུག་ཡེ་ཤེས་ཀློང་དགུའི་ལྷ༔ གཉིས་མེད་མཉམ་སྦྱོར་བདུད་རྩི་མཆོག༔ ཡེ་ཤེས་ཆུ་ཡི་དབང་བསྐུར་རོ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་དབང་གི་རྟོགས་བརྗོད། དེ་ལྟར་བུམ་པ་བཟང་པོ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་དབང་བསྐུར་བས། ལུས་ཀྱི་ནང་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག །ཡེ་ཤེས་ལྔ་མངོན་དུ་གྱུར་པའོ། །དེ་ནས་སྐུ་ཕྱག་རྒྱའི་དབང་བསྐུར་བ་ལ་མདུན་བསྐྱེད་དབྱིངས་ཕྱུག་ཁྲོ་མོ་རྣམ་དགུའི་སྐུ་ལས་ཡེ་ཤེས་ཀྱི་སྣང་བརྙན་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་གནས་རྣམས་སུ་ཐིམ་པར་མོས་ཤིག །ཁྲོ་མོ་རྣམ་དགུའི་སྐུ་ཙཀ་སོ་སོའི་དབང་བསྐུར་ཏེ། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་མ༔ རྡོ་རྗེ་ཕག་མོ་གནམ་ཞལ་མ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་བཛྲ་ཝཱ་ར་ཧི་ཧཱུྃ་ཕཊ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མེ་ལོང་ཡེ་ཤེས་ལས་བཞེངས་པའི༔ བཛྲ་ཀྲོ་དྷཱི་ཤྭ་རི་མ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མཉམ་ཉིད་ཡེ་ཤེས་ལས་བཞེངས་པའི༔ ཡུམ་ཆེན་མ་མོ་བཻ་ཏཱ་ལི༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་རཏྣ་བཻཏཱ་ལི་ཧཱུྃ་ཕཊ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སོར་རྟོག་ཡེ་ཤེས་ལས་བཞེངས་པའི༔ ཡུམ་ཆེན་པདྨ་གཟི་ལྡན་མ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་པདྨ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄་སརྦ་ས་མ་ཡ་ཨ་བྷིཥིཉྩ་ཨོཾ༔ ཧཱུྃ༔ ནན་ཏན་ཡེ་ཤེས་ལས་བཞེངས་པའི༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་དིཔྟ་ཙཀྲ་ཧཱུྃ་ཕཊ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཀློང་གྱུར་ཡེ་ཤེས་ལས་བཞེངས་པའི༔ ཡུམ་ཆེན་ཉིད་ཞི་མུ་ཁ་ལེ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་གུཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རི་སྟྭཾ་སཏྭ་ཧཱུྃ་ཕཊ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཕྱག་ཆེན་ཡེ་ཤེས་ལས་བཞེངས་པའི༔ མཁའ་འགྲོ་ལས་ཀྱི་དབང་མོ་ཆེ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་མ་ཧཱ་ཌཱ་ཀི་ནི་ཧཱུྃ་ཕཊ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དབྱིངས་གྲོལ་ཡེ་ཤེས་ལས་བཞེངས་པའི༔ སྲིད་པའི་རྒྱལ་མོ་འབྱུང་ལྔའི་བདག༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་མ་མ་ཙཎྜི་སརྦ་དུཥྚན་ཧཱུྃ་ཕཊ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ མཐའ་གྲོལ་ཡེ་ཤེས་ལས་བཞེངས་པའི༔ ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མ༔ ཡབ་ཡུམ་འཁོར་དང་བཅས་རྣམས་ཀྱིས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཙཎྜ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊ྄་སརྦ་ས་མ་ཡ་ཨ་བྷི་ཥིཉྩ༔ སླར་ཡང་རྣམ་བུམ་ཐོགས་ལ། བཀའ་སྡོད་ཀྱི་དབང་བསྐུར་བ་ནི། ཧཱུྃ༔ སྣོད་བཅུད་ཡོངས་རྫོགས་བཀའ་སྡོད་བུམ་པ་རུ༔ དབང་མོ་ཉེར་བརྒྱད་གཙོར་གྱུར་བྱེ་བ་འབུམ༔ བསམ་གྱི་མི་ཁྱབ་ཡོངས་རྫོགས་དབང་བསྐུར་རོ༔ ཕྲིན་ལས་སྣ་ཚོགས་ལྷུན་གྱི་གྲུབ་པར་ཤོག༔ ཨོཾ་བཛྲ་སརྦ་ཡཀྵི་ས་མ་ཡ་ཧཱུྃ་ཕཊ྄༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ གསུང་བཟླས་པའི་ལུང་གི་སླད་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཉིས་པ་འཕྲོས་ཏེ་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས་ཐུགས་སྲོག་ཧཱུྃཡིག་གི་མཐར་འཁོད་པའི་མོས་པས་སྔགས་འདི་རྣམས་ཀྱི་རྗེས་ཟློས། ཡུམ་དགུ་དང་བཀའ་སྡོད་དྲག་སྔགས་སྤྱི་དྲིལ་རྣམས་ལན་གསུམ་གསུམ་རྗེས་ཟློས་བྱར་གཞུག །མཐར་སྔགས་ཕྲེང་ལག་ཏུ་གཏད་ལ། ཁྲོ་མོ་རྣམ་དགུའི་གསུང་དང་མཉམ༔ བཟླས་བརྗོད་སྔགས་ཀྱི་ནུས་པ་རྣམས༔ ནུས་ལྡན་མི་ཉམས་འཕེལ་བ་ཡི༔ གསུང་གི་དབང་མཆོག་རྫོགས་པར་ཤོག༔ ཨོཾ་བཛྲ་ཀྲོ་དྷཱི་སརྦ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཁྱད་པར་ཡེ་ཤེས་སེམས་དཔའ་རྒྱལ་བ་ཡུམ་ལྔའི་སྐུ་གནས་ལྔར་བསྟིམས་པས་བདེ་སྟོང་རྡོ་རྗེ་དབྱིངས་ཀྱི་དབང་ཆེན་རབ་འབྱམས་རྫོགས་པར་མོས་ཤིག །ཡུམ་ལྔའི་སྐུ་སྙིང་གར་བཞག་སྟེ། ཧཱུྃ༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་དང༔ རྡོ་རྗེ་སྙེམས་མ་གླུ་མ་དང༔ གསང་བ་ཡེ་ཤེས་སྒྲོལ་མ་སོགས༔ རྒྱལ་བ་ཡུམ་ལྔས་དབང་བསྐུར་བས༔ རང་རིག་བྱང་ཆུབ་སེམས་རྟོགས་ཤོག༔ བཛྲ་ཙིཏྟ་བོ་དྷི་གཱིརྟི་དྷཱུ་མ་གྷ་ཡེ་ཨཱརྻ་ཏཱ་རེ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོཿ བཀྲ་ཤིས་བུམ་པ་འཁོར་དང་བཅས་པའི་དབང་བསྐུར་བས༔ སློབ་མ་ཐམས་ཅད་ལྷ་རུ་འགྱུར་ཞིང་ལྷ་ཐམས་ཅད་སྣང་སྟོང་གི་ཡེ་ཤེས་སུ་རྟོགས་པར་གྱུར་ཅིག༔ གསང་ཐོད་ཀྱི་བདུད་རྩི་སྦྱིན་ལ། ཧཱུྃ༔ དབྱིངས་ཀྱི་བྷནྡྷ་ཡངས་པ་རུ༔ རིག་པ་བདེ་སྟོང་ལྷ་ཚོགས་སྦྱོར༔ ཟུང་འཇུག་བདེ་ཆེན་བདུད་རྩིའི་དབང༔ བདེ་ཆེན་ཡོངས་སུ་བསྐྱེད་ཕྱིར་བསྐུར༔ བོདྷོ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོཿ བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བས་ཕུང་ཁམས་ཐམས་ཅད་ལྷར་དག་སྟེ་བདེ་གསལ་ཡེ་ཤེས་མངོན་དུ་འབར་བར་གྱུར་ཅིག༔ ཤེར་དབང་ནི། རིག་མའི་གཟུགས་བརྙན་ནམ་དྲིལ་བུ་གཏད་ལ། ཧཱུྃ༔ བཀྲ་ཤིས་མཚན་ལྡན་གཟུངས་མ་འདི༔ བསྟེན་ནས་བདེ་བ་ཆེན་པོ་རྟོགས༔ འདི་སྤངས་སངས་རྒྱས་ཐོབ་འདོད་མིན༔ བདེ་ཆེན་ངལ་མེད་རྟག་ཏུ་རོལ༔ མ་ཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོཿ བདེ་སྐྱེད་ཡུམ་གྱི་དབང་བསྐུར་བས་རྟོག་ཚོགས་ཐམས་ཅད་བདེ་བ་ཆེན་པོར་དག་སྟེ༔ བདེ་ཆེན་ཡེ་ཤེས་ཀློང་དུ་འགྱུར་བར་གྱུར་ཅིག༔ ཤེལ་རྡོ་བསྟན་ལ། ཧཱུྃ༔ སེམས་ཉིད་མ་བཅོས་ཀ་ནས་དག༔ སྟོང་གསལ་རང་བྱུང་ཡེ་ཤེས་རྩལ༔ ལྷུན་གྱི་གྲུབ་པ་མེ་ལོང་བཞིན༔ རིག་རྩལ་མཆོག་གི་དབང་ཐོབ་ཤོག༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨཱཿ ཧོཿ རྡོ་རྗེ་སེམས་དཔའི་མེ་ལོང་གི་དབང་བསྐུར་བས༔ མི་གནས་ཡེ་ཤེས་ཀྱི་རྟོགས་པ་མངོན་དུ་འགྱུར་བར་གྱུར་ཅིག༔ དེ་རྣམས་ཀྱིས་དབྱིངས་ཕྱུག་རྡོ་རྗེ་བཙུན་མོ་དཔལ་གྱི་ཁྲོ་མོ་རྣམ་དགུའི་ཟབ་དབང་རྣམས་ཡོངས་སུ་གྲུབ་པའོ། །འདི་ལ་གཏེར་གཞུང་དུ། ཡབ་བཀའི་དབང་རྣམས་ཚུལ་བཞིན་བསྐུར༔ ཞེས་གསུངས་ཀྱང་ཅུང་ཟད་འབྱིན་འཇུག་མ་བྱས་ན་ཧ་ཅང་རྒྱས་དྲགས་སྙམ་ནས་སྙིང་པོའི་བཅུད་བསྡུས་པའི་ཁུལ་ཡིན་པས་འོས་མིན་དཔྱད་དགོས་པ་ཡོད་དོ། ༈ བཅུ་དྲུག་པ་བཀའ་སྲུང་གསུམ་གྱི་བཀའ་གཏད་ཀྱི་བཤམ་གོང་དུ་སོང་ནས་དབང་དངོས་ལ། །གཏེར་གཞུང་ལས། ཡང་ཟབ་སྙིང་པོའི་བཀའ་སྲུང་གསུམ༔ ཤིན་ཏུ་གཉན་པས་གསང་བར་གཅེས༔ བཀའ་གཏད་བཀའ་རྒྱས་གདམས་པ་གཅེས༔ ཅེས་གསུངས་པ་ལྟར། ཟབ་གཏེར་བཀའ་ཡི་སྲུང་མ་ངོ་བོ་སྔགས་སྲུང་ཨེ་ཀ་ཛཱ་ཊི་རྣམ་པ་ལས་ཀྱི་མཁའ་འགྲོ་འབར་མ་མེ་གདོང་མའི་བཀའ་གཏད་བགྱི་བ་ལ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གཏུམ་ཆེན་ཁྲོས་མ་མེ་གདོང་མའི། །བཀའ་གཏད་ཟབ་མོ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པའི་ཕྱིར་རྒྱུན་བཤགས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་ལན་གསུམ། རྗེས་གནང་དངོས་ལ། སློབ་དཔོན་ཧེ་རུ་ཀའི་སྙེམས་པས་བཀའ་བསྒོས་པས་མདུན་གྱི་མ་མོ་མཆེད་གསུམ་དངོས་སུ་བྱོན་ཏེ། ཁྱེད་རང་དཔལ་ཆེན་པོའི་སྐུར་གསལ་བ་ལ་གུས་པའི་ཚུལ་གྱིས་ཇི་ལྟར་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་ཞལ་གྱིས་བཞེས་ནས་འོད་ཀྱི་རྣམ་པས་ལྟེ་བར་ཐིམ་པར་མོས་ཤིག །སྐུ་ཙཀ་གམ་གཏོར་མ་གཏད་ལ། ཧཱུྃ༔ གཏུམ་ཆེན་འབར་མ་མེ་ཡི་གདོང༌། །མཐིང་ནག་གྲི་གུག་ཐོད་ཁྲག་ཅན། །འཁོར་དུ་ཆུ་སྲིན་སེང་གེའི་གདོང༌། །རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ཨོཾ་མ་མ་ཛྭ་ལ་ཛྭ་ལ་ནི་ཙཎྜི་ཧཱུྃ༔ སརྦ་ས་མ་ཡ་རཀྴ། བདུད་རྩིས་གཏོར་མ་ལ་བྲན་ཅིང་སློབ་མར་བྱིན་ལ། ཨོཾ་བཛྲ་ས་མ་ཡ་རཀྵནྟུ། ཞེས་བརྗོད། རྡོ་རྗེ་སློབ་མའི་མགོར་བཞག ཛཿཧཱུྃ་བྃ་ཧོཿས་བསྟིམ། མདུན་གྱི་ཆོས་སྐྱོང་གི་ཐུགས་ཀ་ནས་སྲོག་སྔགས་བྱུང་སློབ་མའི་ཐུགས་ཀར་ཐིམ་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཨོཾ་མ་མ་ཛྭ་ལ་ཛྭ་ལ་ནི་ཙིཎྜ་ཧཱུྃ་ཕཊ྄༔ ལན་གསུམ། ཕྱག་མཚན་གཏད་ལ། ཧཱུྃ། གཟུང་འཛིན་དབྱིངས་གཅོད་གྲི་གུག་དང༌། །བདེ་ཆེན་བཅུད་ལྡན་བྷནྡྷ་ནི། །བསྟན་སྲུང་མ་མོའི་ཐུགས་ཀྱི་རྟེན། །ཡེ་ཤེས་ཕྱག་རྒྱས་དབང་བསྐུར་རོ། །ཅིཏྟ་ས་མ་ཡ་ཧཱུྃ། གཏོར་མ་སློབ་མའི་ལག་ཏུ་གཏད་དེ། ཧཱུྃ༔ གཏུམ་ཆེན་ཁྲོས་མ་མེ་ཡི་གདོང༔ ཞལ་གཅིག་སོགས་ནས། བརྒྱན་པའི་གཏོར་མ་འདི་བཞེས་ལ༔ གདུག་པའི་དགྲ་བགེགས་ཐལ་བར་རློག༔ ཁྱད་པར་རྡོ་རྗེ་སློབ་མ་ལ། ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང༌། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྲོག་སྔགས་མཐར། ས་མ་ཡ་རཀྵནྟུ། ཞེས་བརྗོད་པས་དམ་ཚིག་གཅིག་ཏུ་འདྲེས་པར་མོས་ཤིག །དེས་འབར་མ་མེ་གདོང་མའི་བཀའ་གཏད་གྲུབ་ནས། །ངོ་བོ་ལྷ་མོ་རེ་མ་ཏི་སོགས་དང་གཉིས་སུ་མེད་ཅིང༌། རྣམ་འགྱུར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བཀའ་ཡི་གཉེར་འཛིན་མ། མ་མོ་རྡོ་རྗེ་གཤོག་རྒོད་མའི་བཀའ་གཏད་ཀྱི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །ལྷ་མོ་རྡོ་རྗེ་གཤོག་རྒོད་མའི། །སྲོག་དབང་དམ་པ་བསྩལ་དུ་གསོལ། ལན་གསུམ། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། སོགས་རྒྱུན་བཤགས་ལན་གསུམ་རྗེས་ཟློས་བྱར་གཞུག །བཀའ་གཏད་དངོས་ལ། བཀའ་གཏད་སློབ་མ་མ་མོར་བསྐྱེད༔ སྐུ་གཟུགས་ཕྱག་མཚན་བསྟིམ་པར་བྱ༔ ཞེས་གསུངས་པས། སློབ་མ་རྣམས་ཀྱི་ཕུང་ཁམས་ཐམས་ཅད་སྟོང་པར་སྦྱངས་ལ། གྲུ་གསུམ་མཐིང་ནག་འབར་བའི་ཀློང༌། །སློབ་མ་སྐད་ཅིག་དྲན་རྫོགས་སུ། །དབྱིངས་ལས་སྐུར་བཞེངས་མ་མོ་ནི༔ གཏུམ་ཆེན་མཐིང་ནག་གྲི་ཐོད་འཛིན༔ གཤོག་བརྒྱངས་མེ་ཡི་ཀློང་ན་བཞུགས༔ དེ་ལྟར་གསལ་བ་ལ་མདུན་བསྐྱེད་ལས་རང་འདྲའི་སྐུ་སྤྲོས་ཏེ་སློབ་མར་ཐིམ་པར་མོས་ཤིག ཧཱུྃ། དབྱིངས་ཀྱི་མ་མོ་གཤོག་རྒོད་མ། །རིགས་བཞིའི་འཁོར་དང་སྤྲུལ་པ་བཅས། །རྒྱལ་བའི་བསྟན་པ་སྲུང་མཛད་པའི། །ལྷ་མོའི་སྐུ་ཡི་དབང་བསྐུར་རོ། །མ་མ་ཏྲག་རཀྴ་ག་རུ་ཌ་ཧཱུྃ༔ ཨ་བྷི་ཥིཉྩ་ཨོཾ། དེ་ནི་སྐུ་ཡི་དབང་བསྐུར་རོ། །སློབ་དཔོན་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་རྡོ་རྗེ་གཤོག་རྒོད་མའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། མ་མོའི་ཐུགས་ཀར་ཉི་མ་ལ་གནས་པའི་མ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་ལས་སྔགས་ཕྲེང་བྱུང༌། ཞལ་ནས་ཐོན། ཁྱེད་རང་མ་མོར་གསལ་བའི་ཞལ་དུ་ཞུགས། སྙིང་གར་ཉི་མ་ལ་གནས་པའི་མ་ཡིག་ལ་ཐིམ་པས་གསུང་གི་སྲོག་ལ་དབང་ཐོབ་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། མ་མ་ཏྲག་རཀྴ་ག་རུ་ཌ་ཧཱུྃ་ཕཊ྄༔ ལན་གསུམ། དེ་ནི་གསུང་གི་དབང་བསྐུར་རོ། །ཐུགས་ཕྱག་མཚན་གྱི་རྣམ་པར་སྤྲོས་ཏེ་སྙིང་གར་ཐིམ་པས་སྲོག་ཏུ་འདྲེས་པར་མོས་ཤིག །མ་ནི་སྟོང་པ་དབྱིངས་ཀྱི་མ། །མོ་ནི་རིག་པ་ཟང་ཐལ་ལེ། །རྡོ་རྗེ་འགྱུར་མེད་ཡོངས་སུ་གྲུབ། །གཤོག་རྒོད་ཐབས་ཤེས་འདུ་འབྲལ་མེད། །ལྷ་མོ་རང་གི་སེམས་ལ་རྫོགས། །ཞེས་བརྗོད་དེ་མཉམ་པར་བཞག །དེ་ནི་ཐུགས་ཀྱི་དབང་ངོ༌། །གཏོར་མ་མ་མོ་རྡོ་རྗེ་གཤོག་རྒོད་འཁོར་བཅས་སུ་གསལ་བ་ལ་ལག་ཏུ་གཏད་ལ། ཧཱུྃ༔ དབྱིངས་ལས་སྐུར་བཞེངས་མ་མོ་ནི༔ སོགས་ནས། འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ ཁྱད་པར་རྡོ་རྗེའི་སློབ་མ་ལ། །ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང༌། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། སྲོག་སྔགས་མཐར། ས་མ་ཡ་རཀྵནྟུ། །ཞེས་ཐ་ཚིག་བསྒྲགས་པས་མ་མོ་འཁོར་དང་བཅས་པ་དགྱེས་པའི་ཚུལ་གྱིས་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་ཞལ་གྱིས་བཞེས་པས་དམ་ཚིག་གཅིག་ཏུ་འདྲེས་པར་མོས་ཤིག །ཛཿཧཱུྃ་བྃ་ཧོཿས། ལྷ་ཚོགས་རྣམས་ཁྱེད་རང་ལ་ཐིམ་པར་གྱུར། དེས་མ་མོ་རྡོ་རྗེ་གཤོག་རྒོད་མའི་བཀའ་གཏད་གྲུབ་ནས། འོད་གསལ་རྫོགས་པ་ཆེན་པོའི་བཀའ་སྲུང་ཁྱད་པར་ཅན་དྲག་རྩལ་མྱུར་མགྱོགས་ཀྱི་ཕྲིན་ལས་དང་ལྡན་པ་འདི་ནི་འོག་མིན་དུ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ། མ་ལ་ཡར་གསང་བདག་གི་དྲུང་དུ་དམ་ཚིག་གི་རྡོ་རྗེ་ལེགས་པ། རྒྱ་བོད་ཆོས་འཁོར་རྣམས་སུ་སྐྱེས་བུ་རྡོ་རྗེ་ལེགས་པ་སོགས་རྣམ་འཕྲུལ་མཐའ་ཡས་པའི་ངང་ཚུལ་ཅན། ཡང་ཟབ་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་བཀའ་སྲུང་གི་རྗེས་གནང་གསན་པའི་ཡོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །དམ་ཅན་རྡོ་རྗེ་ལེགས་པ་ཡི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། རྒྱུན་བཤགས་འདི་ཡི་རྗེས་ཟློས་གནང་བར་ཞུ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། རྗེས་གནང་དངོས་ལ། སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། མདུན་གྱི་དམ་ཅན་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་སློབ་མའི་མདུན་དུ་བྱོན་ནས་རྗེ་ལ་འབངས་ཀྱིས་འདུད་པ་ལྟར་ཕྲིན་ལས་སྒྲུབ་པ་ལ་དགྱེས་ཤིང་ངོ་མཐོན་དུ་བཞུགས་པར་བསམ། སྐུ་གཟུགས་གཏད་དེ། ཧཱུྃ༔ སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཁྱོད་ཀྱི་སྲུང་མར་གཏད་པར་བྱ༔ རྟག་ཏུ་མཆོད་བསྟོད་བརྩོན་པར་གྱིས། ཨོཾ་ཏྲི་ཤུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ཨཱ་བེ་ཤ་ཡ་ཛཿཛཿ དམ་ཅན་ཉིད་དགྱེས་ཤིང་ཆགས་པས་རང་འདྲ་དཔག་མེད་སྤྲོས་ཏེ་སློབ་མ་ལ་ཐིམ་པར་གྱུར། དེ་ནི་སྐུ་ཡི་རྗེས་གནང་ངོ༌། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་དམ་ཅན་གྱི་ཐུགས་རྒྱུད་བསྐུལ། ཞལ་ནས་སྔགས་ཕྲེང་ཐོན། སློབ་མའི་སྙིང་གའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པར་བསམ་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ཏྲི་ཤུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ལན་གསུམ། དེ་ནི་གསུང་གི་རྗེས་གནང་ངོ༌། །ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཐུགས་ཡེ་ཤེས་ཀྱི་རྣམ་པ་ཕྱག་མཚན་གྱི་ཚུལ་དུ་བྱུང་ནས་སྙིང་གའི་ཧཱུྃ་ལ་ཐིམ་པར་མོས་ཤིག །ཕྱག་མཚན་གཏད་དེ། ཧཱུྃ། པདྨ་དབང་གི་སྤྲུལ་པ་ཡི། །རྡོ་རྗེས་ཕོ་རྒྱུད་ཕོ་ཉར་འགྱེད། །ཙིཏྟས་མོ་རྒྱུད་ལས་ལ་འཛུད། །ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག །ཙིཏྟ་བཛྲ་ས་མ་ཡ་ཧོཿ དེ་ནི་ཐུགས་ཀྱི་རྗེས་གནང་ངོ༌། །མཐར་གཏོར་མ་དམ་ཅན་འཁོར་དང་བཅས་པ་གསལ་བ་ལ། ཧཱུྃ༔ དབང་གི་སྤྲུལ་པ་རྡོ་རྗེ་ལེགས༔ སོགས་ནས། འདིར་བྱོན་དམ་རྫས་མཆོད་གཏོར་བཞེས༔ ཁྱད་པར་རྡོ་རྗེ་སློབ་མ་ལ། །ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང༌། །སྒྲུབ་པ་པོ་ཡི་བསམ་པ་སྒྲུབས༔ ཨོཾ་ཏྲི་ཤུ་ལ་བཛྲ་སཱ་དྷུ་སིདྡྷི་ཧཱུྃ༔ ས་མ་ཡ་རཀྵནྟུ། གཏོར་མ་ལ་བདུད་རྩིས་བྲན་ཏེ་བཤལ་ཆུ་སློབ་མ་ལ་ཡང་སྦྱིན། སླར་ཡང་སློབ་མས་ཀྱང་གཏོར་མ་ལ་བྲན་ནས། རྟེན་མདའ་དང་གཏོར་མ་ལག་ཏུ་གཏད་དེ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་སིདྡྷི་ཕ་ལ་ཨ་བེ་ཤ་ཡ་ཛཿཛཿ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཕཊ྄། ཅེས་བརྗོད་དོ། །དེ་དག་ནི་གཏེར་གཞུང་རྩ་བ་ཧ་ཅང་བསྡུས་དྲགས་ནས། གཏེར་སློབ་རཏྣའི་གསུང་དང་གུང་སྤྲོས་ཏེ་ཅུང་ཟད་རྒྱས་པར་བྲིས་པ་གཟུ་ལུམ་དུ་གྱུར་ན་ལྷ་དང་ཌཱ་ཀིར་བཟོད་པར་གསོལ་ལོ། །དེ་ལྟར་སྲུང་མའི་དབང་པོ་རྣམས་ཀྱི་དབང་བསྐུར་དང་བཀའ་གཏད་ལེགས་པར་གྲུབ་པ་ཡིན་པས་བྱིན་རླབས་བརྟན་ཅིང་གོང་འཕེལ་དུ་བྱ་བའི་སླད་དུ་རྩ་གསུམ་རྒྱ་མཚོས་བཀྲ་ཤིས་པའི་ཚིག་གིས་དབུགས་དབྱུང་བར་གྱུར། ཅེས་ཤིས་བརྗོད་ཅི་རིགས་བྱ། དབང་བསྐུར་ཐོབ་པ་ལས་བྱུང་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ལ་སྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས། །གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ་དང་ལུས་འབུལ་དགེ་བསྔོ་བཅས་བྱ། དཀྱིལ་འཁོར་རྗེས་ཀྱི་ཆོ་ག་རྣམས་མཐར་དབྱུང་ངོ༌། །ཀུན་དང་མཐུན་ལ་ཀུན་ལས་འཕགས། །ཡོངས་སུ་མ་གྲགས་ཟབ་པའི་ཆོས། །དགའ་རབ་པད་འབྱུང་བཻ་རོ་ཡི། །ཐུགས་ཀྱི་ཐིག་ལེ་ཨེ་མ་ཧོ། ༈ །བཅུ་བདུན་པ་སྡེ་གསུམ་གཏེར་སྲུང་ལྷ་བཙན་ཀླུ་གསུམ་གྱི་བཀའ་གཏད་ལ་མདུན་སྟེགས་སུ་ལྷ་ལ་འབྲས་བཤོས་དཀར་ཟླུམ། བཙན་བཤོས་དམར་པོ་ཟུར་གསུམ། ཀླུ་བཤོས་སྔོན་པོ་སྦྲུལ་དཀྲིས་ཅན་བཅས་རྒྱན་ལྡན་སྐུ་ཙཀ་དར་གདུགས་ཀྱིས་བརྒྱན་པ་བཤམས་པའི་མདུན་དུ་ཉེར་སྤྱོད་ཕྲེང་ཚར་བཀོད་ལ། རྃ་ཡྃ་ཁྃ། རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཆོད་གཏོར་ཁ་དོག་དྲི་རོ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། །ཨོཾ་སརྦ་པཱུ་ཛ་མེ་གྷ་ས་མ་ཡ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱི་བྱིན་བརླབས་ལ། མདུན་དུ་ཨ་ཏྲི་ནཾ་གསུམ་ལས། །དྲེགས་པ་ཆེ་གསུམ་དཀར་དམར་སྔོ། །ལྷ་བཙན་ཀླུ་ཡི་ཆས་ཀུན་རྫོགས། དཀར་པོ་ལྷ་ཡི་སྡེ་དཔོན་ནི། །གསེར་འཁོར་གཡས་ལ་ཆུ་ཤེལ་གཡོན། །གྲུ་གཡོན་མདུང་དར་དཀར་པོ་ཕྱར། །རྟ་དཀར་ཆིབས་ཤིང་ལྷ་གནས་འགྲིམ། །གསང་མཚན་རྡོ་རྗེ་འོད་འབར་རྩལ། །འཁོར་བཅས་འདིར་གཤེགས་རྟེན་ལ་བཞུགས། །དམར་པོ་བཙན་གྱི་སྡེ་དཔོན་ནི། །མདུང་དམར་གཡས་ལ་བཙན་ཞགས་གཡོན། །གདོང་ལས་འབར་བའི་མེ་འོད་འཕྲོ། །ཤངས་ནས་སྔོ་དམར་ནད་རླུང་འཚུབས། །ཞལ་ནས་དུག་གི་ཁ་ཆུ་འཛག །རྟ་དམར་ལ་ཞོན་སྟོང་གསུམ་ཉུལ། །གསང་མཚན་རྡོ་རྗེ་མེ་འབར་རྩལ། །འཁོར་དང་བཅས་པ་གཤེགས་སུ་གསོལ། །སྔོན་པོ་ཀླུ་ཡི་སྡེ་དཔོན་ནི། །ཀླུ་རྒྱལ་གཙུག་ན་རིན་ཆེན་སྲས། །ཡིད་བཞིན་ནོར་བུ་གཏེར་བུམ་འཛུམ། །དགོས་འདོད་རེ་སྐོང་འབྲུ་ཆར་འབེབས། །གཟུགས་མཛེས་ཡིད་འོང་བྱིས་པའི་ཚུལ། །གཡུ་སྦྲུལ་མཇུག་མ་གཡས་སུ་འཁྱིལ། །ཀླུ་རྟ་ལ་ཞོན་རྒྱ་མཚོར་རྒྱུ། །གསང་མཚན་ནོར་བདག་གཟི་འབར་རྩལ། །མ་ལུས་འཁོར་བཅས་གཤེགས་སུ་གསོལ། །ནཱིདྷི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿས་སྤྱན་དྲངས། སྣང་གསུམ་འོད་ལས་ཤར་བ་ཡི། །ཟབ་གཏེར་སྲུང་མ་མཆེད་གསུམ་ལ། །ཕྱི་ནང་གསང་བ་བླ་མེད་པའི། །ངོ་མཚར་མཆོད་སྤྲིན་རྒྱ་མཚོས་མཆོད། །ནཱི་དྷི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ནཱི་དྷི་པ་ཏི་དེ་ཝ་རཱ་ཛ་ཤུ་ལ་རཱ་ཛ་ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་མཆོད་པ་དང་སྨན་གཏོར་རཀྟ་འབུལ། ཟབ་གཏེར་སྲུང་མའི་དབང་པོ་ལྷ་བཙན་ཀླུ་ཡི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱི་མཆོད་པ་དམ་པ་སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་ཕྲིན་ནི། ཀྱཻ༔ ལྷ་ཡུལ་དེ་ནི་ཤེལ་མཁར་དུ༔ གསལ་བའི་འོད་ལས་ལྷ་ཡི་རྒྱལ༔ ཤེལ་རྨོག་ཤེལ་ཁྲབ་འོད་དུ་འཚེར༔ དར་འཕྲུ་དར་མདུང་སྤྲིན་ལྟར་བསྐྱོད༔ གསེར་གྱི་འཁོར་ལོ་ཉི་ལྟར་ཤར༔ ཆུ་ཤེལ་ནོར་བུ་ཟླ་ལྟར་གསལ༔ གནམ་རྟ་དཀར་པོ་མགྱོགས་འགྲོ་ཆིབས༔ ལྷ་སྨན་ལྷ་དམག་འབུམ་གྱིས་བསྐོར༔ འབྲས་བཤོས་རྒྱན་ལྡན་འདི་བཞེས་ལ༔ དཀར་ཕྱོགས་སྐྱོང་ཞིང་བསྟན་པ་སྤེལ༔ ཀྱཻ༔ བཙན་ཡུལ་ཟངས་ཐང་དམར་པོ་ལ༔ ཟངས་རི་རྩེ་དགུའི་ཕོ་བྲང་ཤར༔ བཙན་རྒྱལ་བསྐལ་པའི་མེ་ལྟར་འབར༔ མདུང་དམར་ཞགས་པ་གློག་ལྟར་འཁྱུག༔ བསྭེ་ཁྲབ་བསྭེ་རྨོག་ཡ་ལ་ལ༔ རྟ་དམར་རླུང་ཤུགས་དགོང་མོར་འགྲིམ༔ བཙན་དམག་འབུམ་གྱི་འཁོར་གྱིས་བསྐོར༔ ཤ་ཁྲག་དམར་གྱི་གཏོར་མ་བཞེས༔ ནག་ཕྱོགས་སྒྲོལ་ལ་བསྟན་པ་སྲུངས༔ ཀྱཻ༔ ཀླུ་ཡུལ་རྒྱ་མཚོ་སྟེང་སྔོན་ནས༔ ཀླུ་རྒྱལ་དཀར་ལ་སྔོ་བའི་མདངས༔ ཡིད་འོང་ཁྱེའུ་གཞོན་ནུའི་ཚུལ༔ དར་གྱི་ན་བཟའ་རིན་ཆེན་རྒྱན༔ སྦྲུལ་མཇུག་གཡས་འཁྱིལ་ཀླུ་རྟ་ཆིབས༔ ཡིད་བཞིན་ནོར་བུ་གཏེར་བུམ་འཛིན༔ ཀླུ་སྨན་ཀླུ་ཕྲན་འབུམ་གྱིས་བསྐོར༔ དཀར་གསུམ་བདུད་རྩིའི་གཏོར་མ་བཞེས༔ སྙིང་པོའི་རྣལ་འབྱོར་ཐམས་ཅད་ལ༔ ལོངས་སྤྱོད་དངོས་གྲུབ་ཆར་ལྟར་ཕོབ༔ བཟླས་དམིགས་ནི། སོ་སོའི་ཐུགས་ཀར་ཟླ་ཉིའི་སྟེང་དུ་ཨ་ཏྲི་ནཾ་གསུམ་ལ་རང་སྔགས་ཀྱིས་བསྐོར་བ་ལ་བདག་གི་ཐུགས་ཀའི་འོད་ཀྱིས་རེག་པས་ཕྲིན་ལས་ཐམས་ཅད་སྒྲུབ་པར་མོས་ལ། ཨ་དེ་ཝ་རཱ་ཛཿ ཙ་ཤུ་ལ་ཏྲི་ཛཿ ནཾ་ནཱ་ག་རཱ་ཛཿ ཅི་ནུས་བཟླས་ལ། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤབྡ་སརྦ་པཱུ་ཛ་ཧོཿ དུས་གསུམ་རྒྱལ་བའི་བཀའ་སྡོད་དཔའ་བོ་ཆེ། །རིག་འཛིན་ཀུན་གྱི་ཅི་བགྱིའི་དམ་ཚིག་ཅན། །ཟབ་གཏེར་བསྟན་པ་སྲུང་བར་དམ་ནོས་པའི། །གཏེར་གྱི་བདག་པོ་འཁོར་དང་བཅས་ལ་བསྟོད། །ཟབ་གཏེར་སྲུང་མའི་དབང་པོ་ལྷ་རྒྱལ་གསལ་བའི་དཔལ་ལྡན། བཙན་རྒྱལ་བསྐལ་པའི་མེ་འབར། ཀླུ་རྒྱལ་ནོར་འཛིན་གཞོན་ནུ་བཀའ་སྲུང་གཏེར་སྲུང་རྒྱ་མཚོའི་ཚོགས་དང་བཅས་པས་མཆོད་སྦྱིན་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུང་སོགས་ཀྱིས་ཕྲིན་ལས་བཅོལ་བར་བྱའོ། །བཀའ་གཏད་དངོས་ལ། སློབ་མ་ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར་བསྒོམས་རྗེས། སེམས་བསྐྱེད་གསལ་བཏབ་ལ། དེ་ཡང་གཞུང་ལས། རང་བྱུང་པདྨ་སློབ་མར་བཅས༔ འཛོམ་གྱི་གངས་རར་བྱོན་པའི་ཚེ༔ ལྷ་ཀླུ་བཙན་གྱིས་ཞབས་ཏོག་ཕུལ༔ ཟབ་མོ་གཏེར་གྱི་སྲུང་མར་བསྐོས༔ ཚངས་པ་དཀར་པོའི་རྒྱུད་ལས་བྱུང༔ ལྷ་ཡི་རྒྱལ་པོ་འོད་གསལ་རྩལ༔ ཡམ་ཤུད་དམར་པོའི་རིགས་ལ་བྱུང༔ བཙན་གྱི་རྒྱལ་པོ་འོད་འབར་རྩལ༔ གཙུག་ན་རིན་ཆེན་རང་གི་རྒྱུད༔ ཀླུ་རྒྱལ་ནོར་བདག་གཟི་འབར་རྩལ༔ དྲེགས་པ་གསུམ་གྱི་སྲོག་སྙིང་ཕུལ༔ བདེ་བའི་ཉམས་དང་དམར་ལམ་ལས༔ རང་གཟུགས་བཙན་གྱི་རྒྱལ་པོ་ཤར༔ གསལ་བའི་མདངས་དང་དཀར་ལམ་ལས༔ རང་གཟུགས་ལྷ་ཡི་རྒྱལ་པོ་ཤར༔ མི་རྟོག་ཉམས་དང་ནག་ལམ་ལས༔ རང་གཟུགས་ཀླུ་ཡི་རྒྱལ་པོ་ཤར༔ དེ་ལས་གཞན་དུ་གྲུབ་པ་མེད༔ ལྷ་སྲིན་སྟོང་སྲོག་ལོན་པའོ༔ ཞེས་གསུངས་པ་ལྟར་གངས་རིའི་ཁྲོད་ཙམ་ན་མངོན་པར་མཐོ་བའི་རང་བྱུང་པདྨའི་སྒྲུབ་གནས་ཀུན་གྱི་རྒྱལ་པོ་སྨད་ཤོད་འཛོམ་ཕུ་ཀློང་སེམས་འོད་གསལ་ཤེལ་གྱི་ཕུག་པ་རུ། འཕགས་བོད་ཀྱི་དབང་གི་ཆུ་བོ་བཞི་ཡི་སློབ་དཔོན་སོགས་རིག་འཛིན་ལོ་པཎ་རྒྱ་མཚོའི་ཟབ་གཏེར་གྱི་བཅུད་དུ་གཏམས་པའི་ལོ་ཆེན་བཻ་རོ་ཙཱ་ནའི་སྙིང་ཐིག་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་གཏེར་སྲུང་ལྷ་བཙན་ཀླུ་ཡི་རྒྱལ་པོ་མཆེད་གསུམ་གྱི་བཀའ་གཏད་ཞུ་བའི་ཆེད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །ཟབ་གཏེར་སྲུང་མ་རྣམ་གསུམ་གྱི། །རྗེས་སུ་གནང་བ་བསྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པའི་ཕྱིར་བསགས་སྦྱང་གི་སྙིང་པོ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སོགས་ལན་གསུམ། ཐོག་མར་སློབ་མ་རྣམས་གཉེན་པོ་སྟོབས་ཀྱི་ལྷ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀ་སྨུག་ནག་དབུ་ཉེར་གཅིག་གི་རྩ་ཞལ་མ་གཏོགས་ཞལ་གཡས་དཀར། གཡོན་དམར། དབུས་མཐིང་ནག །ཕྱག་བཞི་བཅུ་རྩ་གཉིས་ཀྱི་ཞི་བ་ཞེ་གཉིས། ཞབས་བརྒྱད་བརྐྱང་བསྐུམ་དུ་བགྲད་ཅིང་དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྗིད་པའི་ཡུམ་གནམ་ཞལ་དབྱིངས་ཕྱུག་དབུ་དགུ་ཕྱག་བཅོ་བརྒྱད་དང་སྦྱོར་བས་འཁོར་འདས་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པའི་ཚོགས་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པར་གྱུར། ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ༔ ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ ཞེས་བཏགས་པ་དྲག་ཏུ་བརྗོད་ཅིང་སྤོས་རོལ་དང་བཅས་པས་དབབ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ལྟར་ཁྱེད་རྣམས་གཉན་པོ་སྟོབས་ཀྱི་ལྷའི་ང་རྒྱལ་དང་ལྡན་པ་ལ་ལྷ་རྒྱལ་གསལ་བའི་འོད་ལྡན་འཁོར་དང་བཅས་པ་བྲན་དང་ཕོ་ཉའི་ཚུལ་དུ་གཏད་པར་མོས་ཤིག །ལྷ་ཡི་གཏོར་མ་གཏད་དེ། ཧཱུྃ། དཀར་པོ་ལྷ་ཡི་སྡེ་དཔོན་ནི། །གསང་མཚན་རྡོ་རྗེ་འོད་འབར་རྩལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་མ་གཡེལ་བར། །སློབ་མ་འདི་ཡི་ཕྲིན་ལས་སྒྲུབས། །དམ་ལས་མ་འདའ་ས་མ་ཡ། །གཏོར་མ་ལག་ཏུ་བཞག །ཅེས་བཀའ་བསྒོས་ཏེ་གཏད་པས་ལྷ་རྒྱལ་གསལ་བའི་འོད་ལྡན་གྱི་ཐུགས་ཀའི་ས་བོན་ཨ་ལས་རང་སྔགས་དུང་གི་ཕྲེང་བ་ལྟར་བྱུང་ནས་ཁྱེད་རང་དཔལ་ཆེན་པོའི་ལྟེ་བ་ནས་ཞུགས་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨ་དེ་ཝ་རཱ་ཛཿ ལྷ་རྒྱལ་གསལ་བའི་འོད་ལྡན་ཐིག་ལེ་དཀར་པོའི་རྣམ་པས་ཁྱེད་རང་ལ་ཐིམ་པས་རིག་སྟོང་གསལ་བའི་དབྱིངས་དང་དབྱེར་མེད་པར་མོས་ཤིག །སླར་ཡང་བཙན་རྒྱལ་བསྐལ་པའི་མེ་དཔུང་འཁོར་དང་བཅས་པ་ཁྱེད་རྣམས་ལ་བྲན་དང་ཕོ་ཉའི་ཚུལ་དུ་གཏད་པར་མོས་ཤིག །བཙན་གཏོར་ཐོགས་ལ། ཧཱུྃ། དམར་པོ་བཙན་གྱི་སྡེ་དཔོན་ནི། །གསང་མཚན་རྡོ་རྗེ་མེ་འབར་རྩལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་མ་གཡེལ་བར། །སློབ་མ་འདི་ཡི་ཕྲིན་ལས་སྒྲུབས། །དམ་ལས་མ་འདའ་ས་མ་ཡ། །གཏོར་མ་སློབ་མའི་ལག་ཏུ་བཞག །ཅེས་བཀའ་བསྒོས་ཏེ་གཏད་པས་བཙན་རྒྱལ་རྡོ་རྗེ་མེ་འབར་གྱི་ཐུགས་ཀ་ནས་ས་བོན་ཏྲིཿལས་རང་སྔགས་མགལ་མེའི་ཕྲེང་བ་ལྟར་བྱུང་ནས་ཁྱེད་རང་དཔལ་ཆེན་པོའི་ལྟེ་བ་ནས་ཞུགས་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཙ་ཤུ་ལ་ཏྲི་ཛཿ བཙན་རྒྱལ་རྡོ་རྗེ་མེ་འབར་ཐིག་ལེ་དམར་པོའི་རྣམ་པས་ཁྱེད་རང་ལ་ཐིམ་པས་རིག་སྟོང་བདེ་བའི་ཉམས་དང་དབྱེར་མེད་པར་མོས་ཤིག །སླར་ཡང་ཀླུ་རྒྱལ་ནོར་བུ་འོད་ལྡན་འཁོར་དང་བཅས་པ་བྲན་དང་ཕོ་ཉའི་ཚུལ་དུ་གཏད་པར་མོས་ཤིག །ཀླུ་གཏོར་ཐོགས་ལ། ཧཱུྃ། སྔོན་པོ་ཀླུ་ཡི་སྡེ་དཔོན་ནི། །གསང་མཚན་ནོར་བདག་གཟི་འབར་རྩལ། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་མ་གཡེལ་བར། །སློབ་མ་འདི་ཡི་ཕྲིན་ལས་སྒྲུབ། །དམ་ལས་མ་འདའ་ས་མ་ཡ། །གཏོར་མ་སློབ་མའི་ལག་ཏུ་གཏད། །ཞེས་བཀའ་བསྒོས་ཏེ་གཏད་པས་ཀླུ་རྒྱལ་ནོར་བུ་གཟི་འབར་གྱི་ཐུགས་ཀ་ནས་ས་བོན་ནཾ་ལས་རང་སྔགས་བཻཌཱུ་རྻའི་ཕྲེང་བ་ལྟར་བྱུང་ནས་ཁྱེད་རང་དཔལ་ཆེན་པོའི་ལྟེ་བ་ནས་ཞུགས་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ནཱཾ་ནཱ་ག་རཱ་ཛ་རཏྣ་ཛཿ ཀླུ་རྒྱལ་ནོར་བདག་གཟི་འབར་ཐིག་ལེ་སྔོན་པོའི་རྣམ་པར་གྱུར་ཏེ་ཁྱེད་རང་ལ་ཐིམ་པས་རིག་སྟོང་མི་རྟོག་པའི་ཡེ་ཤེས་དང་གཅིག་ཏུ་འདྲེས་པར་མོས་ལ་མཉམ་པར་ཞོག་མཛོད། སླར་ཡང་གཏོར་མ་གསུམ་སྣོད་གཅིག་ཏུ་བསྡུས་པ་སློབ་མའི་ལག་པར་གཏད་དེ། གཏོར་མ་འདི་དག་ལྷ་བཙན་ཀླུ་ཡི་དགེ་བསྙེན་མཆེད་གསུམ། འཁོར་དང་སྤྲུལ་པ་ལས་བྱེད་ཕོ་ཉ་དང་བཅས་པ་གསལ་བའི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ་སངས་རྒྱས་བྱང་སེམས་དང་བཅས་པ་སྤྲིན་གཏིབས་པ་བཞིན་བཞུགས་པར་མོས་མཛོད། ཨ་དེ་ཝ་རཱ་ཛཿ ཙ་ཤུ་ལ་ཏྲི་ཛཿ ནཱཾ་ནཱ་ག་རཱ་ཛ་རཏྣ་ཛཿ དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་གཏེར་སྲུང་ལྷ་རྒྱལ་གསལ་བའི་འོད་ལྡན། བཙན་རྒྱལ་བསྐལ་པའི་མེ་འབར། ཀླུ་རྒྱལ་ནོར་འཛིན་གཞོན་ནུ་རྣམས་སོ་སོའི་འཁོར་གཡོག་ཕོ་ཉ་ལས་མཁན་དང་བཅས་པ་རྣམས་ཀྱིས་ཨོ་རྒྱན་པདྨ་སཾ་བྷ་ལ་སོགས་པའི་རྩ་བརྒྱུད་བླ་མ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་སྲུང་མ་དམ་པར་མཛད་ནས། ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས། མཆོག་དང་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པའི་མགོན་སྐྱབས་དང་དཔུང་གྲོགས་མཛོད་ཅིག །ཅེས་བཀའ་བསྒོས་པས་བླ་མ་དང་སངས་རྒྱས་བྱང་སེམས་རྣམས་གཏེར་སྲུང་སྤུ་གྲི་མཆེད་གསུམ་ལ་ཐིམ། དེ་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པར་དཔོན་སློབ་གཉིས་ཀས་བསྒོམ། །རྗེས་དམ་ཚིག་བསྒྲགས་ཅིང་ཁས་བླང་ཡོན་འབུལ་དང༌། ཆོ་གའི་རྗེས་རིམ་རྣམས་སྤྱི་ལྟར་བྱའོ། །སྲིད་ན་རྙེད་དཀའི་ཟབ་གཏེར་གྱི། །ཡང་ཟབ་ནོར་བུའི་སྒྲོམ་ཆེན་པོའི། །གཏེར་སྲུང་སྤུ་གྲི་མཆེད་གསུམ་གྱི། །བཀའ་གཏད་ངོ་མཚར་ཕྲིན་ལས་གསོས། །ཚུལ་འདི་ཁྱབ་བདག་འཇམ་པའི་དབྱངས་དྷརྨ་མ་ཏིའི་དབང་ཁྲིགས་དཀྱུས་སུ་མི་བཞུགས་ཀྱང་གཏེར་ཆེན་མཆོག་གི་ཆེད་དུ་བསྩལ་བའི་བརྒྱུད་པ་བཞུགས་བཞིན་པར། མཁན་ཆེན་རཏྣའི་ཁྲིགས་བསྡེབས་བཅས་མ་ཉམས་པར་འདུས་གསལ་སྙིང་པོའི་ཚུལ་དུ་ཟབ་ལམ་གྱི་བསྟན་པའི་རྒྱུན་ལ་ཕན་རེའི་ལྷག་བློས་བྲིས་ཏེ་དཀྱུས་སུ་བཞུགས་སུ་གསོལ་བའོ། ༈ བཅོ་བརྒྱད་པ་མཐའ་བརྟེན་འཆི་མེད་ཚེ་ཡི་དབང་ལ་གཤོམ་ནི། མཎྜལ་ཚོམ་བུ་བཀོད་པའི་ཁར། བུམ་པ་བཅུད་ལྡན། ཚེ་རིལ་ཆང༌། ཚེ་མདའ་རྣམས་བཤམས། དངོས་གཞི་ནང་སྐོར་ཀློང་སྡེའི་ཁྲོ་བོའི་བྱང་བུ་བསྟོད་པ་རྫོགས་ཀྱི་བར་བཏང་ལ། བདག་མདུན་མངོན་རྫོགས་རྒྱལ་པོ་ཡི། །ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ༔ སོགས་ཚེ་ལུང་རང་གཞུང་ལྟར་བཟླས་པ་ཅི་འགྲུབ་བྱས་མཐར། ཐུགས་ལས་མགྱོགས་མའི་སོགས་ནས། སྐལ་ལྡན་བདག་ལ་བསྩལ་དུ་གསོལ༔ ཚེ་ཛཔ྄་བརྗོད་ཅིང་ཚེ་འགུགས་བསྐུལ། ཐུན་མཐར་སྟོང་ཚིག །གཏོར་བསྔོ། ཚོགས་མཆོད་དང༌། བདག་འཇུག་རྒྱས་བསྡུས་ཅི་རིགས་གྲུབ་ནས། སློབ་མ་རྣམས་ལ་ཁྲུས་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་སྔོན་དུ་འགྲོ་བས། སེམས་བསྐྱེད་གསལ་གདབ་ལ། མཚམས་སྦྱོར་གྱི་ཁྱད་པར། དེ་ལ་འདིར་རང་རེ་རྣམས་ཀྱི་ཆོས་སྤྱོད་བསླབ་ལྡན་གྱི་རྟེན་འདི་ནི་ཡུན་རིང་པོར་འཚོ་བའི་ཐབས་ཚུལ་ལྷུར་ལེན་དགོས་པ་ནི། མ་ཧཱ་གུ་རུས། ལས་རྣམས་ཀུན་གྱི་ཐོག་མར་ནི༔ འཆི་མེད་ཚེ་ཡི་སྒྲུབ་པ་བྱ༔ ཞེས་གདམས་པ་ལྟར་ཚེ་སྒྲུབ་ཀྱི་གདམས་པ་བཀའ་གཏེར་དག་སྣང་གི་རིམ་པ་ཀུན་ལས་རྨད་དུ་བྱུང་བ་དུས་གསུམ་ཀུན་མཁྱེན་བཻ་རོའི་ཐུགས་བཅུད་འོད་གསལ་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ནང་སྐོར་ཀློང་སྡེའི་ཡི་དམ་ཁྲོ་བོ་མངོན་རྫོགས་རྒྱལ་པོའི་ཆ་ལག །དབང་བསྐུར་ཡོངས་རྫོགས་གྲུབ་པའི་མཐའ་རྟེན་གྱི་ཚུལ་དུ་འཆི་མེད་བདུད་རྩི་སྨན་ལུང་གི་བཀྲ་ཤིས་ཚེ་ཡི་དབང་བསྐུར་བགྱི་བ་ལ་སོགས་ཀྱིས་མཚམས་སྦྱར་ལ་མཎྜལ་ཕུལ། མི་ཕྱེད་དད་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ བདུད་རྩི་སྨན་གྱི་ལྷ་ཚོགས་རྣམས༔ བཀྲ་ཤིས་བརྟན་པ་ཚེ་ཡི་ལུང༔ མི་འགྱུར་མི་ཤིགས་དངོས་གྲུབ་ཆེ༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་ཚོགས་ཞིང་རྩ་གསུམ་རྒྱལ་བ་རབ་འབྱམས་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ནས་དབང་གི་གཞི་སྒྲུབ་པའི་སླད་དུ་དམིགས་པ་འདི་ལྟར་གསལ་ཐོབ་མཛོད། གཉིས་སུ་མེད་པའི་ལྟ་བ་ཀློང་ཡངས་ལ༔ ཆོས་སྐུ་ཐིག་ལེ་ཉག་གཅིག་མངོན་པར་རྫོགས༔ ཀུན་ནས་གསལ་བ་གང་དུའང་མི་གནས་ཤིང༔ ཕྱོགས་ཀུན་ལ་ནི་ཞལ་ཕྱག་ཐ་ལེར་གསལ༔ དེ་ཉིད་ཟུང་འཇུག་ཡེ་ཤེས་གཟུགས་ཀྱི་སྐུ༔ བྱོལ་སོང་པདྨ་ཉི་ཟླའི་གདན་སྟེང་དུ༔ རང་རིག་རྒྱལ་པོ་དཔལ་ཆེན་མངོན་རྫོགས་ནི༔ སྨུག་ནག་སྐུ་ནི་ནམ་མཁའི་མཐའ་དང་མཉམ༔ དབུས་ཞལ་མཐིང་ནག་བདུན་ནི་རྔམ་པའི་ཚུལ༔ གཡས་ཞལ་དཀར་བདུན་གཡོན་ཞལ་དམར་བདུན་རྣམས༔ འཛུམ་ཞིང་ཁྲོ་ལ་ཆགས་པའི་ཉམས་དང་ལྡན༔ རྩ་བའི་ཕྱག་བརྒྱད་དང་པོས་གྲི་ཐོད་འཛིན༔ དེ་འོག་ཞིང་ཁམས་དང་ནི་འཇིག་རྟེན་འཛིན༔ དེ་འོག་འདོད་ཁམས་གཟུགས་ཁམས་ཐིག་ལེར་འཛུད༔ ལྷག་མ་ལྔ་རྣམས་འབྱུང་ལྔ་ཕྱག་མཚན་ལྔ༔ ཡན་ལག་ཕྱག་བརྒྱས་གྲི་ཐོད་འཛིན་པའོ༔ དཔལ་ཆེན་རྔམས་པ་དུར་ཁྲོད་རོལ་པའི་ཆས༔ རྡོ་རྗེའི་གཤོག་བརྒྱངས་ཞབས་ནི་སྐྱིལ་ཀྲུང་བཞུགས༔ པང་དུ་མ་རྒྱུད་ལྷ་མོ་ཀུན་གྱི་གཙོ༔ མཐིང་ནག་ཞལ་དགུ་ཕྱག་ནི་བཅོ་བརྒྱད་ཀྱིས༔ རྡོ་རྗེ་དུང་ཁྲག་འཛིན་པས་ཡབ་ལ་འཁྱུད༔ ཀུན་གཞི་བདེ་གཤེགས་སྙིང་པོའི་ངོ་བོར་གསལ༔ ཐུགས་ཀར་རིན་ཆེན་ཟུར་བརྒྱད་པ༔ མཆོང་གུར་ཕུབ་པ་ལྟ་བུའི་ནང༔ པད་ཟླར་ཧྲཱིཿལས་ཚེ་དཔག་མེད༔ དཀར་པོ་ལོངས་སྤྱོད་རྫོགས་སྐུའི་ཆས༔ ཕྱག་གཡོན་མཉམ་བཞག་ཚེ་བུམ་ནི༔ ཚེ་ཡི་བཅུད་ཀྱིས་གང་རྒྱར་གཏམས༔ གཡས་པས་སྣ་ཚོགས་རྡོ་རྗེ་ཡིས༔ གཡོན་པའི་ཚེ་བུམ་ཁ་བཀབ་སྟེ༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་སྤྲས༔ ཐུགས་ཀར་ཉི་ཟླའི་གྭའུ་ནང༔ ནྲྀ་ཡིག་ལྗང་གུ་ཧཱུྃ་ཨས་མཚན༔ གནས་གསུམ་འབྲུ་གསུམ་མཚན་པ་དང༔ སློབ་དཔོན་ཐུགས་ཀའི་འོད་ཟེར་གྱིས༔ རང་འདྲའི་ཡེ་ཤེས་སྤྱན་དྲངས་གྱུར༔ ཚེ་ཛཔ྄་མཐར་ཡེ་ཤེས་དབབ་པའི་སྔགས་བརྗོད། ཏིཥྛ་བཛྲ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་ཚེ་འགུགས་པའི་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་ཏེ་ཚེ་ཡར་བ་འཐོར་བ་ཉམས་ཆག་ཏུ་གྱུར་པ། ཕྱོགས་བཅུ་བརྟན་གཡོའི་ཚེ་བཅུད་བསྡུས་ནས་ཁྱེད་རང་རྣམས་དང་མདུན་གྱི་དངོས་གྲུབ་རྫས་ལ་ཐིམ་པར་མོས། ཅེས་གོང་ལྟར་ཚེ་འགུགས་བསྐུལ། དེ་ནས་བུམ་པ་ཐོགས་ལ། བུམ་པ་སྤྱི་བོར་བཟུང་བྱས་ལ༔ ནང་དུ་ཚེ་བཅུད་འདུས་པ་རྣམས༔ ངོ་བོ་ཡེ་ཤེས་བདུད་རྩི་ལ༔ རྣམ་པ་མངོན་རྫོགས་རྒྱལ་པོ་དམར༔ ཞལ་གཅིག་ཕྱག་གཉིས་ཡུམ་དང་འཁྲིལ༔ གཉིས་ཀའི་ཕྱག་གཉིས་ཚེ་བུམ་འཛིན༔ དེ་ཉིད་རྡོ་རྗེས་ཁ་བཀབ་བསམ༔ སྤྱི་བོར་རྡོར་སེམས་ཚེ་དཔག་མེད༔ ཐུགས་ཀར་རྩ་བའི་ཚེ་ལྷ་བསྒོམ༔ འཁོར་དུ་ལྷ་མོ་བཅུ་དྲུག་བསམ༔ སྐུ་ལས་བདུད་རྩི་ཆེར་བབ་པས༔ སྤྱི་བོའི་གཙུག་ནས་སྙིང་དབུས་ཞུགས༔ ལུས་གང་དུས་མིན་འཆི་བ་སྦྱངས༔ ཚེ་ཡི་རིག་འཛིན་ཐོབ་པར་བསམ༔ ཧཱུྃ༔ བཀྲ་ཤིས་བུམ་པ་ཚེ་ཡི་ལུང༔ དངོས་གྲུབ་རྒྱ་མཚོའི་སྲོག་དང་ལྡན༔ ནམ་མཁའ་གང་བ་ཚེ་ཡི་མཆོག༔ ཡེ་ཤེས་སྣང་བ་ལམ་མེ་བ༔ བདེ་བ་ཆེན་པོའི་བདུད་རྩིའི་ལུང༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ དུས་མིན་འཆི་བ་སྦྱོང་བ་དང༔ ལོ་བརྒྱ་ཐུབ་པའི་ཚེ་ཐོབ་ཤོག༔ ཨོཾ་ཨཱ་ཡུ་རྫྙཱ་ན་ཚེ་བྷྲཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་རིལ་ཆང་ཐོགས་ལ། འཆི་མེད་ཚེ་ཡི་བདུད་རྩི་དང་བརྟན་གཡོའི་དྭངས་བཅུད་འདུས་པའི་རིལ་བུ་གསོལ་བས་རྩ་ཨ་ཝ་དྷཱུ་ཏིའི་དབུས། སྲོག་ཆེན་པོའི་རླུང་གི་བཅུད། མི་ཤིགས་ཐིག་ལེ་ཆེན་པོའི་ཟུངས་སུ་བསྟིམ་པས་སྐུ་གསུང་ཐུགས་དབྱེར་མེད་རྡོ་རྗེའི་ཡེ་ཤེས་ཀྱི་ཚེ་འཆི་མེད་རྟག་པ་དམ་པའི་དངོས་གྲུབ་ལ་དབང་བསྒྱུར་བར་མོས། ཧཱུྃ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་ཐིག་ལེར་བསྟིམ༔ མི་ཕྱེད་སྐུ་གསུང་ཐུགས་རྡོ་རྗེའི༔ དབང་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཀཱ་ཡ་ཝཱཀ་ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ་བྷྲཱུ༔ འཆི་མེད་ཚེ་ཡི་ལུས་གང་ནས༔ མི་འགྱུར་རྟག་པའི་སྐུ་ཐོབ་ཤོག༔ ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཚེ་བཅུད་དྭངས་མ་ཐམས་ཅད་སྙིང་གར་ཉི་ཟླའི་གྭ༥འུའི་བར་ཚེ་རྟེན་ལ་ཐིམ་པ་དང་འོད་གསལ་གཉུག་མའི་ངང་ལ་མཉམ་པར་བཞག་པས་འཆི་མེད་རྟག་པ་དམ་པའི་སྐུ་ཐོབ་པར་མོས་མཛོད། ཧཱུྃ༔ ཚེ་བཅུད་སྙིང་དབུས་རྟེན་ལ་ཐིམ༔ རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ༔ ཡེ་ཤེས་རྡོ་རྗེའི་ཕྱག་རྒྱ་ཡིས༔ རྟག་པ་དམ་པར་རྒྱས་གདབ་བོ༔ ཛྙཱ་ན་བཛྲ་རཀྵ་རཀྵ་ཧཱུྃ༔ མཐའ་བརྟེན་དུ་འཆི་མེད་རྩ་གསུམ་ཚེ་ལྷ་རབ་འབྱམས་ཀྱི་ཞལ་ནས་བཀྲ་ཤིས་ཀྱི་ཚིགས་བཅད་བརྗོད་ཅིང་ཕྱག་གིས་མེ་ཏོག་དཀར་པོའི་ཆར་འཁོར་ཡུག་ཏུ་བསྙིལ་བས་ཕྱོགས་དུས་གནས་སྐབས་ཀུན་ཏུ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིག ཨོཾ་ཡེ་དྷརྨ་སོགས་བཀྲ་ཤིས་ཅི་རིགས་བརྗོད། མཐའ་བརྟེན་བཀྲ་ཤིས་འཆི་མེད་ཚེ་ཡི་དབང་བསྐུར་ལེགས་པར་གྲུབ་པའི་དམ་ཚིག་གི་གནས་རྣམས་སྲོག་ལས་གཅེས་པར་བཟུང་སྙམ་པས་རྗེས་ཟློས། གཙོ་བོས་ཇི་ལྟར་སོགས། དབང་བསྐུར་གྲུབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞིང་ཁམས་འབུལ། དེར་མ་ཟད་ལུས་ལོངས་སྤྱོད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་དྲུང་དུ་འབུལ་ན་ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས། དེ་དག་རྣམས་ཀྱིས་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་བྱེ་བ་ཕྲག་བརྒྱའི་ཡང་སྙིང་རྫོགས་ཆེན་སྡེ་གསུམ་གྱི་སྨིན་བྱེད་དབང་བསྐུར་གྱི་རིམ་པ་མཐའ་རྟེན་འཆི་མེད་ཚེ་ཡི་དབང་བསྐུར་བཅས་ལེགས་པར་གྲུབ་པའི་དགེ་ཚོགས་རྣམས་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་མཐུ་ལས་སེམས་ཅན་ཐམས་ཅད་རང་རིག་གདོད་མའི་གཞི་ཀློང་དུ་མངོན་པར་བྱང་ཆུབ་པ་དང༌། ཟབ་ཆོས་འདི་ཉིད་ཀྱང་དར་ཞིང་རྒྱས་ལ་སྨིན་པ་དང་གྲོལ་བའི་ཕྲིན་ལས་ནམ་མཁའ་དང་མཉམ་པར་འབྱུང་བར་ཤོག་ཅིག་སྙམ་པས་བསྔོ་བ་དང་སྨོན་ལམ་གྱི་རིམ་པ་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རང་གནས་སུ་བཏང༌། སློབ་དཔོན་གྱིས་ཚོགས་ལ་རོལ། ལྷག་མ་བསྔོ། གཏོར་སྐྱོང་སོགས་རྗེས་ཀྱི་རིམ་པ་རྣམས་བྱའོ། །འཆི་མེད་གྲུབ་པའི་གདམས་ཟབ་ཀྱིས། །སྨིན་བྱེད་ཚེ་ཡི་བདུད་རྩི་ནི། །ཡིད་ཅན་ཀུན་ལ་བྱིན་པ་ཡིས། །འཆི་མེད་རྡོ་རྗེའི་སྲོག་ཐོབ་ཤོག །དེ་དག་གིས་ཟབ་ཆོས་རྫོགས་ཆེན་སྡེ་གསུམ་གྱི་སྨིན་དབང་གི་ཕྲེང་བ་མཐའ་དག་ཡོངས་སུ་རྫོགས་པའོ། །སླར་སྨྲས་པ། འདིར་འབད་དགེ་ཚོགས་མཁའ་དབྱིངས་རྗེས་འགྲོ་བ། །སྲིད་པས་དུབ་པའི་འགྲོ་བ་ཡོངས་ལ་བསྔོ། །རྣམ་མཁྱེན་སྐུ་བཞི་གོ་འཕང་མྱུར་ཐོབ་ནས། །འཇིགས་རུང་འཁོར་བའི་རྒྱ་མཚོ་དོང་སྤྲུགས་ཤོག །འདིར་ཞུགས་བློ་ཡི་ཉེས་པ་ཅི་མཆིས་པ། །བླ་མ་རྩ་གསུམ་རྣམས་ཀྱི་སྤྱན་སྔར་བཤགས། །བྱང་ཆུབ་ལམ་ལ་སྒྲིབ་པར་མི་འགྱུར་བའི། །དག་ཚངས་ཡེ་ཤེས་མཆོག་གི་དབུགས་དབྱུང་སྩོལ། །མཆོག་གསང་སྡེ་གསུམ་ཉི་ཟླའི་འོད་སྣང་གི །ཕྲིན་ལས་འོད་ཟེར་སྲིད་མཐའི་བར་དུ་ཁྱབ། །ཐེག་བརྒྱད་བློ་ཡི་གྲུབ་མཐའ་ཟིལ་གྱིས་གནོན། །མཆོག་བསྟན་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །ཅེས་རྫོགས་ཆེན་སྡེ་གསུམ་གྱི་དབང་གི་མཛེས་རྒྱན་ཟིན་ཐུན་འདི་ཡང་གཏེར་ཆེན་མཆོག་གྱུར་གླིང་པའི་རྣམ་རོལ་ཐུགས་རྗེའི་བཀའ་དྲིན་གྱི་དཔལ་མགོན་དམ་པར་གྱུར་པ་ངེས་དོན་གྲུབ་པའི་རྡོ་རྗེའི་བཀའ་བསྩལ་རིན་པོ་ཆེ་སྤྱི་བོར་བཅིངས་ཏེ་འབྲི་གཞིའི་ཤོག་བུ་སོགས་ཀྱང་གནང་བ་ལ་བརྟེན་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་གཙུག་ལག་ལུང་རིགས་ཉི་མ་སྨྲ་བའི་སེང་གེ་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་དཔལ་བཟང་པོས་གནས་བརྟན་དགོན་གྱི་ཆོས་གྲྭ་གསང་སྔགས་རྡོ་རྗེ་བཀོད་པའི་ཕོ་བྲང་གི་དབུ་རྩེར་སྨིན་ཟླའི་ཚེས་༢༠་ནས་དབུ་བརྩམས་ཏེ་ཟླ་བ་དེའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་ཚེས་༢༥་ལ་ཉི་མ་འཆར་ཁའི་དུས་སུ་ཡོངས་སུ་གྲུབ་པར་བགྱིས་པ་འདིས་ཀྱང་ཟབ་ཆོས་རིན་པོ་ཆེའི་བསྟན་པ་ཕྱོགས་དུས་ཀུན་ཏུ་ཁྱབ་པ་དང་ཡིད་ཅན་ཐམས་ཅད་དཔལ་ལྡན་བླ་མ་ཀུན་ཏུ་བཟང་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །སླད་ནས་འདིར་མི་གསལ་བའི་བརྒྱུད་འཛིན་གཏེར་སློབ་ཐུན་མིན་མཁན་ཆེན་རཏྣའི་གསུང་སྡེ་གསུམ་གྱི་མན་ངག་སྒོམ་ཁྲིད་ལེའུ་ཚན་ཆེ་ཆུང་རིགས་དང༌། རྩ་དཀྱིལ་དཔེའུ་རིས། ཟུར་རྒྱན་ཁྲིགས་ཟིན་སྐོར་བཅས་འདི་ཉིད་ཀྱི་རྒྱབ་རྟེན་སྐབས་ཁོང་དུ་ཆུད་པ་གལ་ཆེ་སྙམ་འཕྲོས་སུ་སྨོས་པ་དང༌། དབང་ཟིན་འདི་ཉིད་ཀྱི་དགོངས་དོན་ལ་གསར་སྤྲོས་ཅུང་ཟད་སྤེལ་བ་པོ་མཆོག་གཏེར་དབོན་རྒྱུད་དུ་སྐྱེས་པ་གཏེར་སྲས་སྤྲུལ་མིང་པ་དང༌། བསམ་གཏན་རྒྱ་མཚོ་ཟུང་གིས་གོ་བསྡུར་ཞུས་ཤིང་ཡི་གེའི་འདུ་བྱེད་ཉེ་གནས་ཀརྨ་བདུད་འདུལ་ནས་བགྱིས་པ་འདིས་ཀྱང་ཀུན་བཟང་ཐུགས་ཀྱི་བསྟན་པ་འཕེལ་བའི་ཆ་རྐྱེན་དུ་གྱུར་ཅིག ༈ སྤྲུལ་པའི་གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པའི་ཟབ་གཏེར་གྱི་སྙིང་བཅུད་ལོ་ཆེན་རྣམ་སྣང་སྲུང་བའི་ཐུགས་ཏིག །བཀའ་བབས་སྙིང་ཐིག་བརྒྱ་རྩའི་ཡང་ཏིག་རྫོགས་ཆེན་སྡེ་གསུམ་གྱི་ཆོས་སྐོར་ཡོངས་སུ་རྫོགས་པའི་དབང་ཁྲིགས་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་མཛད་པ་འདི་ཉིད་སྨིན་གྲོལ་གསན་པའི་སྐབས་དེར་འཕྲལ་དུ་བླ་མའི་བཀའ་བཞིན་ཕྱག་བྲིས་གནང་བ་ཙམ་ལས་རྗེས་ནས་དཔྱད་ཞུས་འཕྲི་བསྣན་སོགས་གཏན་ནས་མ་བྱུང་བས་དེ་རིགས་ཁྱོད་ཀྱིས་ཞབས་ཏོག་སྒྲུབ་པར་འོས་ཞེས་སྦས་ཡུལ་འབྲས་མོ་ལྗོངས་ནས་བོད་ཡུལ་དབུས་གྱུར་འཆང་དུ་རླུང་ཕྲིན་གྱི་ལམ་ནས་གསུང་གི་ཐ་མ་འདས་རྗེས་ལྟ་བུར་བསྩལ་བ་བླ་མའི་བཀའ་སྒྲུབ་པ་དང་རང་འདྲའི་བློ་རྨོངས་ལ་ཕན་སེམས་ཀྱིས་གཏེར་གཞུང་རྡོ་རྗེའི་ཚིག་དང་རིགས་མཐུན་གྱི་ཡིག་ཆ་ལ་གོ་བསྡུར་ཞིབ་དཔྱད་ཀྱིས་བླ་མར་གསོལ་བ་བཏབ་བཞིན་གུས་སློབ་ཐ་ཆུང་མངྒ་ལ་ཤྲཱི་བྷཱུ་ཏིའམ་འོད་གསལ་རྡོ་རྗེ་ཐུགས་མཆོག་རྩལ་གྱིས་ལྷོ་མོན་ཤིང་ལོའི་ཚལ་ན་ཡིབ་པའི་སྐབས་རང་ལོ་རེ་གཅིག་གི་སྟེང་ནོར་སྐྱོང་གི་ལོ་གྲོ་བཞིན་ཟླ་བའི་ཚེས་བཅུར་རྫོགས་པར་བྲིས་ཏེ་རྗེ་བླ་མའི་མཆོག་སྤྲུལ་རིན་པོ་ཆེར་སྨིན་གྲོལ་ཚང་སྤྲུགས་སུ་ཕུལ་བས། རང་གཞན་གྱི་རྒྱུད་ལ་སྒྲིབ་པའི་རྒྱུར་མི་འགྱུར་ཞིང་ཐེག་མཆོག་སྙིང་པོའི་བསྟན་པ་ལ་བྱ་བ་མཆོག་ཏུ་བྱེད་པའི་ཉེར་ལེན་ཁོ་ནར་གྱུར་ཅིག །སརྦ་དཱ་སུ་ཤྲཱི་ཡེ་བྷ་ཝ་ནྟུ།།
[edit]

@#/__/dam chos rdzogs chen sde gsum gyi dbang bskur zin bris 'od gsal snying po'i mdzes rgyan ces bya ba bzhugs so// @#/__/na mo gu ru pad+mA ka ra ya/_/rgyal kun 'dus zhal mtsho skyes rdo rje dang*/_/dbyer med khyab bdag dpal ldan bla ma yi/_/zhabs rdul dad brgya'i gtsug gi nor bur bsnyen/_/rig stong chos sku'i dgongs pa'i rang zhal ngom/_/bskal brgyar rnyed dka' chos mdzod rgya mtsho'i dbyig_/theg dgu'i rtse rgyal rdzogs chen sde gsum zhes/_/zab las ches zab rig 'dzin thugs kyi thig_/ye shes DA ki'i snying khrag drod mo 'di/_/pad 'byung dngos snang mchog gyur gling pa yi/_/chos tshul rgyal mtshan nor bu'i tog chen po/_/sa 'og gter gcig 'jig rten sgron me che'i/_/dbang bskur zin bris spel la gnang ba stsol/_/zab chos rdzogs chen sde gsum gyi chos skor la/_thog mar spyi la gces pa rig 'dzin bla ma'i zab dbang nyi zla'i rgya can la'ang nang gses thun mong gtor dbang dang*/_thun min zab pa'i dbang bzhi bcas dbang gnyis/_phyi skor sems sde'i bla ma sum cu rtsa gcig gi sgrub dbang*/_yi dam zhi ba rdo rje dbyings kyi dbang spyi blugs su skur ba/_khrid kyi byin rlabs a yig mda' 'phen ma ste phyi thun mong gi dbang gsum/_nang skor bla ma rig 'dzin bco lnga'i byin rlabs/_yi dam zhi ba ston pa bcu gnyis kyi brda dbang*/_yi dam khro bo mngon rdzogs rgyal po'i rtsa dbang dang yan lag theg pa dgu bsgril gyi dbang*/_khrid kyi byin rlabs/_mkha' 'gro ro langs bde ba'i stobs ldan gyi dbang lnga/_gsang skor bla ma rig 'dzin bco lnga'i byin rlabs/_yi dam zhi ba'i dbang*/_khro bo gnas 'gyur gyi dbang bcas/_khro bo bka' brgyad kyi dbang*/_khrid kyi byin rlabs te gsang skor gyi dbang bzhi/_bka' srung ye shes mkha' 'gro sde dgu'i dbang*/_bka' srung dregs pa 'bar ma me gdong*/_rdo rje gshog rgod ma/_dam can skyes bu chen po gsum gyi bka' gtad/_gter srung lha btsan klu gsum gyi bka' gtad mkhan rat+na'i gsung ste srung ma'i dbang lnga/_mtha' rten bkra shis 'chi med tshe lung gi dbang bcas bco brgyad bzhugs pa las/_dang po rig 'dzin bla ma'i zab dbang nyi zla'i rgya can bskur ba la thun mong dang thun min gnyis kyi dang po la gsum/_sbyor dngos rjes so/__/dang po ni/_dad pa can rjes su 'dzin pa'i slad rig 'dzin bla ma'i byin rlabs bgyi ba la/_stegs bu'i dbus su ras bris 'od lnga'i dkyil 'khor hrIHyig gi mtshan pa'am/_maN+Dalar 'bru yi tshom bu dkar po gcig bkod pa'i steng many+dzi'i khar dbang gtor dpal bshos sku tsaka dang dar gdugs dmar pos spras pa'i g.yas su sku 'bag_/g.yon du sngags phreng*/_mdun du rang byung gi man shel/_bdud rtsi/_rak+ta/_mthar nyer spyod/_tshogs kyi yo byad/_bka' gter srung ma'i gtor 'bul/_bgegs gtor/_slob dpon gyi mdun du las bum sogs nyer mkho'i chas rnams 'du byas la/_gnyis pa ni/_gsol 'debs spyi dang*/_brgyud 'debs sngon du 'gro bas byang bu khrigs bsdebs ltar bzlas pa'i bar btang*/_las bum du oM badz+ra satwa AH_zhes sngags kyis rdor sems bskyed bzlas dang 'od du zhu bya/_snang srid dag mnyam rang byung gi dkyil 'khor du rig pa'i me tog dor zhing slob ma gzhug par gsol gdab ni/_hoH_rang byung rig pa ye shes lha tshogs rnams:_thugs rje rmad byung brtse bas dgongs su gsol:_gsang ba bla na med pa'i dkyil 'khor du:_bdag gi slob ma yang dag 'dzin par mdzod:_bde chen ye shes bla med 'phel ba dang:_grol ba mthar phyin dgongs pas gzung du gsol:_zhes gsol lha rnams dgyes pa chen po yis:_de ltar yin na rig pa 'dzin pa gang:_blo chen skal par ldan pa'i slob ma dag:_bde chen ye shes dkyil 'khor 'dir khrid la:_smin cing grol ba bla na med par byos:_zhes gnang ba bstsal bar bsam/_de nas byin rlabs dngos la/_slob ma rnams phyi rol du khrus nas dbyung*/_nang du 'khod par bgegs gtor bsang sbyang byin rlabs 'gugs bsngo spyi ltar byas la/_hU~M:_rang byung snying po _sogs/_badz+ra rak+Sha:_zhes srung 'khor bsgom/_maN+Dal bkye bsdu byas la/_mtshams sbyor ni/_'o/_nam mkha' dang mnyam pa'i mar gyur 'gro ba sems can thams cad rang byung gdod ma'i sangs rgyas ye nas rang chas su bzhugs pa ngo ma shes pa'i ma rig pa gsum gyi dam la bzhag cing*/_med snang glo bur 'khrul pa'i kun rtog gi rkyen gyis gzhan dbang du gyur pas srid lam 'khor ba'i gnas ris su sdug bsngal 'khor yug gis rtag tu mnar zhing 'og nas 'og tu lhung ba las nam yang thar pa'i dus med pa 'di rnams snying re rje/_de thams cad gzung 'dzin 'khrul pa'i rtsa ba ka nas dag pa'i sems nyid gzhi thog tu grol nas sku dang ye shes rgya mtsho'i go 'phang la 'god pa'i slad du/_rig 'dzin bla ma'i dkyil 'khor chen por 'jug par bgyi'o snyam pa'i kun slong byang chub mchog tu thugs bskyed pa dang*/_snod bcud thams cad dag mnyam nges pa lnga ldan gyi gsal snang dang ldan pas chos gsan pa'i kun tu spyod pa ma 'khrul pas gsan par zhu/_de la gang gsan par bya ba'i chos ni/_sku gsum gyi ston pa rgya mtshos gdul bya'i khams dbang mos pa'i snang ngor zab rgyas chos tshul bsam gyi mi khyab par bstan pa thams cad kyang*/_kun byed rgyal po'i rgyud las/_yod ni gcig las med pa la/_/bstan ni rnam pa gnyis su bstan/_/byung ni theg pa dgu ru byung*/_/'dus ni rdzogs pa chen por 'dus/_/zhes gsungs pa ltar rtogs bya sangs rgyas 'phags pa'i mnyam bzhag gi ye shes chen po'i dgongs pa gcig gi don gtan la 'bebs pa/_rtogs byed rgyu 'bras kyi theg pa gnyis/_de la nang gses su dbye bas dgu ru bstan pa kun kyang 'od gsal rdzogs pa chen po'i lam stegs su gsungs pas rtogs don chos thams cad kyi gnas lugs gnyis su med pa'i ye shes dam pa ste/_des na theg pa kun gyi rtse mo'i phul du gyur pa'i mchog gsang bla na med pa a ti rdzogs pa chen po la sems klong man ngag gi sde gsum gyi rnam bzhag bzhugs pa ste/_a ti bkod pa chen po las/_yid can rnams la sems kyi sde/_nam mkha' can la klong gi sde/_/rim rtsol bral la man ngag go_/zhes pa ltar yongs su grags pa 'di la'ang bka' gter gyi ring lugs gnyis las/_skabs su bab pa 'di ni zab mo gter gyi ring lugs las byon pa ste sngon chad zab gter gyi shing rta kun la pad 'byung dang bi ma la bai ro'i ring lugs gtso bor gyur pa man ngag sde'i smin grol gdams skor dang phyag chen gyi chos skor tsam las ma byon kyang*/_sems klong man ngag gi sde gsum gyi bka' srol kun 'dus kyi gsang mdzod rmad du byung ba 'di ni theg pa mchog gi zab lam gyi shing rta slob dpon chen po shrI sing+ha'i man ngag dgongs nyams mthar thug pa nyid dang dgongs pa mnyam pa'i rgyal dbang pad+ma 'byung gnas dang*/_lo chen bai ro tsA na la mnog chos su bstsal ba'i dam chos rdzogs pa chen po/_phyi skor sems sde nam mkha' klong yangs/_nang skor klong sde nyi ma klong chub/_gsang skor man ngag 'od zer mtha' yas zhes zab dril snying po'i yang bcud kyi chos sde chen po 'di nyid zab gter las ji ltar snang ba'i tshul ni/_gzhung gi lung bstan gces pa'i lde'u mig las/_de yi dus su lho zla'i phyogs:_rat+na'i ming can stag gam glang:_mchog gi ming can skyes bu zhig:_de ni sngon du lha sras 'bring:_da lta ngan lam ye shes mchog:_de lta bu ru skye ba len:_'brug gi lo la gdams pa 'di:_sa yi steng du des 'byin byed:_rje 'bangs yid la nges par gyis:_zhes gsungs pa ltar rtsod bral dus bab kyi sprul pa'i gter chen o rgyan mchog gyur gling pa dang thams cad mkhyen dngos rje bla ma pad+ma 'od gsal mdo sngags gling pa zhes rig 'dzin rtsal 'chang chen po rnam gnyis la zab gter gyi gsang ba rgya mtsho'i bye brag snying thig skor bdun zhes zab rgyas ngo mtshar rmad du byung ba'i bka' babs mnga' zhing phyag tu bzhes pa las 'di ni o rgyan gyi slob dpon chen po nyid dang dgongs pa mnyam zhing bod yul chos kyi nyi ma gcig pu lo chen bai ro tsA na'i snying thig rdzogs chen sde gsum gyi bskyed rdzogs man ngag dang bcas pa'i chos skor gyi smin grol 'bog pa'i skabs su bab pa ste/_zab chos de ni sde dge chos rgyal chen po'i pho brang gyi shar phyogs/_khams kyi shod chen bzhi las smad shod rdo rje mu nam grags pa'i yul skyong dge bsnyen chen po'i mdun/_mdo khams gnas chen nyer lnga'i bye brag yon tan gsung gi gnas chen/_dzaM nang gi phu gsang sngags chu bo bzhi yi bka' bab slob dpon chen po rnam pa bzhis byin gyi rlabs pa'i rdo rje'i gnas su gdod nas grub pa dang rnam dbyer med pa la gter chen rnam gnyis zhal 'dzom gyis mchog gyur bde chen gling pas pad+ma shel phug gi gnam khung nas skal ldan 'dus pa nyer lnga tsam gyis mthong bar dngos su spyan drangs par mdzad de/_kun mkhyen bla ma mkhyen brtse'i dbang pos yi ge pa mdzad nas mnga' bdag yab sras lhan rgyas kyis gtan la phab pa nyid/_lung zin rtsa ba'i chos bdag la gcig brgyud du bstsal ba las/_skabs su bab pa 'di ni mdo byang gzhung las/_dam chos rdzogs chen sde gsum bshad:_da lta shin tu spel phangs pas:_zab pa thugs kyi gter du sbas:_nam zhig las can bur 'phrad nas:_gdams pa sna res grol bar 'gyur:_snyan nas snyan du brgyud par gces:_gang zhig 'gro don sgo dbye tsam:_sgrub thabs sna re sbyin par bya:_zhes 'byung ba ltar sde gsum spyi la gces pa rig 'dzin bla ma'i zab dbang nyi zla'i rgya can las/_dad pa can la gtor ma'i dbang bskur te:_zhes gsungs pas/_lta sgom zab mo nyams su len pa dang smin grol gyi chos brgyud 'dzin mi nus shing gsang mchog rgyal po'i chos la yid ches kyi dad pa can thun mong gi gdul bya rjes su 'dzin pa'i slad du kun gyi sngon 'gro chos kyi sgo 'byed rig 'dzin bla ma'i rdo rje gsum gyi dkyil 'khor du byin rlabs gtor ma'i dbang bskur bgyi ba la/_bdag nyid kyi bgyi 'os rnams sngon du legs par grub nas/_sku nyid rnams kyi ngo skal du gyur pa la thog mar dbang bskur zab mo zhu ba'i yon du maN+Dal 'bul bar zhu/_zhes maN+Dal 'bul du gzhug_slob dpon nyid rig 'dzin bla ma'i ngo bor bzhugs pa la mi phyed dad pa'i gdung shugs drag pos thal mo me tog dang bcas pas gsol ba gdab pa 'di'i rjes zlos mdzod/_hoH_bde gshegs rgyal ba'i gdung 'tshob he ru ka:_'jigs bral dpa' bo shrI sing+ha dang:_gnyis su med pa'i rdo rje slob dpon dgongs:_bdag cag grol bar mthar phyin mdzad du gsol:_lan gsum/_rgyud sbyang ba'i slad du bla ma ye shes kyi sku can dkon mchog rtsa gsum rgya mtsho'i khyab bdag chen por bzhugs pa'i spyan sngar bdag gzhan sems can thams cad sgo gsum 'jug pa gcig pas byang chub bar du skyabs su 'gro bar bgyi'o snyam pas kun rdzob gzhi'i skyabs 'gro dang*/_dbyings dang rig pa zung du 'jug pa gsum po rang byung gdod ma'i dkon mchog gsum ye nas rang chas su rang la bzhugs pa don dam rang bzhin yongs shes kyi skyabs 'gro'i de kho na nyid la blo bzhag zung du 'jug pas 'di'i rjes zlos mdzod/_kun gzhi dag pa'i sangs rgyas dang:_rnam shes gnas 'gyur dam pa'i chos:_dbang po yul dag tshogs mchog la:_rang ngo shes pas skyabs su mchi:_lan gsum/_sems can gyi don du sangs rgyas thob par 'dod pa'i smon pa dang*/_de'i ched du smin cing grol ba'i lam la 'jug par 'dod pas rgyal ba'i sras kyi spyod pa rlabs po cher slob snyam pa'i kun rdzob don dam byang sems bdag gzhan gnyis med gnas lugs gnyug ma'i rang bzhin dngos su rang ngo shes pa'i blos 'di'i rjes zlos/_e ma ho bde gshegs snying po las:_'gro ba ma rig 'khrul pa rnams:_'od gsal chen por bsgral ba'i phyir:_gnyis su med par sems bskyed do:_lan gsum/_zhing mchog de dag gi spyan sngar phyag 'tshal zhing mchod pa 'bul ba sogs kun rdzob yan lag bdun pa'i dmigs 'dun dang don dam rang byung rang gsal gyi bsags sbyang rtsol med ye rdzogs kyi dgongs pa zung du 'brel bas 'di'i rjes zlos/_snang ba rnam dag bde gshegs la:_bde ba 'dzin med phyag 'tshal lo:_bde stong dbyer med mchod par 'bul:_bde chen ma rtogs mthol lo bshags:_yul can dag par rjes yi rang:_dbang po bden med chos 'khor bskor:_shes pa rang gsal ngang la bzhugs:_kun gzhi dag pa'i don rtogs shog:_lan gsum/_slob dpon gyi rdo rje phyar zhing spro ba bskyed pa ni/_bla med gsang ba chen po'i lam du 'jug pa la dam tshig gi rdo rje'i gnas las 'da' bar mi rung zhing*/_snod rung du gyur na gnyis su med pa'i ye shes kyi rdo rje'i gnas lugs mngon du byed nus pa'i don brda yis bstan pa la snyan gtod 'tshal/_hoH_thar pa bla na med pa'i grong khyer du:_'dus pa'i gtso bo shrI sing+ha bzhugs:_'di na mos pa'i skal ldan skyes bu khyod:_'jug par legs shing dngos grub ci la dga':_de nyid sbyin cing 'di na bla med pa'i:_tshe gcig sangs rgyas 'dus la spro ba bskyed:_dam tshig ma lus yongs su gzung bar gyis:_zhes rjes su brtse bas gdams pa'i don bzhin gsang sngags kyi lam la 'jug par spro zhing dam tshig dang sdom pa'i gnang bkag las mi 'da' bar gzung ba'i slad du khyed rang rnams kyi bla ma rtsa gsum gyi lha tshogs dpang por bzhugs pa'i spyan sngar so byang sngags gsum gyi sdom pa spyi dang khyad par lhag pa'i dam tshig gzung ba 'di'i rjes zlos gyis/_ho:_khyab bdag dpal ldan bla ma dgongs su gsol:_bdag ni dus gsum rgyal ba'i dgongs pa'i mthil:_bde ba chen po'i ye shes la dga' bas:_de nyid myur stsol gsang sngags rigs mchog gi:_rtsa ba sku gsung thugs kyi dam tshig dang:_nyi shu rtsa lnga'i dam tshig ches 'phags pa:_srog gi phyir yang mi btang gzung bar bgyi:_lan gsum/_slob dpon gyi rdo rje slob ma'i mgor bzhag lcer bdud rtsi byin te/_rdo rje theg pa'i gsang ba dang slob dpon bka' gnyan pa dang*/_dam tshig srung ba'i phan yon/_bka' las 'das pa'i nyes dmigs rnams bsgrags shing mna' chu dpang po'i tshul du byin par mos la/_'di ni gsang ba bla na med pa yi:_thar pa'i go 'phang tshe 'dir thob gyur pas:_nye ba'i lam mchog bde ba lam byed yin:_khyed rnams rdo rje'i dam tshig thub par gyis:_ma thub rdo rje'i dmyal ba chen por ltung:_srog gi phyir yang yongs su ma btang zhig:_badz+ra sa ma ya rak+sha si hU~M:_mi 'da' bar khas blang ba'i phyir rdo rje'i bro bor ba 'di'i rjes zlos gyis/_ma hA su kha badz+ra sa ma hU~M:_i daM na ra kan:_de rnams kyis dbang gi sngon 'gro'i chos rnams grub nas/_dngos gzhi byin rlabs kyi rim pa la khyed rang rnams lus gnad bsrang*/_rlung kha sbyor du 'ching*/_mig mi 'gul yid kyi dmigs pa 'di bzhin du gyis/_zhes brda sbyar la/_dmigs rim 'bog pa ni/_slob bu tha mal 'dzin rtog sbyangs/_/dwangs ma ye shes 'od kyi lus/_/shrI sing+ha dkar smug mdog:_grub pa'i cha lugs rdor dril 'dzin:_rin chen dar stag rus pas brgyan:_yum dmar gri thod 'dzin 'khyud bsgom:_slob dpon thugs srog sa bon las/_/'od 'phros sku gsum rgyal ba'i zhing*/_/chos dbyings khyab brdal chen po nas/_/brgyud gsum rig 'dzin bla ma'i tshogs/_/spyan drangs thim pas dbyer med gyur/_/ces dal bus brjod la sbyar spos bdug_/rol mo'i sgra dbyangs dang bcas/_hU~M:mi mngon dbyings kyi zhing khams nas:_bla ma rig 'dzin bde gshegs tshogs:_yi dam dpa' bo mkha' 'gro rnams:_gnas 'dir spyan 'dren gshegs su gsol:_kun gzhi dag pa'i zhing khams nas:_gsal ba longs spyod rdzogs skur bzhengs:_thugs rje sprul sku'i 'khor dang bcas:_dbyer med chen por gshegs su gsol:_dbyings las gzhan med chos sku'i tshogs:_bde ba che la longs spyod pa:_cir yang snang ba sprul pa'i sku:_ma lus 'khor bcas gshegs su gsol:_snang yul 'dzin pa dbyings su grol:_dbang po sku lngar byin gyis rlobs:_rnam shes ye shes chen por bsgyur:_kun gzhi'i klong du thim par mdzod:_e h+ye hi ma hA ka ru Ni ka dri sh+ya hoH_sa ma ya hoH_sa ma ya s+t+waM:_dzaHhU~M ba~M hoH_zhes byin dbab cing bstim/_mthar/_ye shes phebs pa de nyid brtan par byas pa'i mos pa mdzod/_tiSh+Tha badz+ra/_zhes rdo rje me tog dang bcas pa spyi bor rgya gram du bkod cing brtan par bya/_de nas ji skad du/_gtor ni chos kyi dbyings yin te/_/ma ni rig pa'i ye shes yin/_/zhes gsungs pa ltar ngo bo dbyings rig gnyis su med pa'i gtor ma/_nges tshig bA la'i sgra las phung khams kyi stobs bskyed pa/_dbye na phyi nang gsang ba de kho na nyid kyi gtor ma la brten nas dbang bzhi chig rdzogs su sbyin pa snga 'gyur rdo rje snying po'i bka' gter gyi rgyud dang man ngag las 'byung zhing mkhas grub rig 'dzin dag gis phyag bzhes su mdzad pa ltar dbang gi dngos gzhi byin rlabs gtor ma'i dbang bskur ba la dmigs pa 'di bzhin mdzod/_gtor ma rang byung gi gzhal med khang du he ru ka dngos shrI sing+ha la brgyud gsum rig 'dzin bla ma yi dam dkyil 'khor rab 'byams gnas gsum gyi dpa' bo mkha' 'gro rgya mtsho ste rtsa ba gsum gyi lha tshogs rten dang brten par bcas pa dngos su bzhugs pa khyed rang rnams kyi spyi bor spyan drangs pas 'od zer bdud rtsi'i rgyun gyis sku gsung thugs kyi gsang ba gsum gyi dbang dang byin rlabs dngos grub thams cad thob/_phyi nang gsang ba'i bar chad bsal/_dbang bzhi chig rdzogs su thob pa'i mos pa mdzod/_ces brjod la/_gtor ma slob ma'i spyi bor bzung la/_hU~MH_gtor ma'i rang bzhin rin chen gzhal yas khang:_nang du bla ma shrI sing+ha dang:_rig 'dzin grub thob rgya mtsho'i tshogs rnams bzhugs:_yi dam lha tshogs thams cad sprin ltar gtibs:_ma dang mkha' 'gro bu yug bzhin du 'tshubs:_rtsa gsum rgyal ba'i dkyil 'khor chen po 'dis:_skal ldan slob ma rnams la dbang bskur bas:_phyi nang gsang ba'i bar chad bsal ba dang:_sku gsung thugs kyi dbang chen yongs su rdzogs:_mchog dang thun mong dngos grub bstsal du gsol:_oM AHhU~M gu ru shrI sing+ha sid+d+hi hU~M:_kA ya wAka tsit+ta a b+hi Shiny+tsa hU~M:_zhes gnas gsum du bzhag_rjes 'brel du sku gsung thugs rdo rje gsum gyi rjes gnang sbyin pa la/_rig 'dzin bla ma'i sku las ye shes kyi sku gnyis pa re 'phros te khyed rang gi spyi bor nas thim pa'i mos pa mdzod/_sku 'bag spyi bor bzhag_oM:_rdo rje sems dpa' bde ba'i lhums su zhugs:_mi yi yul 'khrungs thos bsam mthar phyin mdzad:_rgyal ba'i gsang gsum ma lus 'dus pa'i sku:_dpal chen rig 'dzin shrI sing+ha yi:_sku yi phyag rgya bsgom pa'i dbang bskur ro:_oM AHhU~M gu ru shrI sing+ha sid+d+hi hU~M:_kA ya a b+hi Shiny+tsa AH_deng phyin chad tha mal snang zhen gyi 'dzin pa btul nas snang stong zung 'jug gi ye shes phyag rgya'i sku bsgom pa dang mi 'bral bar gyis shig_/gsung bzlas pa sngags kyi lung spyin pa ni/_rig 'dzin bla ma'i thugs ka'i sngags phreng las sngags phreng gnyis pa byung zhal nas thon khyed rang rnams kyi zhal du zhugs snying gar thugs srog sa bon hrIHyig gi mthar 'khod pa spro bsdus byin rlabs dbang bskur thams cad thob pa'i mos pas mtshan sngags 'di'i rjes zlos mdzod/_ces brjod la rtsa sngags lan gsum dang*/_slar yang thugs srog a yig mthing gsal du gyur pa'i 'od kyis snod bcud tha mal gyi zhen rtog sbyangs shing rdo rje bzhi dang gnyis su med pa'i ye shes kyi 'khor lor sad pa'i dgongs nyams bskyangs te a sum sbrel bzla bar zhu/_a sum sbrel lan gsum bzla/_de nyid brtan par bya ba'i phyir sngags phreng mgrin par bzhag ste/_AH_rig 'dzin gtso bo grub pa'i dbang phyug rje:_rgyal kun gsang gsum 'dus pa gsung gi mchog:_rlung sngags grags stong sngags su 'gyur pa'i phyir:_yan lag drug cu ldan pa'i dbang bskur ro:_oM AHhU~M gu ru shrI sing+ha hU~M:_wAka a b+hi Shiny+tsa AH_deng phyin chad ngag rlung bzlas pa grags stong dbyer med chu bo'i rgyun ltar brtson par gyis shig_/thugs rang byung gi dgongs pa ngo sprod pa ni/_sems dus gsum gyi rtog pa'i rjes su mi 'brang bla ma'i thugs dang dbyer med du bsres nas rig stong zung 'jug 'od gsal gnyug ma'i ngang du mnyam par bzhag par zhu/_hU~M:_rig 'dzin bla ma shrI sing+ha'i thugs:_spros pa kun bral sems nyid ye shes che:_bde gsal mi rtog dbyer med klong du chub:_dbyings rig zung du 'jug pa'i dbang thob shog:_oM AHhU~M gu ru shrI sing+ha sid+d+hi hU~M:_tsit+ta a b+hi Shiny+tsa hU~M:_deng phyin chad tha mal gyi dran rtog thams cad chos nyid gnyug ma bsam brjod dang bral ba'i ngang du la bzla bar gyis shig_/de ltar khyed rang gi sgo gsum rig 'dzin bla ma'i gsang ba gsum dang dbyer med du gyur pas dbang bzhi'i byin rlabs thob/_sgo gsum gyi sgrib pa dag_/sku gsung thugs kyi rdo rje'i rnal 'byor sgom pa la dbang*/_sku bzhi ye shes lnga ldan gyi go 'phang mngon du byed pa'i skal ldan du smin par byas pa la/_rtsa gsum rgyal ba rgya mtsho'i bkra shis kyi me tog char du bsnyil bas dbang don gyi ye shes brtan cing gong 'phel du byas pa'i mos mdzod/_ces mtshams sbyar la bkra shis ci rigs brjod/_de ltar dbang bskur ba nyid zab gnad khyad par du 'phags pa'i tshul/_gter gzhung las/_'di yi gdams pa slob bu'i snod brtags shing:_blo dang 'tsham_ par rim bzhin bstan pa las:_pad+ma'i snying khrag yin pas spel bar phangs:_ma 'ongs skal ldan bu dang 'phrad par shog:_ces bsngags par mdzad pa tshul bzhin thos pa las byung ba'i spyi dang khyad par lhag pa'i dam tshig rnams mdor bsdus te khas blangs pa 'di'i rjes zlos gyis/_gtso bos ji ltar sogs dang*/_dbang bskur thob pa'i gtang rag tu maN+Dal phul/_zhes brjod la maN+Dal phul/_maN+Dal du ma zad lus dang longs spyod thams cad 'bul nas cha shas nas bzhes la longs spyad du gsol snyam pas 'di'i rjes zlos gyis/_deng nas brtsams te sogs brjod/_de ltar rig 'dzin shrI sing+ha'i dbang bskur nyi zla'i rgya can las/_thog ma'i chos kyi sgo 'byed dad pa can rjes su 'dzin pa'i byin rlabs legs par grub pa'i dge tshogs byang chub snying por yongs su bsngo ba dang*/_'di la brten nas rang gzhan gyi don rgya chen po mdzad par zhu/_bsod nams 'di yis sogs brjod la slob ma rnams rang gnas su gyes/__gsum pa rjes tshogs la rol zhing lhag ma bsngo ba nas phrin las byang bu khrigs bsdebs mthar dbyung bas grub bo/__/phyi skor bla ma'i zab dbang las/_/thun mong byin rlabs chos kyi char/_/dad ldan zhing sar 'bebs pa'i mod/_/zab gsang mdzod sgo 'byed rgyur gyur cig__!__de ltar phyi skor rig 'dzin shrI sing+ha'i thun mong gtor dbang gis chos sgo dbye ba sngon du song nas/_gnyis pa thun min zab dbang nyi zla rgya can dngos bskur ba la don gsum ste/_sbyor ba yo byad kyi gshom dang*/_dngos gzhi dbang gi rim pa/_rjes kyi las rim mo/__/dang po ni/_stegs bu khebs ldan gyi dbus su zhi ba'i dkyil 'khor sgo rdzogs can lte bar pad+ma 'dab ma brgyad ldan gzhung mthun yod na bkram/_med na maN+Dalar 'bru'i tshom bu gcig bkod pa'i khar many+dzi'i steng bum ba bcud ldan gyi steng thod pa bdud rtsis bkang ba dar dmar gyis bkab pa/_rig tsaka_/man shel/_rma bya'i sgro mdongs/_me long*/_dbang gtor/_sku tsaka sngags phreng rnams dang*/_mdun rgyab gang bder sman raka gtor gsum/_phyi mchod bskor bsham dang phreng tshar gang bde/_nye logs su tshogs kyi yo byad/_sngon gtor dkar dmar sogs bsham/_slob dpon gyi mdun du nang mchod/_rdor dril/_DA ru/_'bru phor/_las bum/_dam chu/_srad bu dmar po'i dpung skud sogs 'du bya'o/__/dngos gzhi dbang bskur gyi las rim la snang srid gzhir bzhengs kyi dgongs pas bdag mdun dbyer med du sgrub cing mchod pa dang*/_dbang bskur dngos dang gnyis kyi/_dang po ni/_tshig bdun gsol 'debs dang*/_brgyud 'debs sngon du 'gro bas/_bsang chu sgrub pa dang dkar gtor btang ba sngon 'gro'i phyi skor bla ma'i bskyed rim byang bu khrigs bsdebs kyi dbu nas brtsams byin rlabs byang bu yan mthar chags su btang*/_de nas bgegs gtor zur byang bzhin la/_gzhung gi mchod pa byin rlabs nas dngos gzhi rten gyi byang bu bstod pa rdzogs par grub nas/_bum pa rang byung gi gzhal med khang du rig 'dzin bla ma shrI sing+ha zag med ye shes sku can du gsal ba'i sku las byin rlabs bdud rtsi'i rgyun bab pas bum pa yongs su gang bar gyur/_zhes dmigs la mtshan sngags bzlas mthar/_oM AHhU~M gis mchod yon phul bas bum lha 'od du zhu nas bdud rtsir gyur/_las bum/_las bum rang byung gzhal yas su/_/pad zlar rdor sems sku mdog dkar/_/rdo rje dril 'dzin longs sku'i chas/_/thugs kar zla steng hU~M yig mthar/_/yig brgyas bskor las bdud rtsi'i rgyun/_/bab pas bum pa gang bar gyur/_/yig brgya ci 'grub bzlas mthar/_bum lha 'od du zhu bdud rtsir bsam/_rig pa'i me tog dor ba'am/_rig pa mnyam nyid klong yangs chen po'i dkyil 'khor du gdod nas 'jug pa'i dgongs pa la 'khrul rtog gi bar ma chod pas slob ma gzhug par gsol ba gdab pa ni/_hoH_rang byung rig pa sogs nas/_par byos:_a la la hoH_bar gong gi gtor dbang gi skabs ltar bya'o/__/gnyis pa slob ma la dbang bskur ba'i rim pa ni/_sgo yi phyi rol du khrus byas/_nang du 'jug pa na bgegs la gtor ma byin te bskrad/_gsang mchog rgyal po'i ye shes kyi dkyil 'khor du 'jug pa la gnyis 'dzin mtshan rtog gi bar chad srung ba'i phyir las kyi lha mchog dbang chen rgyal po'i bdag nyid du byin gyis brlabs pa'i rdo rje'i srad bu skyes pa'i dpung pa g.yon/_bud med kyi g.yas su rdo rje'i mdud pas bcings par mos mdzod/_oM AHhU~M hrI hrI phaTa? phaTa?:_kyis bsngags pa'i srung skud dmar po bcings/_srung 'khor bsgom pa rnams spyi ltar ram/_gsang skor khro bo'i dbang chog bsgrigs chags ltar bya/_las rdor nas maN+Dal bkye bsdu dang*/_slob dpon gyi/_'o/_ma gyur nam mkha'i mtha' dang mnyam pa'i sems can thams cad khyab bdag gdod ma'i mgon po'i go 'phang la 'god par bya/_de'i ched du zab pa las ches zab pa'i rig 'dzin bla ma'i dbang bskur gsan nas grol byed gdams pa'i rim pa rnams tshul bzhin nyams su blang bar bgyi'o snyam pa'i kun slong bzang po byang chub mchog tu thugs bskyed pa dang*/_khyad par gyi kun slong snod bcud thams cad dag pa rab 'byams ye shes kyi gsal snang dang ma bral ba'i ngang nas chos gsan pa'i kun tu spyod pa rnams kyang legs par 'du bgyid de yengs pa med pa'i tshul gyis gsan pa gnang bar zhu/_de'ang rang re rnams thob par dka' ba'i dal 'byor gyi rten mi lus rin po che thob/_mjal bar dka' ba sangs rgyas kyi bstan pa rin po che dang mjal/_theg pa chen po'i dge ba'i bshes gnyen bzang po bsten du yod pa'i skabs 'dir/_nan tan du bya ba ni dal 'byor gyi rten la snying po len pa nyid gal che ste/_rgyal ba'i sras po zhi ba lhas/_dal 'byor 'di ni shin tu rnyed par dka'/_/skyes bu don 'grub thob par gyur pa la/_/gal te 'di la phan pa ma bsgrubs na/_/phyis 'dir yang dag 'byor ba ga la 'gyur/_/zhes dang*/_mi yi gru la brten nas su/_/sdug bsngal chu bo che las sgrol/_/gru 'di phyis nas rnyed dka' bas/_/rmongs pa dus su gnyid ma log_/zhes gsungs pa bzhin gru yod dus chu bo brgal dgos pa ltar dam pa'i lha chos la tshul bzhin 'bad dgos te/_o rgyan chen pos/_da res phun tshogs rkyen kun 'dzom dus 'dir/_/brtson 'grus drag pos srid las 'da' bar mdzod/_/ces gsungs/_de lta bu'i dal ba'i rten yid bzhin gyi nor bu dang 'dra ba ni/_slob dpon chen pos/_shin tu rnyed dka' u dum wa ra 'dra/_/rnyed pa don chen yid bzhin nor las lhag_/ces gsungs pas shin tu rnyed dka' ba/_rnyed na phan 'dogs che bas/_rnyed pa chus zos su mi gtong bar don yod par byas te rang nyid thar pa'i skam sar phyin par byed dgos/_de'ang da lta nas bsam sbyor gnyis kas lag tu lon nges pa zhig ma byas na/_lus rten 'di'ang myur du 'jig pa'i chos nyid can yin te/_mdo rgya cher rol pa las/_srid gsum mi rtag ston ka'i sprin dang 'dra/_/'gro ba'i skye 'chi gar la blta dang mtshungs/_/'gro ba'i tshe 'gro nam mkha'i glog 'dra ste/_/ri gzar 'bab chu bzhin du myur mgyogs 'gro/_/zhes gsungs pa ltar/_spyir phyi snod 'jig rten ri rab gling bzhi lcags ri rol mtsho nyi zla dang bcas pa/_nang bcud sems can tshangs dbang bde 'byung 'khor los bsgyur ba rnams kyis gtsos pa'i 'gro ba thams cad kyi bar/_rang gi phung khams skye mched sogs mdor na 'dus byas kyi chos thams cad mi rtag_/bye brag skyes bu rang gi tshe ni skad cig gcig gis 'dzad de mthar 'chi bar 'gyur la/_'chi ba de'ang nam 'ong cha med/_'chi ba'i tshe chos ma gtogs pa gang gis kyang phan pa med/_shi nas mar me shi ba bzhin med du mi 'gro bar las dang las kyi 'bras bu 'ba' zhig gi rjes su 'brangs te/_gnas khams gsum rten rigs drug gis bsdus pa'i 'jig rten gyi khams su skye ba yang yang len dgos/_skye ba gang du blangs kyang srid rtse nas dmyal ba mnar med pa'i bar du sdug bsngal gsum gyis dam la ma bzhag pa 'ga' yang med de/_ji skad du/_'khor ba khab kyi rtse mo bzhin/_/bde ba nam yang yod ma yin/_/zhes dang*/_mgon po byams pas/_mi gtsang khang par dri zhim med/_'gro lnga dag la bde ba med/_/ces gsungs pa ltar/_sdug bden 'khor ba'i mtshan nyid/_kun 'byung 'khor ba'i rang bzhin yin pas na khams gsum 'khor ba gang du skyes kyang sdug bsngal gyi rang bzhin las ma 'das/_khyad par deng dus kyi sems can phal cher ngan song gsum gyi sdug bsngal gyi rgyu dang 'bras bur longs spyod pa sha stag yin la/_de lta'i ngan song gsum gyi gnas la 'jigs shing skrag ste de las thar 'dod kyi blo rgyu 'bras mi bslu ba'i nges shes kyi dad pa brtan po rgyud la skyes pa ni 'jig rten pa'i yang dag pa'i lta ba la gnas te/_dge bcu spyod cing bsam gzugs tshad med sogs sgom pa ni skyes bu chung ngu'i lam dang*/_de'i steng du mi dang 'dod lha lha min ni khyab pa 'du byed kyi sdug bsngal dang*/_'gyur ba'i sdug bsngal yang ci rigs pa yod pa srid pa'i rtse mo gzugs khams dang*/_gzugs med pa'i khams ni khyab pa 'du byed kyi sdug bsngal bltar mi mngon pa dang 'grogs te/_rang rang gi 'phen byed kyi las zad pa dang mnyam du 'og nas 'og tu ltung ste 'khor ba mtha' med par 'khyams par 'gyur bas na/_srid pa khams gsum 'khor ba mtha' dag las rang gcig pu thar 'dod kyi blo nges 'byung gi bsam pas bden bzhi mi rtag bcu drug sogs bsgoms pas gang zag bdag med rtogs pa nyan thos dang*/_rten 'brel lugs 'byung ldog sgom pas gang zag dang chos la bdag med phyed dang gnyis rtogs pa rang sangs rgyas te skyes bu 'bring gi lam rim yin la/_de lta bu'i skyes bu chung ngu dang thun mong ba'i lam dad pa rnam par dag pa dang*/_skyes bu 'bring dang thun mong gi lam nges 'byung rnam par dag pa rnams gzhir bzhag nas/_skyes bu chen po'i lam gzhan phan byang chub kyi sems rnam par dag pa lam gyi srog tu bzung ste myur lam bla na med pa gsang sngags rdo rje theg pa'i lam la brten nas tshe gcig gis zung 'jug rdo rje 'chang gi go 'phang thob par 'dod pa rnams kyi nyams su blang bya'i chos/_rdo rje theg pa yin la de'ang 'gyur snga phyi'i dbang gis gsar rnying gi bka' srol chen po gnyis su bzhugs pa las/_'dir 'chad pa po paN chen/_sgyur byed kyi lo tsA/_spyan 'dren pa po sbyin bdag_/phyag bzhes kyi gtsug lag khang*/_zhu rten gyi me tog_/bsgyur bya chos kyi che ba ste che ba drug gi khyad par du 'phags pa'i gsang chen rdo rje theg pa snga 'gyur rnying ma/_de la'ang ring brgyud bka' ma/_nye brgyud gter ma/_zab mo dag snang ma ste bka'i bab so gsum du bzhugs pa las/_'dir bka' bab lung bstan/_smon lam dbang bskur/_shog ser tshig brgyud te brgyud pa'i bka' srol drug gam/_brgyud pa dgu ldan gyi khyad par du byas pa zab mo gter ma/_gter ma la'ang gter kha gong 'og sogs rig 'dzin rtsal 'chang brgyud mar byon pa rnams kyi rtsa ba gsum gyi sgrub thabs dang*/_dbang bskur/_bla rdzogs thugs gsum gyi chos skor dang man ngag las tshogs 'brel pa snga phyi du ma spyan drangs pa mang du mchis pa las/_'dir ji skad du/_thang yig las/_kha rag chu phug sbas pa'i gter kha 'di:_mi bzhag 'don pa'i rtags der bstan nas 'byung:_o rgyan bde chen gling pa zhes bya 'byung:_zhes bslu med rdo rje'i lung gis gsal bar bstan pa ltar/_mnga' bdag chos kyi rgyal po khri lde'i lha sras bar pa/_sa bcu'i dbang phyug mu rub btsad po ye shes rol pa rtsal gyi rnam 'phrul rtsod bral dus bab kyi sprul pa'i gter ston chen po o rgyan mchog gyur bde chen zhig po gling pa phrin las 'gro 'dul rtsal gyis/_rgyud kyi lung dang 'brel ba/_dngos stobs kyi rigs pas grub pa/_man ngag gi myong bas brgyan pa/_ngo mtshar byin rlabs kyi tshan kha mchog dang ldan pa'i zab gter rgya mtsho lta bu zhig spyan drangs pa las/_dgung grangs nyer lnga'i steng sngags srung e ka dzA Ti'i lung bstan pa ltar slad nas dgung grangs nyer brgyad du son pa rab byung bcu bzhi pa'i me 'brug rgyal gyi zla ba'i tshes gsum la smad shod dzam nang gi phur klong sems phug tu grags pa rang byung pad+ma'i sgrub gnas kyi rgyal po pad+ma shel phug gi gnam khung nas thams cad mkhyen dngos 'jam dbyangs mkhyen brtse'i dbang po dang yab sras lhan 'dzom zhing skal ldan gyi 'dus pa mang pos mthong bar bar chad med par spyan drangs par mdzad pa ste/_pad+ma'i zhal tshab 'gro 'dul sprul pa'i gter 'byin sngon byon sus kyang phyag khar ma smin cing*/_gdul bya'i zhing 'dir snga na med pa'i chos sde/_bod yul sa 'og kun gyi gter gcig_/rgya bod mkhas grub kun gyi thugs bcud/_'bum phrag drug cu rtsa bzhi'i snying po/_sde gsum klong dgu'i man ngag mthar thug_/lo chen bai ro tsA na'i snying thig_/dam chos rdzogs pa chen po sde gsum zhes mtshan tsam thos pas srid pa hrul por byed pa'i zab chos yid bzhin gyi nor bu bsam 'phel dbang gyi rgyal po bye bas kyang cha tsam bsgrun du med pa'i thos grol chen mo 'di'i lo rgyus ni/_gzhung rtsa ba las/_na mo gu ru:_dam chos rdzogs pa chen po sde drug las:_thog mar lo rgyus kyi sde la'ang skor gsum ste:_snga ma dang bar pa tha ma gsum:_dang po gzhi'i rgyud kun tu bzang po:_lam ye shes chen po:_'khor bsam gyis mi khyab pa:_dus thog mtha' med pa:_zhing kun la khyab pa lngas bsdus te rdzogs pa chen po gdams:_sa ma ya rgya:_'og min tu ston pa rdo rje sems dpa':_'khor rigs lnga po la:_dus thog ma dag la ye nas gsal bar bstan to:_sa ma ya rgya:_sum cu rtsa gsum lha gnas:_rgya mtsho'i gting rum:_gnam lcags yod pa'i rtser:_'gro ba drug tu thub pa drug dang dgu rnams kyis:_kun tu bzang po bshad pa'i dus na:_'gro ba'i khams na rdzogs par snang bar gyur to:_sa ma ya rgya:_dga' rab rdo rje 'og min tu phyin te:_rdo rje sems dpa' las rgyud 'bum phrag drug cu gsan te:_'jam dpal bshes gnyen la bum pa gang byos kyi tshul du gnang:_des shrI sing+ha la rgyas bkrol te yongs su rdzogs par bshad do:_sa ma ya rgya:_spyi don gnyis pa:_spyir gsang sngags gsang ba bcu las:_bla ma gsang bar gces pa dang:_bye brag rgya gar gyi lugs la bla ma shin tu gsang zhing:_khyad par o rgyan chen pos:_bla ma'i mtshan ni shin tu gsang bar mdzad:_tha ma'i tha mar bka' yi tha mar dge ba bdag cag rnams kyis thos pa las:_bod yul du brgya dang lnga bcu bzhugs pa'i brgya la ni ma thos so:_thos pa'i tshul ni:_o rgyan rin po che ni rig pa'i rtsal dbang thob pa rgya gar du yongs su grags par lo paN rnams kyis bzhed:_rtsal dbang bskur ba'i slob dpon ni gang yin pa de ma 'tshal lo:_kho mos thabs kyi sgo nas lan mang por thos par 'dod kyang:_zur tsam ma gnang ngo:_dus re zhig gi tshe:_bod kyi lo gsar chen po byas pa'i tshe:_gral gyi gong nas khri srong lde'u btsan gyis gsungs pa:_bdag cag rnams la bka' drin che ba ni gu ru rin po che 'di nyid lags shing:_deng sang mon du bzhugs:_mon mo bkra shis khye 'dren mon mi skal ldan 'ga' la:_sku'i bkod pa sgyu 'phrul zhi khro'i lha tshogs su bstan cing:_sngar ma grags pa'i rdzu 'phrul gyi bkod pa du ma zhig bstan par thos:_lo paN mkhas grub gzhan rnams kyis rdzu 'phrul ya ma zung ci gnang na'ang:_o rgyan chen po la ni 'gran ma mchis so:_'di'i don du mi yul du:_rig pa'i rtsal dbang thob pa o rgyan kho na las med par grags:_de yang rig pa'i rtsal dbang bskur ba'i ye shes kyi sku brnyes pa rgya gar 'phags pa'i yul du 'gran zla dang bral ba zhig yod tshul ni sangs rgyas gsang ba'i zhal nas thos:_gzhan nges pa ma rnyed pas deng shar ba'i lo 'dir gu ru nyid kyi bstsal ba'i slob dpon:_de nyid rab gdams ngag thos pa:_'bring rnam thar thos pa:_tha ma mtshan thos pa zhig ni bdag cag rnams ngal ba med par don du gnyer ba ni gal che'o:_zhes gsungs pas:_de ltar bgyis par zhal 'cham ste:_o rgyan rin po che shel brag tu gdan drangs:_thugs sras kyi snying por gyur pa rje yis zhus kyang ma gsungs so:_khra 'brug tu gdan drangs te rje 'bangs mang po'i zhus kyang ma gsungs so:_bu tshal pho brang du rgyal po nyid kyis spyan drangs te rgyal po'i 'jig rten gyi nor sna mang po phul te zhus kyang:_bdag gi bla ma'i mtshan brjod na bod yul gyi sa g.yo bar 'gyur ro:_zhes gsungs te ma gsungs so:_sgra bsgyur gling du phebs nas lo tsA mdzad de chos mang po bsgyur ba'i skabs zhig la:_gu ru nyid dang bi ma la gnyis ka la zhus pas:_bi mas ni o rgyan gyi dgongs pa la brtags te ma gsungs:_gu ru nyid kyis ni chos kyi gsung 'phros mdzad par byed:_de nas dus khyad par can spre'u lo sprel zla ra ba'i tshes bcu la bsam yas kyi bar khang nas o rgyan rin po ches 'brog ban lo tsA dang:_shel dkar bza' phyag phyir khrid de:_snga bar bzhengs nas mchims phur phebs:_rje 'bangs thams cad 'dus shig bka' bstsal to:_rje 'bangs rnams kyang la'ur rjes su phyin pas:_bsam yas mchims phu'i yul khams de dag pa'i zhing khams chen por byin gyis brlabs te:_o rgyan gyis 'gro 'dul sum brgya drug cu'i skur bstan to:_gtso bo'i zhal nas rje 'bangs rnams:_rtag par bdag la don gnyer che bas yang yang bskul ba'i don ni:_bdag gi rtsa ba'i bla ma'i mtshan brjod par gsol ba btab cing:_nyin mtshan kun tu don de las dran rgyu med pa kun la byung 'dug pa:_de'i don re ba yongs su rdzogs par bskang bar bgyi'o:_de bas na mtshan brjod par dka' ba:_bdag gi bla ma ye shes kyi sku brnyes pa dpal he ru ka 'jigs pa med pa shrI sing+ha zhes bya'o:_zhes gsungs pas:_nam mkha' rnams bde bar gshegs pa rnams kyis gang:_bar snang gi snang srid rnams zings se song:_sa gzhi rnam pa drug tu g.yos te 'od dang thig ler gyur:_rje 'bangs rnams dga' 'khyil ler zung 'jug gi ye shes de nyid du mthong bar gyur to:_de'i tshe bsam yas mchims phu'i ri dang rtsi shing rnams kyang rgya gar gyi phyogs su mgo gug par gyur to:_slar yang rje 'bangs rnams kyi lus longs spyod bsod nams tshogs kyi maN+Dal chen po phul te:_des bstan pa'i gdams pa ston par zhus kyang gsungs par ma gyur to:_slar bsam yas su phebs te dbu rtse'i bar khang du khri srong lde'u btsan:_bai ro tsA na:_nam mkha'i snying po:_ye shes mtsho rgyal:_lha sras mu khri:_ngan lam ban+de ye shes:_gnyags dz+nyA na:_lang gro dkon mchog:_rdo rje bdud 'joms rnams so so'i gzung ma dang bcas pa thams cad la:_spyi la gces pa shrI sing+ha'i dbang bskur:_phyi sems sde'i bla ma sum cu rtsa gcig gi dgongs pa gcig tu dril ba'i dbang bskur ba:_yi dam rdo rje dbyings kyi dbang spyi blugs su bskur ba:_man ngag a yig mda' 'phen te phyi thun mong gi dbang bskur:_nang klong sde las:_rig 'dzin bco lnga'i byin rlabs:_ston pa bcu gnyis kyi brda dbang:_mngon rdzogs rgyal po'i don dbang rtsa ba dgu bsgril te nang skor gyi dbang gsum bskur:_gsang ba man ngag gi sde las:_rig 'dzin bco lnga'i byin rlabs:_zhi khro'i don dbang:_sgrub dbang brgyad du bsgril ba'i dbang ste gsang skor gyi dbang gsum bskur:_de rjes sgrub thabs dgu sprugs su gnang:_rdzogs rim sngon 'gro'i brda dbang gsum gyis smin par mdzad de:_dngos gzhi khrid gsum gyis grol zhing:_rjes kyi man ngag gsum gyis grol ba mthar phyin par mdzad do:_sa ma ya rgya rgya:_spyi don gnyis pa la'ang gnyis te:_slob dpon bai ro tsA na rgya gar du ye shes kyi sku brnyes shrI sing+ha dang mjal te gdams pa sde gsum thob pa'i bar pa ni gcig la'ang ma bstan te:_rgyal mo rong gi phyogs su bstan pa yod snyam yang nges pa ma rnyed do:_kho mo dang g.yu sgra snying po gnyis kyis yang yang zhus kyang:_slob dpon gyis:_gnang ba srid de ma gnang srid:_srid na mi pham zhes byar yod:_ma srid chos skur zin yang cha:_de ltar slob dpon gyis gsungs pa la brtags na ye shes kyi sku brnyes pa mi pham gyi mtshan can yod pa shin tu'ang nges:_de'i snyan brgyud mtha' nas mtha' ru rgyas shing khyab pa dang:_rtag par smon cing bdag gis lan du mar zhus kyang ma gnang ste:_phyis khams phyogs su ngam gyi pha bong nag po'i steng du slob dpon dgongs pa la bzhugs pa'i tshe:_o rgyan rin po che'i bka' lung bstsal ba dang bcas:_gdams pa'i rtsa tshig tsam zhig bstsal bar yi ger bris te zla ba gsum gyi khongs su gter du sbas dgos par gdams so:_gnyis pa gter du sbas tshul ni:_spyir o rgyan chen po khams kyi phyogs su lan gsum byon pa'i phyi mar lho nub srin yul du gshegs khar nye ba yin 'dra zhing:_de'i rgyu mtshan kyang:_o rgyan chen pos:_lo bcu'i nang nas sku dngos bod du med:_ces gsungs pas rtogs so:_de nas snga ma rgyal sras mu rub btsad po'i khri srong gi blon po 'u ring gi bu bsad nas rgyal khrims kyi nyen te lha sras khams kyi phyogs su spyugs pa'i tshe:_o rgyan chen po gdan drangs:_de'i gong du lha 'dre dam la btags pa'i dus su yang sa gzhi thams cad zhabs kyis ma bcags pa mda' gang tsam yang med par mdzad snang zhing:_phyis 'di ni khams kyi nam mkha' mdzod du:_bka' 'dus chos kyi rgya mtsho'i dkyil 'khor zhal phye ba'i tshe:_rma dan tig brag tu phebs pa'i lam zhor du:_shod chen bzhi'i ya gyal smad shod 'dzom gyi brag pad+ma shel phug tu zla ba gsum du bde gshegs 'dus pa'i sgrub pa mdzad pa'i tshe:_rig 'dzin shrI sing+ha la o rgyan gyis dgongs pa gtad pa tsam gyis ye shes kyi sku can dngos su byon te:_gsang phug gong mar slob dpon rnam gnyis chos kyi bgro ba mdzad nas dpe rgyud gter du sbas pa'i gnang ba bstsal te gter du sbas pa'o:_de'i tshe slob dpon bai ro tsA nas kyang mjal te sde gsum gyi slob dpon zhal mngon sum du 'dzom par gyur to:_gter bdag ni phyi ltar skyes bu rdo rje legs pa:_nang ltar 'bar ba me yi gdong can:_gsang ba ltar ma mo gshog rgod rtsal gsum la bcol to:_sa ma ya rgya rgya rgya:_lo rgyus ngo mtshar snying gi ti ka 'di:_ma 'ongs rjes la phan phyir gter du sbas:_nam zhig las can bu dang 'phrad par shog:_'phrad nas skal ldan mang po grol bar shog:_zhes rdo rje'i tshig gis bstan pa ltar 'di la'ang gzhung rtsa ba dang yan lag gi chos sde gnyis las/_'dir skabs su bab pa rtsa ba'i chos sde/_de la'ang phyi sems sde'i skor/_nang klong sde'i skor/_gsang ba man ngag sde'i skor tsho chen po gsum du bzhugs rnams gyi smin grol rgyab brten dang bcas pa rnams/_ma hA gu ru'i rdo rje'i lung las/_de la dbang bas 'di nyid thon pa'i tshe:_lo gcig gam ni yang na lo gsum khong:_skyes bu dpral ba sme ba dmar pos mtshan:_byis pa'i tshul can de la mtha' nas ster:_gnas kyi nye 'dabs 'di ru shin tu 'byung:_ces rdo rje lung gis shin tu gsal bar bstan cing*/_gter chen bla ma'i rigs sras rnam pa gsum las g.yu sgra'i rnam 'phrul kun bzang 'jigs med tshe dbang nor bu la sgrub gnas de nyid kyi gzim chung rdo rje bkod par me stag khrum gyi nya ba'i zla bar chos rgyal sras lhan rgyas pas yi dam khro bo mngon rdzogs rgyal po'i sgo nas bdud rtsi'i sgrub chen dang 'brel bar gdams zab 'di nyid chig brgyud du bstsal ba las gter chen bla ma'i mchog sprul rin po che 'gyur med pad+ma theg mchog bstan 'phel gyis gsan/_de nyid kyi drung nas pad+ma ye shes rdo rje/_de las kho bo cag gis legs par thob pa las 'dir smin byed dbang gi rim pa yin/_de la'ang rnam grangs mang du mchis pa las/_'di ni dpal sgyu 'phrul drwa ba chen po las/_slob dpon ji ltar blta zhe na/_bla ma sangs rgyas kun dang mnyam/_/de ni rtag tu rdo rje 'chang*/_/zhes gsungs pa ltar thar pa dang thams cad mkhyen pa'i lam gyi yon tan thams cad bla ma'i thugs rje dang byin rlabs kho na las 'byung zhing*/_khyad par gsang sngags kyi lam dang dngos grub/_de las kyang bzhi pa don gyi ye shes ni bla ma'i dgongs brgyud kyi ye shes 'pho ba'i dbang bskur kho na la rag las pa'i gnad kyis sangs rgyas gnyis pa slob dpon chen po'i thun mong ma yin pa'i rig pa rtsal gyi dbang bskur zhu ba'i bla ma rig 'dzin chen po shrI sing+ha gtso bor bzhugs pa'i rig 'dzin bla ma sum cu rtsa gcig gi rdo rje'i dbang bskur ba ste/_thog mar sde gsum gyi dbang dang byin rlabs spyi la gces pa rig 'dzin bla ma shrI sing+ha'i zab dbang nyi zla'i rgya can bskur ba la bdag nyid kyi bgyi 'os rnams grub nas/_khyed rang rnams kyi ngo skal du gyur pa la dbang bskur zab mo gsan pa'i yon du maN+Dal 'bul bar zhu/_zhes mtshams sbyar la maN+Dal phul/_gsol gdab nas brtsams rgyud sbyang dam tshig bsgrags bzung rnams dbang chings snga ma ltar byas rjes/_de rnams kyi dbang gi sngon 'gro'i chos rnams grub/_dngos gzhi dbang gi gzhi byin rlabs 'bebs pa'i rim pa la khyed rang rnams lus gnad bsrang*/_rlung kha sbyor du 'ching*/_mig mi 'gul/_yid kyi dmigs pa 'di bzhin gyis/_zhes brjod la sbyar spos btul/_rol mo'i sgra dang bcas/_shrI sing+ha rnal 'byor gzhon nu'i tshul:_dkar dmar mdangs ldan zhal gcig phyag gnyis pa:_gcer bu rus pa'i rgyan drug gar stabs bsgyur:_rtsa gsum 'khor lo bzhi ldan lte ba'i mdor:_gtum mo a shad dbyibs can rab 'bar ba:_spyi bor thig le hU~M yig mgo thur bstan:_snying gar rnam shes ngo bo a dkar po:_slob mas slob dpon la ni mos gus bskyed:_slob dpon shrI sing+ha yab yum du:_gsal ba'i sbyor mtshams las ni 'od 'phros pas:_slob ma'i gsang ba nas zhugs gtum mo sbar:_spyi bo'i thig le zhu zhing gsal ba las:_lus kyi stod smad dwangs ma dkar dmar gyis:_gang zhing snying ga'i thad du go skabs can:_bde ba bsgom zhing bde ba cher 'phel tshe:_dkar dmar 'dres shing a yig la thim pas:_thig le cher 'phel bde ba chen por bsgom:_rgyal ba'i tshogs rnams bde ba chen por zhu:_bdud rtsi'i rang bzhin spyi bo'i gtsug nas byung:_snying gi nang zhugs lus kun mer gyis khengs:_bde ba chen po'i ye shes rtse gcig bsgom:_ces dal bus brjod pas byin dbab/_mthar ye shes phebs pa de nyid brtan par byas pa'i mos pa mdzod/_tiSh+Tha badz+ra/_ces brjod la rdo rje mgor rgya gram du 'jog pas brtan par bya/_dbang dngos la/_rtsa ba bum pa/_gsang ba/_sher ye/_tshig dbang bzhi la nang gses bzhi bzhir dbye bas rnam pa nyi shus byang chub pa zhes dbang bzhi'i mngon par rtogs pa'i byin rlabs thod rgal du thob pa'i rig 'dzin bla ma'i zab dbang nyi zla'i rgya can gyi dang po bum dbang la dmigs pa 'di bzhin mdzod/_slob dpon gyis bum pa thogs la/_bum nang shrI sing+ha'i spyi bo yi:_oM yig gsal zhing yab yum sbyor ba yis:_oM las dga' ba'i bdud rtsi dkar gsal bab:_sku gang sbyor mtshams nas babs bum pa gang:_kha nas lud cing slob ma'i spyi bor bab:_bde chen 'khor lo'i rtsa khengs bde chen bsgom:_de bzhin mgrin dang thugs ka'i AHhU~M las:_bdud rtsi dmar mthing dga' chen khyad dga' yi:_ngo bor bab cing slob ma'i mgrin pa dang:_snying ga gang nas bde mchog rgyas par bsgom:_de rjes lte ba'i hrIHlas lhan skyes kyi:_bdud rtsi babs shing slob ma'i lte ba khengs:_sku yi gnas rnams ma lus thams cad nas:_bdud rtsi 'od lnga'i mdangs ldan bab pa yis:_slob ma'i lus gang bdud rtsi gyen 'khyil bas:_spyi bo'i gtsug tu rdo rje sems dpa' bsam:_hU~M:_rang byung bde ba chen po'i bum pa ru:_lhan cig skyes pa'i bla ma yab yum bzhugs:_bde chen sbyor ba'i bdud rtsi bsam mi khyab:_rang grol bde chen ye shes bskyed pa'i phyir:_bla na med pa bum pas dbang bskur ro:_oM AHhU~M gu ru shrI sing+ha sid+d+hi hU~M:_kA ya wAka tsit+ta gu Na karma a b+hi Shiny+tsa hU~M:_zhes brjod la bum pa gnas bzhir bzhag cing bum chu sbyin/_thod pa'i bdud rtsi thogs la/_gnyis pa gsang ba'i dbang la dmigs pa 'di ltar mdzod/_slob dpon yab yum shrI sing+ha ni:_mnyam par sbyor ba'i spyi mgrin snying lte bzhir:_yig 'bru oM AHhU~M hrIHgsal ba las:_dga' bzhi'i ngo bo 'od zer dkar dmar mthing:_ser po bdud rtsi'i rang bzhin yongs rdzogs babs:_slob ma'i khar sbyin rtsa bzhi lus kun gang:_bde chen bzhi dang yongs rdzogs thob par bsgom:_hU~M:_yul snang rnam par dag pa'i thod pa ru:_rnam par dag pa'i dbang po sbyor ba yis:_rnam shes ye shes bsgyur ba'i byang sems bskyil:_kun gzhi rnam par grol phyir dbang bskur ro:_oM AHhU~M gu ru shrI sing+ha sid+d+hi hU~M:_kA ya wAka tsit+ta gu Na karma a b+hi Shiny+tsa hU~M:_thod pa gnas bzhir bzhag ste bdud rtsi sbyin/_gsum pa shes rab ye shes kyi dbang bzhi ni/_rig tsaka thogs la/_slob bu rig ma bla ma yab yum gsal:_'du shes gsum gyis snyoms par 'jug par bslab:_yab yum gnas bzhir yig 'bru bzhi gsal bas:_de las rim bzhin thig le 'phel ba yis:_rtsa bzhi la bab gyen du drangs pa yis:_dga' bzhi yongs rdzogs nyid du bsgom par bya:_hU~M:_snang zhing stong la gsal ba'i rig ma la:_mi rtog ngang du mnyam par sbyar ba las:_bde ba'i ye shes nam mkha' gang bar 'phel:_dbyer med lhun grub chen por rtogs par shog:_oM AHhU~M gu ru shrI sing+ha sid+d+hi hU~M:_kA ya wAka tsit+ta gu Na karma a b+hi Shiny+tsa hU~M:_slob ma'i lag g.yon du gtad/_man shel bstan la/_dbang bzhi pa la bzhir dbye bas dang po brda/_rang byung rdo rje sems dpa'i me long 'dis mtshon te don rdzogs pa chen po'i lta ba sems nyid zang thal ngo bo ka nas dag pa shel lta bu las rang bzhin lhun grub 'ja' tshon lta bu'i 'khor 'das sna tshogs cir yang 'char zhing*/_thugs rje rnam 'phrul dag ma dag sna tshogs su snang yang dbyings ka dag zang thal gyi dgongs pa la nam yang 'gyur ba med pa'i don ngo sprod pa yin pas mngon sum du rtogs par mdzod cig_hU~M:_phyi nang zang thal ka nas dag pa la:_lhun gyis grub pa'i 'ja' tshon cir yang 'char:_rnam par 'phrul pa'i bye brag cir snang yang:_rang byung dbyings las 'gyur ba med pa'o:_oM AHhU~M gu ru shrI sing+ha sid+d+hi hU~M:_kA ya wAka tsit+ta gu Na karma a b+hi Shiny+tsa hU~M:_rma bya'i mdongs sgro me long du 'char ba mig sngar bstan la/_sgom pa 'od gsal chen po mtshon byed kyi dpe rma bya'i mdongs sgro dang me long gsal ba 'dis mtshon te/_mtshon bya don gyi gnas lugs ka dag gi ngo bo dbyings rnam dag me long dwangs pa lta bu'i rang bzhin la/_rig pa 'od gsal sgron ma bzhi'i snang cha phyi nang gi dbyings dang thig le lug rgyud gsal ba mdongs thig lta bu gnad bzhis gcun pas chos nyid rang las 'byung zhing rang shar ba dbyings rig gnyis med rang gdangs lhun grub du shes par mdzod cig__AH_dbyings ni rnam par dag pa'i rang bzhin la:_thig le gsal ba sgron ma rang las byung:_gnyis su med pa'i rang gdangs ngo mtshar can:_lhun gyis grub pa'i ngang du blta bar bya:_oM AHhU~M gu ru shrI sing+ha sid+d+hi hU~M:_kA ya wAka tsit+ta gu Na karma a b+hi Shiny+tsa hU~M:_mngon sum 'od gsal gyi snang ba ji ltar shar yang phyi nang gnyis med 'phel 'grib kun bral lam du khyer ba'i spyod pa re dogs med pa skyong tshul phyi'i nam mkha' la snod bcud chags 'jig ci ltar byung yang nam mkha' gcig gi klong du 'phel 'grib med pa'i don ngo sprod pa'i phyir khyed rang rnams kyi mig mdun nam mkhar rang babs su ltos la rdo rje'i tshig 'di'i don la sems shig_hU~M:_phyi nang dbyings rig gnyis su med pa la:_gnyis su 'dzin pa'i kun brtags blo las 'das:_chos dbyings khyab brdal 'od gsal zang thal le:_'di zhes brjod tshig bral bar dbyings rig bsres:_oM AHhU~M gu ru shrI sing+ha sid+d+hi hU~M:_a aH_rtsol med rdo rje snying po'i rnal 'byor tshad du phyin pa'i 'bras bu gzhi rdzogs chen po'i dgongs pa klong du gyur nas sku gsum rang ngor rdzogs par blo bde ba'i don ngo sprod pa'i tshig 'di la gsan pas khyab ste/_hU~M:_ye nas rnam par dag pa'i gzhi thog tu:_bya rtsol bral ba'i bde chen mthar phyin nas:_'bras bu rang las rnyed pa ngo mtshar che:_don dam dmigs med myong ba ngos bzung bral:_ngo bo rang bzhin thugs rje rnam pa gsum:_dbyer med mi phyed dbyings rig gnyis su med:_mthar thug 'bras bu'i sa la phyin pa'o:_oM AHhU~M gu ru shrI sing+ha sid+d+hi hU~M:_d+harma kA ya a a:_de ltar rnam pa nyi shus byang chub pa'i:_bde ba chen po'i zab dbang bskur na ni:_kun la ma yin blo chen ldan la gtad:_ces gsungs pa ltar/_he badz+ra las/_gzhan gyi brjod min lhan cig skyes/_/gang du yang ni mi rnyed de/_/bla mas dus thabs bstan pa dang*/_/bdag gi bsod nams las shes bya/_/zhes gsungs pa ltar dgongs brgyud ye shes chen po'i byin rlabs btsan thabs su 'bebs pas dbang bzhi'i rtogs pa thod rgal du skye ba'i zab gnad thun mong ma yin pa shin tu gsang ba'i nges pa bla ma'i rdo rje bzhi yi dkyil 'khor la brten nas zab pa'i dbang bzhi legs par grub pa la rtsa gsum rab 'byams rgya mtsho'i bkra shis kyi me tog char du bsnyil bas dbang don ye shes brtan cing gong 'phel du byas pa'i mos pa mdzod/_ces mtshams sbyar la bkra shis ci rigs brjod/_de ltar dbang bskur ba nyid tshul bzhin grub nas spyi dang khyad par lhag pa'i dam tshig rnams mdor bsdus te khas blang ba 'di'i rjes zlos mdzod/_gtso bos ji ltar sogs/_dbang bskur thob pa'i gtang rag tu maN+Dal phul/_zhes brjod la maN+Dal 'bul/_maN+Dal du ma zad lus dang longs spyod thams cad 'bul nas cha shas nas bzhes la longs spyad du gsol snyam pas 'di'i rjes zlos gyis/_deng nas brtsams te sogs/_de rnams kyis thog ma'i chos kyi sgo 'byed kun la gces pa rig 'dzin shrI sing+ha'i dbang bskur nyi zla'i rgya can legs par grub pa'i dge ba rdzogs byang tu bsngo ba dang 'di'i sgo nas rang gzhan gyi don rgya chen po mdzad par zhu/_bsod nams 'di yi thams cad sogs brjod nas slob ma rnams rang gnas su btang ngo*/_gsum pa rjes tshogs la rol zhing lhag ma bsngo ba sogs phrin las kyi byang bu ltar bgyis pas grub bo/__/rig 'dzin bla ma'i sgrub thabs ni/_/thabs shes nyi zla'i rgya can gyi/_/skal ldan dbang bzhis rgyud smin pas/_/sku bzhi'i sa bon thebs gyur cig__!__gsum pa phyi skor sems sde'i bla ma sum cu rtsa gcig gi sgrub dbang la don gsum las/_sbyor ba gshom ni/_rig 'dzin bla ma'i rten byin can bkram pa'i mdun/_ras bris sam 'bru dkar tshom bu'i steng stegs bur grub thob sum cu rtsa gcig gi tsaka li bsham la phyi nang gi mchod pa 'byor na brgya rtsa/_ma 'byor na ci rigs dang*/_tshogs kyi yo byad/_sngon gtor sogs tshogs par byas nas/_dngos gzhi dbang sgrub la bla ma'i bskyed rim byang bu khrigs bsdebs tshogs mchod grub kyi bar btang*/_las bum mam bsang chu rdor sems snying pos brlab/_slob ma rnams bos la khrus nas dbyung*/_bgegs bskrad srung 'khor sogs spyi ltar bya/_maN+Dal bkye bsdu/_sems bskyed gsal btab la lo rgyus kyi khyad par/_de la gang zhig gsan par bya ba'i chos ni/_snga 'gyur rdo rje theg pa la bka' gter dag snang gi babs so gsum du mchis pa las 'dir shin tu zab pa gter gyi phyogs yin/_de la'ang rgyud dang sgrub sde'i phyogs gtogs ji snyed cig bzhugs pa las/_rgyud sde la mdo sgyu sems gsum zhes nang rgyud yo ga gsum dang*/_sgrub sde chen po brgyad dam bsdu na rtsa ba gsum kun la khyab pa'i snga 'gyur rang skad la bskyed rdzogs rdzogs chen gsum zhes grags pa'i ya gyal theg dgu'i rtse rgyal a ti 'od gsal rdzogs pa chen po ste/_ma hA sin+d+ha'i sgra las drangs na yang dag pa'i bsam gtan chen po zhes par 'gyur te/_theg brgyad blo yi grub mtha' las 'das pa'i gnas lugs gcig pu'i klong du 'khor 'das kyi chos thams cad rang shar ba'i ye shes bla na med pa nyag gcig du byed pa ste/_de la phyi nang gsang ba'i skor tsho chen mo gsum du dbye ba las/_'dir phyi skor lus lta bu kun byed rgyal po'i rgyud las 'phros pa'i snga 'gyur lnga/_phyi 'gyur bcu gsum la sems smad bco brgyad dang*/_rmad byung rgyal po/_mdo bcu bsdoms pas nyi shu rtsa gcig sogs rgyud lung man ngag gi bstan don/_chos thams cad sems nyid gcig pu'i cho 'phrul du rgyu rkyen rtsol sgrub las 'das par rtogs pas spang bya'i mtha' las grol ba sems sde/_de la'ang nang gses su 'bras bu sems kyi byung sa 'dod pa sogs dbye ba bdun rnams lo chen bai ro tsA nas mnga' bdag rgyal po/_rgyal mo g.yu sgra snying po sogs la gsungs pa'i rim pa lnga dang*/_bai ro dang g.yu sgra las gnyags dz+nyA na ku mA ras gsan pa sogs bka' ma dang*/_gter byon phyag chen skor ci rigs bzhugs pa las/_'dir ni o rgyan mchog gyur bde chen gling pa'i zab mo gter las byon pa'i phyi skor nam mkha' klong yangs te/_dus 'khor las/_dang po yang dag bstan bya ba/_/slob dpon yang ni dam tshig can/_/rdo rje theg pa'i yan lag gnas/_/de kho na nyid tshangs spyod can/_/bdud rnams kyi ni rdo rjes phug_/de yang sa yi steng du ni/_rdo rje sems dpa' rab tu grags/_/zhes pa ltar/_thog mar bla ma rigs kun bdag po'i byin rlabs dbang gi cho gas smin dgos pas/_sems sde'i rig 'dzin bla ma 'gro 'dul sum cu rtsa gcig gi byin rlabs dbang bskur sgrub pa'i skabs su babs pa yin la/_de la bdag nyid kyis bgyi bar 'os pa rnams grub nas/_khyed rang rnams kyi ngo skal du gyur pa la dbang bskur gsan pa'i yon du dmigs nas maN+Dal 'bul bar zhu/_zhes brda sbyar la maN+Dal phul/_khyed rang rnams snyim pa me tog gis bkang ba bcas thal mo sbyar la gsol ba 'debs pa 'di'i rjes zlos gyis/_zung 'jug dgongs pa brnyes pa yi:_'gro 'dul sum cu rtsa gcig gi:_byin rlabs brtse bas gnang du gsol:_lan gsum/_de ltar gsol ba btab pa la bla mas bskur thob bral ba'i dbang bskur ye nas rang la rdzogs par gdams pa ni/_spyir ni 'gro 'dul lnga bcu rtsa brgyad po:_thams cad zung 'jug mngon gyur kun tu bzang:_dgongs pa rang byung nam mkha'i rnal 'byor tshogs:_ye shes sku can 'khor 'das yongs la khyab:_bzhugs yul zhing khams gzhan du btsal mi 'tshal:_da lta'i nam mkha' 'di yang rnal 'byor rnams:_rang gi sems nyid 'di la'ang bla mas khyab:_bskur bya skur thob bsgrub dang sgrub thabs med:_rnal 'byor lta ba'i ngang la sgrub dbang rdzogs:_zhes brjod/_de nas khyed rang rnams kyi tshogs bsags pa'i ched du mchod pa 'bul bar gdams pa ni/_e ma ho bde gshegs bla ma rnams:_bsam gyi mi khyab chos nyid klong:_kun tu bzang po'i rnal 'byor yin:_lta ba'i rgyal po'i mchod pa 'bul:_zhes gdams nas/_slob ma rnams kyis maN+Dal tshogs:_ci 'byor bshams te lta bar gnas:_ces gsungs pas/_rang rig gdod nas rnam par dag pa'i rig rtsal bla ma'i lha tshogs rnams kyi spyan sngar tshig ris dang mthun pa'i dmigs 'don zung du chud pas 'di rnams rjes zlos gyis/_gdod nas dag pa'i kun bzang bla ma la:_mtshan 'dzin 'khrul pa'i bskang bshags mi 'tshal zhing:_gnyis su 'dzin pa'i phyag 'tshal mos gus bral:_de bas rang rig klong du phyag 'tshal lo:_gnyis su med pa'i mchod sprin rgya mtsho mchod:_bsam las 'das pa'i ngang du thugs dam bskang:_brjod med brjod pa thams cad mthol lo bshags:_e ma ho bde gshegs bla ma rnams:_kun bzang dgongs klong sems su rdzogs pa la:_phyi nang gnyis med spros pa'i mtha' las 'das:_chos dbyings klong chub ngang du phyag 'tshal lo:_e ma ho rang rig bla ma rnams:_'khor 'das thams cad sa ler mthong ba la:_gnyis su med pa'i dbyings su lhun rdzogs pas:_mthong bya mthong mkhan med la phyag 'tshal lo:_e ma ho bde gshegs bla ma rnams:_phyi nang nam mkha' kun la sku ni yongs su khyab pa ni:_bzhugs pa'i yul ni phyogs bcu'i 'jig rten dag la mchis:_glo bur dri ma'i rnam rtog bsal phyir gzugs skur bzhengs pa rnams:_mtshan 'dzin 'khrul pa 'di dag myur du bsal bar mdzad du gsol:_zhes gsol ba btab pa la/_slob dpon gyis/_e ma ho:_bde gshegs bla ma 'gro 'dul lnga bcu rtsa brgyad rnams:_dmigs med chos kyi sku las da lta bzhengs su gsol:_phyi skor bla ma sum cu rtsa gcig snang bar mdzod:_ye shes sku yis slob mar byin rlabs dbang chen da lta bskur du gsol:_zhes gsol ba gdab/_de nas slob dpon rig 'dzin bla ma'i skur bsgom pa dang*/_khyed rang rnams kyang rig 'dzin bla ma sum cu rtsa gcig gi sku 'di bzhin gsal thob cig_/lta ba rang bzhin dgongs klong mkhar:_cir yang bsgyur ba'i rig 'dzin gsal:_chos 'khor tshul gyi dkyil 'khor dbus:_dug gsum dag pa'i gdan steng du:_rgyal kun gsang gsum 'dus pa'i sku:_rig 'dzin shrI sing+ha ni:_dkar smug rnal 'byor cha lugs can:_phyag g.yas sdig mdzub mkha' la bsgrengs:_g.yon pas thod pa bcud bkang bsnams:_zhabs gnyis sems dpa'i skyil krung bzhugs:_rin chen dar gyi na bza' dang:_stag sham rus pa'i rgyan gyis brgyan:_g.yon nas yum mchog bdud rtsi 'bul:_spyi bor rdo rje sems dpa' bzhugs:_kun gzhi dag pa'i rang bzhin bsgom:_rnam shes 'jug yul rtsa bzhi la:_dag pa'i ye shes chen po'i dngos:_dgongs pa klong chub rgyal po dzaH_rig pa rang gsal lha yi dbang:_gnyis med rang grol skar mda' gdong:_'od gsal blo gros thabs dang ldan:_thams cad 'od kyi sku ru gsal:_tshogs brgyad rnam dag rtsa 'dab la:_dga' rab rdo rje sprul pa'i tshul:_pad+ma 'byung gnas sna tshogs chas:_'jam dpal bshes gnyen rab byung tshul:_bi ma mi tra dge slong chas:_rgyal po d+ha na ha te lo:_rgyal sras rA dza hasti ste:_sras mo go ma sA ra dang:_klu rgyal byang chub sems dpa' rnams:_'od gsal chen po'i sku ru gsal:_yul brgyad 'dzin byed rnam dag rtsar:_rgyal po kuk+ku rA dza dang:_slob dpon nA gardzu na te:_ku k+ku sid+d+hi phyi ma dang:_gnod sbyin bu mo byang chub ma:_'jam dpal bshes gnyen phyi ma dang:_smad 'tshong bud+d+ha ma ti dang:_mkhas pa Ar+Ya pA lo dang:_o rgyan mkhan po d+ha hi ta:_drang srong rgyal po bi shwa ti:_rgyal po'i sras mo go ma de:_kha che'i mkhan po'i rab snang mdzad:_rgyal po de ba rA dza dang:_rgyal po d+harma rA dza dang:_mkhas pa bud+d+ha gup+ta dang:_bod kyi mkhas pa bai ro rje:_bod mo ye shes mtsho rgyal sogs:_gzhi dag rnam shes gnas 'gyur zhing:_dbang po yul rnams 'od gsal ngang:_ma bcos gsal rdzogs chen por bskyed:_byin rlabs 'od phung 'bar bar bsam:_de ltar gsal bzhin pa la rig 'dzin bla ma rnams kyis do ha rdo rje'i glu dgongs pa mi g.yo ba'i ngang nas blangs pa dang rang 'dra'i sku gnyis pa re byung spyi bo nas thim pas sku'i byin rlabs dang*/_rdo rje'i bzlas pa bya ba gsung gi byin rlabs/_rig 'dzin bla ma rnams rang rig tu rdzogs pa'i ngang du mnyam par bzhag pa thugs kyi byin rlabs yin pas khyed rang rnams dgongs pa skye med kyi ngang du bzhag ste rdo rje'i glu la snyan gtod par zhu/_shrI sing+ha'i rdo rje'i glu ni:_ji ltar bsam yang mi rtog ngang:_sogs dal bus/_a la la hoH_bar blang*/_a sum sbrel gyi rdo rje'i bzlas pa mdzad par zhu/_a yig rdor bzlas bya/_shrI sing+ha rang rig tu rdzogs pa'i ngang mnyam par bzhag:_ces brjod la dgongs pa'i ngang bskyang*/_li tsA bi dri med grags pa nas 'jam dpal bshes gnyen gyi glu rdzogs kyi bar dang*/_bi ma'i glu gsang skor gyi glu nas/_slob dpon bi ma mi tra'i rdo rje'i glu:_ye shes dbyings su rnam par dag pa yi:_bde chen brtsegs par mkha' 'gro dbyings phyug mas:_slob dpon mchod pas de tshe 'di skad gsungs:_a hoH_bde chen nam mkha' gang ba'i dbyings su dag:_rang byung rang shar rig pa'i klong du thim:_dbyings rig gnyis med zung 'jug la bzlas pas:_'khor 'das kun khyab he ru ka dpal lo:_pad 'byung gi_'chi med pad+ma 'byung gnas rdo rje'i glu:_rang byung rang shar chos nyid bstan pa'i tshe:_lhun grub brtsegs kyi bam ro'i tshal chen du:_pad+ma 'byung gnas brtul zhugs spyod pa'i tshe:_a hoH_shar grol dus mnyam rig pa zang thal ni:_'jigs med snang med 'dzin med ngang du spyod:_klong las shar ba'i cho 'phrul cir bstan kyang:_'khor 'das mnyam pa nyid du brdal ba'o:_de nas d+ha na ha te man chod kyi rig 'dzin bco brgyad kyi glu snga 'gyur bka' ma'i sems sde'i dbang chog nas blang dgos/_mchan/_de re re la tsaka li spyi bor bzhag_/a yig rdor bzlas/_dgongs pa mnyam bzhag rnams ma chad pa gal che'o/__/de rnams kyi byin rlabs brtan par bya ba'i slad du rig 'dzin bla ma'i lha tshogs rnams kyi shis pa brjod cing phyag gi me tog 'thor bas dge legs su byas pa'i mos pa mdzod/_bkra shis ci rigs brjod/_byin rlabs dbang bskur zab mo thob pa'i skabs su zhal gyi bzhes pa'i dam tshig la srung sdom bgyid snyam pas 'di'i rjes zlos gyis/_gtso bos ji ltar sogs/_dam tshig bsgrags bzung btang rag maN+Dal yon 'bul dge bsngo rnams bya'o/__/rjes kyi rim pa rnams kyang byang bu khrigs bsdebs ltar ro/__/grub brnyes sum cu rtsa gcig gi_/byin rlabs smin byed dbang bskur bcud/_/nges don snying po 'di kho na/_/sems sde mdzes pa'i rgyan du gyur/__!__bzhi pa phyi skor zhi ba rdo rje dbyings kyi dkyil 'khor du dbang bskur ba la/_sbyor ba gshom ni stegs bu'i khar ras bris sam ma 'dzom na maN+Dalar 'bru'i tshom bu dbus dang*/_phyogs mtshams la re re/_de rgyab mtshams bzhi dang shar nub gnyis su re re ste thub drug_/sgo bzhir tshom bu bzhi rnams bkod pa'i many+dzi'i khar bum pa bcud ldan/_shar du dbu rgyan/_lhor rdo rje/_nub tu dril bu/_byang du dar dpyang*/_stabs gang bder zhi ba gtso dgu'i sku tsaka rdo rje slob dpon mnga' gsol gyi chas tsaka_/thod chang*/_mig dar me tog rnams bkod/_dngos gzhir dbang sgrub sngon rjes rnams phyi skor yi dam zhi ba'i byang bu khrigs bsdebs ltar la/_bdag mdun la dmigs pa'i bzlas pa grub rjes/_bum pa rang byung gi gzhal med khang du zhi ba rdo rje dbyings kyi lha tshogs rnams dwangs pa'i mtsho la gza' skar shar ba ltar gsal bar gyur/_gzungs thag blangs la/_rang srog sngags kyi 'od zer sogs dang*/_dzapa sngags bzla/_stong tshig dang*/_bum pa'i lha 'od du zhu ba bum chu dang dbyer med du gyur/_ces brjod/_las bum gong ltar brlab/_bka' gter srung ma'i gtor 'bul/_tshogs mchod/_rig me dor ba rnams bya'o/__/dkyil 'khor yol bas sgrib/_dbang dngos la slob ma khrus nas dbyung*/_bgegs gtor bsngo ba sogs grub rjes/_sems bskyed gsal btab/_chos bshad kyi khyad par ni/_'dir skabs su babs pa theg pa rim dgu'i yang rtse a ti yo ga sems sde'i skor la bka' brgyud gter brgyud gnyis su bzhugs pa las/_'dir gter brgyud dkon la ngo mtshar che ba u dum wa ra lta bu'i zab chos kyi phyi skor sems sde'i yi dam zhi ba rdo rje dbyings kyi sgrub pa'i thabs rig 'dzin chen po shrI sing+has rgyud kyi dgongs pa las lung du btus te man ngag gis bkral ba'i dkyil 'khor du ye shes spyi blugs kyi dbang bskur ba la bdag nyid kyi bgyi 'os rnams grub sogs mtshams sbyor/_maN+Dal 'bul/_rgyas par phyi 'jug la sogs bya:_zhes 'byung bas mdor bsdus spro na/_khyed rang rnams sngon chad rang snang ye shes kyi dkyil 'khor du ma zhugs pa mtshon byed mig dar 'ching bar zhu/_tsak+Shu b+han+d+ha sogs kyis 'ching*/_rang rig ye shes kyi lha dang mngon sum du mjal ba gdod nas rang la bzhugs pa ngo shes pa'i brdar phyag rten du me tog gi phreng ba re yang 'dzin mdzod/_a khaM wi ra hU~M gis sbyin/_dbang bskur zhu ba'i yul zhi ba rigs dgu'i dkyil 'khor gyi gtso bo rnam par snang mdzad dang bla ma tha mi dad pa la mi phyed dad pas gsol ba 'debs pa 'di'i rjes zlos/_e ma hoH_bde gshegs bla ma rgyal ba sras bcas kun:_ma lus bdag cag rnams la dgongs su gsol:_rdo rje dbyings kyi dkyil 'khor chen po ru:_bdag cag gzhug cing smin par mdzad du gsol:_lan gsum/_slob dpon gyis/_oM:_rdo rje dbyings kyi dkyil 'khor chen po 'dir:_'jug cing smin pa bskal par rnyed mi 'gyur:_rtsol bas tshul bzhin 'jug par rjes yi rang:_bu rnams tshur shog dam tshig thub par gyis:_zhes gnang ba sbyin te/_rgyud sbyang ba'i slad du bla ma nyid dkon mchog rtsa gsum rgya mtsho'i khyab bdag bde gshegs zhi ba rdo rje dbyings kyi dkyil 'khor chen por bzhugs pa'i spyan sngar bdag gzhan sems can thams cad sgo gsum 'jug pa gcig pas byang chub bar du skyabs su 'gro bar bgyi'o snyam pa kun rdzob gzhi'i skyabs 'gro dang*/_'khor 'das kun gyi gzhi dbyings nges pa don gyi sangs rgyas dang*/_rnam shes gnas gyur 'od gsal rtogs pa dam pa'i chos/_sgo lnga'i yul shes kyi gzung 'dzin rang dag gi so so rang rig pa 'phags pa'i dge 'dun te dkon mchog gsum po rang byung gdod ma'i gnas lugs rang chas su bzhugs pa ngo shes pa la don dam rang bzhin yongs shes kyi skyabs 'gro'i de kho na nyid la mnyam par bzhag pas 'di'i rjes zlos/_kun gzhi dag pa'i sogs phrin las byang bu ltar/_mchi:_lan gsum/_sems can thams cad kyi don du sangs rgyas thob par 'dod pa'i smon pa dang*/_de'i ched du smin cing grol ba'i lam la 'jug par rdzogs smin sbyangs pa 'jug pa sems bskyed pa gnyis kun rdzob dang*/_don dam byang sems gnas lugs bde gshegs snying po'i klong du 'khrul grol gnyis su med pa'i don gyi sa bdag gzhan mnyam nyid du 'god pa'i thams cad rdo rje'i rnal 'byor du sems bskyed pa zung 'jug gis 'di'i rjes zlos/_e ma ho bde gshegs sogs/_bskyed do:_lan gsum/_zhing mchog de dag gi spyan sngar phyag 'tshal ba mchod pa 'bul ba sogs kun rdzob yan lag bdun pa'i bsags sbyang gi dmigs 'dun dang don dam rang byung rang gsal gyi dgongs pa bsal bzhag 'phel 'grib med pa tshogs chen ye rdzogs/_sgrib gnyis rang dag gi ngo shes gnyis su med pas zung du 'brel bas 'di'i rjes zlos/_snang ba rnam dag sogs/_rtogs shog:_lan gsum/_spyi dang khyad par lhag pas bsdus pa'i sdom pa dang dam tshig rnams rang bzhin lta ba'i dam tshig chen po bzhi ru la bzla bas legs par blangs nas tshul bzhin bsrung bar bgyi'o snyam pas 'di'i rjes zlos/_e ma hoH_bde gshegs sras bcas ma lus pa:_kun nas bdag la dgongs su gsol:_de bzhin gshegs pa'i rigs rnams kyis:_sdom pa ma lus bdag gis gzung:_srog gi phyir yang mi gtang ngo:_lan gsum/_de nas dam la bzhag pa ni/_dam tshig srung ba'i phan yon bsgrags pa bcas dam tshig bsrung bar gdams pa ni/_de ltar yin na de bzhin gshegs:_rdo rje dbyings kyi dkyil 'khor du:_bcug cing smin par byed du rung:_dam tshig chen po de nyid srung:_dngos grub chen po des thob byed:_de bas dam las ma 'da' zhig:_oM badz+ra sa ma ya hU~M:_rdo rje mgor bzhag_/slob dpon gyis dbye ba'i phyag rgya dang bcas/_sa ma ya pra be sha ya hU~M:_zhes brjod pas dkyil 'khor gyi sgo bzhi shag gi dbye bar gyur/_ces brjod la yol ba bsal/_lha tshogs rnams mngon sum mjal bar dkyil 'khor gyi sgo bzhi nas g.yas bskor gyis sku gsung thugs la phyag bya bar mos te/_thal mo gnas gsum du sbyar nas/_oM na ma te hU~M/_oM na ma mi hU~M/_oM na mo na ma hU~M/_lan bzhir brjod/_khyed rang rnams dkyil 'khor gyi shar sgor dbang stegs kyi steng du 'khod pa las nang 'jug gi dngos gzhi ye shes dbab pa la dmigs pa 'di bzhin gyis/_slob ma rnam par snang mdzad du gsal ba'i spyi bor ha~M:_mgrin par la~M:_snying gar ba~M:_lte bar ra~M:_rkang mthil ya~M rnams las 'od zer 'phros pas:_bde bar gshegs pa nam mkha' gang bar byon nas yi ge rnams la thim:_'od du zhu lus mer gyis gang bar bsam:_a be sha ya a AH_spos kyi dud pa dang rol mo'i sgra bsgrags pas byin dbab/_spyi bor rdo rje rgya gram du bzhag pas brtan par byas pa'i mos pa mdzod/_tiSh+Tha badz+ra zhes brtan par bya/_me tog 'bul ba ni/_rang byung rig pa'i me tog yi dam gyi lha la phul ba'i mos pas 'di'i rjes zlos dang bcas te 'dor bar zhu/_hoH_bde gshegs kun 'dus dkyil 'khor 'dir:_snying po'i ye shes brtan bya'i phyir:_rig pa'i me tog 'di 'bul gyis:_las 'phro'i dbang gis bzhes su gsol:_puSh+pe pra tIts+tsha hoH_zhes phul bas me tog lhag pa'i lhas bzhes nas dbang rtags cod pan gyi tshul du slar yang spyi bor bcings te/_hoH_mi gnas ye shes dkyil 'khor du:_rig pa'i me tog phul ba 'di:_byin rlabs bsam mi khyab par zungs:_dngos grub thams cad 'dis thob shog:_puSh+pe gr-ih+na s+t+wa~M i maM satwa ma hA ba la/_ma rig pa'i sgrib g.yogs mig dar dang lhan cig tu bsal bar gyur/_sngon gyi rgyal ba thams cad kyi:_'gro ba'i mig ni dbye bar mdzad:_sangs rgyas sa la bkod pa bzhin:_deng 'dir rnam snang mdzad bdag gis:_ma rig mig ni dbye bar bya:_tsak+Shu pra be sha ya phaTa?:_dag pa rang snang ye shes kyi dkyil 'khor 'og min bde chen stug po bkod pa'i dbus su de bzhin gshegs pa rnam par snang mdzad dbyings phyug ma yab yum/_shar du rdo rje sems dpa' dang snyems ma yab yum/_lhor 'jam dpal dang gIrti yab yum/_nub tu spyan ras gzigs ma l+yA yab yum/_byang du phyag rdor nIrti yab yum/_shar lhor kun bzang me tog ma yab yum/_lho nub tu nam snying bdug spos ma yab yum/_nub byang du sa snying mar me ma yab yum/_byang shar du byams pa dri chab ma yab yum rnams la rigs chung gi sems dpa' sems ma bcu bcus skor ba/_khyams kyi phyogs mtshams su bya byed kyi ston pa dang thub pa drug_/sgo bzhir ta kr-ita yab yum ste bde gshegs zhi ba lhun gyis grub pa rig pa ye shes kyi rten brten pa'i dkyil 'khor mngon sum du mthong bar gyur pa'i mos pa mdzod/_dngos gzhi dbang bskur ba la'ang bzhi las/_dang po bum pa'i dbang bskur ba ni/_slob dpon gyi thugs ka nas 'od zer 'phros pas gdan gsum tshang ba'i dbang lha nam mkha' gang bar spyan drangs pa rnams slob dpon lhan cig pas mi bskyod pa'i ngo bo rnam rgyal bum pa'i chus dbang bskur bar gyur/_hU~M:_rin chen bum pa gzhal yas khang:_nang du bde gshegs lha tshogs bzhugs:_skal ldan bu la dbang bskur bas:_snang stong ye shes rtogs par shog:_ka la sha a b+hi Shiny+tsa hU~M:_rgyas par spro na bskyed sngags re re'i mthar ka la sha btags pas bskur/_rin 'byung gi ngo bo dbu rgyan gyi dbang bskur te/_hU~M:_rin chen mdzes pa'i dbu rgyan 'di:_rgyal ba kun gyi cod pan te:_skal ldan bu la dbang bskur bas:_mnyam nyid ye shes rtogs par shog:_rat+na mu ku Ta~M a b+hi Shiny+tsa trA~MH_dbu rgyan spyi bor bcings/_snang mtha' ngo bo rdo rje lag g.yas su gtad de/_hU~M:_mi chod mi shigs rdo rje 'di:_rgyal ba kun gyi gsang gsum ste:_skal ldan bu la dbang bskur bas:_sor rtog ye shes rtogs par shog:_pad+ma d+hA ra a b+hi Shiny+tsa hrIH_don grub kyi ngo bo dril bu lag g.yon du gtad de/_hU~M:_stong pa nyid kyi dril bu che:_gyal ba kun gyi dbyangs dang ldan:_skal ldan bu la dbang bskur bas:_bya grub ye shes rtogs par shog:_karma g+haN+De a b+hi Shiny+tsa AH_snam snang gi ngo bo rdor dril bsnol ma dang cod pan spyi bor bcings te/_hU~M:_rgyal ba kun gyi mtshan mchog ni:_thog ma bar dang tha mar dge:_skal ldan bu la dbang bskur bas:_chos dbyings ye shes rtogs par shog:_bud+d+ha na ma sarba ta thA ga ta che ge mo zhes bya ba'o:_de ltar thun mong rig pa'i dbang lnga bskur bas phung po lnga rigs lnga'i sangs rgyas su gnas 'gyur/_nyon mongs ma rig pa dug lnga dag ye shes lnga mngon du byas pas de bzhin gshegs pa rigs lnga dang skal pa mnyam pa yin no/__/rjes 'brel lha sku phyag rgya'i dbang bskur ba'i slad du/_dkyil 'khor gyi lha tshogs rnams kyi sku las ye shes phyag rgya'i sku gnyis pa re 'phros nas khyed rang rnams la thim pas sgo gsum sku gsung thugs dbyer med du byin gyis brlabs pa'i mos pa mdzod/_tsaka li thogs la/_hU~M:_dbus kyi phyogs kyi de bzhin gshegs:_bcom ldan rnam par snang mdzad la:_de bzhin gshegs dang byang chub sems:_ma lus 'khor tshogs rgya mtshos bskor:_skal ldan bu la dbang bskur bas:_rnam par snang mdzad dbang thob shog:_oM hU~M trA~M hrIHa:_mU~M lA~M mA~M pA~M tA~MH_dz+nyA na satwa hU~M:_a b+hi Shiny+tsa oM:__hU~M:_shar gyi phyogs kyi de bzhin gshegs:_bcom ldan rdo rje sems dpa' la:_de bzhin gshegs dang byang chub sems:_ma lus 'khor tshogs rgya mtshos bskor:_skal ldan bu la dbang bskur bas:_rdo rje sems dpa'i dbang thob shog:_oM badz+ra satwa AHa b+hi Shiny+tsa oM:_hU~M:_lho yi phyogs kyi de bzhin gshegs:_bcom ldan 'jam dpal gzhon nu la:_de bzhin gshegs dang byang chub sems:_ma lus 'khor tshogs rgya mtshos bskor:_skal ldan bu la dbang bskur bas:_'jam dpal gzhon nu'i dbang thob shog:_oM many+dzu shrI mU~M:_a b+hi Shiny+tsa oM:_hU~M:_nub kyi phyogs kyi de bzhin gshegs:_bcom ldan 'jig rten dbang phyug la:_de bzhin gshegs dang byang chub sems:_ma lus 'khor tshogs rgya mtshos bskor:_skal ldan bu la dbang bskur bas:_'jig rten dbang phyug dbang thob shog:_oM Ar+Ya a wa lo ki te shwa ri hrIH_a b+hi Shiny+tsa oM:_hU~M:_byang gi phyogs kyi de bzhin gshegs:_bcom ldan phyag na rdo rje la:_de bzhin gshegs dang byang chub sems:_ma lus 'khor tshogs rgya mtshos bskor:_skal ldan bu la dbang bskur bas:_phyag na rdo rje'i dbang thog shog:_oM badz+ra pA Ni hU~M:_a b+hi Shiny+tsa oM:_hU~M:_shar lho mtshams kyi dkyil 'khor nas:_bcom ldan kun tu bzang po la:_de bzhin gshegs dang byang chub sems:_ma lus 'khor tshogs rgya mtshos bskor:_skal ldan bu la dbang bskur bas:_kun tu bzang po'i dbang thob shog:_oM sa man+ta b+ha dra hU~M:_a b+hi Shiny+tsa oM:_hU~M:_lho nub mtshams kyi de bzhin gshegs:_bcom ldan nam mkha'i snying po la:_de bzhin gshegs dang byang chub sems:_ma lus 'khor tshogs rgya mtshos bskor:_skal ldan bu la dbang bskur bas:_nam mkha'i snying po'i dbang thob shog:_oM a gar+b+ha trA~M:_a b+hi Shiny+tsa oM:_hU~M:_nub byang mtshams kyi de bzhin gshegs:_bcom ldan sa yi snying po la:_de bzhin gshegs dang byang chub sems:_ma lus 'khor tshogs rgya mtshos bskor:_skal ldan bu la dbang bskur bas:_sa yi snying po'i dbang thob shog:_oM k+ShiM hi rA dza hrIH_a b+hi Shiny+tsa oM:_hU~M:_byang shar mtshams kyi de bzhin gshegs:_bcom ldan byams pa mgon po la:_de bzhin gshegs dang byang chub sems:_ma lus 'khor tshogs rgya mtshos bskor:_skal ldan bu la dbang bskur bas:_byams pa mgon po'i dbang thob shog:_oM mai tri d+hA ra A:_a b+hi Shiny+tsa oM:_zhes bskur/_de ltar dbang bskur bas phung khams skye mched dbang yul dang bcas pa thams cad bde gshegs zhi ba'i lha tshogs su ye nas bzhugs pa rnams thabs 'dis gsal btab pa yin pas deng phyin chad lha de dang der shes par gyis shig_/gzhan don byed nus pa yin na rdo rje slob dpon du mnga' gsol ba ni/_de la dgos pa'i yo byad glegs bam/_phyag shing*/_'khor lo/_'bud dung*/_rdor dril/_khri gdugs sogs bsham la/_mtha' rten rdo rje rgyal po bka' rab 'byams kyi dbang la khyed rang rnams rnam par snang mdzad kyi nga rgyal gyis seng ge'i khrir 'khod pa la dam tshig gsum bzung ba'i slad du lag tu rdor dril gtad pa snying gar bsnol te dkyil 'khor mchog gi khyab bdag gi snyems pa bzung ba la don gnyis lhun gyis grub pa'i brdar rdo rje slob dpon gyi yo byad kyi mnga' gsol ba ni/_hU~M:_rang byung lhun grub dgongs pa mngon gyur pa'i:_rdo rje slob dpon bdag po'i dbang thams cad:_deng 'dir rdo rje slob dpon 'dir rdzogs nas:_rgyal ba rnams kyis shis pa brjod gyur cig:_ces mnga' gsol lo/_/des phyi mtshan ma'i dkyil 'khor du bum pa'i dbang thob/_lus rtsa'i sgrib pa dag_/lam rang bzhin yongs grub kyi bskyed rim bsgom pa la dbang*/_'bras bu sku rdo rje sprul pa'i sku mngon du 'grub pa'i skal pa rgyud la bzhag pa yin no/__/rgyas par mchog dbang bskur na dbang phreng che chung nas blangs par gsungs kyang re zhig mngon du ma gyur pas 'dir dga' rab snying tig dbang chog nas sbyar na gter kha rigs gcig pas 'thad che bar sems shing de ltar spro na/_gnyis pa gsang ba'i dbang gi slad du bla ma dkyil 'khor gyi bdag po yab yum mnyam par sbyor ba'i bde chen byang chub sems kyi bdud rtsi sangs rgyas thams cad 'dus pa'i ngo bo mgrin par sbyin par mos shig_/thod pa'i bdud rtsi sbyin la/_AH_ji ltar bde gshegs yab rnams kyis:_rang gi sras la dbang bskur bzhin:_bde chen byang chub sems kyi chus:_rtog pa'i dri ma bsal bar bya:_bo d+hi tsit+ta a b+hi Shiny+tsa hoH_bdud rtsi myang ba'i rkyen gyis dug gsum gyi rtog pa 'gag bde chen ye shes nyams su myong bar mos la sngags 'di'i rjes zlos/_a ho ma hA su kha hoH_des nang lus kyi dkyil 'khor du gsang ba'i dbang thob/_ngag rlung gi sgrib pa dag_/lam bdag byin rlabs kyi rim pa bsgom pa la dbang*/_'bras bu gsung rdo rje longs sku mngon du grub pa'i skal pa rgyud la bzhag pa yin no/__/gsum pa shes rab ye shes kyi dbang gi slad du/_gzugs dang lang tsho phul du byung zhing mtshan nyid yongs su rdzogs pa'i rig ma rdo rje snyems ma'i ngo bor byin gyis brlabs pa phyag tu sprad pa dang 'du shes gsum gyis snyoms par zhugs pas dga' bzhi'i lugs 'byung dang lugs ldog gi mthar 'pho med lhan cig skyes pa'i bde chen mngon du gyur par mos shig_/rig tsaka gtad la/_hU~M:_dga' ba'i gnas chen phyag rgya mo:_sna tshogs gzugs can yid 'ong ma:_khyer cig khyer cig sems dpa' che:_dga' bde'i rol mo rtag tu gyis:_ma hA mu dra a b+hi Shiny+tsa hU~M:_dza \u0f7fhU~M ba~M hoH_a nu rA gadz+nyA na badz+ra sa ma ya hoH_des gsang ba phyag rgya'i chu skyes kyi dkyil 'khor du shes rab ye shes kyi dbang thob/_yid thig le'i sgrib pa dag_/lam dkyil 'khor 'khor lo bsgom pa la dbang*/_'bras bu thugs rdo rje chos kyi sku mngon du 'grub pa'i skal pa rgyud la bzhag pa yin no/__/bzhi pa don dam tshig gis ngo sprod pa'i dbang ni/_sngar dpe las skyes pa'i ye shes de nyid kyis mtshon byed du byas nas don dam rang byung lhan cig skyes pa'i ye shes gdod nas rang rig rang la gsal ba'i rdo rje sems dpa' nyid du shes par gyis la ma bcos gnyug ma'i ngang du mnyam par zhog cig_/shel rdo snying gar bzhag_a:_gsang ba mchog gi dgyes pa na:_thams cad bdag nyid rtag tu bzhugs:_rdo rje sems dpa' bde ba che:_dbyings rig zung 'jug rtogs par shog:_dz+nyA na badz+ra satwa a a a:_des de kho na nyid ye shes kyi dkyil 'khor du bzhi pa don dam pa'i dbang thob/_shes bya'i sgrib pa dag_/lam 'od gsal rdzogs pa chen po bsgom pa la dbang*/_'bras bu ye shes rdo rje ngo bo nyid sku mngon du grub pa'i skal pa rgyud la bzhag pa yin no/__/zhes dang shis brjod gang mos bya/_de rnams kyis rdzogs chen sems sde phyi skor zhi ba dbyings kyi dkyil 'khor du dbang bskur legs par grub pa yin te/_gzhung las/_de ltar rdor dbyings dkyil 'khor gyi:_dbang bskur yongs rdzogs phyi skor 'di:_yang zab kun gyi mthar thug pas:_rdzogs pa chen po'i chos sder 'du:_zhes gsungs pa nyid tshul bzhin grub pas dbang dus su zhal gyis bzhes pa'i dam tshig rnams bsrung snyam pas rjes zlos/_gtso bo ji ltar sogs dbang rjes kyi rim pa rnams bya'o/__/gsum pa 'jug chog yang phrin las dkyus ltar byas pas grub bo/__/rigs gcig rigs rnams kun gyi bdag_/bde gshegs zhi ba rdo rje dbyings/_/gang de'i dbang bskur zin thun 'dis/_/zab mo'i bstan pa gsal gyur cig__!__lnga pa phyi skor khrid kyi byin rlabs a yig mda' 'phen ma la/_sbyor ba yo byad kyi gshom ni/_ras bris sam rdul tshon gyi phyi dbyibs tsit+ta la nang pad+ma dmar po 'dab ma bcu drug 'dab ma rnams la a dkar po re re bri/_de'i steng khar bum pa bcud ldan la ras sam shing shun la bris pa'i tsit+ta dmar po a yig gis mtshan pa gdags/_phyi nang gi mchod tshogs sogs bsham/_dngos gzhi dbang la bla ma'i byang bu khrigs bsdebs ltar bdag mdun dbyer med kyi dgongs pas tshogs mchod yan grub pa dang*/_bum pa zur du sgrub mi dgos bum nang a dkar po re zhu bas bum bcud bdud rtsir gyur par bsam/_las bum rdor sems snying pos byin gyis brlab/_slob ma rnams khrus nas dbyung*/_bgegs bskrad/_srung 'khor spyi ltar dang*/_maN+Dal bkye bsdu dang sems bskyed gsal gdab rjes/_de la 'dir grub pa'i rig 'dzin rnams kyi thugs bcud snga 'gyur rnying ma la mdo sgyu sems gsum zhes grub pa'i mtha' chen po gsum gyi ya gyal rdzogs pa chen po kun gyi 'phro gzhi'am rtsa ba lta bu sems phyogs rgya mtsho'i rgyud lung man ngag gi snying po'i gdams pa mkhas pa shrI sing+has dus gsum kun mkhyen pad+ma 'byung gnas la gdams pa zab dgu'i yang bcud rtog ge dang*/_dam nyams 'dres khyer gyi bsre bslad ma zhugs pa mkha' 'gro'i kha rlangs thu le ba 'di ni/_ji skad du/_gsang sngags don gyi mtshan ma ni/_/dpe la brten nas yang dag 'byung*/_/don la brten nas nges shes rnyed/_/rtags la brten nas yid ches skye/_/zhes gsungs pa ltar/_bla ma'i brgyud pa ma chad pa/_dbang gi chu bo ma chad pa/_gdams ngag gi sarga ma log pa/_nyams myong byin rlabs kyi drod ma nyams pa dang*/_rgyud dbang dang 'brel ba/_dbang gdams ngag dang 'brel ba/_gdams ngag phyag bzhes dang 'brel ba/_phyag bzhes bla ma brgyud pa'i byin rlabs dang 'brel ba ste khyad par du ma'i sgo nas 'phags pa ste/_rgyud las/_brda dang brda mtshon go ba ni/_/dbang gi nang nas dbang bka'o/__/zhes gsungs pa ltar lo chen bai ro tsA na'i bka' srol sems sde a don bco brgyad kyi brda dbang bka' ma'i rgyun bzhugs bzhin pa la nye brgyud byin rlabs kyi tshan ka zab gter gyi gsang mdzod las gter chen yab sras kyis spyan drangs pa'i bka' gter zung 'jug 'di nyid kyi khrid 'bul ba la/_kye:_rigs kyi bu rnams:_dbang bskur ba'i tshul ni 'di lta bu ste:_bskur bya skur byed bskur thob dang bral ba'o:_zhes gsungs pa ltar don dam ye shes kyi dbang bskur thob kyi mtshan ma las 'das pa'i don mngon du bya ba'i kun rdzob rten 'brel gyi che bas dbang bskur zhu ba'i slad du khyed rang gi dngos su 'byor pa dang yid kyi sprul pa'i mchod sprin zhing khams rgya mtshor khyab par sprul nas 'bul bar zhu/_maN+Dal phul/_'o/_rang shes rig pa'i rgyal po bla ma kun tu bzang por bsgom la dad mos gdung ba drag pos gsol ba 'debs pa 'di'i rjes zlos mdzod/_bdag la bya rtsol bral ba'i rdzogs chen thams cad sems su blta ba:_brda tsam gyis ni rtogs pa'i byin rlabs 'pho ba'i dbang:_slob dpon dgongs pa'i mthar thug gang yod bdag la bstsal du gsol:_lan gsum/_de nas mchod bstod bshags pa bya bar gsungs pas tshig ris dang mthun pa'i kun bzang don gyi phrin las kyi sgom don gsal thob cig_/dpon slob lhan cig pas bla ma'i byang bu'i mchod bstod dang*/_sgrib sbyong byang bu/_chos nyid klong bshags sogs rgyas bsdus ci rigs bya/_kye:_rigs kyi bu slob dpon ma bcos gsal rdzogs lhug par gnas pa'i snying rtsa 'dab dbus dang bcas pa'i phyogs brgyad na sum cu rtsa gcig sgom:_snying gar gnas pa'i a dkar po las 'od zer mda' 'phang ba ltar 'phros:_dkyil 'khor dbus kyi a thams cad la'ang phog:_de las kyang 'od zer sngar ltar 'phros te rdzas kyi a yig la phog:_de las skar mda' ltar 'phros pas slob ma'i snying nang gi a la phog pas:_snang srid 'khor 'das kyis bsdus pa'i chos thams cad a yig bzhi la thim:_rang lus kyang a yig la thim:_a yig 'od du mer gyis zhu nas mi dmigs par mnyam par bzhag:_slar yang ma 'dres gsal rdzogs su gsal bas:_snying ga'i a yig las 'od 'phros:_snying gi nang thams cad gsal:_bum nang gi mar me lta bu'i gsal bar lta ba ni spyi tsam ste man ngag ni gzhan du shes:_dkyil 'khor gyi brda don ngo sprad pa ni:_dkyil 'khor dbus kyi a dkar po de ni kun gzhi'i dri ma med pa mtshon no:_a yig phyi rol tu tsit+ta rin chen 'di ni kun gzhi'i ngo bo stong pa'i 'od gsal ba las ma rig pa rnam shes sam:_rig pa'i dus na ye shes su mtshon pas sku gnyis lhun gyis grub pa'o:_bum pa ni lus dbang po'i sgo thams cad gsal zhing rnam shes kyi 'jug sgo phyi nang gi yul shes gnyis kyi go 'byed pa lta bu ste:_bum pa'i sgo 'gag pas so so dbye ba tsam las bum pa dbyings su thim pa'i tshe nam mkha' phyi nang gcig tu gyur pa bzhin:_lus kyi rgya grol bas yul dang shes pa dbyer med cing:_de nyid kyang kun gzhi'i dbyings su rdzogs par 'gyur bas na ma dag pa'i dbang po gnyis su 'dzin cing:_dag pa'i dbang po bden med du mthong bas bum pa chag pa'i mar mes phyi nang 'od gsal ba bzhin:_'od gsal dag pa'i gzhon nu bum pa'i skur lhun gyis grub par mtshungs la:_pad+ma ni ma dag pa'i ngo nas kun gzhi nas gsal ba'i cha ma rtogs par rnam shes kyi 'jug pa dbang pos mtshams sbyar te yul thams cad sna tshogs bden zhen du mthong bar byed la:_de nyid rnam shes gnas 'gyur ba'i tshe dbang po bde ba 'od gsal zhing phyi yi rtog tshogs thams cad chos nyid kyi rang snang du rtogs pas zhing khams yon tan bsam gyi mi khyab pa mthong ba'i brda'o:_dbang bskur ba ni:_slob dpon gyis bum pa thogs la:_dang po dbang po'i tshor bas mtshams sbyar te:_rnam shes log par byed pa dag pa dang:_dbang po bden med nyid du rtogs bya'i phyir:_bde chen phyag rgya gzhon nu bum pa'i dbang:_bde bas de nyid rtogs phyir dbang bskur ro:_kha rgyan 83sna tshogs mdongs sgro pad+ma'i 'dab:_snang stong dbyer med yul kun dag pa dang:_snang srid bde ba chen por 'char ba'i phyir:_bum pa kha rgyan snang stong mdangs gsal dbang:_phyi nang gnyis med rtogs phyir dbang bskur ro:_rnam shes yul la 'jug pa'i ma dag pa:_rdo la gser 'gyur rtsi yis btab pa bzhin:_bde chen mkha' dbyings mnyam sbyor gcig tu 'khril:_tsit+ta rin chen 'bar ba zur brgyad 'di:_bde ba brgyad du mtshon pas dbang bskur bas:_dga' bzhi'i ye shes dbyings su rnam shes dag:_ye shes 'od gsal klong du grol bar shog:_a ni kun gzhi ka dag sgrib bral las:_gtsang zhing rtag la 'gyur ba med pa'i ngang:_bzang ngan blang dor 'dzin pa'i mtha' las 'das:_'od gsal klong chub sems nyid ye shes su:_bltas pas snang srid thams cad ye shes dbyings:_yongs rdzogs rtsol ba med pa'i ngang du blta:_a a a:_zhes bya/_rig 'dzin dgongs nyams kyi glus bskul ba la rtsa ba shrI sing+ha'i glu ni/_ji ltar bsam kyang mi rtog ngang:_ji ltar bsam kyang bsgom pa med:_snang srid chos kun ye shes ngang:_ye shes btsal du med pa 'di:_rang byung rang shar tha le ba:_nga ni deng phyin gzhi la gnas:_gzhi ni ma bcos lhug par 'dug:_mtshan nyid kun ldan 'od gsal ba:_cir yang ma yin cir yang rtog:_lta ba mthar phyin shrI siM:_sgom pa blo dang bral 'dod nas:_gsal ba 'di la lam byas pas:_gtad so med pa'i nyams zhig shar:_rgyun chad med pa'i shrI siM:_spyod pa spyad rgyu 'dug gam blta:_ci byas thams cad bde ba che:_gang byung thams cad dga' ba'i ngang:_zung 'jug mngon gyur shrI siM:_'bras bu thob par bya ba'i phyir:_gzhi yi steng du mnyam par bzhag:_'jam dpal bshes gnyen gdams pa ste:_sems kyi klong nas gter du rnyed:_rnam shes yul dbang kun gzhi rnams:_so sor dbyer med dmigs su med:_gang yang 'di zhes med pa yi:_bde ba chen por a la la hoH_zhes bsam gtan gyi khang bur glu phyi ma rgyas pa'o:_bum pa khung gtor gyi dgongs pa las:_chos thams cad ye shes su shes:_ye shes btsal du med pa'o:_slar yang snying dang 'dra ba'i slob ma gcig la sbyin pa'i chig brgyud ni:_slob dpon 'bol stan dgu brtsegs du gnas pa'i steng nas slob ma'i rna bar sbubs mchu btsugs te:_dang po thug sa gcig tu thug:_bar du blta ba gcig la blta:_mthar ni mthong ba gcig tu mthong:_zhes ngo sprod:_sbubs mchu'i gdams pa spyi dang khyad par bcas thebs par gsal gdab/_rgyas par spro na/_rlung ro bsal/_lus gnad dang bcas/_dpon slob gnyis ka'i tsit+ta rin chen 'bar ba'i gzhal yas su pad+ma 'dab ma bcu drug la a dkar po bcu drug bsgom par bya'o/__/de nas bla ma'i thugs la gnas pa'i pad+ma'i a rnams 'od du zhu nas/_'od de sog mda' bzhin du dkar nar gyis song ba des rdul tshon gyi pad+ma'i a rnams la phog pas de yang 'od du dkar mer gyis zhu/_de las 'od dkar nar gyis 'phros nas steng gi bum pa'i a la phog pas de yang 'od dkar mer gyis zhu nas 'od de slob ma'i snying gar pad+ma'i a rnams la phog pas 'khor ba'i bag chags dang rnam par rtog pa thams cad sbyangs bas sems nyid dag pa'i ngo bo a dkar po de la shes pa ma yengs par gtad la bsgom du gzhug_/de nas rgyal po d+ha na ha te lo'i glu nas brtsams rig 'dzin bco brgyad kyi glu re re dang*/_sbubs mchu'i gdams pa re/_rmog ston rdo rje dpal bzang gi bka' ma'i sems smad dbang chog las khol du phyung nas bskur bar bya'o/__/'phros don dam pa'i rigs can drwa ma bzhi'i glu ni/_phyi skor gyi rdo rje'i glu las/_li tsA bi/_lha dbang*/_skar mda' gdong*/_blo gros thabs ldan bzhi dang*/_bka' bab mi bcu gsungs pa/_khri srong*/_bai ro/_nam snying*/_mtsho rgyal/_lha sras mu khri/_ngan lam ban+de ye shes/_gnyags dz+nyA na/_lang gro/_rdo rje bdud 'joms/_'brog ban rnams 'di'i lo rgyus las byung min dpyad dgos/_gzhung 'dir bod kyi rig 'dzin rnams kyi glu phreng nang 'di'i rigs kha shas mi 'dug pas btsal bar bya zhing*/_bsdu na khri srong*/_bai ro/_mtsho rgyal gsum gyi glu tsam gyis chog par sems/_de rnams kyi phyi skor khrid kyi byin rlabs a yig mda' 'phen ma legs par grub pa yin pas dam tshig khas blangs pa 'di'i rjes zlos/_gtso bo ji ltar sogs dam tshig khas blangs grub nas/_de ltar smin byed byin rlabs zla ba'i zhun ma snying gi mun sel gyi dbang bskur ba sngon du grub pa'i gtang rag dang*/_slar grol byed khrid rim zhu ba'i yon du maN+Dal chabs cig gnang bar zhu/_sems sde'i sngon 'gro'i tshogs bsags byang bu ltar 'bul du gzhug_/de'ang rig 'dzin chen po shrI sing+ha'i dgongs bcud/_grub pa'i slob dpon pad+ma saM b+ha wa dang*/_lo chen bai ro tsA na'i man ngag gnad 'dril zab chos rdzogs pa chen po sde gsum las/_phyi skor sems sde nam mkha' klong yangs kyi khrid tshul bgyi ba la/_sku nyid rnams thugs gzhan du ma g.yos par gter gzhung rdo rje tshig rkang 'di la snyan gyi dbang po gtod 'tshal/_na mo gu ru:_phyi skor dngos gzhi'i khrid rim ni:_sogs/_sa ma ya rgya rgya:_zhes gsungs pa dang*/_dngos gzhi'i khrid kyi bsdus don ni/_na mo gu ru:_phyi skor khrid kyi rjes 'brel ni:_sogs/_sa ma ya rgya rgya:_de ltar rdzogs pa chen po phyi skor sems sde'i khrid tshul zab mo grub pa lags shing*/_smin grol chig rdzogs su thob pa'i bka' drin gtang rag tu lus longs spyod dge tshogs rgya mtsho dang bcas pa 'bul ba'i mos pas 'di'i rjes zlos mdzod/_deng nas brtsam sogs dge bsngo bcas bya/_mjug chog phrin las ltar byas pas grub bo/__/byin rlabs smin byed kun gyi dbyig_/sems kyi rdo rje'i ngo sprod ni/_/gter gzhung dgongs pa ji ltar bar/_/gsal byed lam 'di'i mdzes rgyan grub/_!__drug pa nang skor rig 'dzin bco lnga'i byin rlabs la sbyor ba yo byad kyi gshom ni/_phyi skor rig 'dzin bla ma'i sgrub dbang gi gshom ltar la 'di'i sgos kyi rig 'dzin rnams kyi tsaka li bsham pa khyad par ro/_/dngos gzhi dbang sgrub nang skor bla ma'i byang bu khrigs bsdebs ltar bzlas pa mchod bstod bar bya/_dbang dngos ni phyi skor bla ma'i sgrub dbang las/_de bzhin du skor gsum gyi bla ma rnams kyi byin rlabs rig pas 'phrul lo/_/zhes gsungs pas/_phyi skor rig 'dzin gyi byin rlabs la kha bsgyur dgos pas na/_de'ang mtshams sbyor gyi khyad par/_de la 'dir gsan bya'i chos ni/_khyab bdag kun bzang rdo rje 'chang chen po'i sngags rgyud rgya mtsho'i yangs rtse man ngag rdzogs pa chen po/_de yang spros bral rang byung gi ye shes rgya chad phyogs lhung med pa theg pa thams cad kyi yongs su rdzogs pas rtse mor gyur pa ste/_kun byed las/_gcig rdzogs gnyis rdzogs sems su rdzogs/_/gcig rdzogs sems kyi byas pas rdzogs/_/gnyis rdzogs phun sum tshogs par rdzogs/_/kun rdzogs byang chub sems su rdzogs/_/zhes pa ltar/_a nu man chad thams cad rtsol sgrub kyi blang dor byas pas re dogs kyi dri mas rang byung ye shes la sgrib cing*/_a ti yo ga ni bya rtsol dang bral ba'i ye shes la dbang bsgyur ba yin/_de la'ang phyi nang gsang ba'i skor tsho gsum las/_'dir nang skor snying lta bu kun tu bzang po klong rab 'byams rgyal po sogs rgyud lung rnams kyi bstan don snang srid 'khor 'das kyis bsdus pa'i chos thams cad chos nyid kun tu bzang mo'i klong las 'gro 'ong med pa'i phyir sku gsum rang chas kyi dbyings las mi 'gyur bar rtogs pas gnyen po'i mtha' las grol ba nang bya bral klong gi sde/_de la'ang dkar nag khra gsum rab 'byams klong gi sde bzhi rnams lo chen bai ro tsA nas spang mi pham mgon po la gsungs pas 'ja' lus gshegs pa las dar ba sogs bka' ma dang*/_rtsod dus kyi gdul bya kun bzang thugs kyi bstan pas 'dul ba'i dus su son pa na sprul pa'i gter chen rgya mtsho'i 'khor los bsgyur ba o rgyan mchog gyur bde chen gling pas dzaM nang pad+ma shel phug nas spyan drangs pa'i rdzogs chen sde gsum las nang skor klong sde'i sgrub pa la/_sgra thal 'gyur rtsa ba'i rgyud las/_bla ma sangs rgyas kun dang mnyam dang mnyam/_/bsten pa de las yon tan ni/_/dpag bsam shing dang yid bzhin nor/_/'dod 'jo'i ba dang 'dra ba yi/_yon tan dpag tu med pa thob/_/de la dmigs nas bla ma bsten/_/'khor ba'i g.yul ngo bzlog phyir ro/_/zhes gsungs pa ltar lhan skyes nam mkha' lta bu'i ye shes kyang bla ma'i byin rlabs lam du byas pas mngon sum ster bar gsungs na mngon mtho dang nges legs kyi 'bras bu ni 'bad med du ster ba smos ci dgos pas thog ma nyid du rig 'dzin bla ma rnams kyi rdo rje gsum gyi byin rlabs 'pho ba'i dbang bskur ba ste/_mdo byang las/_rig 'dzin bla ma 'gro 'dul bco lnga yang:_rgya gar yul gyi slob dpon chen po rnams:_'gro ba'i don phyir bod kyi yul du 'khrungs:_de yi dbang byas ye shes mtsho rgyal la:_lha sras kyis zhus lha sras gshegs rjes su:_zur mkhar bza' yis yi ger bkod pa dag:_ngan lam ban+des khrigs su btab pa 'di:_bla ma'i phrin las dgongs pa 'od gsal zhes:_'di yi byin rlabs bla ma spyi skor las:_grub pa'i tshul ston bka' bab dbang bskur zhing:_thugs kyi byin rlabs rdo rje glu rnams blangs:_zhes pa ltar nang skor rig 'dzin bco lnga'i byin rlabs dbang bskur bgyi ba la bdag nyid kyi bgyi 'os grub nas sogs kyis mtshams sbyar maN+Dal 'bul ba sogs bya/_dbang dngos la phyi skor byin rlabs kyi gsol gdab nas brtsams gong ltar la/_phyi skor bla ma'i mal du tshig phrad bsgyur ba dang*/_nang skor bla ma bco lnga snang bar mdzod/_/ces kha bsgyur/_bla ma'i mngon rtogs bco lnga dpon slob gnyis kas bsgom/_rig 'dzin dga' rab rdo rje sogs kyi phyi skor gyi glu las blang*/_sku spyi bor bzhag_/rtsa sngags yid bzlas bya/_dga' rab rdo rje rang rig tu rdzogs pa'i ngang du mnyam par bzhag_/de bzhin du 'jam dpal bshes gnyen dang*/_bai ro sogs bod kyi rig 'dzin bcu gsum gyi glu rnams blang*/_sngags bzla/_dgongs pa'i nyams bskyang ba sogs bya/_skabs 'dir shes par bya ba la/_brgyud 'dzin rtsa ba gter slob mkhan chen karma rat+nas gter gzhung dgongs don khrigs su bstar ba'i bai ro gtsor gyur pa'i nang skor rig 'dzin bco lnga'i bskyed bzlas byang bu bzhugs pa nyid sbyor na khyad med la/_de'i tshe dbang sgrub kyi dngos gzhir byang bu de nyid ltar bsgom bzlas dang*/_dbang bskur ba'i tshe na de las 'byung ba'i go rim ltar/_rtsa ba bai ro/_dga' rab/_shrI seng bcas dang*/_khri srong nas brtsams bod kyi rig 'dzin bcu gnyis kyi glu rim par blangs te sku gsung thugs kyi byin rlabs so so bzhin bya/_gang ltar dbang rjes kyi rim pa dang phrin las mjug gi rim pa rnams sngar bshad pa ltar ro/__/mkhan chen rat+na'i lugs 'di rje bla ma 'jam dbyangs chos kyi blo gros rin po ches zur du dmigs bsal gsan yod med som nyi 'dug kyang don brgyud ni chu bo gcig 'dres su rung ngam snyam pa mang+ga la'i rnam par rtog pa'o/_/mchan/_klong chen grub pa'i rig 'dzin gyi/_/byin rlabs sprin phung char rgyun ni/_/skal ldan dad pa'i zhing sa ru/_/'bebs pa'i thabs bzang 'di ko rmad/__!__bdun pa nang skor yi dam zhi ba ston pa bcu gnyis kyi sgrub dbang la ras bris sam maN+Dal steng 'bru'i tshom bu bcu gsum bkod/_de steng many+dzi'i khar bum pa bcud ldan kha rgyan can/_ston pa rnams kyi sku tsaka bcu gsum kyang bkod/_thod pa bdud rtsi/_rig tsaka_/shel rdo bcas bsham/_dbang sgrub la nang skor byang bu khrigs bsdebs ltar yi dam zhi sgrub dang bzlas pa bya/_bum bzlas spyi rgyug ltar/_bde gshegs ston pa bcu gnyis dwangs pa'i mtsho la zhes bsgyur/_stong tshig 'od zhu sogs dang tshogs mchod rig me dor ba bcas grub nas dbang dngos khrus sogs sngar dang mtshungs/_mtshams sbyor gyi khyad par/_de yang phyogs bcu'i bde bar gshegs pa rnams dus gsum gyi zhing rab 'byams rnams su gdul bya dang 'dul byed kyi rnam par rol pa 'byams klas pa las sku gsum bstan pa'i snying po 'od gsal rdzogs pa chen po bstan par mdzad pa'i tshul/_sgyu 'phrul rgya mtsho las/_rgyal ba sems dpa' rnal 'byor pa/_/dgongs pa rig pa rna bar brgyud/_/zhes gsungs pa ltar bdag cag gi ston pa nyid chos sku kun tu bzang po dang ye shes 'du 'bral med pa'i dgongs pa las ma g.yos par longs spyod rdzogs sku rigs lnga'i sangs rgyas dang rdo rje sems dpa' sogs kyi thugs rje'i rtsal las/_phyogs bcu'i zhing kun tu 'gro ba'i don mdzad pa'i bye brag mi mjed 'jig rten gyi zhing 'di'i dbang du byas na byin rlabs mchog dang*/_ye shes dam pa'i sprul pa gnyis su snang ba'i phyi ma la bskal pa dang por dga' ldan brtsegs par ston pa khye'u snang ba dam pa tshe lo dpag med du byon pa nas/_tshe lo brgya pa'i skabs ser skya'i gnas su mgon med zas sbyin gyi kun dga' ra bar shAkya thub pa ste lha dang mi yul du byon pa drug drug gis sgra thal 'gyur rtsa ba'i rgyud la sogs pas mtshon rang bzhin rdzogs pa chen po'i chos kyi 'khor lo bskor ba rgyal ba dgongs brgyud/_dpal rdo rje sems dpas rig 'dzin dga' rab rdo rje nas gu ru rin po che dang lo chen bai ro'i bar brda brgyud/_de nas da lta'i bar gang zag snyan brgyud kyi bab so chen po gsum gyi dang por bgrang ba'i ston pa bcu gnyis ngo bo chos sku kun tu bzang po gcig gi ye shes las gzhan du ma gyur kyang rnam pa mtshan dang sku yi bkod pa gang 'dul du snang ba kun dkyil 'khor gcig tu sgrub pa'i byin rlabs dbang gi cho ga sgrub pa skabs su bab pa ste/_'di ni gter chen mchog gyur gling pa'i zab gter rdzogs pa chen po klong sde'i nang sgrub yi dam zhi ba'i sgrub thabs su byon pa'i byin rlabs brda yi dbang bzhi gsang gsum rdo rje 'bar ba gsan pa'i yon du maN+Dal phul/_thal mo me tog dang bcas te gsol ba 'debs pa 'di'i rjes zlos/_ye sangs rgyas pa gdod ma'i kun tu bzang:_thog ma'i ston pa chen po bcu gnyis kyi:_rang byung dgongs pa klong yangs bstan du gsol:_chos dbyings 'ub chub klong du mi 'da' ba'i:_rnal 'byor nam mkha'i rgyal po blta 'dod kyi:_da lta nyid du bla mas bstsal du gsol:_lan gsum/_zhes mi phyed dad pas gsol ba btab pa la/_bla mas mkhyen brtse ye shes kyi sgo phye ste bka' yi gnang ba sbyin pa ni/_e ma ho:_bde gshegs ston pa rig 'dzin ni:_bstan pa gnyis kyi bdag po ste:_kun tu bzang po man chad nas:_bod kyi rig 'dzin yan chad du:_'gro 'dul bdun cu rtsa gcig ni:_chos dbyings klong la khyab pa nyid:_thams cad nam mkha'i rnal 'byor yin:_'khor 'das kun la khyab pa'i sku:_glo bur 'khrul pas ma bsgribs na:_rang yang nam mkha'i ngang du rdzogs:_'gro 'dul rnams dang dgongs pa gcig:_da lta'i nam mkha' 'di rnams kyang:_bdun cu rtsa gcig 'dus pa yi:_thugs rje'i klong chen dam pa'o:_de phyir mchod pa'i sprin tshogs 'bul:_zhes gsungs pa ltar brgyud gsum rig 'dzin bla ma mdo sngags bstan pa'i bdag po kun tu bzang po nas da lta'i bar byon pa thams cad dgongs klong ye shes gcig gi thig ler ston 'khor dgongs pa gcig tu shar ba'i dad mos drag pos/_khyed rang gi lus longs spyod dge tshogs dang bcas pa kun bzang mchod pa'i sprin du 'bul ba kun rdzob dmigs pa'i rnam pa can dang don dam shar grol gnyis med kyi lha la gnyis 'dzin dag pa'i mchod pa 'bul ba dang*/_kun rdzob mtshan ma'i rtog pas 'khrul pa rang rgyud du spyod pa'i sdig ltung thams cad don dam rig pa'i bcings grol las 'das pa'i ngo bor dge sdig rgyu 'bras dang bral bas bshags bya bshags byed bral ba'i ngang du bshags pa sogs kyi don dran bzhin pas rjes zlos/_kun rdzob rig pa'i klong yangs nam mkha' che:_kun bzang klong du rtogs pa'i mchod pa'i sprin:_shar dang shar yul med par mchod pa 'bul:_'dzin yul med pa'i ngang du mthol lo bshags:_bshags bya bshags byed bral ba ngo mtshar che:_ye shes klong chub ngang du mdzad du gsol:_slob dpon gyis don dam chos nyid kyi dbang rang rig gdod ma'i mgon po ye sangs rgyas pa la bskur thob bral ba'i dgongs pa rig pa rang gnas su bzhag pas lta stangs nam mkhar gtad de ngo bo bskyang bas don gyi byin rlabs rdzogs par bstan pa ni/_rang rig gzhi lus kun tu bzang po la:_zhal phyag mtshan ma byin rlabs mi 'tshal zhing:_rnal 'byor nam mkha' che la lta stangs kyis:_rang gsal ma bcos lhug par gnas par gyis:_de nas byin rlabs brda yi dbang bzhi rim par bskur ba la/_dbyings zang thal gyi bum pa la ye shes bcud dang kha rgyan gyis gtams pa gdod nas 'du 'bral med par rang la bzhugs pa rdzas kyi bum pas brdas mtshon par mos mdzod/_bum pa thogs la/_bum pa chos dbyings phyi nang med pa la:_rang byung ye shes kha rgyan bcud kyis gtams:_bskur bya bskur thob med par rang la rdzogs:_e ma ho chos kyi dbyings su rdzogs pa'i dbang thob shog:_gsang ba'i dbang gi slad du rig stong dbyings kyi b+han+dzar 'od gsal snang ba rgyas pa'i bdud rtsi mngon du bya ba'i brdar snying po ra sa ya na sbyin par mos mdzod/_bdud rtsi thogs la/_gsal rig rgyun chad med pa'i thod pa'i nang:_yongs su de nyid rgyas pa'i bdud rtsi zhu:_e ma ho mdangs gsal gsal rdzogs ngang du dbang bskur bas:_snang ba mthong med mthong ba rab gsal shog:_shes rab ye shes kyi dbang gi don du bde chen mchog tu mi 'gyur ba'i ye shes kyi dga' ma dang rig pa'i khye'u gnyis med rtag par dgyes pa'i brda gzugs 'dis mtshon par mos/_rig tsaka gtad la/_bde chen ye shes gang ba'i lang tsho yis:_rig pa rang gsal gcig tu bde bar 'khril:_gnyis med snang med 'dzin med bde ba che:_e ma ho bde chen ye shes dbang bskur bas:_rtog tshogs bde ba chen po'i ngang du grol:_dbang bzhi pa'i slad du chos nyid ka dag gi klong du 'khor 'das kyi snang ba 'ja' tshon ltar bkra yang skye 'gag gnas gsum dang bral ba'i dgongs pa dbyings las ma g.yos pa rdo rje sems dpa'i man shel gyi brdas mtshon te/_man shel phyar nas/_sems dpa'i me long dwangs gsal rnyogs pa kun dang bral:_snang ba ci shar 'ja' tshon bzhin du dngos med par:_gang nas ma byung phyi nang kun tu tha ler gsal:_dbyings rig zung 'jug dgongs pas dbang bskur bskur thob med:_rtsis gdab bral ba'i ngang du gnas pas dbang bskur yongs rdzogs shog:_d+harma d+hA tu a b+hi Shiny+tsa a la la hoH_de rnams kyi dbang bzhi grub nas ye shes kyi dgongs brgyud 'pho bas dbang don skyes brtan gong 'phel gyi slad du mngon rdzogs ston pa bcu gnyis kyi byin rlabs brda yi dbang bzhi bskur ba la rang byung rdo rje'i rgyud kyi tshig bsgrags pa dang ston pa bde bar gshegs pa rnams khyed rang gi spyi bor thim pas rdo rje ye shes chen po'i byin rlabs btsan thabs su thob par mos shig_/rdor 'chang skabs/_rgya gar=_sarba b+ha la tri=_rgyud tshan gsum/_rdor sems sogs bcu gnyis la/_rgya gar=_sarba d+harma b+h+yaiHsogs nas/_rgyud re re bzhin bklag dgos/_mchan/_ston pa bcu gnyis kyi sku re sbrags te 'das rjes kyi khrid bklag nas bskur ba rdor gling lta ba klong yangs nas zur du phyung ba ltar bya'o/__de rnams kyis nang skor yi dam zhi sgrub bde gshegs bcu gnyis kyi dbang bskur thob pa las byung ba'i dam tshig la srung sdom bgyid snyam pas rjes zlos gyis/_gtso bos sogs/_dbang rjes dang phrin las rjes kyi rim pa dkyus ltar bya'o/__/mtshan tsam thos par dka' ba yi/_/thun min bde gshegs bcu gnyis kyi/_/byin rlabs 'di 'dra 'jig rten dkon/_/bdag kyang skal pa bzang ngo snyam/___!__brgyad pa nang skor yi dam khro bo mngon rdzogs rgyal po dang*/_yan lag dgu bsgril gyi dbang la sta gon dang*/_dngos gzhi gnyis te/_spyir gter gzhung du sta gon gyi tshig zin snga rjes gnyis su gsungs shing*/_bka' ma tshogs chen 'dus pa la dngos gzhi ma hA'i dbang gi skabs su sta gon mdzad pa yin kyang 'dir yan lag theg dgu'i dbang rtsa ba'i dkyil 'khor gyi 'phros don tsam las dbang sgrub dkyil chog sger du ma gsungs pas sta gon thog mar mdzad nas/_yan lag dang rtsa ba'i dbang bskur rim can du bskur ba phyag len du mdzad pas/_dang po sta gon la bzhi las/_dang po sa lha sta gon ni/_gang du bya ba'i gzhi der gtor ma dkar dmar gser skyems bcas bshams la/_brgyud 'debs/_bsang chu/_sngon 'gro/_nang skor khro bo'i byang bu khrigs bsdebs kyi dbu nas byin brlab byang bu yan btang la/_rang nyid skad cig gis dpal chen mngon rdzogs rgyal po rang snang gi yum dang bcas pa'i skur lam gyis gsal bar mos la byin rlabs spyi 'gro ltar bya/_hU~M:_chos dbyings rang rtsal las shar ba'i:_sogs kyis bsngo ba nas/_chag chag gdab pa grub kyi bar gter gzhung ltar bya/_gnyis pa lha sta gon la/_dris byug pa'i maN+Dal steng tshom bu dbus dang phyogs mtshams su rgyud lung gi khro bo/_de'i phyi rol gnas yul sgo ba/_shar stod nas phyogs rer drug drug gis dbang mo nyer brgyad tsam dngos su bkod pa gzhan rnams mtshon byed 'bru'i sil ma bkram/_khro bo'i byang bu khrigs bsdebs bstod pa'i bar btang nas/_'degs pa'i rgya dang bcas/_be ga kra ma ya~M gyis sta gon gyi lha nam mkhar btegs/_gsum pa bum pa sta gon la/_swa b+hA wa 'i sngags brjod pas dri bzang gi chu blugs/_oM dz+nyA na bud+d+ha badz+ra rat+na pad+ma karma b+h+rU~M:_zhes rgyan gyis spras stegs bur bkod la gzungs thag btags/_bum pa rang byung gzhal yas khang chen dbus/_/byol song pad+ma nyiM zla'i gdan steng du:_sogs nas bstod pa'i bar dang*/_gzungs thag blangs la/_rang srog sngags kyi 'od zer gzungs thag la/_/'khril te bum pa'i lha tshogs thugs rgyud bskul/_/de dag sku las byang sems bdud rtsi'i rgyun/_/babs pas bum chur dbyer med ro gcig gyur/_/ces brjod la snying po dang*/_yang snying ci nus bzla/_stong tshig dang 'bru gsum gyi mchod yon phul ba'i rkyen gyis/_lha rnams 'od du zhu ste bum chu dang dbyer med du gyur/_ces brjod/_dkyus tsam du dngos sta sbrel na 'jug pa bde bas stegs kyi khar 'di'i ras bris dngos sam 'dus mdo'i ras bris lta bu yod na bkram/_med na tshom bu gong bzhin bkod/_de'i steng many+dzi'i khar bum pa/_phyogs bzhir thun mong rig pa'i dbang lnga/_mngon rdzogs rgyal po gtso 'khor dgu'i lha tsaka_/mnga' gsol chas/_gsang thod/_rig tsaka rnams rtsa dbang dang*/_mtha' rten sgrub rdzas la sman gyi pho brang*/_mar me gling dgu_khram dang 'khor lo/_rta zhal/_phur bu/_mdos gtor/_zhal zas sna tshogs rnams bsham/_rtsa dkyil gyi byang shar nas brtsams te g.yon bskor du/_sgo 'byed dbang la/_khrus bum/_bye yungs/_phyag rdor sku tsaka thub drug tsaka li/_nub byang du lha mi gnyis kyi/_mi yi theg par khrus bum/_'khor los bsgyur ba'i rgyal po sde lnga/_lha la bum pa/_lha bu dam pa tog dkar/_tshangs pa/_brgya byin/_lha mo sgyu 'phrul rnams kyi sku tsaka_/lho nub tu nyan thos la/_bum pa/_rab byung chas/_ston pa nyan thos bzhis bskor ba'i sku tsaka_/shar lhor rang rgyal la/_bum pa/_rang rgyal gyi sku tsaka rten 'brel bcu gnyis kyi gzugs bris pa'i tsaka li/_byang du byang sems la/_bum pa/_sems dpa' brgyad kyi sku tsaka ral gri sman gru dung bcas bris pa'i tsaka li/_nub tu kr-i ya la/_khrus bum/_ston pa la bkra shis lha mo brgyad kyis bskor ba'i sku tsaka_/rnam bum/_dbu rgyan/_rigs gsum sku tsaka_/lho ru ub+ha'i dbang la/_bum pa/_dbu rgyan/_rdor dril/_dbyangs gsal sngags byang*/_rnam snang*/_snang mtha'/_mi bskyod/_rin 'byung bcas rigs bzhi'i sku tsaka_/shar du yo ga'i dbang la/_bum pa sogs rigs dbang lnga/_rigs lnga yab yum gyi sku tsaka_/sngags byang*/_me long*/_mnga' gsol chas dang*/_de rnams kyi phyi rol du phyi nang gi mchod tshogs/_mig dar me tog sogs dang*/_sta gon gyi rdzas bzhi/_til sogs kyang 'du bya'o/__/yan lag theg dgu'i dbang rdzas rnams rtsa dkyil gyi phyogs mtshams rnams su bshams pa phyag len bsdus pa gzhung rtsa ba'i dgongs don ltar ro/__/gnyis pa dngos gzhi la dbang don sgrub mchod dang*/_dbang bskur dngos gnyis las/_dang po ni/_dngos sta sbrel na bum pa sta gon grub pa'i de ma thag par dam rdzas rnams tshogs par byas nas/_nang skor khro bo'i mchod pa byin rlabs kyi byang bu nas bstod pa'i mjug tu dzapa? khang dbye ba ni/_oM ru lu ru lu hU~M b+h+yo hU~M phaTa?:_dzapa? dmigs bcas bzlas pa grub kyi bar dang*/_dbang gzhung las/_theg pa dgu yi dkyil 'khor rnams:_rtsa ba'i 'khor gyi tshul tu bsgom:_dper na rtsa ba'i shel gcig la:_tho phyir 'ja' tshon shar bzhin bsgom:_zhes gsungs pa ltar/_chos nyid lta ba'i klong du theg dgu'i yon tan gzhir rdzogs thams cad dkyil 'khor gyi lha yi rol par shar ba'i nges pas yan lag gi dkyil 'khor du bkod pa'i bum pa sogs dbang rdzas rnams ye shes kyi rol par shes pas lta ba'i ngang bskyangs te bzlas pa bya ba gal che zhing*/_rnam pa tsam du/_mdun bskyed ye shes rang snang gi gzhal med khang chen po'i phyi rol rdo rje'i srung gur nang gi byang shar du ngan song kun 'dren sgo 'byed phyag rdor gyi dkyil 'khor gsang bdag 'khor thub pa drug_/nub byang du lha mi'i theg par ston pa zas gtsang sras 'khor los bsgyur ba'i chas can la 'khor rang 'dra bzhi dang lha yi ston pa dbang po brgya byin lha yi chas/_lho nub tu nyan thos theg pa'i ston pa thub dbang mchog gi sprul sku'i tshul/_'khor nyan thos rnam pa bzhi/_shar lhor rang rgyal ston pa rang sangs rgyas dgra bcom pa rab byung gi tshul/_byang du byang sems nye sras brgyad sems dpa'i cha byad can/_nub tu bya rgyud mi 'khrugs pa la bkra shis lha mo brgyad kyis bskor ba/_lhor spyod rgyud la rnam snang*/_snang mtha'/_mi bskyod pa/_rin 'byung rigs bzhi/_shar du rnal 'byor rgyud rnam snang zhal bzhi/_phyag mnyam bzhag 'khor lo/_yum dbyings phyug ma sems skyil gyis mdun du bzhugs pa/_gzhan rigs bzhi longs sku'i chas mnyam bzhag rang rtags rdor dkyil/_yum bzhi phyag g.yas gar rgya/_g.yon rang rtags/_zhabs sems skyil can rnams kyang dwangs pa'i mkha' la 'ja' tshon shar ba ltar bkra lam gyis gsal bar gyur/_zhes brjod nas rang 'dra'i skal mnyam gyis 'di bzhin mos pas gsal 'debs gnang ba gal che snyam zhing*/_nang skor khro bo'i sngags byang ltar bzlas pa'ang sbyar/_bum pa bsgrubs zin ma thag pa yin pas mi dgos/_sman gyi pho brang la dmigs te bdud rtsi sman sgrub ngag 'don gter gzhung zhi ba dang*/_khro bo la/_dbyings kyi b+han+d+ha sogs nas bzlas pa sman srung spyan drangs bcas tshang ma bsdus tsam bya/_bka' gter srung ma'i gtor bsngo/_tshogs mchod dang las bum la rdor sems bskyed pa'am snying pos brlab/_rig pa'i me tog dor ba rnams grub nas/_gnyis pa ni/_slob ma rnams bos/_sgo'i phyi rol du khrus nas dbyung*/_nang du zhugs pa na bgegs la gtor ma sbyin cing bskrad/_srung 'khor bsgom/_maN+Dal bkye bsdu byas nas sems bskyed gsal gdab/_mtshams sbyor gyi khyad par/_de la 'dir rang re rnams kyis rnyed par dka' ba'i dal 'byor gyi rten 'di lta bu thob pa res 'ga' tsam yin/_thob pa de yang yun du mi rtag cing myur du 'jig pa'i chos can yin pas de bas na myur ba nyid du dam pa'i chos la 'bad pa drag po ci nas kyang bya/_de yang rjes su las dkar nag gang byas bsags pa'i 'bras bu bde sdug la longs spyod cing zag bcas 'khor ba'i gnas 'dir bde ba ltar snang ba rnams kyang sdug bsngal gyi rgyu kho na las ma 'das pas de bas khams gsum 'khor ba la nges par 'byung ba'i blo shugs drag tu bskyed cing rgyu 'bras blang dor la phra zhing phra ba nas brtson pa lhur len pa gal che zhing sgrub par bya ba dam pa'i chos de la yang*/_gdul bya'i khams dbang dang mtshams par chos tshul bsam gyi mi khyab pa la re zhig spang gnyen gyi dbang du bsdu na/_sangs rgyas gsang ba'i rnam 'joms gzungs 'grel las/_sangs rgyas mchog gis chos gsungs pa/_/'dul ba mdo sde mngon pa dang*/_/rig pa 'dzin pa'i sde bzhir gnas/_/zhes sde snod bzhir dbye ba dang snga 'gyur rang skad thun mong min par spyi mdo dgongs 'dus las/_lang ka'i bdag po gzhan yang gang*/_/don dam nges pa'i theg pa ni/_/gsum du nges par bstan pa ste/_/kun 'byung 'dren dang dka' thub rig_/dbang bsgyur thabs kyi theg pa'o/_/zhes gsum du snang ba las re re la'ang gsum gsum du phye bas dgur 'gyur te/_kun 'byung 'dren pa'i theg pa ni/_nyan thos rang rgyal byang sems te mtshan nyid sde gsum dang*/_dka' thub rig byed theg pa ni/_kri ya u pa yo ga ste phyi rgyud sde gsum dang*/_dbang bsgyur thabs kyi theg pa ni/_rgyud ma hA yo ga_/lung a nu yo ga_/man ngag a ti yo ga ste nang rgyud sde gsum rnams su dbye ba dang*/_lang kar gshegs pa las/_lha yi theg dang tshangs pa'i theg_/de bzhin du ni nyan thos dang*/_/de bzhin gshegs dang rang rgyal gyi/_/theg pa tha dad par bshad do/_/zhes mngon mtho'i theg pa gnyis/_nges par legs pa'i theg pa gsum dang lngar dbye ba rnams su yod pas mdo rgyud de dag gi rjes su 'brangs nas nyams len mngon rtogs kyi rim pa so so'i lam rang rang lta sgom spyod pa'i nyams len rang rkya thub pa dang*/_gsang sngags rdo rje theg pa rnal 'byor bla med kyi lam stegs su bstan pas mthar thug sngags kyi lta spyod las gzhan du ma gyur kyang lam nyams len theg dgu rang rang dang mi 'gal bar bkral zhing 'jug sgo dbang gis smin par bya ba snga 'gyur bka' ma lung a nu yo ga mdo tshogs chen 'dus pa dang*/_gter kha du ma las kyang 'byung ba'i bka' srol gnyis las 'dir zab mo gter gyi phyogs yin/_de la yang theg dgu yongs rdzogs kyi dbang bskur mang du bzhugs pa las 'dir dam chos rdzogs chen sde gsum gyi nang skor/_chos thams cad chos nyid kun tu bzang mo'i klong las mi 'da' bar bstan pa klong dgu bam po nyi khri'i rgyud kyi bcud phyung ba man ngag gi rtsa ba sprul sku dga' rab rdo rje'i mdo lung chen po'i rgyud las btus pa'i rig 'dzin shrI sing ha'i man ngag gi khyad chos su bzhag pa rdzogs pa chen po klong sde'i yi dam khro bo mngon rdzogs rgyal po dang yan lag theg pa dgu bsgril gyi dbang ste/_gzhung las/_de ltar sde gsum nang skor gyi:_rtsa ba yan lag dkyil 'khor pa'i:_sngags kyi phreng ba dgongs pa bcas:_shrI sing ha'i thugs kyi bcud:_thun mong ma yin lung chen po'i:_bcud 'dril man ngag yang zhun 'di:_bai ro bdag gi thugs dam ste:_da lta spel phangs gter du sbas:_ma 'ongs mnga' bdag yab sras kyi:_sprul pa sgyu ma'i skyes bu zung:_dus kyi tha mar 'byung ba dang:_'phrad nas gzhan la phan par shog:_ces gsungs pa ltar 'jam mgon nyi zla zung gcig gis nges gsang bstan pa'i me ro gso ba'i srog gi zungs su sa steng du snang bar mdzad pa phrin las nyi ma mtha' yas zhes sngon 'gro 'jug pa'i chos bcu/_rtsa ba dgu bsgril/_mtha' rten yan lag gnyis dang bcas nyi shu tham pa'i dbang gi gter mdzod rnams dkyus gcig tu bskur ba la sta gon dang dngos gzhi gnyis las/_thog mar sngon 'gro sta gon gyi chos rnams zhu ba'i yon du maN+Dal 'bul bar zhu/_zhes brda sbyar la maN+Dal 'bul/_de nas lag gnyis snyim pa me tog gis bkang ste thal mo sbyar nas gsol ba 'debs pa 'di'i rjes zlos/_e ma hoH_'dren pa'i gtso bo bla ma rje:_bdag cag 'khor ba las sgrol phyir:_thar pa'i lam mchog ston dang:_thugs rjes brtse bar bzung du gsol:_lan gsum/_de ltar gsol ba btab pa la slob dpon gyis lan sbyin pa ni/_hoH_thar pa don gnyer skal ldan rnams:_tshur shog ji ltar 'tsham pa yi:_lam mchog bdag gis ston pas na:_skal pa ldan rnams spro ba skyed:_rgyud dag par bya ba'i slad du dmigs pa 'di bzhin mdzod/_chos thams cad kyi rang bzhin stong pa chen po sangs rgyas chos kyi sku/_rang mdangs ma 'gag par gsal ba dam pa'i chos/_sna tshogs ci yang shar ba dge 'dun te de lta bu'i gnas lugs yongs shes kyi ngang nas rig pa'i snang cha mdun gyi nam mkhar skyabs gnas dkon mchog rtsa gsum rgya mtsho mngon sum bzhin du bzhugs pa'i spyan sngar rang gzhan sems can thams cad 'khor ba'i 'jigs pa las bsgral ba'i blos dwangs 'dod yid ches kyi dad pa drag po bskyed de deng nas bzung ste byang chub snying po'i bar du mi phyed gus pas skyabs su 'gro ba 'di'i rjes zlos/_ngo bo stong pa rdzogs sangs rgyas:_rang bzhin gsal ba dam pa'i chos:_sna tshogs sprul pa'i tshogs mchog la:_dbyer med chen por skyabs su mchi:_lan gsum/_sems bskyed pa'i slad du sems can thams cad ye nas chos kyi dbyings rnam par dag pa bri gang 'pho 'gyur bral ba bzhugs pa la/_rang ngo ma shes pas bsgribs te bdag gzhan du sgro btags pa'i gnyis chos kyi 'khrul pas bcings pa'i 'gro ba rnams srid zhir mi gnas pa'i dpal chen rang byung khro bo'i rgyal po'i ye shes kyi klong du bsgral bar bya'o snyam pa'i blos phyogs lhung dang bral bar khyab gdal chen por sems bskyed pa 'di'i rjes zlos/_e ma ho chos dbyings rnam dag nas:_sgro btags ma rig 'khrul pa'i 'gro:_ye shes klong du bsgral ba'i phyir:_khyab gdal chen por sems bskyed do:_lan gsum/_slar yang zhing mchog de dag gi spyan sngar bsags sbyang spel gsum gyi gnad bsdus pa yan lag brgyad pa bgyi ba la/_chos dbyings mtha' dbus bral ba'i dus gsum gyi bde bar gshegs pa rnams dmigs med lta ba'i ngang nas gnyis su med par phyag 'tshal zhing*/_me long lta bu'i ye shes kyi klong du 'khor 'das kyi chos thams cad spang blang mtshan 'dzin med par sgrib bral du gsal bas snang srid thams cad mchod par 'bul ba dang*/_dge sdig gi chos thams cad spang blang 'dzin med mnyam pa nyid kyi klong du gnas pa ma shes pas rgyu 'bras gnyis su 'dzin pa'i sdig ltung thams cad bshags pa dang*/_chos can gyi snang cha ma 'dres so sor rtog pa'i ye shes kyi klong du phyogs dus kyi slob dang mi slob zag bcas zag med kyi dge chos thams cad rnam par rang rtsal du gsal ba la so so rang rig pas rjes su yi rang zhing*/_bya ba grub pa'i ye shes kyi klong du gang la gang 'dul gyi 'dod rgu thams cad 'byung ba'i phrin las la 'bad med lhun grub chen por dbang 'byor bas rigs can gsum la blo rim dang mtshams pa'i chos 'khor rgyun mi 'chad du bskor bar bskul ba dang*/_srid zhir mi gnas shing bden gnyis dbyer med chen por chos gzugs kyi sku gnyis rtag par 'du 'bral med par bzhugs pa dang*/_de las byung ba'i dge ba dam pas mtha' bral gzung 'dzin gyi sgrib pa phra rags las 'das pa'i chos dbyings ye shes chen po'i klong du mngon par byang chub par bsngo ba ste don de rnams dran bzhin pas rjes zlos/_dmigs mtha' bral ba'i bde gshegs la:_chos dbyings klong du phyag 'tshal lo:_me long klong du mchod pa 'bul:_mnyam nyid klong du ma shes bshags:_ma 'dres klong du rjes yi rang:_'dod rgu 'byung ba'i chos 'khor bskor:_bden pa gnyis su bzhugs su gsol:_gnyis med dbyings su 'bras thob shog:_lan gsum/_de nas tshogs zhing dpang por bzhugs pa'i spyan sngar skyabs 'gro nas bzung nges 'byung gi blos so thar gyi sdom pa dang byang chub sems dpa'i nyes spyod sdom pa dang*/_dge ba chos sdud/_sems can don byed kyi tshul khrims dang rdo rje theg pa bde gshegs rigs lnga'i phyi nang gsang ba'i sdom pa dang dam tshig rnams gzung bar bgyi'o snyam pas rjes zlos/_bde gshegs sras bcas dgongs su gsol:_bdag gis dkon mchog gsum gzung zhing:_de bzhin mkhan po pha ma la:_dge ba'i grogs la bkur sti dang:_dge bcu phar phyin bdag gis spyad:_rigs lnga'i sdom pa ma lus gzung:_mgon pos lam mchog bstan du gsol:_lan gsum/_de ltar rgyud sdom ldan du byas pa la/_slob dpon gyi dkyil 'khor du 'jug par gnang ba sbyin pa ni/_de ltar yin na gsang sngags kyi:_dkyil 'khor drug tu 'jug rung yin:_brtags phyir sta gon legs par gyis:_zhes gdams te/_dang po dngos grub kyi ltas brtags pa'i phyir so shing sbyin pa ni/_mkha' dbyings kyi rgyas so shing bzung ste rtse mos so brus pa ltar byas pas lus kyi sgrib pa dag_/bum dbang gi snod rung du byas la dngos grub kyi ltas brtags pa'i don du ltos par med par 'di'i rjes zlos dang bcas te maN+Dal du 'dor bar zhu/_hoH_chos dbyings maN+Dal rnam par dag:_ye shes lnga yi tshom bur gsal:_bdag gi dug lnga ye shes su:_sangs nas skal pa mthong bar shog:_badz+ra ha sa ha:_ltas brtags pa ni/_phyogs bzhi dbus ni rigs lnga dang:_steng 'og mkha' yi dngos grub thob:_ma 'dzin ngan pas bshags shing bskyar:_zhes gsungs so/_/khyor chu sbyin pa ni/_khyor chu lag g.yas su lan gsum byin pa hub gsum du btung zhing lhag mas khrus byas pas ngag gi sgrib pa dag cing gsang dbang gi snod rung du byas par mos/_dung zhal gyi chu thogs nas/_rmi lam brtags te de gsal phyir:_dri med khyor chu bdud rtsi'i mtsho:_rnam par dag pa khrus kyi chus:_bag chags ngan pa sangs gyur nas:_skal bzang rmi lam mthong bar shog:_las sngags rdor sems snying po bzla bzhin du sbyin/_srung skud bcings pa ni/_las sngags rdor sems snying pos bsngags te/_bar chad bsal phyir las sngags kyis:_bsngags pa'i rdo rje'i srung skud btags:_zhes gsungs pa ltar phrin las kyi lha yi rang bzhin du byin gyis brlabs pa'i srung skud skyes pa'i dpung pa g.yas/_bud med kyi g.yon du bcings pas khams kyi sgrib pa sbyangs shing sher dbang gi snod rung du byas par mos/_rmi lam mi 'khrugs pa'i phyir du d+hI dang kha~M las byung ba'i ku sha'i chun po sngas dang stan gyi don du sbyin pa ni/_hU~M:_thabs kyi d+hI las skyes pa dang:_shes rab kha~M las skyes pa yi:_gtsang zhing dge ba'i sngas stan la:_nyal te lha la sems bzung la:_bzang ngan gang byung bdag la ston:_gang yang chos nyid klong du zhog:_badz+ra d+hI kha~M:_sdig sbyong ni/_til dang me chu bsham la/_khyed rang dbang gis smin par byed pa'i 'gal rkyen sdig sgrib sbyang ba'i slad du dmigs pa 'di bzhin mdzod/_tha mal lus kyi rkang mthil la/_/ya~M dang lte bar ra~M snying gar:_sdig pa ka~M yig rnam par gnas:_slob dpon thugs ka'i 'od zer gyis:_ya~M ra~M rlung me'i sbyor ba yis:_ka~M yig slob ma'i sna nas thon:_til la bstim la sdig mdzub kyis:_ye shes me dang chu la sbyangs:_oM sarba pA paM a pa nA ya bi shud+d+he swA hA:_zhes pa'i sngags lan gsum gyis til bsreg me chur dor/_sgo gsum rdo rje gsum du dag cing dbang shes lha yi rol par shes pas smin rung du byed pa'i phyir khyed rang skad cig gis rdo rje sems dpar gsal ba'i gnas gsum du dri yi thig le bya ste/_oM A hU~M:_zhes gnas gsum du dri yi thig le bkod/_'bru gsum la bsgom rgyal rnams kyi:_gsang gsum byin rlabs thams cad bstim:_de nyid la nye bar spyod pa rnams kyis mchod par gyur/_oM badz+ra puSh+pe sogs nas/_nai wid+ya'i bar mchod pa rnam lngas mchod/_zam mo'i chos bshad pas spro ba skyed pa ni/_'jig rten du ni kun mkhyen dag_/u dum wa ra'i me tog bzhin/_/brgya lam na ni res 'ga' zhig_/'byung 'gyur yang ni mi 'byung ngo*/_/gsang sngags spyod pa'i tshul 'di ni/_/de bas kyang ni dkon pa ste/_/bu yis blo gros 'di gyis shig_/de rnams kyis slob ma sta gon grub nas/_dngos gzhi'i dbang bskur ba la/_snod bcud dbyings ye gnyis med kyi dkyil 'khor du rang shar bar bde stong zung 'jug gi ye shes lam byed a nu lung gi mdo bzhi la sogs pa'i dgongs pa dbang gi chu bo bzhi rgyun ma chad pa/_'phags pa'i yul du rgyal po dzaHlas brgyud pa gnubs sangs rgyas ye shes rin po ches rgya bal bru sha'i slob dpon bzhi las dbang rgyud bshad man ngag dang bcas pa gsan pa'i rgyun snga 'gyur bka' ma'i ring lugs ma nyams par bzhugs pa'i dgongs pa dang mi 'gal zhing*/_bskyed rdzogs nyams len gyi rim pa rdzogs pa chen po klong sde'i man ngag ltar bkral ba'i yi dam mngon rdzogs rgyal po theg dgu'i dkyil 'khor yongs rdzogs kyi dbang bskur tshul zab mo gter gyi bka' bab las byung ba'i sngon med ngo mtshar rmad du byung ba'i gsang ba'i lam khyad par du 'phags pa ste/_de yang dbang gi ngo bo ni/_rgyu gnyis rkyen bzhi tshogs la brten nas go 'phang gi chos rgyud la 'jog pa'i las kyi dri ma byang bas nyams smad par byas shing thar pa'i myu gu mngon du skyes pa'am skye nges kyi sa bon khyad par can gsos thebs pas lam sgom rung dang 'bras bu thob rung gi nus pa mthu can du byas pa ste sa bon gsos thebs pa'i cha de sngags kyi sdom pa'ang yin la dam tshig kyang yin no/__/nges tshig ni/_a b+hi Shiny+tsa'i sgra las drangs na/_mngon par gtor bas na dbang ste/_sbyang bya sgo gsum gyi dri ma gtor zhing 'khrud par byed pa'i phyir dang*/_yang na mngon par blugs pas na dbang ste/_lam sgom rung dang 'bras bu thob rung gi nus pa khyad par can rgyud la 'jog pa'i phyir/_de ltar yang brtag gnyis las/_/gtor dang blugs pa zhes bya ba/_des na dbang zhes brjod par bya/_zhes gsungs/_dbye na dbang don bsdus pa las/_rjes 'jug las kyi dang po la/_/chu bo bzhi yi dbang bskur ba/_/yo ga la sogs theg drug la/_/phyi dbang rgyud kyi chu bos bya/_/bskyed pa ma hA yo ga la/_/nang dbang 'byung ba'i chu bos bya/_/rdzogs pa a nu yo ga la/_/sgrub dbang grags pa'i chu bos bya/_/rdzogs chen a ti yo ga la/_/gsang dbang rdzogs pa'i chu bos bya/_/zhes gsungs pa ltar/_sgo 'byed kyi dbang dang*/_lha mi'i theg pa'i dbang*/_theg rim dgu'i dbang rnams bzhugs shing*/_nang gses kyi dbye ba du ma dang bcas pa'i dbang bskur rnams rim par bsgrub par bgyi ba la/_thog mar sgo 'byed phyag rdor ngan song kun sbyong gi dbang bskur ba ni/_rtsa ba'i dkyil 'khor chen po'i byang shar ngan song sbyong ba'i dkyil 'khor gyi gtso bo gsang ba'i bdag po ngan song kun 'dren gyi lha tshogs 'khor dang bcas pa nam mkha' gang bar byon nas bum pa bdud rtsis gang ba'i ye shes kyi chu rgyun gyis spyi bo nas khrus mdzad pas dug gsum rgyu 'bras dang bcas pa dbyings su dag par mos shig_/bum pa thogs te/_hU~M:_byang shar dkyil 'khor chen po nas:_phyag na rdo rje dbyings nas bzhengs:_bkra shis khrus kyi bum pa 'dir:_rgyal ba kun gyi thugs rje'i chu:_slob ma'i dug gsum sgrib sbyangs nas:_na raka gnas rnams dong sprugs shog:_oM badz+ra pA Ni hU~M phaTa?:_khrus bya/_yungs kar gyis brab/_khyed rang tha mal du gnas pa'i rkang mthil du duHnag po/_gsang bar pre thal skya/_lte bar tri sngo nag gi rnam pa la ngo bo nyon mongs dug gsum gyi las dang bag chags thams cad 'dus pa slob dpon dang gsang ba'i bdag po dbyer med pa'i phyag sor rigs lnga yab yum mnyam par sbyor ba'i sbyor mtshams nas 'od zer gyi phreng ba spros pas ngan song gsum gyi sa bon bag chags dang bcas pa ba mo la nyi zer phog pa bzhin sangs kyis sbyangs par bsam/_oM badz+ra su ra ti:_oM badz+ra any+dza li:_oM badz+ra ban+d+ha ba~M:_slar yang thugs ka nas spros pa'i ye shes kyi mes sdig sgrib thams cad bsreg_/byang sems kyi chus bkru/_chos nyid kyi rlung gis gtor zhing lhag med du sbyangs bar bsam la/_oM da ha da ha sarba na ra ka ga te he tu~M hU~M phaTa?:_oM pa tsa pa tsa sarba pre ta ka ga te he tu~M hU~M phaTa?:_oM ma tha ma tha sarba tir+Ya ka ga te he tu~M hU~M phaTa?:_sngags gsum brjod/_des sbyor ba sdig sgrib dag byed kyi dbang gis rgyud snod rung du byas nas lha tshogs rnams kyi ye shes phyag rgya'i sku yis dbang bskur bar mos shig__hU~M:_gsang ba'i bdag po rdo rje 'dzin:_zhal gcig phyag gnyis sku mdog mthing:_rdo rje dril 'dzin khro bo'i rgyal:_thar par 'dren pas dbang bskur ro:_oM badz+ra pA Ni kA ya a b+hi Shiny+tsa oM:_hU~M:_dmyal ba 'dul mdzad chos kyi rgyal:_sprul sku ston pa'i tshul bzung bas:_zhe sdang sdig sgrib 'joms par mdzad:_de bzhin gshegs pas dbang bskur ro:_oM mu ne ye kA ya a b+hi Shiny+tsa oM:_hU~M:_yi dwags 'dul mdzad kha 'bar rgyal:_sprul sku ston pa'i tshul bzung bas:_'dod chags sdig sgrib 'joms par mdzad:_de bzhin gshegs pas dbang bskur ro:_oM mu ne sru~M kA ya a b+hi Shiny+tsa oM:_hU~M:_dud 'gro 'dul mdzad seng rab brtan:_sprul sku ston pa'i tshul bzung bas:_gti mug sdig sgrib 'joms mdzad pa:_de bzhin gshegs pas dbang bskur ro:_oM mu ne k+Sha~M kA ya a b+hi Shiny+tsa oM:_zhes ngan 'gro'i gnas gsum sbyangs rjes bum pa thogs te/_slar yang gsang ba'i bdag po 'khor dang bcas pas khrus mdzad pas nyon mongs phrag dog log lta'i sdig sgrib rgyu 'bras rnams bkrus par mos shig__hU~M:_byang shar dkyil 'khor sogs gong ltar khrus byas rjes/_sku tsaka gi dbang bskur te/_lha min gyi thub pa gtso 'khor bzhi'i dbang bskur bying gyis brlab par mos la/_hU~M:_phrag dog rab tu 'joms pa dang:_rtag chad gnyis kyi mtha' bsal mdzad:_gzugs can mu stegs la sogs pa'i:_lta log sum brgya drug cu dang:_gzugs med lha min mthu chen 'joms:_lha min bcom ldan thag bzang ris:_rgyal po'i cha lugs 'khor lo 'dzin:_ded dpon bzhi yi tshogs rnams kyis:_log lta 'joms phyir dbang bskur ro:_oM mu ne trU~M kA ya a b+hi Shiny+tsa oM:_des yan lag dang po thar pa'i sgo 'byed kyi dbang grub nas/_yan lag gnyis pa mi yi theg pa dge bcu ston pa'i dbang bskur ba la/_bum pa thogs la/_dkyil 'khor chen po'i nub byang nas mi yi thub pa shAkya'i rgyal pos rin po che'i bum par ston pa zas gtsang sras sogs sangs rgyas kyi byin rlabs bdud rtsis gang bas dbang bskur bas ma dag pa'i cha bkrus shing dag pa ye shes kyi byin rlabs thob par mos mdzod/_hU~M:_bkra shis bum pa kun tu dge ba'i khrus:_mdzangs zhing blo gros ldan par bya ba'i phyir:_sangs rgyas byin rlabs bdud rtsi chu yi mchog:_deng 'dir skal ldan rnams la dbang bskur ro:_oM sarba ta thA ga ta a b+hi Shiny+tsa hU~M:_sku thogs la/_'gro 'dul mi yi ston pa zas gtsang sras shAkya'i rgyal po la gser dngul zangs lcags kyi 'khor los bsgyur bzhi 'khor dang bcas pas byin gyis brlabs par gyur:_hU~M:_'dod chags 'joms mdzad bcom ldan 'das:_zas gtsang sras po khye'u mdzes pa'i gzugs:_lta bas chog mi shes pa rgyal po'i tshul:_dang po gser gyi 'khor los bsgyur ba'i rgyal:_gnyis pa dngul gyi 'khor los bsgyur ba'i rgyal:_gsum pa zangs kyi 'khor los bsgyur ba'i rgyal:_bzhi pa lcags kyi 'khor los bsgyur ba'i rgyal:_'jig rten mi yi rgyal po sde lnga yis:_bkra shis rnam par dge ba'i dbang bskur bas:_skyon spangs legs pa'i yon tan sgrub pa yi:_dge bcu phun sum tshogs pa'i dbang thob shog:_oM mu ne bru~M kA ya a b+hi Shiny+tsa oM:_yan lag gnyis pa mi'i theg pa:_yongs su rdzogs pa'i dbang ldan 'gyur:_des mngon mtho'i dang po mi yi theg pa'i lam dang yon tan thams cad rdzogs par byas pa la/_yan lag gsum pa lha yi dge bcu ston pa'i phyir/_slar yang bkra shis bum pa thogs te/_dkyil 'khor chen po'i nub byang smad nas lha yi theg pa'i dkyil 'khor gyi lha tshogs rnams kyis dag gtsang ye shes kyi bdud rtsis gang ba'i bum pas spyi bo nas dbang bskur zhing bkrus par mos mdzod/_hU~M:_cir yang bsgyur ba'i sna tshogs cho 'phrul las:_bkra shis bum pa khrus kyi gzhal yas khang:_lha yi bya ba thog mar dag byed khrus:_'jig rten chos tshul de dang mthun pa'i phyir:_dge ba'i khrus chab gtsang mas dbang bskur ro:_oM sarba ta thA ga ta a b+hi She ka te sa ma ya shrI ye hU~M:_lha yi ston pa dbang po brgya byin 'khor dang bcas pas dbang bskur bas zhi lhag gi ting nge 'dzin gyi yon tan khyad par can rgyud la skyes par bsam/_sku tsaka thogs la/_hU~M:_nga rgyal 'joms mdzad bcom ldan brgya byin ni:_dam pa tog dkar lha yi rgyal po'i tshul:_kun la dbang bsgyur tshangs pa gdong bzhi dang:_srid pa'i mes po lha dbang brgya byin ni:_kun tu dge ba lha yi tshogs kyi rje:_kun tu mdzes pa lha mo sgyu 'phrul ma:_lha yi dge bcu phun sum tshogs gyur pa'i:_'jig rten lha dbang rnams kyi dbang bskur ro:_oM mu ne kriM kA ya a b+hi Shiny+tsa oM:_yan lag gsum pa lha'i theg pa:_yongs su rdzogs pa'i dbang ldan 'gyur:_des thog ma'i lam stegs sor bzhag lha mi'i theg pa'i dbang grub nas/_yan lag bzhi pa nyan thos theg pa'i dbang bskur ba ni/_bum pa thogs la/_dkyil 'khor chen po'i lho nub nyan thos theg pa'i dkyil 'khor gyi gtso bo shAkya thub pa mchog gi sprul pa'i skus lam gyi mi mthun phyogs sbyang pa'i phyir slob dpon dang ston pa thub pa'i dbang po dbyer med pas rin po che'i bum pa bdud rtsis gang bas khrus mdzad pas shAkya'i dbang po sku bltams pa dang lha rnams kyis khrus gsol ba bzhin dge legs kyi dpal rgyas par gyur/_hoH_rgyal ba 'jig rten la ni sku bltams tshe:_lha yi rgyal po rnams kyis khrus gsol ltar:_rnam par rgyal ba'i bum pa khrus kyi mdzod:_'jig rten kun tu shes pa dang po'i dbang:_oM sarba ta thA ga ta a b+hi She ka te sa ma ya shrI ye hU~M:_skal bzang 'dren pa rnams kyis 'gro ba 'dul ba'i don du bzhes pa'i thar pa'i rgyal mtshan chen po rnam pa gsum dang*/_sbyangs pa'i yon tan gyi rten lhung bzed 'khar sil la sogs 'tsho ba'i yo byad sprul sku chags bral gyi chas rnams kyis dbang bskur bas tshangs par spyod pa bslab pa gsum gyi yon tan mngon du gyur pa mos/_chos gos gsum sogs gtad la/_hoH_rab tu byung zhing tshangs par spyod pa'i tshe:_chos gos rnam gsum lhung bzed 'khar sil dang:_spyi blugs chu snod chu tshags la sogs pa'i:_rab byung cha lugs chas kyi dbang bskur bas:_tshangs par spyod pa'i sdom pa yongs rdzogs shog:_ston pa 'khor dang bcas pas dbang bskur bas nyan thos kyi lam yongs su rdzogs pa'i yon tan mngon du gyur par mos/_thub dbang 'khor bcas kyi sku tsaka gtad de/_hU~M:_ston pa'i rgyal po bcom ldan shAkya thub:_gser mdog sa gnon mnyam bzhag mtshan dpes spras:_tshul khrims phun sum tshogs pa nye ba 'khor:_mngon par shes pa ldan pa shA ri'i bu:_rdzu 'phrul khyad par 'phags pa mo'u gal bu:_rgyal ba'i rim gro nyan thos kun dga' bo:_gzhan yang nyan thos dge slong dpag med pas:_dbang bskur tshul khrims mtha' ru phyin par shog:_oM mu ni mu ni ma hA mu ni shAkya mu ni kA ya a b+hi Shiny+tsa oM:_'o rigs kyi bu dkon mchog rin po che rnam pa gsum la skyabs su ma song na srid pa'i g.yang sa las nam yang mi sgrol bas khyed rnams la ston pa sangs rgyas kyi sku yi dbang bskur/_'phags pa'i dge 'dun gyi rjes su slob phyir rab tu byung ba'i chas kyis spras/_rtogs pa'i chos bslab pa gsum ldan du byed par lam bden lung 'bog pa'i tshul du dbang bskur bas srid pa'i mtha' las grol ba'i dbang thob pa'i don bsgrags pa la snyan gtod 'tshal/_e ma lha mi'i theg pa dge ba bcu spyad kyang:_dkon mchog gsum la skyabs su ma song bas:_'khor bar 'phags pa nam yang mi 'gyur zhing:_dge sdig spang blang tsam las lta ba med:_nyan thos lta ba bag yod tshul bzhin las:_chos kyi bdag med phyed tsam stong pa dang:_gang zag bdag med rtog pa skad cig ma:_de las gzhom med gzhan du stong par blta:_d+harma a b+hi Shiny+tsa hU~M:_yan lag bzhi pa nyan thos theg:_yongs su rdzogs pa'i dbang ldan 'gyur:_yan lag lnga pa rang rgyal gyi theg pa'i dbang bskur ba la/_bum pa thogs te/_dkyil 'khor chen po'i shar lho rang rgyal dkyil 'khor gyi gtso bos lha yi bdud rtsis gang ba'i bum pas dbang bskur bas rten 'brel gyi don rtogs pa'i rang byang chub kyi lam kun la dbang ba'i skal ldan du byas par gyur/_hU~M:_thog mtha' bar du dge ba lha yi chu:_dngos po'i dri 'joms mi rtag tshul ston pa:_yongs su sdig sgrib 'joms pa'i chu yis bkru:_rdzu 'phrul shugs kyis ston pa'i dbang thob shog:_oM sarba ta thA ga ta a b+hi She ka te sa ma ya shrI ye hU~M:_yid bzhin bde ba mchog gi go 'phang mngon du gyur pa'i rang rgyal gyi ston pa rdzu 'phrul sna tshogs 'du mdzad pas dbang bskur byin gyis brlabs par bsam/_sku tsaka thogs la/_slob dpon med par rang sangs rgyas pa'i sku:_nyon mongs dgra bcom ma rig kun las ldog:_rang rgyal gtso bo sku las me 'bar dang:_mi rtag don rtogs sku las chu 'khrugs dang:_stong nyid don rtogs rang rgyal mkha' la bzhugs:_mi rtog don rtogs rang rgyal 'jigs pa med:_snang ba'i chos la mi zhen 'od phung 'bar:_rang rgyal chen po rnams kyi dbang thob shog_/oM sarba ma hA yA na a b+hi Shiny+tsa hU~M:_rang sangs rgyas rnams ni slob dpon med par dur khrod du song ste lam sngon sbyang gi nus pas rten 'brel lugs 'byung ldog gi don mngon du gyur nas gang zag dang chos kyi bdag med pa phyed dang gnyis rtogs par mtshon phyir rten 'brel bcu gnyis kyi gzugs kyis dbang bskur bar mos/_rten 'brel gyi gzugs thogs la/_hU~M:_rten 'brel bcu gnyis thog ma ma rig pa:_yongs dag gang zag bdag med nyid rtogs shing:_srid pa'i 'khor lo'i drwa ba rnam 'joms pa'i:_rten 'brel bcu gnyis mngon par dag gyur pas:_brda rtags gzugs kyi tha ma gdos bcas tshogs:_mi rtag ston pa'i tshul gyis dbang bskur ro:_d+harma a b+hi Shiny+tsa AH_yan lag lnga pa rang rgyal theg:_yongs su rdzogs pa'i dbang ldan 'gyur:_yan lag drug pa byang sems theg pa'i dbang bskur ba ni/_mngon rdzogs dkyil 'khor chen po'i byang nas rgyal sras rigs gsum mgon po sogs mkha' dbyings gang ba'i sems dpa' rnams kyis bum pa byang chub sems kyi bdud rtsis gang ba bsnams te spyi bo nas khrus mdzad cing dbang bskur bar mos/_byang sems theg pa'i bum pa thogs la/_hU~M:_phan bde 'byung gnas bkra shis bum pa ru:_byang chub sems kyi chu yi bdud rtsis bkang:_sdug bsngal thams cad rnam par sbyang ba'i phyir:_skal ldan rnams la snying po'i khrus gsol bas:_byang chub sems dpa'i rigs can dag tu gyur:_rgya chen rgyun mi 'chad pa'i byang chub sems:_rnam par brtan cing rab tu 'phel gyur cig:_oM sarba ta thA ga ta a b+hi She ka te sa ma ya shrI ye hU~M:_zhes khrus byas shing dbang bskur bas khyed rnams sems dpa' gzhon nu lha yi cha byad can du gyur pa la nye ba'i sras mchog rnams kyis dbang bskur bas de dag gi thugs bskyed dang rnam thar gyi dpal la spyod pa'i dbang dam pa thob par gyur/_sku tsaka spyi bor bzhag la/_hU~M:_snying rje'i bdag nyid 'phags mchog thugs rje che:_mkhyen brtse'i bdag nyid 'jam dpal ye shes sems:_bdud rtsi kun 'joms bcom ldan rdo rje 'dzin:_sa bcu'i mgon po 'phags mchog mi pham mgon:_gzhan yang sgrib pa rnam sel nam mkha'i snying:_kun tu bzang po sa yi snying po dang:_zla ba'i blo gros byams mgon thugs rje'i gter:_sems dpa'i rgyal po gser 'od dam pa sogs:_byang chub sems dpa' bye ba khrag khrig gi:_thugs bskyed rnam dag smon lam yongs grub pa:_sems can kun la sman mdzad mkhyen brtse nus:_ma lus yongs su rdzogs pa'i dbang thob shog:_oM b+ho d+hi satwa a b+hi Shiny+tsa hU~M:_des theg pa chen po'i lam gyi yon tan rnams rgyud la rdzogs te sa bcu la gnas pa'i byang chub sems dpa'i tshogs dang skal pa mnyam pas mthar shes rab kyi ral gri sogs rdzas rnams kyis dbang bskur ba ni/_ral gri sogs phyag mtshan rnams gtad de/_sdug bsngal gcod mdzad shes rab ral gri dang:_nyon mongs gcod nad 'byin pa'i sman gyi rgyal:_sdug bsngal chu bo che las sgrol ba'i gru:_sems can kun gyi dbugs dbyung chos kyi dung:_byang chub sems kyi rang bzhin kun khyab pa:_rtag tu yon tan mngon sum rdzogs gyur pa'i:_byang chub sems dpa' rnams kyi gang dgongs pa:_sems can kun la de nyid 'byung gyur cig:_oM sarba b+ho d+hi satwa sarba a b+hi Shiny+tsa hU~M:_de ltar dbang bskur bas zhi ba phyogs gcig gi mtha' las grol nas thabs snying rje chen po dang shes rab stong pa nyid rtogs pa'i blo zung du 'jug pas pha rol tu phyin pa drug la sogs pa theg pa chen po'i lam gyi yon tan rgya mtsho yongs su rdzogs pas don gnyis lhun grub kyi sa la dbugs dbyung nas lung bstan pa ni/_slob dpon gyi phyag gdengs te/_'di phan theg dman nyan thos rang don te:_'di ni theg chen gzhan don rlabs chen yin:_smon lam yang dag dge ba'i 'jug pa ste:_byang chub sems dpa'i sdom pa bla na med:_bdag med rnam gnyis rang bzhin rtogs gyur te:_de ring byang chub sems dpa'i rigs can no:_rgyal ba kun gyi sras kyi dam pa dgongs:_spro ba bskyed cig gzhan phan rgya cher gyis:_b+ho d+hi satwa AH_yan lag drug pa byang sems theg:_yongs su rdzogs pa'i dbang ldan 'gyur:_de dag gis rgyu mtshan nyid theg pa'i dbang rnams grub nas/_'bras bu gsang sngags rdo rje theg pa'i dang po phyi rgyud sde gsum las/_yan lag bdun pa kr-i ya'i theg pa'i dbang bskur ba ni/_dkyil 'khor rtsa ba'i nub nas kr-i ya rigs gsum 'dus pa'i lha tshogs rnams kyis rgyal ba shAkya'i dbang po sku bltams pa'i tshe lha rnams kyis khrus gsol ba bzhin ye shes bdud rtsis gang ba'i bum pas spyi bo nas dbang bskur zhing bkrus par mos mdzod/_dag byed khrus kyi bum pa thogs te/_hU~M:_rnam par rgyal ba'i ston pa sangs rgyas nyid:_sa chen 'di ru rnam par bltams pa'i tshe:_kun gyis dang po bkra shis khrus gsol ltar:_shin tu dge ba'i chab kyis khrus bgyi'o:_oM sarba ta thA ga ta a b+hi She ka te sa ma ya shrI ye hU~M:_rigs gsum 'dus pa'i lha tshogs nam mkha' gang bas sku phyag rgya'i dkyil 'khor gyis dbang bskur bar gyur/_ston pa bkra shis lha mo brgyad kyis bskor ba'i sku spyi bor bzhag la/_hU~M:_ston pa gser mdog mya ngan med pa'i rgyal:_nyon mongs dug rnams sel ba'i rma bya can:_sgrib pa'i dri ma tshogs 'joms bsil ba'i tshal:_gdon bgegs ma lus kun 'joms so sor 'brang:_sdug bsngal rnam par 'joms mdzad lha mo'i mchog:_'jigs pa brgyad rnams zhi mdzad zhi ba ma:_yongs su sdug bsngal sbyong mdzad rig pa'i rgyal:_kun tu bsod nams 'phel mdzad rnam par rgyal:_las kun grub par mdzad pa grub pa mo:_bkra shis lha mo brgyad kyi dbang bskur bas:_shin tu rnam par dge dang bkra shis shing:_rnam par rgyal ba'i dbang mchog thob par shog:_dkyil 'khor gyis lha tshogs rnams khyed rang la thim pas slob ma rnams skad cig gis ston pa thub pa'i dbang po'i skur gyur pa la bkra shis rnam par rgyal ba'i bum pas dbang bskur bas lha tshogs rnams kyi ye shes dang yon tan yongs su rdzogs pa thob par gyur/_rnam rgyal bum pa spyi bor bzhag ste/_hU~M:_bkra shis rnam par rgyal ba'i bum pa na:_nyon mongs dug 'joms pha rol phyin pa'i chu:_bkod pa khyad 'phags dge mtshan du mar bcas:_ye shes chu bo mchog gi khrus bgyi'o:_oM sarba ta thA ga ta a b+hi She ka te sa ma ya shrI ye hU~M:_bum chu sbyin cing khrus bya/_de ltar dbang bskur zhing khrus byas pas dug lnga dag_/ye shes lnga mngon du gyur/_bum pa'i bdud rtsis lus gang*/_zegs ma spyi bor 'khyil ba yongs su gyur pa rigs kyi bdag po mi bskyod pas dbu rgyan spyi bor bcings la/_dam pa tog dkar lha yul nas gshegs te:_de tshe rgyal ba byams pa mgon po la:_rgyal tshab dbang bskur cod pan bcings pa ltar:_rin chen cod pan dam pas dbang bskur ro:_oM rat+na mu ku Ta a b+hi Shiny+tsa mi:_khyed rnams kyi lus ngag yid gsum rigs gsum sems dpa' rgyal ba kun gyi sku gsung thugs kyi bdag nyid du byin gyis brlabs par gyur/_rigs gsum gyi sku tsaka gnas gsum du bzhag la/_hU~M:_snang srid rigs gsum dkyil 'khor mthong ba'i phyir:_sku yi rigs mchog 'jam dpal ye shes sems:_gsung gi rigs mchog 'phags pa spyan ras gzigs:_thugs kyi rigs mchog bcom ldan gsang ba'i bdag:_dug gsum dag na sku gsum mthong ba dang:_rigs gsum lha tshogs rnams dang dbyer med shog:_oM sarba ta thA ga ta kA ya wAka tsit+ta a b+hi Shiny+tsa hU~M:_ye shes thig le'i rgyud las/_chu yi dbang bskur dbu rgyan dag_/bya ba'i rgyud la rab tu grags/_/zhes gsungs pa ltar grub pas/_yan lag bdun pa kr-i ya'i theg:_yongs su rdzogs pa'i dbang thob 'gyur:_yan lag brgyad pa u b+ha'i theg pa'i dbang bskur ba ni/_de yang rgyud las/_rdo rje dril bu de bzhin ming*/_/spyod pa'i rgyud la rab tu grags/_/zhes pa ltar/_mngon rdzogs rtsa ba'i dkyil 'khor chen po'i lho phyogs su bzhugs pa'i lha tshogs rnams kyi thugs ka nas rig pa'i lha mo rnams spros te bkra shis pa'i rnam pa du mas dbang bskur bar gyur/_bum pa thogs la/_hU~M_rang gsal dag pa'i bum pa ru:_ye shes bzhi yi chu yis bkang:_nyon mongs sbyang phyir khrus bgyis pas:_ye shes rnam bzhi mthong bar shog:_oM sarba ta thA ga ta a b+hi She ka te sa ma ya shrI ye hU~M:_bum pa bzang po las byung ba'i chus khrus byas shing yon tan yongs su rdzogs pa'i brdar dbang lhas dbu rgyan spyi bor bcings par gyur/_dbu rgyan bcings la/_hU~M:_rnam par rgyal ba'i sangs rgyas kyi:_rin chen dbang rtags cod pan che:_rgyal ba'i dbang rnams rdzogs pa'i phyir:_dbu rgyan dam pas dbang bskur ro:_rat+na mu ku Ta~M:_thugs bde stong chen po thabs shes gnyis su med pa'i phyag rgya rdo rje dang dril bu gtad pas zung 'jug gi ye shes rtogs pa'i brdar thugs kar bsnol te zungs shig_/rdor dril gtad la/_hU~M:_rnam par dag pa'i ye shes kyi:_thabs kyi rdo rje gzung bar gyis:_stong pa zung 'jug dbyangs ldan pa'i:_shes rab dril bu gzung bar gyis:_badz+ra d+hA ra karma gaN+De a:_gsung rig pa'i sngags kyis byin rlabs thob pa'i phyir thabs shes dbyangs gsal gyi yi ge'i phreng bas dbang bskur bar gyur/_sngags byang gtad la/_hU~M:_sngags dang phyag rgya bla med pa'i:_thams cad ye shes chen por bsgyur:_thabs dang shes rab zung 'jug pa'i:_sngags dang phyag rgya gzung bar gyis:_a A i I sogs/_ka kha ga g+ha nga sogs/_sku phyag rgya'i dbang bskur ba'i phyir rigs kyi 'khor los bsgyur ba bzhi'i dbang bskur bar gyur/_sku tsaka thogs la/_hU~M:_chos dbyings ye shes bcom ldan rnam snang mdzad:_sor rtog ye shes bcom ldan snang mtha' yas:_me long ye shes bcom ldan mi bskyod pa:_mnyam nyid ye shes bcom ldan rin chen 'byung:_rgyal ba rigs bzhi'i dbang chen rab bskur bas:_rigs bzhi'i lha yi dngos grub 'grub par shog:_oM sarba ta thA ga ta bai ro tsA na pad+ma d+hA ra ak+Sho b+h+ya rat+na saM b+ha wa a b+hi Shiny+tsa hU~M:[,,]yan lag brgyad pa u b+ha'i theg:_yongs su rdzogs pa'i dbang thob 'gyur:_yan lag dgu pa yo ga'i theg pa'i dbang bskur ba yang*/_rgyud snga ma las/_phyir mi ldog pa yi ni dbang*/_/rnal 'byor rgyud du gsal bar phyes/_/de ni drug pa'i bye brag dbang*/_/slob dpon gyi ni dbang zhes bya/_/zhes gsungs pa ltar dam tshig gsum sbyin pa dang rdo rje slob dpon gyi dbang rnal 'byor gyi rgyud las 'byung ba ltar thun mong rig pa'i dbang lnga rdzogs par ster ba ni/_thog mar khyed rang ma rig pa'i sgrib g.yogs mtshon byed mig dar 'ching bar zhu/_a khaM wI ra hU~M:_gis chings/_lha dang mjal ba'i phyag rten me tog re yang 'dzin mdzod/_a khaM wI ra hU~M:_gsang ba gnyan po'i dkyil 'khor du 'jug cing dbang bskur ba la rgyud sdom pa dang ma ldan na dbang gi bcud mi chags par gdams pa ni/_'di phan nyon mongs bkru ba'i bya ba yin:_da ni ye shes gong du 'phel ba yi:_gsang sngags yo ga'i theg par 'jug pa ste:_rigs lnga'i sdom pa ma lus thub par srungs:_zhes brjod la slob mas rigs lnga spyi dang bye brag gi sdom pa bzung bar gsol ba 'debs pa 'di'i rjes zlos/_bde bar gshegs pa slob dpon dgongs:_rigs lnga'i sdom pa ma lus pa:_rnal 'byor rgyud du gang gsungs pa:_de dag thams cad bdag gis sdom:_sa ma ya i dan na ra kan:_de nas dbang gi gzhi 'god pa ye shes pa 'bebs pa'i slad du slob ma rnams kyi gzhi lus rnam par snang mdzad kyi sku 'di ltar gsal thob cig_/slob ma mi dmigs stong pa nyid du gyur:_stong pa'i ngang las pad zla'i gdan gyi steng:_dus gsum sangs rgyas kun rig rnam snang mdzad:_zhal bzhi phyag gnyis mnyam bzhag 'khor lo 'dzin:_dkar po longs spyod rdzogs sku mtshan dpe rdzogs:_lha mo dbyings phyug ma ni mdun na 'dug:_de ltar gsal ba'i gnas gsum yig 'brus mtshan:_slob dpon thugs nas 'od zer 'phros pa yis:_ye shes spyan drangs dbyer med thim par gyur:_oM bud+d+ha bai ro tsA na a be sha ya a A:_zhes dbab/_ye shes pa rnams brtan par gyur:_tiSh+Tha badz+ra zhes spyi bor rdo rje bzhag pas brtan par bya/_dkyil 'khor lha la sngar phyag tu gtad pa'i me tog 'bul te sngags 'di'i rjes zlos/_puSh+pe pU dza hoH_me tog slar yang dbang rtags cod pan tu spyi bor bcings te/_puSh+pe gr-ih+Na i maM satwa ma hA ba la:_lhag pa'i lha spyi bo nas thim par bsam/_ma rig pa'i sgrib g.yogs mig dar lhan cig bsal bar mos mdzod/_tsak+Shu pra be sha ya phaTa?:_ces brjod pas rang snang ye shes kyi 'khor lo mngon sum mjal bar mos pa dang spro ba bskyed cig_/de nas dbang bskur ba dngos la/_rig pa'i dbang lnga las dang po chos dbyings bum pa mi bskyod pa'i ngo bo bdud rtsi'i rang bzhin can gyis dbang bskur bas zhe sdang rnam dag me long ye shes mngon du gyur pa mos mdzod/_rnam bum thogs te/_hU~M:_chos dbyings rnam par dag pa'i bum pa ru:_rdo rje dbyings kyi dkyil 'khor mngon sum bzhengs:_dag pa lha yi bdud rtsi dbab pa yi:_me long ye shes bum pas dbang bskur ro:_oM sarba ta thA ga ta ak+Sho b+h+yaHa b+hi Shiny+tsa hU~M:_zhes dbang bskur zhing bum chu sbyin la spyi bor gtor/_rin 'byung gi ngo bo rgyal ba rigs lnga'i dbu rgyan gyis dbang bskur bas nga rgyal rnam dag mnyam nyid ye shes mngon du gyur par mos mdzod/_dbu rgyan thogs la/_tra~M:_'di ni rgyal ba thams cad kyis:_dbang bskur cod pan chen po ste:_rgyal ba rigs lngas dbu rgyan pas:_mnyam nyid ye shes rtogs par shog:_oM sarba ta thA ga ta rat+na saM b+ha wa mu ku Ta a b+hi Shiny+tsa tra~M:_zhes mgo bor bzhag_/snang mtha'i ngo bo gzhom med rdo rje'i dbang bskur bas 'dod chags rnam dag sor rtog ye shes mngon du gyur par mos/_rdo rje thogs la/_hrIH_yang dag gzhom med rdo rje che:_ting nge 'dzin dang ye shes kyi:_rdo rje rab tu gsor ba yis:_sor rtog ye shes rtogs par shog:_oM sarba ta thA ga ta pad+ma d+hA ra a b+hi Shiny+tsa hrIH_lag g.yas su gtad/_don grub kyi ngo bo stong nyid chos kyi sgra dbyangs dril bu'i dbang bskur bas phrag dog rnam dag bya grub ye shes mngon du gyur par mos/_dril bu thogs la/_aH_yang dag ye shes sangs rgyas dbyangs:_rgyal ba rnams kyi chos kyi sgra:_dbyangs snyan dril bu'i dbang bskur bas:_bya grub ye shes rtogs par shog:_oM sarba ta thA ga ta karma gaN+De a b+hi Shiny+tsa A:_dkrol zhing lag g.yon du gtad/_rnam par snang mdzad kyi ngo bo sangs rgyas rigs su mtshan gsol bas gti mug rnam dag chos dbyings ye shes mngon du gyur par mos/_ming dril thogs la/_hU~M:_'di ni sangs rgyas kun gyi ming:_sa rnams kun tu grags gyur pa'i:_de bzhin rigs su mtshan gsol bas:_chos dbyings ye shes rtogs par shog:_oM sarba ta thA ga ta bud+d+ha bai ro tsA na che ge mo zhes bya ba'i de bzhin gshegs pa'o:_zhes spyi bor 'khrol/_de ltar rig pa'i dbang lnga bskur bas/_ma rig pa lnga sbyangs/_phung po lnga gnas gyur/_ye shes lnga yi rtogs pa rgyud la skyes par gyur/_bum dbang gi rjes 'brel sku gsung thugs kyi dbang bskur ba la lha sku phyag rgya'i dbang ni/_hU~M:_dus gsum sangs rgyas kun rig rnam snang mdzad:_zhal bzhi phyag gnyis mnyam bzhag 'khor lo 'dzin:_dkar po longs spyod rdzogs sku mtshan dpe rdzogs:_lha mo dbyings phyug ma ni mdun na 'dug:_de bzhin gshegs pa mchog gi dbang bskur ro:_oM bud+d+ha bai ro tsA na a b+hi Shiny+tsa oM:_hU~M:_dus gsum sangs rgyas rgyal ba rigs bzhi rnams:_zhal gcig phyag gnyis mnyam bzhag rang rtags 'dzin:_mthing ser dmar ljang longs spyod rdzogs sku'i chas:_bde bar gshegs pa bzhi yi dbang bskur ro:_oM badz+ra ak+Sho b+h+yaHrat+na saM b+ha wa pad+ma d+hA ra karma a mo g+ha sid+d+hi a b+hi Shiny+tsa oM:_hU~M:_mtshams la bzhugs pa'i de bzhin gshegs ma bzhi:_zhal gcig phyag gnyis gar bsgyur rang rtags 'dzin:_mthing ser dmar ljang yab la 'dud pa'i tshul:_bde bar gshegs ma bzhi yi dbang bskur ro:_oM sarba ta thA ta ga ta badz+ra rat+na pad+ma karma mu dra a b+hi Shiny+tsa oM:_gsung gi bzlas pa'i lung sbyin pa ni/_sngags yi ge'i phreng ba'i dbang bskur bas gsung gi byin rlabs dang nus pa'i stobs rdzogs par gyur/_sngags byang thogs la/_hU~M:_rdo rje rtse mo'i gzungs sngags bla na med:_ngan song rnam 'joms sdig pa'i tshogs 'joms pa:_rgyal ba'i gsang sngags rig sngags thams cad kyi:_dbang bskur ma lus yongs su rdzogs par shog:_ngan song sbyong ba'i gzungs sngags/_oM shwa d+ha ni shwa d+ha ni sarba pa paM shwa d+ha ni shud+d+he bi shud+d+he sarba karma a wa ra Na bi shwa d+ha ne swA hA:_zhes tshar gcig brjod/_thugs kyi dbang bskur ba ni/_chos thams cad spros pa dang bral ba'i dbyings su mnyam par bzhag pas snang tsam ma 'gag pa'i chos kun rang gsal du shar ba de mtshon byed me long du gzugs brnyan shar ba 'dis mtshon te/_hU~M:_chos rnams ma lus thams cad ni:_gzung du med la 'dzin pa bral:_me long nang gi gzugs brnyan ltar:_brjod du med pa rtogs par shog:_tsit+ta d+harma d+hA tu a b+hi Shiny+tsa AH_dkyil 'khor gyi lha tshogs rnams kyis dbang bskur zhing sku gsung thugs rdo rje'i byin gyis brlabs pas gzhan don byed nus pa lha dang skal pa mnyam pa mtshon pa'i slad du rdo rje slob dpon la 'os pa'i yo byad rnams kyis mnga' gsol zhing shis pa brjod pa ni/_rdo rje slob dpon gyi chas rnams gtad de/_hU~M:_dkyil 'khor gtso bo'i go 'phang mnyam pa'i phyir:_khri la mnga' gsol gdugs phub rgyal mtshan phyar:_rgyal ba kun gyi shis pa'i me tog kyang:_de ring 'di la kun gyis 'thor bar shog:_rten snying brjod cing me tog 'thor bar bya'o/__/de yang rgyud las/_phyir mi ldog pa yi ni dbang*/_/rnal 'byor rgyud la gsal bar byas/_/zhes gsungs pa ltar nang dka' thub rig byed kyi theg pa'am phyi rgyud sde gsum gyi dbang bskur bas/_yan lag dgu pa yo ga'i theg:_yongs su rdzogs pa'i dbang thob gyur:_dkyil 'khor yol bas sgrib/_de rnams kyis theg rim dgu po so so'i dbang rnams grub nas rtsa ba mngon rdzogs rgyal po nang pa thabs rgyud ma hA a nu a ti gcig dril gyi dbang gi gter mdzod chen po bskur ba la dkyil 'khor gyi phyi sgo nas ye shes nang gsal chen po'i dkyil 'khor gyi nang du 'jug par gsol ba 'debs pa 'di'i rjes zlos/_hoH_ye gsang thabs kyi sgo ba rnams:_rig pa'i ye shes mthong 'dod pas:_bdag cag skal ldan pho mo rnams:_thar pa'i drung du gtong bar gsol:_lan gcig_/de'i lan du sgo srung khro bo chen pos/_hU~M:_rig pa'i ye shes mthong 'dod na:_bla ma dpal chen mkha' 'gro ma'i:_bka' bzhin dam tshig thub pa dang:_sdom pa la ni gnas par gyis:_zhes gsungs nas thar pa chen po'i grong khyer gyi sgo nas nang du btang bar mos/_yol ba bsal/_byur dang skal pa ngan pa sbyang ba'i phyir khrus byas shing bgegs bsal bar mos/_ji ltar bltams pa sogs khrus/_bgegs bskrad/_srung 'khor rnams byas mthar/_dngos gzhi'i dbang bskur zhu ba'i don du maN+Dal 'bul bar zhu/_zhes maN+Dal phul/_dngos sta zhag gis bcad na mtshams 'dir skyabs sems/_bsags sbyang*/_sdom bzung bcas sta gon skabs ltar 'dir sbyar dgos/_sngon chad gnyis 'dzin gyi sgrib pas ye shes gsang ba'i dkyil 'khor ma mthong ba mtshon byed du spyan dar 'ching bar zhu/_oM AHhU~M:_gis mig dar 'ching*/_dkyil 'khor gyi lha dang mjal ba'i tshe phyag rten du me tog gi phreng ba re 'dzin mdzod/_a khaM wI ra hU~M gis me tog sbyin/_thal mo me tog dang bcas pas thar pa chen po'i grong khyer du gzhug par gsol ba 'debs pa 'di'i rjes zlos mdzod/_hoH_he ru ka dang gnyis med pa'i:_rdo rje slob dpon dgongs su gsol:_khrag 'thung chen po'i grong khyer du:_bdag cag mgon pos gzhug par 'tshal:_lan gsum/_de nas snod brtag cing dam tshig gi gnas la spro ba dri ba ni/_de ltar yin na he ru ka'i:_grong khyer chen por gzhug par bya:_bla med rgyud las gang gsungs pa'i:_dam tshig thams cad thub par gyis:_gsang sngags lam mchog rnyed pa ni:_bskal pa brgya lam res 'ga' tsam:_u dum wa ra'i me tog 'dra:_de bas dga' zhing spro bar gyis:_zhes dris pa'i lan du/_dngos grub mchog gi gnas la 'dun pas spyi dang khyad par lhag pa'i dam tshig rnams 'dzin snyam pas 'di'i rjes zlos/_bde bar gshegs pa he ru ka'i:_bdag nyid bla ma dgongs su gsol:_sku gsung thugs kyi dam tshig dang:_mi spang lnga dang dang len lnga:_shes bya lnga dang bsgrub bya lnga:_spyad par bya ba'i dam tshig lnga:_ma lus bdag gis gzung bar bgyi:_srog gi phyir yang mi gtong ngo:_lan gsum/_dpal he ru ka mchog gi go 'phang mngon du byed pa ni dam tshig srung ba la rag las pas bdag las ji ltar khas blangs pa'i dam tshig gi gnas rnams las 'da' bar ma byed cig_/rdo rje slob dpon bka' gnyan pas dam la bzhag pa ni/_rdo rje spyi bor bzhag ste/_hoH_bdag ni he ru ka dpal te:_nga la brnyas par mi rung ngo:_tshul 'di las ni 'das pa na:_dkyil 'khor gtso bor 'gal bar 'gyur:_oM badz+ra sa ma ya hU~M:_bka' las 'das pa'i nyes pa bsgrags pas dam la bzhag pa ni/_rdo rje snying gar bzhag ste/_he ru ka dpal bdag gis ni:_bsgo ba'i bka' la nyan par gyis:_gal te bka' las 'das pa na:_gsang sngags 'bras bu thob 'dod min:_badz+ra sa ma ya tiSh+Tha:_khe nyen gnyis ka'i dpang po mna' chu sbyin pas dam la bzhag pa ni/_'di ni dam tshig rdo rje'i chu:_dam srung ye shes sems dpa' ste:_'das na yak+sha nag por 'gyur:_snying khrag 'thung shing dmyal bar ltung:_de bas dam tshig thub par gyis:_badz+ra sa ma ya rak+sha si hU~M:_khe nyen shes pas dam las mi 'da' bar bro bor bar gdams pa ni/_he ru ka dpal tshul 'di ni:_gsang bas byin rlabs bla na med:_tshul 'di smras shing bdag brnyas na:_dam tshig las ni 'gal bar 'gyur:_de bas snying nas bro bor zhig:_slob mas rdo rje rtse gcig gi:_phyag rgya snying gar bzung byas te:_rdo rje'i bro bor rjes zlos mdzod/_oM badz+ra sa ma ya i dan na ra kan:_zhes bro bor/_de nas dbang gi gzhi sgrub pa ye shes dbab pa la lus gnad drang por bsrangs/_ngag gnad srog rtsol kha sbyor du bcings/_sems kyi gnad dmigs pa 'di bzhin mdzod/_snang srid chos 'byung chen por bsam:_dbus su slob ma mngon rdzogs rgyal:_he ru ka dpal zhal gcig pa:_smug nag phyag gnyis gri thod 'dzin:_zhabs gnyis skyil krung yum dang 'khril:_bam ro pad nyi gnas pa yi:_snying gar chos 'byung dmar po'i nang:_a shad dmar po 'od 'bar bsgom:_slob dpon he ru ka dpal gyi:_thugs srog hU~M gis ye shes bkug:_slob bu'i snying gar gnyis med bstim:_dz+nyA na A be sha ya a a a ha~M:_ha ha ha hU~M hU~M hU~M:_a ral+li e h+ye a ha~M:_badz+ra sa ma ya dza a haM:_sbyar ba'i spos bdug_/sngags dang thod rnga sogs rol mo'i sgra dang bcas pas dbab bo/__/de ltar sku gsung thugs phebs pa'i rtags gang byung ba de zhen med du skyongs shig_/ye shes pa dbab pa de nyid brtan par gyur cig_/tiSh+Tha badz+ra zhes spyi bor rdo rje rgya gram du bzhag_/me tog dor gzhi 'du byas la/_hoH_bde gshegs rgyal ba'i pho brang 'dir:_ye shes lha tshogs dngos su bzhugs:_'brel ba gang yod brtags pa'i phyir:_rig pa'i me tog lha la 'bul:_khyed rang rnams la sngar byin pa'i me tog rigs lha'i dkyil 'khor du dor ba'i mos pas 'di'i rjes zlos/_hoH_bskal pa sngon nas 'brel ba yi:_ye shes rig pa'i lha mchog la:_rang rig lha dang ngo 'phrod phyir:_kha dog lnga ldan me tog 'bul:_thugs kyis dgyes par bzhes su gsol:_badz+ra puSh+pe pra tIts+tsha ho:_dor bas dbus la babs pa na:_bud+d+ha he ru ka dpal dang:_de bzhin phyogs bzhir rig par bya:_mtshams bzhir gu h+ya la sogs so:_zhes gsungs pas dkyil 'khor lha tshogs rnams gtso bo dpal chen mngon rdzogs rgyal po'i thugs ye shes chen po'i rang bzhin kho na las gzhan du ma yin pas khyed rnams kyi gsang mtshan bud+d+ha he ru ka dpal zhes bya ba yin no/__/de ltar phul ba'i me tog de nyid rang rig ye shes kyi lha dang mjal bar dbang ba'i brdar dbang rtags cod pan gyi tshul du spyi bor bcings pa'i mos pa mdzod/_hoH_ye shes lha tshogs thams cad la:_rig pa'i me tog phul ba yi:_byin rlabs bsam mi khyab pa de:_rang rig lha dang ngo 'phrod de:_sku gsung thugs kyi dngos grub thob:_dpal chen po dang dbyer med shog:_puSh+pe gr-i h+Na i maM satwa ma hA ba la:_ma rig pa'i sgrib pas ldongs pa'i mig dbye bar gsol ba 'debs pa 'di'i rjes zlos/_hoH_bde bar gshegs pa mig mkhan rgyal:_he ru ka dpal mthong bya'i phyir:_bskal pa sngon nas bsgribs pa yi:_ma rig ling tog bsal du gsol:_lhan skyes ma rig pa'i sgrib g.yogs ye shes rig pa thur mas bsal bar mos/_hoH_deng khyod he ru ka dpal gyis:_ye shes mchog gi mig dbye mdzad:_rab rib bde bar gshegs pas bsal:_ye shes mchog ni mthong bar 'gyur:_badz+ra dz+nyA na tsak+Shu pra be sha ya phaTa?:_dkyil 'khor blta bar bskul ba ni:_hoH_ltos shig ltos shig rigs kyi bu:_mthong na ye shes myur du rtogs:_'di na he ru ka dpal gyi:_grong khyer bla na med pa bzhugs:_skad cig mthong ba tsam gyis ni:_bskal pa du ma'i sgrib pa sbyangs:_zhes gsungs pa ltar smin par bya ba'i dbang gi byed las kyang dkyil 'khor la brten nas bskur dgos shing*/_dkyil 'khor la yang rang bzhin ye shes/_ting 'dzin sprul pa/_rig pa nyams/_gzugs brnyan rten gyi dkyil 'khor bzhi las thog mar gzhug bya gzugs brnyan gyi dkyil 'khor yin pas 'di ltar sku gsum ye shes rol pa'i rnam 'phrul lhag pa gzugs brnyan gyi dkyil 'khor ting nge 'dzin sprul pa'i dkyil 'khor gyis byin gyis brlabs pa'i rdo rje'i srung 'khor 'byung lnga rim brtsegs ri rab dang bcas pa'i steng rdo rje rdul gyis 'thas pa'i gzhir dur khrod chen po brgyad dang yan lag theg rim dgu yi dkyil 'khor gyis bskor ba'i dbus su pad nyi sna tshogs rdo rje gdan gyi lte bar mngon rdzogs rtsa ba'i gzhal med khang gi nang rim pa gnyis ldan gru bzhi sgo bzhi rta bab brgyad ldan gyi lte bar 'khor lo rtsibs brgyad pa'i dbus su byol song gtso brgyad pad+ma nyi zla'i steng du srid zhi'i spyi dpal mngon rdzogs rgyal po sku mdog smug nag dbu nyer gcig mthing dkar dmar ba/_rtsa ba'i phyag dang po gnyis kyis gri thod 'dzin pas yum la 'khyud pa/_bar pa'i g.yas g.yon gyis dag dang ma dag gi 'jig rten 'degs tshul/_tha ma gnyis kyis 'od kyi thig le'i klong du 'dod gzugs kyi 'jig rten 'dzin pa/_lhag ma bar phyag bcus g.yas su 'byung ba lnga/_g.yon lngas rigs lnga'i phyag mtshan/_lhag ma g.yas lnga bcu'i gri gug_/g.yon lnga bcu'i thod khrag 'dzin pa dpal dang dur khrod kyi chas can/_zhabs rdo rje skyil krung gis bzhugs pa/_yum rdo rje bde ma dbu dgu phyag bco brgyad kyis gri thod 'dzin pa dang sbyor ba/_de'i phyi drag po'i 'khor lo rtsibs brgyad du rgyud lung gi khro bo brgyad/_de'i mthar khyams la dpal chen po'i ye shes kyi rang rtsal sum brgya dang drug cu re dgu sogs ma 'dres yongs rdzogs nyi ma dang 'od zer bzhin bzhugs pa dpal chen mngon rdzogs rgyal po'i rang bzhin ye shes kyi dkyil 'khor rten dang brten par bcas pa rnams mtshon byed dpe yi dkyil 'khor 'di dang dbyer med cing mtshon bya don gyi dkyil 'khor gnyug ma mi shigs pa'i sgo gsum la gdod ma nyid nas rang byung lhun grub tu bzhugs pa ngo shes par gyis shig_/des dkyil 'khor phyi nang du 'jug pa song nas/_zhugs nas mngon par dbang bskur ba zhu ba'i slad du maN+Dal phul/_gsol ba 'debs pa 'di'i rjes zlos/_hU~M:_dpal chen mngon rdzogs dkyil 'khor 'dir:_zhugs kyang smin par mdzad du gsol:_smin cing grol ba mthar phyin cing:_mi gnas klong du skyel bar mdzod:_lan gsum gyis gsol ba btab nas/_dbang dngos la'ang*/_rtsa rgyud las/_phyi yi dbang dang nang gi dbang*/_/sgrub pa'i dbang dang gsang ba'i dbang*/_/bcu dang bcu gcig bcu gsum dang*/_/rnam pa gnyis kyis rdzogs par 'gyur/_/zhes gsungs pa ltar phyi dbang rgyud kyi chu bo/_nang dbang 'byung ba'i chu bo/_sgrub dbang grags pa'i chu bo/_gsang dbang rdzogs pa'i chu bo bzhi rnams las/_dang po'i slad du ma rig pa lnga ye shes lngar dag pa'i ched du rig pa'i dbang lnga bskur ba la/_bum pa rang byung gi gzhal med khang chen por bum bcud he ru ka dpal zhu ba'i chu rgyun dang bcas pa dbang lha rnams kyis thogs te dbang bskur bar gyur/_hU~M:_rang byung ye shes bum pa ru:_he ru ka dpal lha tshogs bzhugs:_thabs shes gnyis med zhu ba'i chus:_skal ldan bu la dbang bskur ro:_oM shrI he ru ka ka la sha a b+hi Shiny+tsa hU~M:_dpal he ru ka'i dbang rtags cod pan spyi bor bcings te/_hU~M:_he ru ka dpal dbang gi rtags:_khrag 'thung lnga yi cod pan dang:_thabs dang shes rab dbyer med pa'i:_dar dpyang dbang bskur sbyin par bya:_oM shrI he ru ka rat+na mu ku Ta a b+hi Shiny+tsa trA~M:_thabs bde ba chen po'i rang bzhin rdo rje phyag g.yas su gtad de thugs kar gsor cig__hU~M:ye shes lnga las rang byung ba:_thabs kyi rang bzhin rdo rje che:_sangs rgyas kun gyi gsang gsum las:_byung ba'i rdo rje'i dbang bskur ro:_oM shrI he ru ka badz+ra a b+hi Shiny+tsa hrIH_shes rab stong nyid kyi ngo bo dril bu phyag g.yon du gtad de dkrol zhing dku la rten cig__hU~M:_sangs rgyas kun gyi dbyangs ldan pa'i:_shes rab rang bzhin dril bu che:_sangs rgyas kun gyi ye shes las:_byung ba'i dril bu'i dbang bskur ro:_oM shrI he ru ka gaN+De a b+hi Shiny+tsa A:_rdor dril bsnol ma spyi bor bzhag pa dang bcas phyogs bcu'i bde bar gshegs pa thams cad kyi rdo rje'i ming gis dbang bskur te/_hU~M:_bde bar gshegs pa thams cad kyi:_sems dpar ming ni gdags pa bzhin:_rgyal ba'i ming ni bla na med:_sa gsum grags par dbang bskur ro:_oM shrI he ru ka bud+d+ha he ru ka dpal zhes bya ba'i khro bo'i rgyal po'o:_de ltar rig pa'i dbang lnga bskur bas nyon mongs pa lnga dag_/ye shes lnga rgyud la skyes khrag 'thung rigs lnga'i go 'phang thob pa'i skal pa rgyud la bzhag pa yin no/__/de dang rjes 'brel phan pa lha yi dbang bskur ba'i slad du sku gsung thugs kyi rjes su gnang ba sbyin pa'i thog mar dkyil 'khor gyi lha tshogs ye shes phyag rgya'i sku rnams las sku gnyis pa re 'phros khyed rang mngon rdzogs he ru kar gsal ba'i gnas rnams su thim pas snod bcud tha mal gyi zhen rtog ye shes lha yi 'khor lor dag pa'i mos pa mdzod/_hU~M:_chos sku skye med longs spyod rdzogs:_dbus kyi he ru ka dpal te:_mngon rdzogs rgyal po he ru ka:_yab yum 'khor bcas dbang rdzogs shog:_oM shrI he ru ka kA ya a b+hi Shiny+tsa oM:_hU~M:_chos sku skye med longs spyod rdzogs:_shar gyi he ru ka dpal te:_bcom ldan badz+ra he ru ka:_yab yum 'khor bcas dbang rdzogs shog:_oM badz+ra shrI he ru ka kA ya a b+hi Shiny+tsa oM:_hU~M:_chos sku skye med longs spyod rdzogs:_lho yi he ru ka dpal te:_bcom ldan rat+na he ru ka:_yab yum 'khor bcas dbang rdzogs shog:_oM rat+na shrI he ru ka kA ya a b+hi Shiny+tsa oM:_hU~M:_chos sku skye med longs spyod rdzogs:_nub kyi he ru ka dpal te:_bcom ldan pad+ma he ru ka:_yab yum 'khor bcas dbang rdzogs shog:_oM pad+ma shrI he ru ka kA ya oM:_hU~M:_chos sku skye med longs spyod rdzogs:_byang gi he ru ka dpal te:_bcom ldan karma he ru ka:_yab yum 'khor bcas dbang rdzogs shog:_oM karma shrI he ru ka kA ya a b+hi Shiny+tsa oM:_hU~M:_chos sku skye med longs spyod rdzogs:_shar lho'i he ru ka dpal te:_bcom ldan gu h+ya he ru ka:_yab yum 'khor bcas dbang rdzogs shog:_oM guh+ya shrI he ru ka kA ya a b+hi Shiny+tsa oM:_hU~M:_chos sku skye med longs spyod rdzogs:_lho nub he ru ka dpal te:_bcom ldan sa nu he ru ka:_yab yum 'khor bcas dbang rdzogs shog:_oM sa nu shrI he ru ka kA ya a b+hi Shiny+tsa oM:_hU~M:_chos sku skye med longs spyod rdzogs:_nub byang he ru ka dpal te:_bcom ldan yak+sha he ru ka:_yab yum 'khor bcas dbang rdzogs shog:_oM yak+sha shrI he ru ka kA ya a b+hi Shiny+tsa oM:_hU~M:_chos sku skye med longs spyod rdzogs:_byang shar he ru ka dpal te:_bcom ldan rak+sha he ru ka:_yab yum 'khor bcas dbang rdzogs shog:_oM rak+sha shrI he ru ka kA ya a b+hi Shiny+tsa oM:_gsung bzlas pa'i sngags kyi lung sbyin pa ni/_bla ma he ru ka dpal dang khyed rang gi snying gar nyi ma'i steng du rdo rje rtse dgu'i lte bar hU~M mthing nag de mthar sngags kyi phreng bas bskor bar bsgom/_bla ma'i thugs ka nas sngags phreng gnyis pa byung zhal nas thon khyed rang gi zhal du zhugs thugs ka'i sngags phreng la thim pas brtan g.yo'i sgra skad thams cad grags stong rdo rje'i sngags su dag par mos la 'di'i rjes zlos/_oM badz+ra krod+ha sogs phrin las ltar snying po yang snying rnams lan gsum re rjes zlos byar gzhug_/thugs kyi rjes gnang gi slad du dus gsum gyi spros pas gdod nas rnam par dag pa'i chos nyid rang byung gi rig pa dbyings ye gnyis su med pa'i ngang du mnyam par bzhag pas dran rtog chos nyid kyi 'khor lor dag par mos shig_/rdo rje slob dpon bdag po'i dbang la khyed rang rnams seng ge'i khrir 'khod/_steng du gdugs phub rdo rje slob dpon gyi chas dang mchod pa'i yo byad rnams kyis mnga' gsol bar gyur/_oM badz+ra puSh+pe sogs nyer spyod lngas mchod/_shis brjod ci rigs bya'o/__/lung bstan pa'i slad du slob dpon gyis lag g.yon pas chos gos kyi grwa ri dwags kyi rna ba ltar bzung*/_g.yas skyabs sbyin dang bcas/_slob dpon de bzhin gshegs pa sprul pa'i sku'i cha byad can gyi lung bstan pa ni kye bud+d+ha he ru ka zhes bya ba'i de bzhin gshegs pa sa 'og sa steng sa bla rnams su grags shing de bzhin gshegs pa rnams kyis mgrin gcig tu byang chub tu lung bstan pa dang dbugs dbyung bar 'gyur ro/__/de rnams kyis bdag po'i dbang rdzogs pa yin no/__/de ltar phyi thar pa chen po'i dkyil 'khor du bum pa'i dbang bskur bas las dang lus sgrib dag cing snang stong gyi 'khor lor shar ba ma hA yo ga'i lam bsgom pa la dbang*/_sgom lam lung chen thob pa dang rtsal chen rdzogs pa'i rnal 'byor mngon du byed pa'i skal pa can du byas/_'bras bu sprul pa'i sku thob par 'gyur ba'i nus pa rgyud la bzhag pa yin no/__/gsang dbang rdzogs pa'i chu bo gsum bskur ba la gsang ba byang chub sems kyi dbang ngag la bskur ba'i slad du bla ma he ru ka yab yum mnyam par sbyor ba'i nyi zla byang sems thod pa'i nang du lhung ba lce thog tu bzhag par gyur/_thod pa'i bdud rtsi thogs la/_hU~M:he ru ka dpal mngon rdzogs rgyal:_yum mchog tsaN+Da lI dang sbyor:_rgyal ba'i zag med byang sems bsdus:_bde stong zung 'jug rtogs phyir sbyin:_bo d+hi tsit+ta a b+hi Shiny+tsa A:_des gsang ba'i dbang thob ngag sgrib dag cing gsal stong bdag byin rlabs kyi rim pa sgom pa dang*/_'bras bu longs sku thob pa'i nus pa rgyud la bzhag pa yin no/__/shes rab ye shes kyi dbang gi slad du pad+ma can gyi phyag rgya gnam zhal dbyings phyug ma'i ngo bor spros pa khyed rang rnams kyi lag g.yas par phyag rgya'i lag g.yon pa gtad de/_rig tsaka thogs la/_hU~M:_'di ni bde chen gsang ba'i lam:_'du shes gsum gyis rtag tu bsten:_bde chen ye shes rtogs par byed:_'di spangs sangs rgyas thob 'dod min:_rgyal ba kun gyis gsang lam mchog:_de ring khyod la bstan par bya:_bu yis bde ba rtag tu rol:_ma hA su kha b+hany+dza mok+Sha:_de ltar 'du shes gsum ldan gyis snyom par zhugs pas lhan skyes dga' ba'i ye shes nyams su myong bar mos shig_/de ltar shes rab ye shes kyi dbang bskur bas yid sgrib dag cing bde stong pho nya'i lam a nu yo ga bsgom pa la dbang*/_'bras bu chos kyi sku thob par 'gyur ba'i nus pa rgyud la bzhag pa yin no/__/don dam rig pa rtsal gyi dbang sems la bskur ba'i slad du/_rang byung rdo rje sems dpa'i man shel gyi brdas mtshon te/_man shel thogs la/_hU~M:_sems ni rang bzhin 'od gsal ba:_de nyid mi rtog skye ba med:_gsal stong 'gag med bde ba che:_thams cad dbyer mi phyed pa'o:_yang dag don la gnas par gyis:_d+harma d+hA tu a a aH_'di ltar snang ba thams cad snang dus nas ma grub cing gdod nas shin tu rnam par dag pa'i dbyings stong pa chen po dang rig pa'i rtsal sna tshogs su shar ba man shel la yul rkyen gyi kha dog sna tshogs snang yang stong pa dang ro gcig pa ltar/_dbyings rig gnyis su med pa'i don ngo shes par gyis la mnyam par 'jog 'tshal/_des dbang bzhi pa thob/_ye shes kyi dri ma dag_/rig stong zung 'jug rdzogs pa chen po bsgom pa la dbang*/_'bras bu ngo bo nyid sku thob pa'i nus pa rgyud la bzhag pa yin no/__/de rnams kyis dngos gzhi'i dbang bskur rnams grub nas/_mtha' rten sgrub rdzas kyi dbang bskur ba la/_dang po sman gyi dbang bskur ba ste/_chos don rtags rdzas kyi bdud rtsi'i snang srid bde ba chen po'i ye shes kyi rang bzhin du rnam par dag pas rdo rje nyi ma che mchog yon tan gyi dngos grub la dbang bsgyur ba'i phyir dpal he ru ka yab yum gnyis med mnyam par sbyor ba'i bdud rtsi byang chub sems kyis dbang bskur bar mos shig_/bdud rtsi sman gyis dbang bskur te/_hU~M:_bde chen ye shes bdud rtsi ni:_he ru ka dpal yab yum rnams:_gnyis med sbyor ba'i dam tshig rdzas:_ra sa ya nas dbang bskur ro:_pany+tsa a mr-i ta a b+hi Shiny+tsa hU~M:_gzhi rnam shes tshogs brgyad lam bskyed rdzogs bsnyen sgrub yan lag bzhi dang dga' bzhi stong pa'i dbyings su sbyangs pas 'bras bu ye shes klong dgu gcig tu 'khyil ba rdo rje sems dpa' yang dag he ru ka sangs rgyas thams cad mnyam par sbyor ba'i mchog gi dngos grub mngon du byed pa mar me gling dgus dbang bskur bar mos shig_/mar me gling dgu'i dbang bskur la/_hU~M:_dbyings su mtshon pa'i kong bu ru:_ye shes klong dgu'i zhun chen bltams:_he ru ka dgus me 'bar ba:_ snang gsal mar me'i dbang bskur ro:_badz+ra A lo ke a b+hi Shiny+tsa hU~M:_'khor lo rnam pa bzhis srid zhi'i stong srog 'phrog ste de bzhin gshegs pa thams cad kyi ye shes kyi sku can 'jam dpal khrag 'thung rol pas bdud dang mu stegs gdul dka' mngon spyod kyis 'dul ba'i phrin las la dbang thob par mos mdzod/_khram shing dang 'khor lo gtad la/_hU~M:_bdud 'dul mthu chen dmigs bya ngan:_bsad pa'i khram du 'debs pa dang:_tshad med stong srog 'khor lo yis:_gdug pa'i tshogs 'joms dbang bskur ro:_thum rim tsakra warti a b+hi Shiny+tsa hU~M:_de bzhin gshegs pa thams cad kyi gsung rdo rje 'gag pa med pa'i sgra dbyangs rta skad theng gsum gyi dgongs pas dbang chen dpal gyi go 'phang mngon du byed phyir rta zhal gyis dbang bskur bar mos mdzod/_rta mgo spyi bor bzhag la/_hU~M:_rngams pa'i ha ha'i sgra chen gyis:_snang srid dus gcig dbang sdus nas:_ye shes 'jig rten las la tshud:_mchog thun 'grub pa'i dbang thob shog:_ha ya gr-I wa a b+hi Shiny+tsa hU~M:_thal 'byin phur pa rnam bzhi'i dgongs pa yul la thebs pas rdzong 'phrang srog gi las la dbang thob nas gdug can dbyings su sgrol ba'i phrin las thugs rje'i mtshon chas 'dzin pas mi gtong ba'i dbang thob par mos mdzod/_phur pa 'dril zhing gtad la/_hU~M:_bdud 'dul mthu chen kI la ya:_'joms byed chen po'i dbang bskur bas:_gsal ba gsum ldan srog gsum gsal:_log rtog bsgral phyir dbang thob shog:_oM badz+ra kI li kI la ya a b+hi Shiny+tsa hU~M:_bskal ngan dus kyi g.yo 'khrugs chos nyid skye med kyi dbyings su 'chos phyir chos can snang srid yongs rdzogs ma mo'i mdos kyi dbang bskur bas don gnyis lhun grub 'gag med phrin las kyi dpal la dbang thob par mos shig:_mdos gtad la/_hU~M:_snang srid g.yo 'khrugs zlog pa'i phyir:_snang srid mdos kyi ri rab la:_don gnyis bcud kyi brgyan byas te:_yongs rdzogs mdos kyi dbang bskur ro:_oM sarba ba liM ta b+h+yo b+h+yo zlog a b+hi Shiny+tsa hU~M:_rdo rje'i tshe thabs kyi mA~M sa shes rab dza gad zhal zas kyi bye brag sogs dngos grub kyi rdzas thams cad la rol pas mchog dang thun mong gi dngos grub rgya mtsho'i dpal la longs spyod par gyur cig_/dngos grub kyi rdzas sna tshogs gtad la/_hU~M:_bkra shis tshe ni tshe yi lung:_thabs shes rdzas mchog bde ba'i lung:_dza gad sman mchog gal gyi lung:_mA~M sa rdzas mchog nus pa bskyed:_'bras bu rig byed rig rgyud lung:_zla rgyas zla phrom bkra shis zas:_mtha' rdzogs dga' ston dbang bskur ro:_ga Na tsakra mang+ga laM AyuHsid+d+hi b+h+rU~M:_de rnams kyis mngon rdzogs he ru ka'i rtsa ba dang yan lag gi dbang rnams grub pas byin rlabs brtan par bya ba'i slad du bla ma dkyil 'khor gyi lha tshogs rnams kyis shis pa'i tshig gis mnga' gsol bar gyur/_bkra shis ci rigs brjod/_de ltar gyi rim pa yang*/_gzhung las/_rtsa ba dgu bsgril 'di nyid ni:_bdag po'i dbang phan ma hA dang:_gsang dbang sher dbang a nu ste:_rig rtsal a ti rdzogs pa che:_spyir ni theg rim dbang bskur bas:_theg pa dngos kyi 'jug sgo yin:_sngon 'gro theg rim gtan 'bebs te:_lung mdo a nu'i khyad par gyi:_bye brag 'di ni bsdus don yin:_rgyas par dpe rgyud phyogs la ltos:_de ltar nang skor yi dam gyi:_dbang bskur rtsa ba dgu bsgril yang:_las can bu dang 'phrad par shog:_ces gsungs pa ltar theg pa rim dgu'i dbang rnams yongs rdzogs legs par grub pa lags shing dbang dus su zhal gyis bzhes pa'i dam tshig rnams mdor bsdus te gzung ba 'di'i rjes zlos/_gtso bos ji ltar sogs dam tshig khas blang dang*/_gtang rag maN+Dal/_lus longs spyod 'bul ba/_dge bsngo sogs grub nas slob ma rnams rang gnas su btang*/_slob dpon gyis tshogs la rol zhing lhag ma bsngo ba/_gtor skyong*/_dkyil 'khor rjes kyi cho ga rnams khro bo'i byang bu khrigs bsdebs ltar byas pas grub bo/__/nang skor klong sde'i smin byed bcud/_/khrag 'thung mngon rdzogs rgyal po yi/_/rtsa ba yan lag smin byed rnams/_/bskur tshul klong sde'i mdzes rgyan spel/__!__dgu pa nang skor khrid kyi byin rlabs la/_sbyor ba yo byad kyi gshom ni/_phyi nang gsang ba'i mchod tshogs rnams tshogs par byas/_og 'khar/_sgom thag_/dmigs shing gsum spros med kyi byin rlabs yin pas gzhan dbang rdzas dang dbang sgrub logs su mi dgos shing*/_slob dpon lta dgongs dang ldan pas kun bzang don gyi phrin las ni/_a:_chos rnams ye nas sangs rgyas rang bzhin la:_bskyed pa'i rim pa dmigs su ma mchis so:_rang rtsal rdzogs pa'i rnam snang bai ro rje:_'od gsal thig le rang shar klong du bskyed:_'khrul ma myong ba'i ka dag chos sku la:_spyan 'dren gshegs su gsol ba ga la yod:_lhun gyis grub cing 'du 'bral med pa'i lha:_stong gsal 'dus ma byas par gshegs su gsol:_sku dang ye shes 'du 'bral med pa la:_dbang bskur rgyas gdab bzhugs su gsol bya ci:_'od gsal spros bral rig pa zang thal ngang:_ye nas ma bcos rang dbang bzhugs gsol rdzogs:_chos rnams dbyings rig sku dang zhing khams la:_mchod pa'i longs spyod spro ru ma mchis phyir:_dag pa'i snang ba 'byams klas ye shes sprin:_gnyis med mnyam pa'i ngang du 'bul bar bgyi:_stong gsal nyid las g.yo ba ma mchis pas:_yon tan lhun grub nang dbyings chen po'i ngang:_ngo bo rang bzhin ma 'dres so sor gsal:_gnyis su med pa'i tshul gyis phyag 'tshal lo:_gdod ma'i gnas lugs shel ltar dwangs pa la:_lhun grub snang ba 'ja' ltar kun tu shar:_gnyis med zung 'jug rig pa'i rtsal dbang ches:_'bras bu gzhi ru smin par dbang bskur ro:_bla na med pa'i snang ba mthar phyin phyir:_re dogs med par bsgom par klong chub pa:_lta ba'i rgyal po gnam 'phang gcod pa bzhin:_khyung chen rtsal rdzogs ngang du ngo sprod do:_gzung 'dzin blo zad 'khor 'das khyab brdal che:_dgongs klong gcig 'dres ye shes mthar phyin shog:_ces dgongs pa mi g.yo ba'i ngang nas gsal gdab la/_slob ma rnams khrus dang*/_bgegs bskrad/_srung 'khor bsdus tsam byas nas sems bskyed gsal gdab/_mtshams sbyor gyi khyad par/_de la 'dir dpal kun tu bzang po'i thugs bcud/_rdzogs pa chen po klong sde la mkhas pa bai ro tsA nas spang mi pham mgon po la gdams pa ring brgyud bar ma chad par bzhugs pa la 'dir shin tu brgyud thag nye zhing gter yig gi dpe dpang mnga' bas khungs btsun pa/_gang la gang 'dul gyi phrin las rmad du byung ba shin tu zab pa gter gyi phyogs yin la/_de la yang zab gter 'byin pa'i rig 'dzin grub thob kun gyi rgyal po/_zab gter gyi ring lugs la rgyud dang sgrub sde'i bka' srol sngon chad sa steng du ma grags pa'i smin grol gyi lam rang rkang tshugs pa bsam las 'das par spyan drangs nas snyigs dus bstan 'gro'i dpal mgon mtshungs zla ma mchis pa rig 'dzin mkhas grub kun gyi rgyal po o rgyan mchog gyur gling pas zab mo'i gter kha sum cu rtsa bdun thun mong kun gyi spyod yul du bzhes pa'i dgu pa/_grub pa'i slob dpon chen po'i man ngag_/bod yul sa 'og kun gyi gter gcig dam chos rdzogs pa chen po sde gsum gyi nang skor khrid kyi byin rlabs brda bzhi bstan pa lo chen bai ros ru dam pha wang nag po'i steng du thugs sras rgyal mo g.yu sgra snying po la gnang ba'i dgongs bcud zhu ba'i yon du zhes mtshams sbyar la maN+Dal 'bul/_bla ma nyid snang bzhi mthar son 'ja' lus 'pho ba chen po'i ye shes kyi sku brnyes pa slob dpon bai ro tsA na'i skur bsgom pa ni/_sems nyid ngo bo rang rig 'di:_lo chen bai ro dkar gsal 'dzum:_paN zhwa chos gos smug ber gsol:_rdo rje skyil krung pad zlar bzhugs:_mnyam bzhag thod pa bcud bkang bsnams:_'od dang 'od zer 'bar bar bsgom:_oM AHhU~M bai ro tsA na sid+d+hi hU~M:_zhes mtshan sngags cung zad bzla/_de ltar gsal ba la/_nam mkhar dus gsum sangs rgyas dang:_rdzogs pa chen po'i rig 'dzin rnams:_bar du yi dam mkha' 'gro'i tshogs:_ma lus kun gyis mgrin gcig tu:_snyan brgyud gdams pa gsungs par bsgom:_de nas spro ba bskyed pa ni/_hoH_thar pa bla na med pa'i grong khyer du:_'dus pa'i gtso bo lo chen bai ro bzhugs:_'di na mos pa'i skal ldan skyes bu khyod:_'jug par legs shing dngos grub ci la dga':_de nyid sbyin cing 'di na bla med pa'i:_tshe gcig sangs rgyas nus pas spro ba bskyed:_dam tshig ma lus yongs su gzung bar gyis:_slob mas thal mo sbyar zhing gsol ba 'debs pa 'di'i rjes zlos/_hoH_khyab bdag dpal ldan bla ma dgongs su gsol:_bdag ni dus gsum rgyal ba'i dgongs pa'i mthil:_bde ba chen po'i ye shes la dga' bas:_de nyid myur stsol gsang sngags rigs mchog gi:_rtsa ba sku gsung thugs kyi dam tshig dang:_nyi shu rtsa lnga'i dam tshig ches 'phags pa:_srog gi phyir yang mi btang gzung bar bgyi:_slob dpon rdo rje mgor bzhag bdud rtsi sbyin:_'di ni gsang ba bla na med pa yi:_thar pa'i go 'phang tshe 'dir thob gyur pas:_nye ba'i lam mchog bde ba lam byed yin:_khyed rnams rdo rje'i dam tshig thub par gyis:_ma thub rdo rje dmyal ba chen por ltung:_srog gi phyir yang yongs su ma btang zhig:_badz+ra sa ma ya rak+Sha si hU~M:_slob mas dam chu 'thung zhing bro bor ba:_ma hA su kha badz+ra sa ma ya hU~M:_i dan na ra kan:_phyag ni spyi bo'i gtsug bzhag ste:_a ha yi hoH_a ni skye med gsal ba'o:_ha ni ma bcos thad kar 'jog:_yi ni bde ba chen po la:_ho ni dbye ba med pa'o:_a ha yi hoH_lag pas byin rlabs nam mkhar blta:_sems dang nam mkha' gnyis su med:_nam mkhar dngos po yod med brtags:_sems la gtad so yod med brtags:_de gnyis gnyis med dmigs pa med:_'on kyang ngo bo gsal ba'o:_sgom shing og mkhar btsugs byas nas:_lus bsrangs dbang po thad kar bzhag:_lus dang sems gnyis tha dad dam:_lus kyi dbang po gang nas byung:_sems kyi yul la gang nas khrid:_de gnyis dbyer med ji lta bu:_sems ni dmigs pa med pa ste:_gang yang gnas pa ma yin no:_mi rtog pa ste ngo mtshar che:_sgom thag lus la bskon byas te:_'og rlung yid tsam 'then byas la:_bde ba chen po'i rang bzhin las:_sems 'di 'das par ma gyur te:_'on kyang dmigs su med pas na:_bde ba de la 'dzin pa bral:_rang byung bde chen ngo mtshar che:_dbyer med dmigs shing mdun du bzhag:_lce ni gang du'ang ma reg bya:_phyi nang 'khor 'das chos thams cad:_gsal la dmigs med bde ba che:_dbyer med dmigs shing mdun du bzhag:_'di gsum dbyer med ngo bo nyid:_'khor 'das thams cad klong du chub:_man ngag klong chub gdams ngag bsgom:_'dir rig 'dzin byin rlabs ltar nang skor glu rnams blangs/_de rnams kyis nang skor khrid kyi byin rlabs legs par grub pa yin pas dam tshig khas blangs pa 'di'i rjes zlos/_gtso bos ji ltar sogs/_de ltar thob pa'i gtang rag dang*/_slar grol byed khrid kyi rim pa zhu ba'i yon du maN+Dal phul/_klong sde'i sngon 'gro tshogs bsags byang bu ltar 'bul du gzhug_/de la 'dir grub pa'i slob dpon chen po rnam pa gsum gyi dgongs bcud/_rgyal dbang pad+mA ka ra/_lo chen bai ro tsA nas bkral ba'i dam chos rdzogs pa chen po sde gsum las/_nang skor klong sde nyi ma klong chub dgongs pa 'od gsal zab khrid dngos gzhi snying por dril ba nyid 'chad pa ni rdo rje'i gsung 'di la nyan par zhu/_na mo gu ru:_nang skor khrid kyi dngos gzhi la:_sogs nas/_sa ma ya rgya rgya:_zhes 'byung ba dang*/_de nyid kyi rjes 'brel du/_nang skor khrid kyi rjes 'brel ni:_sogs/_sa ma ya rgya rgya:_zhes gsungs pa rnams kyi tshig don thugs la bcags pas nyams len tshul bzhin gnang ba nas/_smin grol de dag legs par thob pa'i gtang rag tu lus longs spyod dge rtsa dang bcas pa yongs su 'bul ba'i blos 'di'i rjes zlos mdzod/_/deng nas brtsams te sogs kyis dge bsngo bya'o/__/byin rlabs khyad du 'phags pa yi/_/gsal byed nyung ngu 'di nyid kyang*/_/gser la mu tig spras pa bzhin/_/mdzes rgyan 'di yang bla ma'i drin/__!__bcu pa nang skor mkha' 'gro'i dbang la bsham ni/_rdul tshon nam ras bris gang rung chos 'byung bsnol ma pad+ma dur khrod rdo ra me ri can bsham/_med na maN+Dal steng tshom bu bdun bkod pas kyang rung*/_de steng many+dzi'i khar thod pa bdud rtsis bkang ba dang*/_de steng mkhar ba'i me long sin+d+hUr byug par chos 'byung bsnol ma'i dbus su ba~M de mthar zur drug la e ya~M ha~M la~M ra~M hU~M gi sngags g.yon skor du bris pas bkab pa sku gsung thugs kyi dkyil 'khor dang*/_mchod tshogs rnams bsham/_nang skor mkha' 'gro'i byang bu khrigs bsdebs ltar dkyil 'khor gsum dbyer med du bskyed/_bsnyen sgrub las gsum gyi bzlas pa gzhung ltar bya/_sgrub pa la/_thun mtshams sin+d+hUr chang sbyar bas:_bdud rtsis snying ga'i thig le mchod:_ces gsungs pas/_sgrub pa'i sngags mthar 'bru gsum btags pas bdud rtsi myang ba yin nam snyam/_thun mthar stong tshig_/srung ma'i gtor 'bul/_tshogs mchod grub nas/_bsang chu rdor sems snying pos brlabs/_rig me dor ba bcas grub nas/_slob ma khrus dang*/_bgegs bskrad spyi ltar bya/_sems bskyed gsal gdab la mtshams sbyor gyi khyad par/_de la 'dir gsan bya'i dam pa'i chos ni/_khyab bdag kun bzang rdo rje 'chang chen po'i chos tshul mtha' yas pa bstan pa yang*/_spyi mdo dgongs pa 'dus pa las/_theg pa dpag med bstan pa las/_/ji ltar mos pa tha dad pas/_/'khrid par bya ba'i thabs su zad/_/rdo rje theg pa nyid las med/_ces gsungs pa ltar dgongs pa'i mthar thug rdo rje theg pa yin zhing*/_de'i yang rtse a ti 'od gsal rdzogs pa chen po la skor tsho gsum dang rjes su 'brel ba'i rtsa ba gsum gyi sgrub skor mtha' yas pa bzhugs pa las/_chos dbyings rdo rje btsun mo'i ye shes sgra ji bzhin pa mngon du byed pa ni dngos grub mtha' dag gi rtsa ba ste/_de nyid rtogs pa'i thabs la rnam bcas mkha' 'gro'i dbang dang sgrub pa la brtson dgos pas de'i tshul chos dang gang zag gnyis ka tshad ma gsum gyis legs par grub cing rtsod pa dang bral ba'i zab chos rdzogs chen sde gsum gyi nang skor las byon pa'i phrin las kyi rtsa ba mkha' 'gro'i gsang sgrub mkha' 'gro dgongs pa klong gsal gyi rgyud las lung dang sgrub thabs su btus pa mkha' 'gro'i dgongs rgyan dang zab pa yum gyi dbang bskur bcas kun la thun mong du ma grags shing zab gnad du mas khyad par 'phags pa 'di nyid/_gzhung rtsa ba las/_de lta bu yi gsang sgrub 'di:_bai ro bdag gi thugs khrag ste:_dpe rgyud 'chol bar bstan pa las:_snyan brgyud man ngag nyams pa'i tshe:_ye shes snying po tshig gi rgyud:_mnga' bdag yab sras rnam 'phrul sogs:_skal ldan 'ga' la snang bar 'gyur:_shin tu gsang ba'i dam tshig go:_zha \u0f7asa rnam snang lo tsA'i thugs bcud zab mo 'di'i byin rlabs bsgrub par bgyi ba la/_slob dpon gyis bgyi 'os rnams grub nas khyed rang gi ngo skal smin byed zab mo zhu ba'i yon du maN+Dal 'bul bar zhu/_maN+Dal phul/_de nas bla ma rdo rje btsun mo dngos su bzhugs pa la mi phyed dad pas gsol ba 'debs pa 'di'i rjes zlos/_bde gsal mi rtog dbyer med pa'i:_bla ma rdo rje btsun mo yis:_thugs rje brtse bas nyer dgongs nas:_byin rlabs dbang mchog bstsal du gsol:_lan gsum/_rgyud dag par bya ba'i phyir khyab bdag rdo rje btsun mo'i spyan sngar sku gsum rang ngo shes pa'i skyabs 'gro dang*/_gnyis snang rang grol chen por sems bskyed pa/_don dam pa'i yan lag bdun pa 'bul ba rnams kyi rjes zlos/_skyabs sems sogs kyi tshig rnams las byang ltar bya/_slar yang sngags kyi sdom pa dang dam tshig rnams gzung snyam pas 'di'i rjes zlos/_rang byung rdo rje btsun mo yi:_bdag nyid bla ma dgongs su gsol:_sku gsung thugs kyi dam tshig dang:_mi spang lnga dang dang len lnga:_shes bya lnga dang bsgrub bya lnga:_spyad par bya ba'i dam tshig lnga:_ma lus bdag gis gzung bar bgyi:_lan gsum/_de rnams kyis rgyud sbyong ba'i rim pa rnams grub nas dngos gzhi byin rlabs kyi gzhi 'god pa la khyed rang dmigs pa 'di bzhin mdzod/_mkha' 'gro chos 'byung 'bar ba'i dkyil:_dmigs pa med pa'i lta ba'i klong:_rang bzhin dwangs gsal sgom par shar:_bde ba chen po'i spyod pa'i sku:_zung 'jug shin tu rnam dag pa'i:_rol pa bde ba'i stobs ldan ma:_'bum phrag mkha' 'gro kun gyi gtso:_mthing nag nam mkha' dwangs pa'i mdog:_zhal gcig phyag gnyis spyan gsum g.yo:_phyag g.yas thod pa'i cang te'u 'khrol:_g.yon pas b+han+d+ha khrag bkang gsol:_zhi chags khros pa'i nyams 'gyur rdzogs:_skra grol thor gtsug nor bu dang:_rin chen rus pa dar snas brgyan:_zhabs gnyis g.yas bskum g.yon brkyang ba'i:_bde ba chen po'i gar stabs kyis:_ye shes me dpung 'ja' 'od klong:_pad nyi bam ro'i snying gar brdzis:_kha T+wA~M ga ni mchan g.yon brten:_gnas gsum yig 'bru gsum gyis mtshan:_slob dpon thugs nas 'od 'phros pas:_ye shes spyan drangs dbyer med thim:_spos rol dang bcas bsnyen sgrub sngags mthar/_dz+nyA na a be sha ya a AH_e a ral+li hrIM hrIM pheM pheM:_zhes drag tu brjod pas dbab/_tiSh+Tha badz+ra/_zhes brjod pas brtan par byas pa'i mos pa mdzod/_thod pa thogs la/_mkha' dbyings khyab pa'i lha tshogs rnams kyis rang byung bde skyong gi bum pa thogs te dbang bskur bar gyur/_oM:_bde chen bdud rtsi'i thod pa la:_ye shes mkha' 'gro'i dkyil 'khor rdzogs:_rigs kyi bu la dbang bskur bas:_snang stong bde mchog mngon gyur shog:_sngags mthar/_ka la sha kA ya a b+hi Shiny+tsa oM:_lha tshogs rnams 'od du zhu ba'i bdud rtsi lce thog tu bzhag par gyur/_AH_ye shes mkha' 'gro'i lha tshogs rnams:_'od zhu byang sems bdud rtsi'i bcud:_rigs kyi bu la sbyin pa yis:_gsal stong dgongs pa mngon 'gyur shog:_gu h+ya dz+nyA na a mr-i ta wAka a b+hi Shiny+tsa AH_bdud rtsi sbyin/_rjes 'brel bzlas lung sbyin pa ni/_dpon slob gnyis ka'i thugs rin chen zur drug mchong gur lta bu'i nyi zla'i gwa'u'i nang ba~M yig sngags phreng byung zhal nas thon khyed rang gi zhal du zhugs thugs srog gi mthar 'khod pa'i mos pa mdzod/_bsnyen sngags lan gsum/_slar yang khyed rang gi tsit+ta rin chen zur drug pa'i dbus nyi zla'i gwa'u'i nang ba~M yig rtsibs la yi ge 'bru drug gis mtshan pa/_sngags bzlas pa'i rkyen gyis tshogs drug gi rnam rtog ye shes drug gi ngo bor shar zhing rab 'byams zhing gi DA ki rnams kyi thugs rgyud bskul bas bde ba chen po'i gzi byin lhag par 'bar te thams cad bdud rtsir zhu nas bdag la thim pas byin rlabs nus stobs mchog tu 'bar bar bsam la sgrub pa'i sngags kyi rjes zlos mdzod/_sgrub sngags lan gsum/_las sbyor gyi bzlas pa'i slad du slar yang 'od zer 'phros/_las byed mkha' 'gro 'bum gyi thugs rgyud bskul/_de las rang 'dra mkha' khyab tu 'phros rgyal ba sras bcas la mchod pa phul/_bde ba chen po'i dngos grub bsdus/_'jig rten dang 'jig rten las 'das pa'i dngos grub rnams 'od zer bdud rtsi'i rnam pas bsdus pa rang la thim par bsam la las sbyor gyi sngags 'di'i rjes zlos mdzod/_las sngags lan gsum/_sham bu btags pa lan gcig rjes zlos byar gzhug_/deng phyin chad bsnyen sgrub las sbyor gyi bzlas pa chu bo'i rgyun ltar gyis shig_/sin d+hU ra'i maN+Dal phyag tu gtad cing thig le snying gar bkod pa dang shes rab rnam thar sum ldan dbyings kyi chu skyes la brten pa'i dga' bzhi'i ye shes mngon du byas pa'i mos pa mdzod/_hU~M:_rnam thar gsum ldan dga' ba bzhi:_mtshon byed rtags kyi maN+Dal:_rigs kyi bu la gtad pa yis:_mi rtog ye shes nyams myong shog:_sin d+hU ra maN+Da la tsit+ta a b+hi Shiny+tsa hU~M:_lag tu gtad cing snying gar thig le bya/_de ni mtshon byed dpe yi ye shes yin la mtshon bya don gyi ye shes bde gsal mi rtog dbyer med pa zung 'jug shin tu rnam par dag pa'i don rdo rje'i tshig gi ngo sprad pa ni/_hoH_bde gsal mi rtog dbyer med pa:_zung 'jug shin tu rnam dag ngang:_rigs kyi bu la byin brlabs pas:_klong sde'i ye shes mthar phyin shog:_dz+nyA na d+hA tu a a AH_de rnams kyi sgo gsum dang khams gsum gyi dri ma bag chags dang bcas pa sbyangs/_dbyings phyug rdo rje phag mo'i gsang ba gsum ye shes rdo rje dang bcas pa'i byin rlabs thob/_sa 'og sa steng mkha' spyod kyi gnas gsum gyi mkha' 'gro'i tshogs dang skal pa mnyam par byas/_sku bzhi'i sa bon theb pa yin no/__/byin rlabs dngos grub brtan par bya ba'i slad du bla ma dang dbyings yum rdo rje phag mo'i lha tshogs rnams kyis shis pa brjod par gyur/_bkra shis brjod/_de ltar bsgrub pa'i dgos pa dang pan yon kyang*/_gzhung rtsa ba las/_de lta bu yi dbang mchog 'di:_dgongs pa mngon gyur slob dpon gyis:_snod dang skal ldan slob ma la:_tshul bzhin smin pa'i dbang bskur bas:_rtsa khams rlung la byin phebs nas:_bde gsal mi rtog dbyer med pa'i:_klong chen kun tu bzang mo'i dbyings:_sku dang ye shes myur 'grub 'gyur:_de phyir shin tu gces par zungs:_zhes gsungs pa bzhin mkha' 'gro'i zab dbang legs par grub pa yin pas rang bzhin lta ba'i dam tshig las mi 'da' zhing khyad par gyi spyod pa rnams las 'da' bar mi bgyid do snyam pas 'di'i rjes zlos/_gtso bos ji ltar sogs yon 'bul dge bsngo rnams bya/_slob dpon gyis tshogs la rol pa sogs rjes kyi las rim rnams bya'o/__/khyab bdag rdo rje btsun mo yi/_/byin rlabs bdud rtsi'i zil mngar ni/_/snying gi pad+mor bran pa las/_/byung ba'i tshig don sbrang rtsi'o//_!__bcu gcig pa gsang skor rig 'dzin yongs rdzogs kyi dbang la sbyor ba yo byad kyi bsham la/_'di'i ras bris 'od lnga'i dkyil 'khor ram med na maN+Dal dbus su tshom bu phyogs bzhir bzhi/_de'i phyi rol du brgyad bkod pa'i khar many+dzi'i steng rnam bum/_rig dbang lnga'i chas/_rig 'dzin bco lnga'i lha tsaka_/sngags phreng*/_me long*/_rdo rje/_mnga' gsol chas/_rdor dril/_rgyud kyi glegs bam/_dar gyi chas gos/_thod chang*/_rig ma/_shel rdo/_tshe 'brang*/_tshe ril chang*/_tshe mda'/_bkra shis rdzas rtags sna bdun/_mig dar/_me tog_/phyi nang gi mchod tshogs rnams 'du bya'o/__/dbang don sgrub mchod la gsang skor bla ma'i byang bu khrigs bsdebs ltar bya/_bum bzlas zur du spro na dmigs bzlas 'od zhu spyi khyab ltar dang*/_las bum rdor sems snying pos brlab/_tshogs mchod rig me dor ba bcas grub nas/_slob ma rnams khrus nas dbyung*/_bgegs bskrad/_srung 'khor bsgom/_sems bskyed gsal gdab/_mtshams sbyor gyi khyad par/_de la 'dir bde bar gshegs pa thams cad kyi dgongs pa'i zhe phug_/rig 'dzin grub thob rgya mtsho'i gseng lam/_ma ye shes kyi DA ki bye ba 'bum gyi thugs khrag 'od gsal rdzogs pa chen po la dbye na/_a ti bkod pa chen po las/_yid can rnams la sems kyi sde/_/nam mkha' can la klong gi sde/_/rim rtsol bral la man ngag sde/_/zhes gsungs pa ltar gsum du dbye ba de thams cad kyang nam mkha' che las/_rang byung ye shes rtsol med las/_/grol nas grol ba'i lam yang ston/_/ces pa ltar rtsol med kyi lam yin par gcig kyang*/_gsang ba man ngag gi sdes rig pa rang gnas kyi ye shes rjen cer du ston pas khyad par du 'phags pa'i gsang skor la bka' gter ji snyed cig bzhugs pa las/_'dir mthong bas byin rlabs bab dang ldan pa/_thos pas ngan song gi skye sgo 'gag pa/_tshul bzhin nyams su blangs pas tshe 'dir sangs rgyas 'ja' lus 'pho ba chen po'i grub mtha' snyogs pa/_glegs bam la reg pa tsam gyis kyang thar pa'i sa bon thebs nges pa'i zab chos byin rlabs kyi tshan kha khyad par du 'phags pa'i rdzogs pa chen po sde gsum gyi chos sde las/_skabs su babs pa 'di ni gzhi lam 'bras gsum gyi chos thams cad ka dag dang lhun grub dbyer med pa'i don rang gi mtshan nyid spang gnyen gnyis ka'i mtha' las grol ba gsang ba zab pa man ngag gi sde yid dpyod kun las 'das shing chos can gyi snang ba thams cad chos nyid ka dag yongs grol chen por sdud pas khyad par du 'phags pa gnad thog tu phebs pa'i me btsa' lta bu gsang ba snying khrag gam srog gi dwangs ma dang 'brel bas rgyud chen bcu bdun sogs kyi bstan don/_bi ma dang*/_pad 'byung*/_bai ro gsum gyi bka' srol las byung ba bka' gter dag snang gi bab zab rgyas mtha' klas pa bzhugs pa las/_skabs su bab pa 'di ni mnga' bdag chos rgyal yab sras kyi rnam 'phrul rig 'dzin rtsal 'chang rnam gnyis kyis zab mo gter las spyan 'dren par mdzad pa'i zab chos bai ro'i thugs tig gi gsang skor man ngag gi sde'i rig 'dzin yongs rdzogs kyi dbang bskur zhes sangs rgyas gnyis pa slob dpon chen po pad+ma saM b+ha was rgya gar nas dka' ba du ma spyad de zag med ye shes kyi sku can gyi slob dpon mang po mnyes pa gsum gyis bsten nas theg mchog rdzogs pa chen po'i rgyud lung man ngag gsan pa'i bla ma yongs rdzogs 'dus pa'i gseng lam gyi dbang bskur dgongs pa mthar phyin sgrub par bgyi ba la bdag nyid kyi bgyi 'os grub nas sogs kyis mtshams sbyar la maN+Dal phul/_sngon chad rang rig bla ma'i dkyil 'khor ma mthong ba'i brdar 'bru gsum gyis mig dar 'ching bar zhu/_oM A hU~M/_ye shes kyi lha dang mjal ba'i phyag rten du a khaM wI ra hU~M las skyes pa'i me tog gtad par gyur/_a khaM wI ra hU~M/_thal mo me tog dang bcas pas gsol ba 'debs pa 'di'i rjes zlos/_hoH_brgyud gsum rgyal ba rig 'dzin dang:_dbyer med rdo rje slob dpon gyis:_bdag la brtse bas nyer dgongs nas:_smin grol dbang mchog bstsal du gsol:_lan gsum/_gsang ba mchog gi lam gyi snod dang ldan mi ldan brtags pas dri ba bya ba ni/_rig 'dzin yongs rdzogs dkyil 'khor 'dir:_'jug pa'i skal ldan re re tsam:_rgyud sbyang dam tshig sdom pa gzung:_tshul bzhin sgrub la brtson nus sam:_zhes dris pas slob mas bka' bzhin sgrub par khas blangs te lan gsol ba 'di'i rjes zlos/_ji ltar bka' bstsal bdag gis bgyid:_nges par rjes su gzung du gsol:_de nas rgyud sbyang ba'i slad du tshogs bsags pa la dmigs 'dun 'di ltar mdzod/_shin tu rnam par dag pa'i ye shes kyi dbyings ni sangs rgyas kun gyi dgongs pa ste de nyid don dam chos nyid bla ma'ang yin pas rang la 'du 'bral med par bzhugs pa ngo shes pa'i phyir kun rdzob gzugs sku'i bla ma sangs rgyas thams cad kyi spyi gzugs su shes pas yid ches dad pas bden gnyis dbyer med kyi skyabs 'gro 'di'i rjes zlos/_dbyings nyid rnam dag rdzogs sangs rgyas:_rig pa lhun grub dam pa'i chos:_dbyings rig dbyer med tshogs mchog la:_ye nas dag par skyabs su mchi:_lan gsum/_'gro kun gdod nas chos nyid kyi klong du ye sangs rgyas kyang ma rtogs a 'thas su zhen pas med snang srid par 'khrul pas gdung ba'i yid can kun la phyogs ris med pa'i sems bskyed kyi g.yar dam gzung ba 'di'i rjes zlos/_e ma ho rang rig byang chub sems:_ma rtogs 'khrul par gyur pa kun:_gnyis su med par bsgral ba'i phyir:_rang byung rang shar sems bskyed do:_lan gsum/_dbyings rig gsal khyab chen por bsags sbyang gnyis med bsal bzhag dang 'brel ba'i dgongs klong mchog la rjes su 'dun pas don dam pa'i yan lag bdun pa 'di'i rjes zlos/_nam mkha' lta bu'i bde gshegs la:_gsal ba chen por phyag 'tshal lo:_rig pa'i ngang du mchod pa 'bul:_rgyun chad med pa'i klong du bshags:_rtag cing sgrib med yi rang ngo:_yin min med par chos 'khor bskor:_myong ba can du bzhugs su gsol:_nges pa can gyi mchog thob shog:_spyi dang khyad par gyi dam tshig dang sdom pa gzung snyam pas 'di'i rjes zlos/_hoH_bde bar gshegs pa khyed ci 'dra ba:_de 'dra kho nar bdag rgyur cig:_sprul sku'i ston pas bshad pa yi:_so sor thar dang byang chub sems:_longs sku'i ston pas bshad pa yi:_rigs lnga'i sdom pa ma lus gzung:_khyad par rig 'dzin yongs rdzogs kyi:_nyi shu lnga dang bye brag tu:_sku gsung thugs kyi dam tshig rnams:_ji ltar bstan pa bdag gis gzung:_srog gi phyir yang mi btang na:_rig 'dzin rig mchog bstsal du gsol:_zhes pas khas blangs/_dam la bzhag pa ni/_rdo rje phreng ba mgo bor bzhag la/_nga ni sangs rgyas kun bdag nyid:_he ru ka dpal bla na med:_shrI sing+ha nga yin gyis:_nga la brnyas par ma byed cig:_rdo rje phreng ba snying gar bzhag la/_nga ni bla ma kun tu bzang:_khyod kyi bka' yang mi gcog cing:_bde gshegs rigs kyis bshad pa'i chos:_bshad kyis the tshom ma za zhig:_dam chu bdud rtsi sbyin la/_'di ni ngo bo dam tshig chu:_ye shes bskyed phyir sbyin pa yin:_dam bsrungs dngos grub 'dis thob byed:_ma bsrungs lcags kyi sdig par 'gyur:_srog gcod dmyal ba chen por ltung:_dam srung rdo rje'i chu 'di 'thung:_de ltar byin pa'i dam tshig rdo rje'i chu snying la bstims te mi 'da' rdo rje'i bro bor ba 'di'i rjes zlos/_oM badz+ra sa ma ya i dan na ra kan:_de nas dbang gi gzhi sgrub pa ye shes dbab pa'i slad du dmigs pa 'di ltar gsal thob cig_/'khor 'das snod bcud stong par thim:_stong pa'i rang mdangs 'gag med las:_seng khri pad nyi zla ba'i steng:_gang 'dul thugs rje rol pa'i rtsal:_gzugs kyi skur bzhengs shrI sing:_dmar smug shin tu brjid pa'i sku:_rnal 'byor brtul zhugs spyod pa'i tshul:_khro 'dzum gzi byin rab tu 'bar:_ye shes lta stangs dbyings la gzigs:_phyag g.yas lcags kyu'i phyag rgya yis:_'khor 'das kun gyi dwangs ma sdus:_g.yon pas bde skyong snod du bskyil:_me tog phreng bas thod bcings shing:_thod skam cod pan 'khor lo sogs:_rin chen rus pa'i rgyan gyis brgyan:_dar gyi na bza' stag sham gsol:_zhabs zung g.yon brkyang phyed skyil bzhugs:_spyi bor rigs bdag rdo rje sems:_rdo rje dril 'dzin longs sku'i chas:_mgrin par chos sku kun tu bzang:_mthing gsal mnyam bzhag yum dang 'khril:_thugs kar ye shes sems dpa' ni:_dga' rab rdo rje sprul sku'i tshul:_mnyam bzhag skyil krung mtshan dpe 'bar:_de ltar gsal ba'i gnas gsum rdo rje gsum gyis mtshan pa dang*/_bla ma dang dkyil 'khor gyi gtso bos thugs ka nas 'od zer 'phros pas ye shes pa bsam gyis mi khyab pa spyan drangs te khyed rang la thim pa'i mos pa mdzod/_rtsa sngags mthar/_dz+nyA na be sha ya a aH_dzaHhU~M ba~M hoH_mang du brjod pas dbab/_ye shes pa brtan par gyur cig_/tiSh+Tha badz+ra zhes brtan par bya/_tshom bu 'du byas la/_slob dpon gyis/_rig 'dzin yongs rdzogs pho brang du:_rig pa'i me tog ma 'dres 'dor:_sngon nas las 'phro gang yod pa'i:_ye shes lha la 'bab par 'gyur:_khyed rang rnams la sngar byin pa'i me tog de nyid ye shes kyi dkyil 'khor du dor ba'i mos pas 'di'i rjes zlos/_hoH_rig 'dzin rol pa'i dkyil 'khor 'dir:_snying po'i ye shes brtag bya'i phyir:_rig pa'i me tog 'di 'bul gyis:_las 'phros dbang gis bzhes su gsol:_puSh+pe pra tIts+tsha ho:_zhes 'dor du gzhug_/rten dang brten par bcas pa'i dkyil 'khor gtso dang 'khor du snang ba thams cad kyang dpal mgon rig 'dzin bla ma ye shes kyi sku can shrI sing+ha'i rang bzhin kho nar yin pas khyed rang rnams kyi gsang ba'i mtshan rigs mchog 'dus pa rtsal zhes bya ba yin no/__/de ltar phul ba de nyid kyang rigs kyi rtags su byin gyis brlabs te rdo rje'i cod pan tu bcings par mos shig__hU~M:_mi gnas ye shes dkyil 'khor du:_rig pa'i me tog phul ba 'di:_byin rlabs bsam mi khyab par zungs:_dngos grub thams cad 'dis thob bo:_puSh+pe gr-ih+Na i maM satwa ma hA bA la/_zhes me tog spyi bor bzhag_sgrib pas ldongs pa'i mig dbye bar gsol ba 'debs pa 'di'i rjes zlos/_hoH_bskal sngon sgrib pa'i ma rig mig:_thabs mkhas rgyal po rig 'dzin ches:_myur ba nyid du dbye ba dang:_ye shes dkyil 'khor bstan du gsol:_lhan skyes ma rig pa'i sgrib g.yogs ye shes rig pa'i thur mas bsal bar mos shig_/ces gser thur thogs la/_sngon gyi rgyal ba thams cad kyis:_'gro ba'i mig ni dbye bar mdzad:_sangs rgyas sa la bkod pa bzhin:_deng 'dir rig pa 'dzin dbang gis:_ma rig mig ni dbye bar bya:_tsak+ShuHpra be sha ya phaTa?:_ces mig bsal/_hoH_ltos shig skal pa can rnams ltos:_bde gshegs kun 'dus dkyil 'khor 'di:_skad cig mthong ba tsam gyis kyang:_sgrib pa dag ste ye shes mthong:_hoH_rig 'dzin rol pa'i pho brang dang ye shes kyi bum pa dbyer med pa'i nang du:_bde gshegs kun 'dus 'jigs med shrI sing+ha dang brgyud gsum rig 'dzin rgya mtsho'i tshogs rnams gtso 'khor gyi tshul du bzhugs pa 'di ni mtshan ma rdzas dang sprul pa'i dkyil 'khor dbyer med cing:_'di mtshon byed de mtshon bya don gyi dkyil 'khor rang gi sems nyid brgyud gsum rig 'dzin bla ma'i bdag nyid chen por rdzogs pa'i rang bzhin du ngo shes par gyis shig_/ces lha ngo bstan/_de dag gi dkyil 'khor phyi nang gi 'jug pa song nas mngon par dbang bskur ba zhu ba'i slad du maN+Dal phul/_gnyis pa dbang dngos la gnyis/_dngos gzhi rdo rje slob ma slob dpon gyi dbang*/_mtha' rten bkra shis tshe yi dbang ngo*/__/de la thog mar gsol ba 'debs pa 'di'i rjes zlos/_hoH_rig 'dzin yongs rdzogs dkyil 'khor 'dir:_zhugs kyang smin par mdzad du gsol:_smin kyang grol bar mthar phyin zhing:_mi gnas klong du skyel bar mdzod:_lan gsum/_rdo rje slob mar dbang bskur ba bum gsang sher ye tshig gi dbang bzhi rnams rim par 'byung ba'i thog mar bum dbang 'khor dang bcas pa la sangs rgyas rigs lnga'i ngo bo rig pa'i dbang lnga/_rjes 'brel sku gsung thugs yon tan phrin las kyi rjes gnang sbyin pa rnams su yod pa las/_dang po chu yi dbang gi slad du/_bum pa rang byung gi gzhal yas khang du rig 'dzin yongs rdzogs kyi lha tshogs rnams bzhugs pa'i sku las byang chub sems kyi chu rgyun byung bas sgrib pa'i 'ching ba gtor zhing ye shes kyi bcud blugs par mos shig__hU~M:_dbyings kyi bum par rig pa'i bcud:_zung 'jug rig 'dzin rol pa'i lha:_gnyis med mnyam sbyor bdud rtsi mchog:_ye shes chu yi dbang bskur ro:_ka la sha a b+hi Shiny+tsa hU~M:_ye shes rdo rje'i cod pan dbu la bcings pas rigs thams cad kyi rgyal srid la mnga' dbang bsgyur bar mos shig_/rin chen 'bar ba'i prog zhu 'di:_rgyal ba kun dang mnyam pa yi:_go 'phang bla med bsgrub bya'i phyir:_dbang bskur cod pan chen po'o:_rat+na mu ku Ta a b+hi Shiny+tsa trA~M:_mi 'gyur rdo rje rtse lnga phyag g.yas su gtad pas thabs bde ba chen po mchog tu mi 'gyur ba'i bdag nyid chen por grub par mos shig_/sangs rgyas rigs lnga'i ye shes lngas:_dug lnga rnam par gzhom pa'i phyir:_mi 'gyur rdo rje bla na med:_sangs rgyas rdo rje'i dbang bskur ro:_badz+ra d+hA ra a d+hi pa ti badz+ra a b+hi Shiny+tsa hrIH_las kyi dril bu phyag g.yon du gtad pas shes rab stong nyid gzhom med chos kyi sgras 'gro khams sad par byed pa'i mthu thob par mos shig_/yan lag drug cu'i dbyangs ldan gsung:_rjes su 'gro ba'i shes rab mchog:_ma rig sad pa'i dril bu che:_karma gaN+De a b+hi Shiny+tsa AH_ming gi dbang bskur bas rdo rje'i mtshan gyis sa gsum du grags pa'i dbang thob par mos shig_/dus gsum sangs rgyas thams cad kyi:_rdo rje'i ming ni bla na med:_sa gsum kun tu grags pa yi:_he ru ka dpal zhes bya'o:_oM sarba ta thA ga ta shrI he ru ka d+hA ra yA mi a b+hi Shiny+tsa oM:_de dag gis ma rig las gyur pa'i sgrib pa lnga dag_/rig pa ye shes lnga'i sa bon gsos btab pas rig pa'i dbang zhes bya'o/__/de nas mdo byang las/_byin rlabs spyi las khyad par mtshan dang ni:_sku yi rnam pas sngon du sku dbang bskur:_gsung la gdams pa thugs la rdo rje'i glu:_dgongs pa'i nyams skyong bzhi yis rdzogs pa la:_dbang bskur dgongs pa mthar phyin zhes bya'o:_zhes gsungs pa ltar sku phyag rgya'i dbang bskur ba la mdun bskyed rig 'dzin rol pa'i lha tshogs gtso 'khor rnams kyi sku las ye shes kyi snang brnyan gnyis pa re 'phros te khyed rang rnams kyi gnas rnams su thim par mos shig_/rig 'dzin so so'i sku tsaka gis dbang bskur te/_hU~M:_chos sku'i ston mchog 'od mi 'gyur:_kun tu bzang po yab yum gyis:_rigs kyi bu la dbang bskur bas:_gzung 'dzin dbyings su thim par shog:_oM gu ru saman+ta b+ha dra a b+hi Shiny+tsa oM:_AH_longs sku'i ston mchog dkyil 'khor bdag:_rdo rje sems dpa' yab yum gyis:_rigs kyi bu la dbang bskur bas:_rig pa'i ye shes rang snang shog:_oM gu ru badz+ra satwa a b+hi Shiny+tsa oM:_sprul sku'i ston pa rig 'dzin gtso:_dga' rab dgyes pa rdo rje yis:_rigs kyi bu la dbang bskur bas:_yongs rdzogs mchog gi dbang thob shog:_oM gu ru pra he badz+ra a b+hi Shiny+tsa oM:_hrIH_sku gsum dbyer med he ru ka:_'jigs med shrI sing+ha yis:_rigs kyi bu la dbang bskur bas:_rig rtsal dbang mchog thob par shog:_oM gu ru shrI sing+ha a b+hi Shiny+tsa oM:_hrIH_rgyud lung man ngag kun gyi bdag:_rgyal chen in+d+ra b+hu ti yis:_rigs kyi bu la dbang bskur bas:_glegs bam dbang mchog thob par shog:_oM gu ru in+d+ra b+hu ti a b+hi Shiny+tsa oM:_hrIH_rtsa gsum rgya mtsho'i khyab bdag che:_'chi med pad+ma 'byung gnas kyis:_rigs kyi bu la dbang bskur bas:_rab 'byams dbang mchog thob par shog:_oM gu ru pad+ma saM b+ha wa a b+hi Shiny+tsa oM:_hrIH_paN grub lnga brgya'i gtsug gi rgyan:_slob dpon bi ma mi tra yis:_rigs kyi bu la dbang bskur bas:_bshes gnyen dbang mchog thob par shog:_oM gu ru bi ma mi tra a b+hi Shiny+tsa oM:_hrIH_snang bzhi mthar phyin ye shes sku:_paN chen dz+nyA na sU tra yis:_rigs kyi bu la dbang bskur bas:_dgongs klong dbang mchog thob par shog:_oM gu ru dz+nyAn sU tra a b+hi Shiny+tsa oM:_hrIH_yang dag grub pa'i thig le'i sku:_slob dpon rdo rje hU~M ka ras:_rigs kyi bu la dbang bskur bas:_me long ye shes mngon gyur shog:_oM gu ru hU~M ka ra a b+hi Shiny+tsa oM:_hU~M:_bcom ldan 'jam dpal gshin rje dngos:_slob dpon khrag 'thung nag po yis:_rigs kyi bu la dbang bskur bas:_mnyam nyid ye shes mngon gyur shog:_oM gu ru he ru ka kA la a b+hi Shiny+tsa oM:_hrIH_dbang chen rta mchog rol pa'i gar:_slob dpon nA gardzu na yis:_rigs kyi bu la dbang bskur bas:_sor rtog ye shes mngon gyur shog:_oM gu ru nA gardzu na a b+hi Shiny+tsa oM:_hrIH_phrin las lha dang gnyis su med:_slob dpon pra chen hasti yis:_rigs kyi bu la dbang bskur bas:_bya grub ye shes mngon gyur shog:_oM gu ru pra b+ha hasti a b+hi Shiny+tsa oM:_hrIH_srid pa ma mo'i 'khor los bsgyur:_slob dpon d+ha na saMskr-i tas:_rigs kyi bu la dbang bskur bas:_mtha' grol ye shes mngon gyur shog:_oM gu ru d+ha na saMskr-i ta a b+hi Shiny+tsa oM:_hrIH_rig 'dzin DA ki'i 'khor los bsgyur:_mkha' 'gro las kyi dbang mo ches:_rigs kyi bu la dbang bskur bas:_phyag rgya'i ye shes mngon gyur shog:_oM gu ru karma en+d+ra nI la a b+hiShiny+tsa oM:_hrIH_dregs pa zil gnon stobs kyi bdag:_slob dpon rom+bu gu h+ya yis:_rigs kyi bu la dbang bskur bas:_dbyings grol ye shes mngon gyur shog:_oM gu ru rom+bu gu h+ya a b+hi Shiny+tsa oM:_hrIH_drag sngags dmod pa'i 'khor los bsgyur:_slob dpon shan+tiM gar+b+ha yis:_rigs kyi bu la dbang bskur bas:_mtha' grol ye shes mngon gyur shog:_oM gu ru shan+tiM gar+b+ha a b+hi Shiny+tsa oM:_lha dang dbyer med rig 'dzin rol pa'i sku phyag rgya'i dbang bskur bas:_deng phyin chad de ltar snang zhing brtags pa'i chos thams cad sku rdo rje snang stong zung 'jug gi ye shes chen por rang shar du 'char bar gyur cig:_gsung bzlas pa'i lung gi slad du/_khyed rang gi thugs kar ye shes sems dpa'i thugs mchong gur smug po'i klong du nyi zla'i gwa'u'i dbus su hrIHdmar po'i mthar sngags kyi phreng bas bskor ba dang*/_bla ma dkyil 'khor pa'i lha tshogs kyi thugs ka nas sngags phreng gnyis pa 'phros zhal nas thon khyed rang gi zhal du zhugs thugs srog gi mthar 'khod pa dang*/_de las 'od zer 'phros rtsa gsum rgyal ba rab 'byams dang*/_rig 'dzin bla ma rnams kyi thugs rgyud bskul/_gsang gsum byin rlabs lha sngags phyag mtshan 'od zer gyi rnam par bsdus te thugs ka'i sngags phreng la thim par mos la sngags 'di'i rjes zlos/_bsnyen sgrub las gsum gyi rtsa sngags lan gsum bzla/_de brtan par bya ba'i phyir sngags phreng mgrin par bzhag la/_AH_rig 'dzin rol pa'i lha tshogs kyi:_bsnyen sgrub las sbyor rdo rje'i sngags:_rigs kyi bu la sbyin pa yis:_grags stong rang grol dbang thob shog:_oM sarba ma hA gu ru wAka a b+hi Shiny+tsa AH_sngags dang dbyer med pa'i rig 'dzin rol pa'i gsung bzlas pa'i dbang bskur bas:_deng phyin chad 'di ltar sgrar snang zhing grags pa'i chos kun gsung rdo rje grags stong zung 'jug gi ye shes chen po rang shar du 'char bar gyur cig:_thugs kyi dbang gi slad du rang rig dus gsum 'gyur med khyab gdal chen po'i dgongs pa'i ngang du bzhag pa dang*/_de mtshon byed rdo rje sems dpa'i me long gi brdas mtshon te/_me long du rdo rje shar ba bstan la/_hU~M:_mi 'gyur stong nyid rdo rje'i dbyings:_rig pa me long gzugs bzhin snang:_zung 'jug brda yi dbang bskur bas:_dbyer med nges don rtogs par shog:_oM sarba ma hA gu ru tsit+ta a b+hi Shiny+tsa hU~M:_chos nyid bsam gyi mi khyab pa dang dbyer med pa rig 'dzin rol pa'i thugs dgongs pa'i dbang bskur bas:_deng phyin chad 'di ltar gzung zhing 'dzin pa'i chos kun thugs rdo rje rig stong zung 'jug gi ye shes chen po rang shar du 'char bar gyur cig:_des rdo rje slob ma'i dbang bskur ba yongs su rdzogs nas/_gzhung las/_yon tan yongs rdzogs chu bo bzhis:_rdo rje slob dpon dbang bskur phyir:_slob ma seng ge'i khri la bzhag:_gdugs dang rgyal mtshan ba dan 'phyar:_mchod pa'i sprin gyis mdun bdar te:_so so'i rdzas kyis dbang bskur bya:_zhes gsungs pa ltar dkyil 'khor rgya mtsho'i khyab bdag rig 'dzin bla ma'i rdo rje slob dpon gyi go 'phang mchog la 'god pa yon tan yongs rdzogs kyi dbang gi chu bo bzhi'i sku gsung thugs kyi byin rlabs 'pho ba'i dbang bskur ba'i phyir du/_khyed rang rnams sangs rgyas thams cad kyi gsang ba yongs su rdzogs pa rig pa rtsal gyi dbang thob pas snang srid zil gnon rig 'dzin chen po shrI sing+ha'i gsang gsum dang gnyis su med pa'i bdag nyid du gyur pa rdo rje rin po che seng ge'i khri brtsegs pa la 'khod pa'i steng du gdugs dkar po dbub/_g.yas g.yon rgyal mtshan dang ba dan bsgreng*/_phyag tu rdo rje dril bu/_phyag shing dung dkar po rnams gtad/_nam mkha' gang ba'i dbang gi lhas dkyil 'khor rab 'byams kyi lha tshogs char bab pa ltar spros nas khyed rang la thim pas byin rlabs ye shes kyi gzi byin 'bar/_bkra shis pa'i lha mo rnams kyis mchod pa'i bye brag 'bul zhing rol mo'i sgra sgrogs/_rgyal ba sras dang bcas pas me tog 'thor zhing mnga' gsol ba'i mos pa mdzod cig_/de dag dngos su bya ba'am bris pa'i gzugs brnyan gtad cing dpon slob gnyis kas dmigs pa gsal gdab la/_oM:_rang snang rnam dag ye shes pho brang cher:_seng khri pad+ma nyi zla'i gdan steng du:_slob ma rigs 'dus shrI sing+ha rtsal:_dkyil 'khor rgya mtsho'i bdag por bzhugs pa yi:_steng du gdugs phub g.yas g.yon rgyal mtshan 'phyar:_dam tshig gsum ldan rdo rje dril bu 'khyud:_ye shes dkyil 'khor rab 'byams thams cad kyi:_yi dam lha dang dbyer med dbang bskur bas:_dgongs pa mi 'gyur lha tshogs rang la rdzogs:_rig rtsal rol pa don gyi dbang thob nas:_kun bzang rdo rje 'dzin pa'i sa thob shog:_oM badz+ra ma hA gu ru sarba maN+Dal_dz+nyA na kA ya a b+hi Shiny+tsa oM:_des yi dam lha yi sku rdo rje'i dkyil 'khor gyi bdag por dbang bskur nas/_dbang gi lha tshogs rnams kyis sangs rgyas thams cad kyi gsung rdo rje'i bdag nyid rgyud lung man ngag gi glegs bam mgrin par bzhag pas/_gsang ba rgya mtsho'i mdzod gsum bshad sgrub byed pa la dbang zhing zhi khro rgyal ba rab 'byams kyi gsung rdo rje'i byin rlabs dbang gi skal ldan du gyur par bsams la/_rgyud lung man ngag gi glegs bam gtad de/_AH_rgyud lung man ngag dam pa'i mdzod gsum gyi:_chos bka' gtad pa glegs bam dbang bskur bas:_lung bstan rdo rje'i ye shes rgyud la shar:_rab 'byams chos sgo 'byed pa'i dbang thob shog:_AH_sarba tan+t+ra d+harma wAka a b+hi Shiny+tsa AH_des pusti glegs bam gyi dbang gis gsung rdo rje gsang ba kun gyi mnga' bdag tu dbang bskur nas/_theg pa gsum gyi lam gyi yon tan mtha' dag rdzogs pa'i rnam thar gyis yongs 'dzin dge ba'i bshes gnyen gyi dbang gis mdo sngags bstan pa kun gyi bdag por mnga' gsol bar mos shig_/gu ru'i sku chas rnams kyis mnga' gsol ba'i tshul gyis/_hU~M:_chos gos rnam gsum dar dang rin chen rgyan:_ber phod pad+ma'i snyan zhu'i mnga' gsol bas:_sdom pa sum ldan sde snod rgyud sde'i bdag:_dge ba'i bshes gnyen dbang mchog thob par shog:_hU~M ma hA a tsar+Ya tsit+ta a b+hi Shiny+tsa hU~M:_des dge ba'i bshes gnyen gyi dbang gis so byang sngags kyi bslab pa mthar phyin pa spyod pa'i dbang gis thugs rdo rje rig pa 'dzin pa'i che mchog tu mnga' gsol nas/_don gnyis lhun grub khams gsum chos kyi rgyal po'i rgyal thabs spyi blugs rig pa rtsal gyi dbang gi slad du gdan gsum yongs rdzogs kyi 'khor lo'i rin po che'i bum pa bde chen ye shes kyi bdud rtsis gtams pas ye shes rdo rje yon tan gyi dbang thob par gyur/_rnam rgyal bum pa'i dbang bskur la/_hoH_bkra shis bum pa lha yi gzhal yas khang:_rtsa gsum 'od zhu bde chen bdud rtsis gtams:_skal ldan rigs kyi bu la dbang bskur bas:_yon tan yongs rdzogs mchog gi dbang thob shog:_oM AHhU~M sarba ta thA ga ta dz+nyA na a b+hi Shiny+tsa hoH_bral ba dang rnam par smin pa dang dbyer med rig 'dzin rol pa'i yon tan gyi dbang bskur bas:_deng phyin chad 'di ltar snang ba'i yul thams cad yon tan rdo rje gsal stong zung 'jug gi ye shes chen po lhun gyis grub par gyur cig:_de ltar gsang sngags dbang gi chu bo bzhi rdzogs su thob pas/_bdag don du nyan sgom/_gzhan don du phrin las dang 'chad spel/_gnyis don du rdo rje rgyal po bka' rab 'byams kyis dbang thams cad rdzogs par byas pas don gnyis lhun grub chos kyi rgyal po'i rgyal thabs la spyod pa'i phrin las kyi dbang thob par mos/_zhi khro'i sku bgrang phreng glegs bam sna tshogs rdo rje rnams gtad la/_hU~M:_rtsa gsum lha sgom rtse gcig sgrub pa dang:_gzhan don 'chad phrin rab 'byams dbang bskur bas:_rgyal ba'i gdung 'tshob 'gro ba'i kha lo bsgyur:_don gnyis lhun grub phrin las mthar phyin shog:_oM A hU~M sarba ta thA ga ta dz+nyA na karma a b+hi Shiny+tsa oM:_dus gsum bde bar gshegs pa thams cad kyi mdzad pa dbyer med pa rig 'dzin rol pa'i phrin las kyi dbang bskur bas:_deng phyin chad byed spyod thams cad phrin las rdo rje tshor stong zung 'jug gi ye shes chen po rang shar du snang bar gyur cig:_hoH_bkra shis bum pa 'khor dang bcas pa'i dbang bskur bas:_slob ma thams cad lha ru 'gyur zhing lha thams cad snang stong gi ye shes su rtogs par gyur cig:_ces me tog 'thor zhing shis brjod bya/_hoH_sku gsum ston pa bla ma rig 'dzin yongs rdzogs kyi phyi mtshan ma'i dkyil 'khor du:_spros bcas bum pas dbang bskur bas skal ldan rig pa 'dzin pa rnams kyi phung khams skye mched tha mal snang zhen gyi dri ma bag chags dang bcas pa thams cad byang zhing dag:_lam snang srid gzhir bzhengs rang byung gi dkyil 'khor bsgom pa la dbang:_'bras bu sku rdo rje sprul pa'i sku 'grub pa'i skal pa dang ldan par gyur cig:_thod pa'i bdud rtsi sbyin la/_hU~M:_dbyings kyi b+han+d+ha yangs pa ru:_rig pa bde stong lha tshogs sbyor:_zung 'jug bde chen bdud rtsi'i dbang:_bde chen yongs su bskyed phyir bskur:_bo d+hi tsit+ta a b+hiShiny+tsa hU~M:_hoH_bde ba chen po byang chub sems kyi bdud rtsis dbang bskur bas phung khams thams cad lhar dag ste bde gsal ye shes mngon du 'bar bar gyur cig:_gsang dbang gi rtogs brjod smon lam ni/_sku gsum ston pa bla ma rig 'dzin yongs rdzogs kyi lus kyi dkyil 'khor du spros med gsang ba'i dbang bskur bas skal ldan rig pa 'dzin pa rnams kyi ngag rlung bcas kyi dri ma bag chags dang bcas pa thams cad byang zhing dag_/lam gsal stong bdag byin rlabs kyi rim pa bsgom pa la dbang*/_'bras bu gsung rdo rje longs sku 'grub pa'i skal pa dang ldan par gyur cig:_ces brjod/_rig ma'i gzugs brnyan nam dril bu gtad la/_hU~M:_bkra shis mtshan ldan gzung ma 'di:_bsten na bde ba chen po rtogs:_'di spang sangs rgyas thob 'dod min:_bde chen ngal med rtag tu rol:_ma hA su_8kha a b+hi Shiny+tsa hU~M:_hoH_bde bskyed yum gyi dbang bskur bas rtog tshogs thams cad bde ba chen por dag ste:_bde chen ye shes klong du 'gyur bar gyur cig:_sher dbang gi rtogs brjod smon lam ni/_hoH_sku gsum ston pa bla ma rig 'dzin yongs rdzogs kyi gsang ba b+ha ga'i dkyil 'khor du/_shin tu spros med shes rab ye shes kyi dbang bskur bas skal ldan rig pa 'dzin pa rnams kyi yid thig le'i dri ma bag chags dang bcas pa thams cad byang zhing dag_/lam gzhan lus pho nya'i rnal 'byor bsgom pa la dbang*/_'bras bu thugs rdo rje chos kyi sku 'grub pa'i skal pa dang ldan par gyur cig_/ces brjod/_shel rdo thogs la/_hU~M:_sems nyid ma bcos ka nas dag:_stong gsal rang byung ye shes rtsal:_lhun gyis grub pa me long bzhin:_rig rtsal mchog gi dbang thob shog:_d+harma d+hA tu a b+hi Shiny+tsa AH_hoH_rdo rje sems dpa'i me long gi dbang bskur bas mi gnas ye shes kyi rtogs pa mngon du 'gyur bar gyur cig:_dbang bzhi pa'i rtogs brjod smon lam ni/_hoH_sku gsum ston pa bla ma rig 'dzin yongs rdzogs kyi don dam byang chub sems kyi dkyil 'khor du:_rab tu spros med bzhi pa'i dbang bskur bas skal ldan rig pa 'dzin pa rnams kyi sgo gsum snyoms 'jug gi dri ma bag chags dang bcas pa thams cad byang zhing dag:_lam rig stong zung 'jug rdzogs pa chen po bsgom pa la dbang:_'bras bu ye shes rdo rje ngo bo nyid sku 'grub pa'i skal pa dang ldan par gyur cig:_ces brjod/_de nas mdo byang las/_mtha' rten tshe yi gdams pa gsang ba'i lam:_zhes gsungs pa ltar mtha' brten tshe yi dbang bskur ba la/_tshe 'gugs pa'i slad du lha mo mgyogs ma'i tshogs nyi zer gyi rdul ltar 'phros pas rang gzhan rnams kyi bla tshe chad nyams yar ba dang*/_'khor 'das kyi tshe bcud rnams bsdus nas khyed rang dang sgrub pa'i rdzas la thim par gyur/_ces brjod la mda' dar g.yab cing*/_hrIH_bdud rtsi gang rgya sman gyi lung:_rat+na pad+ma tshe yi lung:_badz+ra pad+ma pho nyar spro:_'jig rten gsum po thams cad kyi:_tshe dang sman gyi bcud bsdus la:_gnas 'dir da lta nyid du khug:_mgyogs ma bzhi dang mkha' 'gro bzhi:_srog bdag bzhi dang shugs 'gro bzhi:_srid gsum tshe yi bdag mo rnams:_tshe dang sman gyi bcud 'dir bsdus:_bkra shis bum pa'i nang du bskyil:_skal ldan bdag la bstsal du gsol:_oM AHhU~M badz+ra ma hA gu ru A yur+dz+nyA na sarba sid+d+hi hU~M:_zhes pas bskul/_tshe yi 'brang rgyas rig 'dzin tshe lha'i dkyil 'khor du gsal ba spyi bor spyan drangs pas 'chi med tshe dang ye shes kyi dngos grub thob pa'i mos pa mdzod/_hrIH_zla gam dbang chen gzhon nu bum sku'i dbyings:_ye shes rang snang 'chi med lha tshogs bzhugs:_skal ldan rigs kyi bu la dbang bskur bas:_tshe dang ye shes snang ba rgyas par shog:_las sbyor tshe yi sngags kyi mthar:_kA ya wAka tsit+ta badz+ra a yu She a b+hi Shiny+tsa oM:_thabs shes kyi rdzas tshe bcud 'dus pa'i bza' ba dang*/_bdud rtsi'i btung ba sbyin te/_tshe ril tshe chang gtad de thabs shes kyi rdzas bza' btung lag g.yas g.yon tu sbyin/_mi 'gyur bde ba chen po dang shes rab stong nyid zung du 'jug pa'i mos pa mdzod/_tshe sngags gong bzhin brjod/_slar yang tshe 'brang spyi bor bzhag ste/_rig 'dzin tshe lha'i dkyil 'khor lha tshogs las rang 'dra gnyis pa chad de khyed rang la thim pa'i mos pa mdzod/_dzaHhU~M ba~M hoHsa bstim/_rgyas gdab pa ni/_hU~M:_tshe bcud snying dbus rten la thim:_rig 'dzin tshe yi dngos grub thob:_ye shes rdo rje'i phyag rgya yis:_rtag pa dam par rgyas gdab bo:_dz+nyA na badz+ra rak+Sha rak+Sha hU~M:_mtha' brten du bkra shis rdzas rtags rin chen bdun gyis mnga' gsol bar mos/_spyi 'gro'i tshig gis sbyin/_bkra shis brjod cing me tog char du bsnyil/_de rnams kyis rig 'dzin yongs rdzogs kyi dbang mtha' brten dang bcas pa grub pa lags na de las thob pa'i dam tshig mtha' dag la srung sdom bgyid snyam pas 'di'i rjes zlos/_gtso bos ji ltar sogs dang yon 'bul dge bsngo rnams bya/_rjes tshogs la rol pa sogs phrin las ltar bya'o/__/yongs rdzogs bla ma'i sgrub thabs ni/_/byin rlabs dngos grub kun gyi gzhi/_/de yi smin byed dbang chog la/_/mdzes par byed pa'i rgyan 'di'o/__!__bcu gnyis pa gsang skor zhi khro gnas gyur gyi dbang la bsham ni/_zhi khro'i dkyil 'khor ras bris steng 'og tu bshams pa'am/_tshom bu dgu bkod pa'i khar many+dzi'i steng bum pa bcud ldan/_kha rgyan la cod pan/_rdor dril/_ming dbang bris pa'i tsaka li btags pa/_zhi ba rigs lnga/_yum lnga/_sems dpa' brgyad/_sems ma brgyad/_thub pa drug_/bya byed yab yum/_sgo bzhi'i khro bo yab yum/_khro bo yab lnga/_yum lnga/_ke'u ri ma brgyad/_seng ha ma brgyad/_spor byed brgyad/_sgo ma bzhi/_dbang phyug nyer brgyad bcas kyi sku tsaka_/gsang thod/_rig tsaka_/shel rdo bcas dbang gsum gyi rdzas dang*/_thod rgal la me long dar snas brgyan pa/_rma bya'i mdongs/_shel phreng*/_shel rdo rnams sbrel ba dang*/_bstan bu'am btags grol 'khor lo/_dbang gtor/_mig dar me tog rnams bkod/_dbang sgrub la gsang skor zhi khro gnas gyur gyi byang bu khrigs bsdebs kyi kun bzang don gyi phrin las nyid bdag bskyed byas la/_mdun bskyed zhi khro gnas gyur gyi mngon rtogs ltar/_dang po zhi ba bsgom/_spyan 'dren mchod bstod dang*/_bum bzlas zur du spro na spyi khyab ltar mdor bsdus 'od zhu bcas/_de rjes srung ma'i spyi gtor 'bul/_tshogs mchod/_ting nge 'dzin gyi dbang blang ba'am rig pa'i me tog dor/_slob ma rnams khrus dang bgegs bskrad la/_sems bskyed dang mtshams sbyor gyi khyad par/_de la 'dir skabs su bab pa'i gsan bya'i chos ni/_kun byed las/_mtshan nyid rgyu yi theg pa dang*/_/'bras bu sngags kyi theg pa'o/_/zhes gsungs pa ltar sangs rgyas rnams kyis chos bstan pa thams cad bsdu na rgyu 'bras kyi theg pa gnyis las khyad du 'phags pa 'bras bu sngags kyi theg pa'i yang rtse bla med nang rgyud sde gsum ste/_de yang rig pa'i rtsal du snang ba ma hA/_rig pa'i cho 'phrul du snang ba a nu/_rig pa rang shar ba a ti dang gsum las 'dir phyi ma/_de la'ang phyi nang gsang ba'i skor tsho gsum las gsang skor sems las 'das pa'i rig pa ye shes nyag gcig rtsal du 'don pa'i man ngag sde'i smin grol gdams pa'i rim pa nyams su len pa'i sngon du 'gro ba yi dam zhi ba khro bo gnas gyur gyi smin byed sgrub par bgyi ba'i skabs su babs pa yin/_de la bdag nyid kyis bgyi 'os grub nas khyed rang gi ngo skal du gyur pa la smin dbang zab mo zhu ba'i yon du maN+Dal phul/_zhes brjod la maN+Dal 'bul du gzhug_/rang snang ye shes kyi dkyil 'khor gzod 'jug dgos pa'i brdar mig dar 'ching mdzod/_oM AHhU~M/_don dam ye shes lnga'i dkyil 'khor rang rig gdod ma'i ngo bor rdzogs pa mngon du bya ba'i brdar me tog gi phreng ba kha dog lnga pa thogs mdzod/_a khaM wI ra hU~M/_rgyud rnam par dag pa'i sdom pa dang ldan pa'i phyir dbyings rig gnyis med zhi khro lhun gyis grub pa'i dkyil 'khor rang rig la ye rdzogs su bzhugs pa'i gdangs phyir gsal ye shes kyi 'khor lo mkha' khyab tu sad pa gnyis med thig le gcig tu rdzogs pa'i don shes pas skyabs su 'gro ba 'di'i rjes zlos lan gsum mdzod/_dbyings nyid rnam dag sogs/_'gro kun rgyal ba zhi khro gdan gsum lha'i 'khor lo las gzhan du ma gyur kyang blos btags 'khrul snang gi gzhan dbang can ma dag srid pa'i rgyu 'bras la spyod pa thams cad rnam grol ye shes dag pa'i dgongs par ngal 'tsho ba'i ched smon 'jug gi dam bca' bzung ba 'di'i rjes zlos/_e ma ho rang rig sogs lan gsum/_dag chen chos nyid kyi lha la ye shes rgyun mi chad pa'i bsags sbyang mngon du bya bas 'bras bu sku dang ye shes kyi thig ler ngal 'tsho ba'i ched 'di'i rjes zlos/_nam mkha' lta bu'i sogs/_de nas dkyil 'khor gnyan por 'jug ste smin pa'i phyir bla ma dang yi dam gyi lha tshogs tha mi dad pa la thal mo me tog gis bkang ste gsol ba 'debs pa 'di'i rjes zlos/_bla ma zhi khro'i lha tshogs dgongs:_bdag ni ma rig 'khrul pas bsgribs:_sgrib pa'i tshogs rnams bsal bar mdzod:_rjes su 'dzin par mdzad du gsol:_lan gsum/_de ltar gsol ba btab pa la/_slob dpon gyis/_de ltar yin na zhi khro yi:_bla med yang gsang dam tshig rnams:_srog gi phyir yang mi btang bar:_khyod kyis yang dag bro bor cig:_slob mas gsang ba gnyan po'i tha tshig las mi 'da' bar rdo rje'i bro bor ba 'di'i rjes zlos/_i dan na ra kan:_de nas dbang gi gzhi 'god pa ye shes pa dbab pa yin pas dmigs pa 'di bzhin du mdzod/_slob ma ma bcos gsal klong kun tu bzang por gsal ba'i thugs kar ye shes kyi 'khor lo drag tu 'khor bas rgyal ba thams cad byon nas thim pas byin gyis brlab par gyur:_a be sha ya a AH_zhes pas byin dbab/_ye shes pa brtan par gyur cig_tiSh+Tha badz+ra/_zhes spyi bor rdo rje rgya gram du bzhag_khyed rnams la sngar phyag tu gtad pa'i me tog de nyid ye shes kyi dkyil 'khor 'dir dor bas las kyi 'brel ba'i lhag pa'i lha la dbab par shog snyam pas 'di'i rjes zlos/_hoH_bde gshegs zhi khro'i dkyil 'khor 'dir:_snying po'i ye shes brtag pa'i phyir:_rig pa'i me tog 'di 'bul gyis:_las 'phro'i dbang gis bzhes su gsol:_puSh+pe pra tIts+tsha hoH_zhes 'dor du bcug_rten brten pa'i dkyil 'khor gtso 'khor du snang ba thams cad khyab bdag kun tu bzang po gcig gi rang bzhin las ma 'das pas me tog gtso bos bzhes nas rigs kyi rtags su rdo rje'i cod pan du bcings pa dang gsang ba'i mtshan rig 'dzin 'dus pa rtsal du gnang bar mos mdzod/_lhan skyes ma rig pa'i sgrib g.yogs ye shes rig pa'i thur mas bsal bar mos/_sngon gyi rgyal ba thams cad kyis:_'gro ba'i mig ni dbye bar mdzad:_sangs rgyas sa la bkod pa bzhin:_deng 'dir he ru ka bdag gis:_ma rig mig ni dbye bar bya:_tsak+Shu pra be sha ya phaTa?:_ces mig dar bsal/_hoH_ltos shig skal pa can rnams ltos:_bde gshegs zhi khro'i dkyil 'khor 'di:_skad cig mthong ba tsam gyis kyang:_sgrib pa dag ste ye shes mthong:_hoH_rang snang ye shes kyi dkyil 'khor dang tha mi dad pa'i dkyil 'khor 'di ru 'og khang zhi ba bde gshegs rigs lnga yab yum/_bya byed gnyis/_sems dpa' sems ma brgyad/_thub pa drug_/sgo ba yab yum bzhi/_steng khang khro bo'i dkyil 'khor du khrag 'thung rigs lnga yab yum/_gnas yul gyi ma mo dang spor ma brgyad/_sgo ma bzhi/_dbang phyug nyer brgyad rnams bzhugs pa'i gdan khri gzhal yas khang dang bcas pa snang la ma 'gag pa chu zla dang 'ja' tshon bzhin bkrag sa le mtshan ma rdzas kyi dkyil 'khor du gnyis su med par mjal bas mtshon bya don gyi dkyil 'khor/_dbyings ka dag zhi ba/_'od gsal lhun grub khro bo'i dkyil 'khor rang byung gsal rdzogs su thabs 'dis mngon du byed pa'i rten 'brel bsgrigs pa yin no/__/dbang dngos la 'khor chos gnas su dag pa zhi ba'i dbang*/_ye shes gnas gyur khro bo'i dbang*/_gnyis ka'i thun mong du mchog dbang*/_mtha' brten bcas bskur ba'o/__/dang po zhi ba gnas dag phan nus kyi dbang bskur ba'i slad du nam mkha' gang ba'i de bzhin gshegs pa yab yum 'khor dang bcas pa gdan gsum tshang ba'i dbang gi lhar sad pa rnams dang*/_slob dpon lhan cig pas ye shes gcig nyid du mar shar ba'i cho 'phrul rig pa'i dbang lnga'i rdzas rnams gtso bo rnam par rgyal ba'i bum pa gcig la rdzogs pa'i dbang bskur bstsal bar gyur/_hU~M:_bkra shis bum pa snod bcud yongs su rdzogs:_rin chen cod pan rgyal ba'i dbang bskur che:_ye shes rdo rje dang bcas rgyal bas 'dzin:_sangs rgyas gsung dbyangs dril bu'i sgra 'khrol zhing:_bkra shis mtshan gyi snying po'i mnga' gsol bas:_rig pa'i dbang lnga dus gcig rdzogs gyur cig:_oM bod+hi tsit+ta ma hA su kha dz+nyA na d+hAtu a b+hi Shiny+tsa AH_de ltar bum pa la brten pa'i rig pa'i dbang lnga yongs su rdzogs pas dug lnga dbyings su dag_/sku lnga ye shes lnga thob pa'i nus pa rgyud la bzhag pa'o/__/tsaka li rnams thogs la/_hU~M:_zhe sdang rnam dag mi bskyod rdo rje dang:_gti mug rnam dag rnam par snang mdzad dang:_nga rgyal rnam dag rin chen 'byung ldan dang:_'dod chags rnam dag snang ba mtha' yas dang:_phrag dog rnam dag don yod grub pa ste:_rgyal ba rigs lnga'i sku gsung thugs rdzogs shog:_hU~M oM trA~M hrIHa a b+hi Shiny+tsa oM:_hU~M:_nam mkha' rnam dag yum chen dbyings phyug ma:_sa khams rnam dag yum chen sangs rgyas spyan:_chu khams rnam dag yum chen mA ma kI:_me khams rnam dag yum chen gos dkar mo:_rlung khams rnam dag yum chen dam tshig sgrol:_rigs kyi yum gyur rnams kyis dbang bskur ro:_mU~M lA~M ma~M pA~M tA~M a b+hi Shiny+tsa oM:_hU~M:_mig dbang gnas dag sems dpa' sa yi snying:_gzugs yul gnas dag sems dpa' byams pa mgon:_rna dbang gnas dag sems dpa' nam mkha'i snying:_sgra yul gnas dag sems dpa' sgrib pa sel:_sna dbang gnas dag sems dpa' spyan ras gzigs:_dri yul gnas dag sems dpa' kun tu bzang:_lce dbang gnas dag sems dpa' 'jam pa'i dbyangs:_ro yul gnas dag sems dpa' rdo rje 'dzin:_byang chub sems dpa' brgyad kyis dbang bskur ro:_kaShiM mai trA~M tha[1$0000240\[WP:12,58\]\[WP:12,61\]1$0000300\u0f72\u0f7e] hrIHa mU~M dziM a b+hi Shiny+tsa hU~M:_hU~M:_mig gi rtog pa gnas dag lA s+ya ma:_gzugs yul rtog pa gnas dag puSh+pe ma:_rna ba'i rtog pa gnas dag mA l+ya ma:_sgra yul rtog pa gnas dag d+hU pe ma:_sna yi rtog pa gnas dag gIrti ma:_dri yul rtog pa gnas dag A lo ma:_lce yi rtog pa gnas dag nIrti ma:_ro yul rtog pa gnas dag gan+d+he ma:_byang chub sems ma brgyad kyis dbang bskur ro:_hU~M hU~M trA~M trA~M hrIH_hrIHa a a b+hi Shiny+tsa hU~M:_hU~M:_lha yi rtog pa gnas dag brgya byin dbang:_lha min rtog pa gnas dag thag bzang ris:_mi yi rtog pa gnas dag shAkya thub:_byol song rtog pa gnas dang seng rab brtan:_yi dwags rtog pa gnas dag kha 'bar ma:_dmyal ba'i rtog pa gnas dag chos kyi rgyal:_'gro 'dul thub pa drug gis dbang bskur ro:_kriM trU~M k+Sha~M kru~M sru~M ye a b+hi Shiny+tsa hU~M:_hU~M:_byed pa rnam dag ye shes sku mnga' ba:_rgyal ba kun tu bzang po'i dbang bskur ro:_bya ba rnam dag chos kyi sku mnga' ba:_rgyal yum kun tu bzang mo'i dbang bskur ro:_a a a b+hi Shiny+tsa hU~M:_hU~M:_rtag lta gnas dag sgo ba gshin rje gshed:_snying rje'i bdag nyid rdo rje lcags kyu ma:_chad mtha' gnas dag sgo ba rnam par rgyal:_byams pa'i bdag nyid rdo rje zhags pa ma:_mtshan ma gnas dag sgo ba rta mgrin rgyal:_dga' ba'i bdag nyid rdo rje lcags sgrog ma:_mtshan 'dzin gnas dag sgo ba bgegs mthar byed:_btang snyoms bdag nyid rdo rje dril bu ma:_mthar byed yab yum brgyad kyis dbang bskur ro:_hU~M trA~M hrIHa:_dzaHhU~M ba~M hoHa b+hi Shiny+tsa hU~M:_de rnams kyis phung lnga 'byung lnga dbang yul rtog pa bya byed dang bcas pa gnas su dag pa'i dbang dam pa thob pa yin no/__/de nas ye shes gnas gyur bde gshegs khro bo'i phyag rgya'i lha yi dbang bskur ba ni/_slob ma zhi ba rdo rje dbyings kyi gtso bo kun bzang yab yum du gsal ba skad cig gis 'bar ba khrag 'thung khro bo'i tshogs rje spyi dpal chen por gnas gyur te/_dbus phyogs byol song khri yi steng:_dpal chen badz+ra he ru ka:_mthing smug gar dgu'i brjid pa'i sku:_zhal gsum phyag drug gshog pa gdengs:_g.yas pa dang po'i rdo rje dang:_g.yon pas dung khrag lhag ma rnams:_phyag mtshan gzhan rnams 'dzin pa'o:_dbyings phyug khro mo che dang sbyor:_de ltar gsal ba la dpal chen he ru ka khrag 'thung lnga cu rtsa brgyad kyi dbang bskur bas 'joms byed khro rgyal 'bar ba'i sku gsung thugs dang gnyis med du gyur par sgoms shig__hU~M:_nyon mongs zhe sdang gnas gyur pa'i:_rdo rje khro bos dbang bskur ro:_nyon mongs gti mug gnas gyur pa'i:_de bzhin khro bos dbang bskur ro:_nyon mongs nga rgyal gnas gyur pa'i:_rin chen khro bos dbang bskur ro:_nyon mongs 'dod chags gnas gyur pa'i:_pad+ma khro bos dbang bskur ro:_nyon mongs phrag dog gnas gyur pa'i:_karma khro bos dbang bskur ro:_hU~M hU~M hU~M hU~M hU~M a b+hi Shiny+tsa oM:_hU~M:_'byung ba chu khams gnas gyur pa'i:_badz+ra kro d+hIs dbang bskur ro:_'byung ba nam mkha' gnas gyur pa'i:_bud+d+ha kro d+hIs dbang bskur ro:_'byung ba sa khams gnas gyur pa'i:_rat+na kro d+hIs dbang bskur ro:_'byung ba me khams gnas gyur pa'i:_pad+ma kro d+hIs dbang bskur ro:_'byung ba rlung khams gnas gyur pa'i:_karma kro d+hIs dbang bskur ro:_hU~M hU~M hU~M hU~M hU~M a b+hi Shiny+tsa oM:_hU~M:_mig gi rnam shes gnas gyur pa'i:_ma mo chen mo ke'u ri ma:_rna ba'i rnam shes gnas gyur pa'i:_ma mo chen mo tso'u ri ma:_sna yi rnam shes gnas gyur pa'i:_ma mo chen mo pra mo ha:_lce yi rnam shes gnas gyur pa'i:_ma mo chen mo bai ta li:_lus kyi rnam shes gnas gyur pa'i:_ma mo chen mo puk+ka si:_yid kyi rnam shes gnas gyur pa'i:_ma mo chen mo tsaN+Da li:_nyon yid rnam shes gnas gyur pa'i:_ma mo chen mo g+hasma ri:_kun gzhi rnam shes gnas gyur pa'i:_ma mo chen mo sme shA ni:_gnas kyi ma mos dbang bskur ro:_ha ha ha ha ha ha ha ha a b+hi Shiny+tsa hU~M:_hU~M:_gzugs yul gnas gyur seng ha ma:_sgra yul gnas gyur byA g+hr-i ma:_dri yul gnas gyur sr-i la ma:_ro yul gnas gyur shwa na ma:_lus yul gnas gyur kang+ka ma:_yid yul gnas gyur kr-i ta ma:_nyon yul gnas gyur khA kha ma:_gzhi yul gnas gyur hu lu ma:_yul gyi ma mos dbang bskur ro:_he he he he he he he he a b+hi Shiny+tsa hU~M:_hU~M:_lha rnams gnas spor skar mda' 'phen:_lha min gnas spor mdung thung can:_mi rnams gnas spor ral gri 'dzin:_dud 'gro gnas spor dril 'khrol ma:_yi dwags gnas spor glog sha rdebs:_dmyal ba gnas spor me 'bar ma:_rtag pa'i gnas spor zla 'phen ma:_chad pa'i gnas spor nyi zer 'phen:_spor byed brgyad kyi dbang bskur ro:_ha ha hu lu hu lu hu lu a b+hi Shiny+tsa oM:_hU~M:_rtag lta gnas gyur rta gdong ma:_chad lta gnas gyur phag gdong ma:_mtshan ma gnas gyur seng gdong ma:_mtshan 'dzin gnas gyur spyang gdong ma:_sgo ma bzhi yi dbang bskur ro:_dzaHhU~M ba~M hoHa b+hi Shiny+tsa oM:_hU~M:_rnam rtog phra rags gnas gyur pa'i:_zhi ba'i las mdzad rnal 'byor bdun:_rgyas pa'i las mdzad rnal 'byor bdun:_dbang gi las mdzad rnal 'byor bdun:_drag po'i las mdzad rnal 'byor bdun:_dbang phyug nyer brgyad dbang bskur ro:_b+h+yo sarba yak+Shi a b+hi Shiny+tsa oM:_de rnams kyis kun gzhi yid chos khams dang yul shes 'gro drug lta ba sogs gnas gyur dpal chen khro bo rol pa'i go 'phang gi chos rgyud la bzhag pa yin no/__/des snod bcud sku rdo rje'i dkyil 'khor du bum dbang mtha' brten dang bcas pas smin par byas pas phung khams kyi sgrib pa sbyangs/_yongs grub gdan gsum tshang ba'i bskyed rim bsgom pa la dbang*/_gzhan snang 'gro 'dul sprul sku'i go 'phang gi chos rgyud la bzhag pa yin no/__/de nas zhi khro gnyis su med pa'i mchog dbang rnam gsum bskur ba la/_thod pa'i bdud rtsi thogs la/_gsang dbang gi slad du bla ma dkyil 'khor gyi gtso bo yab yum mnyam par sbyor ba'i bde ba'i zil gyis sangs rgyas kun gyi lhag pa'i byang sems kyi bcud bsdus pa lce thog tu byin par mos mdzod/_hU~M:_b+han+d+ha stong pa'i snod nang du:_byang sems bde ba'i bcud kyis bkang:_bde stong dbyer med bdud rtsi 'dis:_gsang dbang ngag la yongs rdzogs shog:_bo d+hi tsit+ta hU~M:_gsal stong bde bas brgyan pa'i ting nge 'dzin rgyud la skyes par mos/_des phyed snang gsung rdo rje'i dkyil 'khor du gsang dbang thob pas las rlung gi rgyu ba d+hU ti'i dbyings su dag par byas/_skye med rang byung rdo rje'i bzlas pa la dbang*/_rang snang bde chen longs sku'i go 'phang gi chos rgyud la bzhag pa yin no/__/rig tsaka thogs la/_shes rab ye shes kyi dbang bskur ba ni/_sna tshogs gzugs can ma'i phyag rgya'i reg pas dpe yi ye shes drang ba la brten nas yul dbang chags sdang las 'das pa'i dbyings rig gnyis med du ngo sprad par gyur/_hU~M:_yul snang snang stong mtshan ldan mar:_rang rig bde ba ye shes pas:_dbyings rig bde stong gnyis med sbyor:_zung 'jug bde chen rtogs par shog:_ma hA su kha hoH_bde stong gnyis su med pa'i ye shes rgyud la skyes par mos/_des snang med thugs rdo rje'i dkyil 'khor du sher dbang thob pas/_gnyis snang gi 'ching ba dbyings su dag_/bde chen 'od gsal gyi ye shes bsgom pa la dbang*/_gting gsal 'gag med chos sku'i go 'phang gi chos rgyud la bzhag pa yin no/__/dbang bzhi pa ka dag khregs chod kyi don gyi ye shes ngo bo rang bzhin thugs rje'i khyad par gsum ldan rang byung rdo rje sems dpa'i me long gi brda dang rdo rje'i tshig gis don ngo sprad pa ni/_shel rdo thogs la/_e ma hoH_ngo bo stong pa shel gyis mtshon:_rang bzhin lhun grub 'ja' ru shar:_thugs rje'i 'od zer kun tu 'phro:_rang byung sems nyid ngo mtshar che:_d+harma shud+d+he a:_lhun grub rig rtsal thod rgal gyi snang ba dbyings rig sgron ma drug ldan rdzas dang brda rtags kyis mtshon pa'i dbang ni/_ngo sprod kyi rdzas rnams thogs la/_dbyings kyi rang bzhin me long la:_'od kyi rang bzhin dar snas brgyan:_thig le'i rang bzhin rma bya'i mdangs:_rig pa lug rgyud shel gyi phreng:_mig tu mtshon phyir shel gyi klong:_dbang po'i sgor sbyar brda bstan pas:_rig rtsal thod rgal dbang thob shog:_d+harma d+hA tu dz+nyA na a a:_dbyings rig gnyis med kyi ngang la mnyam par zhog_/des gnyis med ye shes kyi dkyil 'khor du bzhi pa'i dbang bskur bas snang gsum 'pho ba'i sgrib pa sbyangs/_dbyings rig zung 'jug gi lam bsgom pa la dbang*/_mchog tu mi 'gyur ngo bo nyid sku'i go 'phang gi chos rgyud la bzhag pa yin no/__/mtha' rten dbang bzhi'i ye shes gong 'phel du bya ba'i phyir sangs rgyas thams cad kyi sras gcig pu/_bstan pa bu gcig gi rgyud/_thog ma'i mgon po'i byin rlabs mchog gi sprul pa bstan pa'i btsas gsum gyi 'dra 'bag gis dbang bskur bas grol ba drug ldan gyi skal pa mngon du gyur par mos la/_bstan bu'i glegs bam gnas gsum du bzhag la/_AH_rang byung rang shar bstan pa bu gcig rgyud:_sangs rgyas kun gyi ye shes thugs rjes gzugs:_'od gsal snying po'i bstan pa'i btsas gcig pu:_bris te btags pas grol ba'i dbang thob shog:_'khor lor byas te mthong pas mthong grol shog:_gang du btags pa reg pas reg grol shog:_brjod cing tshig gi brda sprad thos grol shog:_bzlas shing btab pa myong bas myong grol shog:_gang gi tshor ba de dag grol bar shog:_'aHaHshaHsaHmaHhaHa b+hi Shiny+tsa hU~M:_dbyings rig gnyis med brda don rtags gsum rdzogs pa'i gtor mas dkyil 'khor lha tshogs yongs su rdzogs pa'i dbang bskur bas skye 'chi bar do sku gsum ye shes kyi rang bzhin chen por lam du khyer ba'i dbang thob par mos mdzod/_gtor ma gnas gsum du bzhag la/_hU~M:_gtor gzhong dbyings kyi rang bzhin gzhal yas khang:_gtor ma rig pa rgyal ba zhi khro'i lha:_dbyer med zung 'jug ngang du dbang bskur bas:_snang ba lhar dag bar dor grol bar shog:_phung khams gnas gyur 'od gsal zin par shog:_rtog tshogs bde chen dbyings su 'pho bar shog:_rig pa dbyings su thim par byin gyis rlobs:_tshom bu 'bum bcas mngon sangs rgyas gyur cig:_oM A hU~M bo d+hi tsit+ta ma hA su kha dz+nyA na d+hAtu AH_oM ru lu ru lu hU~M b+h+yo hU~M:_sarba a b+hi Shiny+tsa oM AHhU~M:_de rnams kyis yi dam zhi khro gnas gyur gyi dbang bskur legs par grub pa la bla ma dkyil 'khor gyi lha tshogs rnams kyis shis pa'i tshig brjod pas dbang don gyi ye shes brtan cing gong 'phel du byas pa'i mos pa mdzod/_ces shis pa brjod cing dam tshig khas blangs yon 'bul sogs bya'o/__/slob dpon gyis dkyil 'khor rjes mthar dbyung ngo*/_/rang rig rtsal las zhi khro'i lha/_/nyi dang zer bzhin dbyer med bzhugs/_/sad byed dbang gi chu rgyun 'di/_/nges don grub pa'i bcud du spel/__!__bcu gsum pa gsang skor yi dam khro bo la byang bu khrigs bsdebs kun gzigs rdo rje gzi brjid dang*/_dbang chog 'jam mgon bla ma'i legs bshad ltar shes par bya'o/__!__bcu bzhi pa gsang skor khrid kyi byin rlabs la bsham ni/_bum pa bsnol ma'i ras bris kyi dkyil 'khor steng*/_bum pa lnga/_kha rgyan/_mda'/_me long*/_shel/_rma bya'i sgro rnams dang*/_mgul chings rigs lnga'i kha dog bcing pa dang*/_rig 'dzin bla ma'i tsaka li rnams kyang bshams/_gsang skor rig 'dzin bla ma yongs rdzogs kyi las byang bsdus pa bzlas pa bcas grub par byas rjes/_bum pa'i nang du de bzhin gshegs pa rigs lnga skad cig gis gsal la/_bo d+hi tsit+ta dang*/_oM hU~M trA~M hrIH_AH_sogs rigs lnga'i sa bon bzla/_stong tshig sogs dang tshogs mchod grub nas slob ma rnams khrus byas bgegs bskrad srung 'khor bsgom/_sems bskyed gsal gdab la/_mtshams sbyor gyi khyad par/_de la 'dir dam chos rdzogs chen sde gsum gyi ya gyal sprul sku dga' rab rdo rje'i thugs bcud kyi snying khu gsang skor zab pa man ngag sde'i khrid kyi byin rlabs 'bul ba la khyed rnams kyis sku lnga ye shes lnga la longs su spyod pa'i rten 'brel du sman 'bru rin po che/_dri lnga/_snying po lnga rnams kyi maN+Dal phul bar mos la zhing khams 'bul bar zhu/_gsol ba 'debs pa 'di'i rjes zlos/_e ma ho kun tu bzang:_gdod ma'i bla ma dgongs su gsol:_bdag ni rnam par grol 'dod pa:_theg pa'i yang rtse gnang du gsol:_lan gsum/_slob dpon gyis gnang ba sbyin cing dbang gi bcud 'dzin phyir bla ma sangs rgyas chos kyi skur blta ba'i mos gus byed dgos pas gdams pas dbang gi sgo dbye ba ni/_e ma rang rig byang chub sems:_'di la mos pa shin tu dkon:_theg pa'i rtse mo don gnyer ba:_shin tu ngo mtshar sbyin chog kyang:_bdag ni kun tu bzang po ste:_gzugs kyi sku ru blta mi 'tshal:_ji ltar bsgos pa'i rdo rje'i dam tshig rnams las mi 'da' ba'i bro bor ba 'di'i rjes zlos/_sa ma ya i dan na ra kan:_de yang dbang dkyil 'khor la brten nas bskur dgos la/_mtshon bya don gyi dkyil 'khor gdod nas rang la gnas pa nyid kyang*/_mtshon byed dpe yi dkyil 'khor la brten nas ngo sprad dgos shing*/_dpe yi dkyil 'khor la'ang brda dang rtags kyi dkyil 'khor du ma las skabs 'dir brda bum pa bsnol ma'i dkyil 'khor la brten nas bskur dgos pas de'i don bshad pa ni dbyings rig zung 'jug mtshon bya don gyi bum pa/_lus sems gnyis 'dus mtshon byed rtags kyi bum pa/_chos sku dang gzugs sku zung 'jug mtshon pa brda yi bum pa ste brda rtags don gsum zung du 'jug pas smin pa la/_thog mar dbang gi gzhi 'god pa ye shes pa dbab pa'i slad du slob ma gzhi yi kun tu bzang po yab yum gcer bu rgyan med pa bsgom/_slob dpon gyi thugs ka'i 'od kyis ye shes pa spyan drangs nas slob ma rnams la thim par mos/_gsang skor byang bu'i spyan 'dren brjod cing sngags dang bcas pas byin dbab/_de nas bum pa thogs te gnas bzhir tshig bstun bzhag_/bum chu sbyin/_hU~M:_dbyings kyi bum pa rig pa'i bcud:_dbyer med kha rgyan brjod dang bral:_dbyings kyi rang bzhin me long dang:_shes rab rang bzhin mda' yis brgyan:_'od zer mtha' yas dar gyis bklubs:_lu gu rgyud ni shel gyis mtshon:_thig le rma bya'i sgro dang ldan:_chos nyid mngon sum snang ba yi:_spros bcas bum pa'i dbang bskur ro:_hU~M:_mtshan ma bral ba dbyings kyi ngang:_dmigs med rang gsal rig pa'i bcud:_bsam mi khyab pa'i kha rgyan la:_stong pa chen po'i mda' yis brgyan:_bde ba me long dbyer med shes:_rlung lnga dag pa rma bya'i sgro:_rtsa khams dag pa dar gyis brgyan:_phung po yongs grol dbang bskur bas:_nyams snang gong du 'phel gyur te:_spros med gsang dbang thob par shog:_hU~M:_dbyings las mi 'da' yum gyi mkha':_rig pa thabs mchog bde ba che:_gnyis med mnyam sbyor bcud kyis bkang:_yon tan yongs rdzogs kha rgyan la:_yum gyi rkyen bzhi mda' yis brgyan:_yab kyi rgyud bzhi me long gsal:_dbyer mi phyed pa shel gyis spras:_bde ba mkha' khyab dar gyis bklubs:_bde stong dbyer med dbang bskur bas:_rig pa tshad la phebs gyur te:_rab tu spros med sher dbang thob:_hU~M:_pha mtha' bral ba dbyings kyi ngang:_bsam las 'das pa rig pa'i bcud:_smra brjod bral ba kha rgyan la:_mtshan nyid bzhi ldan mda' yis brgyan:_ye nas dag pa me long ste:_dbyings rig gnyis bral shel gyis brgyan:_stong yang sna tshogs dar gyis bklubs:_rdzogs pa chen po'i dbang bskur bas:_chos nyid zad sar phyin gyur te:_shin tu rnam par grol bar shog:_hU~M:_bsgom bya med pa dbyings kyi ngang:_bsam las 'das pa rig pa'i bcud:_brjod las 'das pa kha rgyan te:_dbyer med stong pa shes rab mda':_'gag med ci shar me long brgyan:_skye 'gag gnyis med shel gyis brgyan:_lhun gyi grub pa dar gyis bklubs:_zhing khams lnga ru dbang bskur bas:_thams cad lhun rdzogs thob par shog:_de ltar dbyings dang ye shes kyi snang ba rnam pa bzhi mtshon pa'i bum pa rgyan dang ldan pa gnas bzhir bzhag cing bum chu sbyin pa khrus byas pas dbang bzhi de kho na nyid la nang gses su dbye bas dbang bzhi thob/_shes nyams yid dpyod kyi sgrib pa phra rags dag_/ye shes kyi rtsa rlung thig le'i khams dwangs mar smin/_lam snang bzhi mthar phyin/_'bras bu sku bzhi'i go 'phang mngon du byas par mos mdzod/_dbang gzhung 'dir mi gsal yang phyi skor khrid kyi byin rlabs las/_skor gsum bla ma rnams kyi byin rlabs rig pas 'phrul lo gsungs pas gsang skor bla ma'i byin rlabs dgos par sems te dpon slob gnyis kas gsang skor rig 'dzin bla ma'i mngon rtogs bsgoms la/_hU~M:_dbyings nyid gdod nas rnam par dag:_sogs sam/_hU~M:_kun gzhi mi dmigs rnam par stong:_sogs gang rung btang*/_/de yang dbang bzhi pa'i ye shes phyin ci ma log pa rgyud la skye ba'i rgyu ma nor ba ni dgongs rgyud byin rlabs dang ldan pa'i bla ma'i rdo rje gsum gyi dbang gis smin par byed pa la rag las shing*/_de yang rnam pa lam byed rdo rje gsum gyi dbang bskur ba dang*/_byin rlabs myur du 'jug cing skyes brtan gong 'phel du byed pa'i thabs kyi zab khyad thun mong ma yin pa de nyid 'bog pa la/_thog mar sku rdo rje'i byin rlabs 'pho ba'i dbang ni/_slob dpon rig 'dzin chen po shrI sing+har gsal bas dgongs brgyud rig rtsal slob ma la ched du gtad cing lta stangs gzir bas ye shes kyi sku gnyis pa zhig thugs ka nas ye shes sems dpa'i tshul du spros te rdo rje'i glu 'di gsungs par mos shig_/sangs gling bka' thang las byung ba'i shrI sing+ha'i rdo rje'i glu ni/_shrI sing+has mkha' la sdig mdzub gtad:_gang shar ma zhen gang shar ma zhen cig:_ma shar ma shar shar shar shar ma zhen:_shar grol dus mnyam shar grol dus mnyam mo:_stong stong mi stong mi stong rnam par stong:_ma 'gags ma 'gags 'gags 'gags 'gags pa med:_ye stong ye stong rnam stong rnam par stong:_steng 'og bar mtshams phyogs med kun shar 'di:_shrI sing+ha'i don dam gnad de mdzod:_lta spyod snod rung dbyer med ngang gis 'char:_zhes gsungs rdo rje lta bu'i klong du thim:_zhes brjod sku spyi bor bzhag_/zhes gsungs nas spyi bo nas thim pas rdul bral snang stong mkha' khyab 'pho ba chen po'i rdo rje'i sku yi dbang dang byin rlabs chig rdzogs su thob par sgoms shig_/spro na gang shar ma zhen sogs ngo sprod don nyung ngu rnam gsal mkhan rat+na'i gsung gis gnad bkrol te bshad na legs par sems/_gnyis pa gsung rdo rje'i byin rlabs 'pho ba'i dbang ni/_rig 'dzin shrI sing+ha'i thugs kar ye shes sems dpa' dga' rab rdo rje'i thugs tsit+ta rin po che'i mchong gur dbus nyi zla'i gwa'u kha sbyor gyi lte bar hrIHmthar rang sngags kyis bskor ba'i sngags phreng bar ma chad pa mgal me bzhin byung*/_zhal nas thon slob ma'i khar zhugs/_snying gar ye shes sems dpa'i thugs srog hrIHla thim par mos la rdo rje'i sngags 'di'i rjes zlos lan gsum mdzod/_oM AHhU~M badz+ra gu ru shrI sid+d+hi hU~M:_de la spyir rlung 'byin 'jug gnas gsum 'bru gsum rdo rje'i gsung gi gsang ba lhun gyi grub par shes pas phra rag gi rdo rje'i bzlas pa dbang pos gang chun pa mdzod cig_/ces brda sbyar la rdor bzlas lan gsum sogs byed du gzhug_de ltar mtshan bcas sku dang sngags kyi rnam pa gang ltar snang yang*/_rang rig ka dag gnyug ma ye shes chen po'i ngo bo las gzhan du ma dmigs par shes pas de ga'i ngang du thim pas dngos mtshan gang du'ang ma grub par chos nyid khyab brdal gyi klong du mnyam par zhog cig_/des mtshon nas/_thugs ka'i ye shes sems dpa' dga' rab rdo rje'i sku las gnyis pa spros te rdo rje'i glus ngo sprad par mos shig_/phyi skor nas 'byung ba'i dga' rab rdo rje'i glu tshig bsgrags/_mtshan sngags so sor spro na pra he badz+ra sogs dang spyi khyab rdo rje'i bzlas pa dang*/_thugs yid bsre ba'i mnyam bzhag bya/_des 'gres te gsang skor rig 'dzin bcu gsum gyi glu dang*/_sku tsaka gis dbang bskur/_lha dbang nang gi mtshan sngags la a b+hi Shiny+tsa dor la hU~M zhes sbyar ba'i rjes zlos dang rdor bzlas/_dgongs pa mnyam bzhag bya/_de rnams kyis gsang skor khrid kyi byin rlabs legs par thob pa yin pas dam tshig khas blangs pa 'di'i rjes zlos/_/gtso bos ji ltar sogs dang*/_de ltar byin rlabs zab mo legs par grub pa'i gtang rag dang rjes 'brel grol byed khrid kyi rim pa zhu ba'i yon du dmigs te zhing khams 'bul bar 'tshal/_man ngag don gyi tshogs bsags byang bu ltar 'bul du gzhug_'chad bya'i gsang ba zab mo 'di ni theg pa kun gyi rtse mo/_dus gsum rgyal ba rnams kyi dgongs pa'i skyel so/_kun bzang pad+mA ka ra'i thugs kyi dgongs nyams mthar thug_/rnal 'byor kun gyi mchog gam rtse mo bya bral 'bras bu'i theg pa a ti rdzogs pa chen po'i zab khrid kun gyi snying po las kyang snying por gyur pa 'di ni dam chos rdzogs pa chen po sde gsum gyi mthar thug gsang ba man ngag gi sde ye shes gsang lam 'od zer mtha' yas kyi gdams khrid zab mo bgyi ba ni/_o rgyan chen pos rdo rje'i gsung gter gzhung dri ma med pa 'di la snyan gtod 'tshal/_na mo gu ru:_gsang skor khrid kyi rim pa ni:_sogs nas/_sa ma ya rgya rgya:_zhes pas rang bzhin rdzogs pa chen po gzhi lam 'bras gsum gyi dgongs pa/_dbang bzhi'i lam gyi rim pa nyams su len cing*/_ka dag khregs chod kyi lta ba gtan la phab pa'i tshul bstan nas/_rjes 'brel du lhun grub thod rgal gyi lam sgron ma drug la brten nas bzhugs stangs gzigs stangs sgo yul rlung rig gi gnad la bslab pas/_snang bzhi mthar son 'pho med 'od lus 'grub pa'i tshul ston pa ste/_na mo gu ru:_gsang skor khrid kyi rjes 'brel du:_sogs nas/_sa ma ya rgya rgya:_zhes gsang chen zab mo'i mthar thug rdo rje'i gsung gi don gnad rnams thugs kyi dpal be'ur bsti ba nas/_de ltar smin byed byin rlabs dang grol byed khrid kyi rim pa bcas legs par grub pa lags na/_bdag lus sgo gsum gces par bskyang ba'i gnyen grogs bdog rgu'i longs spyod dus gsum dge ba'i dngos po sogs ltos med chabs cig tu 'bul snyam pas 'di'i rjes zlos/_deng nas brtsams te sogs/_yon 'bul dge bsngo rnams bya'o/___/rig 'dzin byin rlabs snying dbus su/_/sim pa'i thabs tshul 'di lta bu/_/dus gsum 'byon par dka' ba'i chos/_/snying po'i bstan pa'i mdzes rgyan grub/__!__bco lnga pa bka' srung ye shes mkha' 'gro dang*/_me gdong sogs srung ma rnams kyi dbang bskur la gshom ni/_maN+Dalar 'bru'i tshom bu dgu bkod pa'i khar/_bum pa/_gnam zhal/_kro d+hi shwa ri/_be ta li/_pad+ma gzi ldan/_rgyas 'debs/_mu kha le/_las dbang*/_'byung bdag_/khams gsum spyi 'dul te yum dgu'i lha tsaka_/sngags phreng*/_thod chang*/_rig ma/_shel rdo/_dbyings phyug yum lnga'i tsaka li rnams bshams/_me gdong mar chos 'byung bsnol ma'i steng tshom bu gcig bkod pa'i khar/_dmar gtor che chung gnyis/_gtor tsaka dar gdugs kyis brgyan pa/_gshog rgod mar gru gsum mthing nag steng*/_dmar gtor gtso 'khor bzhi sku tsaka dar gdugs can/_phyag mtshan gri thod bcas dang*/_dam can la maN+Dal tshom bu gcig gi steng*/_gtor ma mkhar thabs ra mgos mtshan pa mda' rgod me long stag dar btsugs pa bshams/_tshogs kyi yo byad 'du byas/_mngon rtogs bzlas pa yum ka khrigs bsdebs ltar la bum bzlas spro na spyi khyab ltar dang stong tshig_/bka' gter srung ma'i gtor 'bul/_'bar ma me gdong can gyi mngon rtogs la 'jug ste/_ra~M ya~M kha~M/_rnam dag chos dbyings ngang nyid las/_/rang byung mchod pa'i phung po ni/_/kun bzang mchod pa'i sprin lta bu/_/dpag yas nam mkha' gang bar gyur/_/oM sarba pU dza me g+ha sa ma ye AHhU~M gis byin gyis brlabs pa sngon du 'gro bas/_rang nyid yi dam lhar gsal mdun/_/chos 'byung dmar nag bsnol ma'i dbus/_hU~M:_gtum chen khros ma me yi gdong:_zhal gcig phyag gnyis gri thod 'dzin:_'bar ba'i klong na gar bsgyur ma:_chu srin seng ge'i gdong can gnyis:_dkar nag mdog can gri thod 'dzin:_ma mo mched gsum bka' sdod bcas:_mngon sum bzhin du bzhugs par bsam/_oM ma mo dz+wa la dz+wa la ni tsaN+Di badz+ra sa ma ya dzaHsa spyan drangs/_dzaHhU~M ba~M hoH_tiSh+Tha lhan gyis brtan par bzhugs/_oM badz+ra ar+g+haM sogs nas/_shab+da ma hA a mr-i ta rak+ta ba liM ta pU dza hoHsa mchod/_hU~M:_ngo bo dbyings yum e ka dzaH_rnam pa khros ma me yi gdong*/_/mched gsum 'bar ba'i bka' sdod tshogs/_/'khor dang bcas la phyag 'tshal bstod/_/gtso mo'i thugs kar nyi ma la gnas pa'i b+h+yo la sngags phreng gis bskor ba la bdag gi thugs ka'i 'od kyis reg pas phrin las ma lus par sgrub par mos la/_oM ma mo dz+wa la dz+wa la ni tsaN+Di hU~M phaTa?:_ces srog sngags bzlas mthar/_hU~M/_thun mong khyad par bla na med/_/phyi nang gsang ba'i mchod sprin ni/_/dngos bshams yid las byung ba dag_/nam mkha' gang bar spros te mchod/_/oM shrI badz+ra d+harma pa la sa pa ri wA ra ar+g+haM sogs shab+da rU pa shab+da g+han+d+he rA sa spar+she pra tI ts+tsha swA hA/_/ma hA pany+tsa a mr-i ta khA hi/_ma hA rak+ta khA hi/_/ma mo'i ljags rdo rje'i sbu gus gtor ma'i bcud drangs te gsol bar bsam la/_rtsa sngags mthar/_i daM b+ha liM ta kha kha khA hi khA his btags pa lan gsum gyi dbul/_dpal ye shes kyi ma mo 'bar ma me gdong ma 'khor dang bcas pas sangs rgyas kyi bstan pa srung sogs nas/_phrin las mdzod cig__hU~M:_gtum chen khros ma me yi gdong:_zhal gcig phyag gnyis gri thod 'dzin:_'bar ba'i klong na gar bsgyur ma:_chu srin seng ge'i gdong can gnyis:_dkar nag mdog can gri thod 'dzin:_ma mo mched gsum bka' sdod bcas:_brgyan pa'i gtor ma 'di bzhes la:_gdug pa'i dgra bgegs thal bar rlog:_gter srung gshog rgod kyi mdun rten la dmigs nas/_sngar ltar mchod pa byin gyis brlab/_hU~M:_mthing nag gru gsum 'bar ba'i klong:_dbyings las skur bzhengs ma mo ni:_gtum chen mthing nag gri thod 'dzin:_gshog brgyangs me yi klong na bzhugs:_rigs bzhi pho nya bzhi yis bskor:_dkar ser dmar ljang snying me long:_'dzin cing me klong gar thabs bsgyur:_ma mo 'bum gyi 'khor gyis bskor:_mdun du mngon sum bzhugs par bsam/_oM ma ma trag rak+sha ga ru Da badz+ra sa ma ya dzaHsa spyan drangs/_dzaHhU~M ba~M hoH_tiSh+Tha lhan gyis bzhugs su gsol/_ar+g+haM sogs nas_shab+da ma hA a mr-i ta rak+ta ba liM ta pU dza hoHsa mchod/_hU~M/_bde chen ye shes ma mo ni/_/bstan srung rdo rje gshog rgod ma/_/rigs bzhi'i pho nya sprul pa 'khor/_/bsam mi khyab la phyag 'tshal bstod/_/mdun gyi ma mo 'khor bcas kyi thugs kar nyi ma la gnas pa'i ma yig gi mthar sngags kyis bskor ba la bdag gi thugs ka'i 'od kyis reg pas phrin las thams cad sgrub par bsam la/_oM ma ma trag rak+sha ga ru Da hU~M phaTa?:_ces bzlas pa bya/_mchod pa gong ltar la/_rang sngags la gtor sngags btags pas dbul/_hU~M:_dbyings las skur bzhengs ma mo ni:_gtum chen mthing nag gri thod 'dzin:_gshog brgyangs me yi klong na bzhugs:_rigs bzhi pho nya bzhi yis bskor:_dkar ser dmar ljang snying me long:_'dzin cing me klong gar thabs bsgyur:_ma mo 'bum gyi 'khor gyis bskor:_'dir byon dam rdzas mchod gtor bzhes:_bcol ba'i phrin las 'grub par mdzod:_ces phrin las bcol/_dam can gyi mdun rten la dmigs nas/_mchod gtor sngar ltar byin brlabs rjes/_hU~M:_rang mdun pha waM long bu'i khar/_/me rlung dmar nag 'tshubs ma 'khyil/_/'brug sgra thog ser bu yug 'tshubs/_/stobs ldan seng ge gzhon pa'i steng*/_/dbang gi sprul pa rdo rje legs:_dmar nag rdo rje dgra snying 'dzin:_dar gyi ber chen phyi nang gsol:_dbu skra gyen brdzes thod skam brgyan:_swag l+h+wam gsol zhing seng chen chibs:_btsan dmag zhub can stong gis bskor:_dgyes sde brtan ma bcu gnyis sogs:_yang zab bka' yi srung ma rnams:_mngon sum bzhin du bzhugs par bsam/_oM tri shu la badz+ra sA d+hu sid+d+hi hU~M:_badz+ra sa ma ya dzaHsa spyan drangs/_dzaHhU~M ba~M hoH_tiSh+Tha lhan gyis bzhugs su gsol/_oM badz+ra ar+g+haM nas shab+da ma hA pany+tsa a mr-i ta rak+ta ba liM ta pU dza hoHsa mchod/_hU~M/_dam can dmar nag thig le rtsal/_/phyag gnyis rdo rje dgra snying bsnams/_/mched 'khor sum brgya drug cu sogs/_/'khor dang sprul par bcas la bstod/_/skyes bu chen po'i thugs kar nyi ma gnas pa'i tri yig gi mthar sngags kyis bskor ba la bdag gi thugs ka'i 'od kyis reg pas phrin las thams cad sgrub par bsam la/_oM tri shu la badz+ra sA d+hu sid+d+hi hU~M:_zhes srog sngags bzla/_mchod pa gong ltar la/_rang sngags la gtor sngags btags pas gtor ma 'bul/_hU~M:_dbang gi sprul pa rdo rje legs:_dmar nag rdo rje dgra snying 'dzin:_dar gyi ber chen phyi nang gsol:_dbu skra gyen gzengs thod skam brgyan:_swag l+h+wam gsol zhing seng chen chibs:_btsan dmag zhub can stong gis bskor:_dgyes sde brtan ma bcu gnyis sogs:_yang zab bka' yi srung ma rnams:_'dir byon dam rdzas mchod gtor bzhes:_sgrub pa po yi bsam pa sgrubs:_zhes phrin las bcol lo/__/de nas rig me dor ba grub nas slob ma la khrus byas/_bgegs bskrad/_srung 'khor/_sems bskyed gsal gdab la/_mtshams sbyor gyi khyad par/_de la 'dir kun bzang khyab bdag he ru ka yi tha tshig phog pa'i ye shes las dang 'jig rten gyi srung ma mtha' yas pa bzhugs pa las/_'dir ni ngo bo dbyings phyug khro mo'i spyi rje dpal chen po'i ye shes klong dgu'i khro rgyal he ru ka rnams kyi gsang ba'i yum chen rnam pa dgu rnams zab chos gsang ba chen po'i gnyer 'dzin cing*/_phrin las nus rtsal myur ba shes rab stong pa'i phyag rgyar gnyis min gnyis su snang ba'i srung ma'i dbang po'i skur bstan pa dkyil 'khor gcig tu bsdus te sgrub pa 'di ni theg dgu'i rtse rgyal dam chos rdzogs chen sde gsum gyi gsang skor bka' brgyad rdzong 'phrang gi yum ka ye shes khros ma'i rgyal mo dbyings kyi rje btsun ma rnams dang*/_zab gter bka' yi srung ma 'bar ma chen mo me yi gdong can/_rdo rje gshog rgod ma/_dam can skyes bu chen po rnams kyi bka' gtad rnams rim par bsgrub par bgyi ba la sogs kyi mtshams sbyar la maN+Dal phul/_bla ma dpal chen he ru kar gsal ba la gsol ba 'debs pa 'di'i rjes zlos mdzod/_/e ma slob dpon dgongs su gsol/_/bdag ni bstan pa srung ba'i phyir/_/bde bar gshegs pas bka' bsgos pa/_/dregs pa mthu yi dbang bskur zhu/_lan gsum rjes/_dbyings rig rnam dag sogs skyabs 'gro/_e ma ho rang rig sogs sems bskyed/_/nam mkha' lta bu'i bde gshegs sogs bsags sbyangs/_bde bar gshegs pa khyed ci 'dra:_de 'dra kho nar bdag gyur cig:_sprul sku'i ston pas bshad pa yi:_so sor thar dang byang chub sems:_longs sku'i ston pas bshad pa yi:_rigs lnga'i sdom pa ma lus gzung:_khyad par he ru ka dpal gyi:_nyi shu lnga dang bye brag tu:_sku gsung thugs kyi dam tshig rnams:_ji ltar bstan pa bdag gis srung:_srog gi phyir yang mi gtang na:_bde gshegs rigs mchog bstsal du gsol:_zhes khas blang du gzhug_/bka' srung rnams kyi dbang bskur ba'i sngon 'gro dam tshig rdo rje'i chu nan sbyin pa ni/_'di ni ngo bo dam tshig chu:_ye shes bskyed phyir sbyin pa yin:_dam bsrungs dngos grub 'dis thob byed:_ma bsrungs lcags kyi sdig par 'gyur:_srog gcod dmyal ba chen por ltung:_dam srung rdo rje'i chu 'di 'thung:_de ltar byin pa'i dam tshig rdo rje'i chu snying la bstims te mi 'da' bar rdo rje'i bro bor ba 'di'i rjes zlos/_oM badz+ra sa ma ya i dan na ra kan:_dbang dkyil 'khor la brten nas thob kyang srog dam tshig gis 'dzin dgos pa'i gnad kyis srung sdom chu nan sbyin pas gnad la bkar te/_/dbang dngos kyi gzhi sgrub pa ye shes pa dbab pa la dmigs pa 'di bzhin mdzod/_/snod bcud khrag 'thung rol pa'i dur khrod 'og min rdo rje btsun mo'i mkha' dbyings kyi dkyil 'khor chen po'i dbus byol song gtso brgyad pad nyi dregs pa lha chen khyo shug steng du rang sems hU~M yig yongs su gyur pa las 'khor lo'i dbang phyug rdo rje phag mo gnam zhal ma sku mdog mthing nag zhal gsum g.yas dkar g.yon dmar/_dbus khro mo chen mo'i gtsug tu phag zhal ngur ba/_phyag drug g.yas gsum gri gug thod rnga rdo rje/_g.yon gsum thod khrag zhing dbyug dril bu 'dzin pa/_zhabs g.yas bskums g.yon brkyangs gar stabs kyis rol zhing*/_yab he ru ka sbas tshul du bzhugs pa'i rdo rje'i T+wA~M mchan g.yon du bsten par gsal ba'i snying gar nyi ma'i gdan la hU~M/_slob dpon gyi thugs ka nas 'od zer 'phros/_rang bzhin gyi gnas nas ye shes pa'i tshogs spyan drangs te khyed rang rnams kyi sgo gsum thim par gyur/_bsnyen sngags sham du/_dz+nyA na a be sha ya a AH_zhes drag tu brjod cing rol mo bya/_ye shes pa brtan par gyur cig_/tiSh+Tha badz+ra/_de dag gis dkyil 'khor gyi nang du 'jug pa'i rim pa song nas/_dbang bskur dngos gzhi'i don du gsol ba 'debs pa 'di'i rjes zlos mdzod/_hoH_ye shes dgu yi dkyil 'khor 'dir:_zhugs kyang smin par mdzad du gsol:_smin cing grol bar mthar phyin zhing:_mi gnas klong du skyel bar mdzod:_lan gsum/_rdo rje slob mar dbang bskur ba bum gsang sher ye tshig gi dbang bzhi rnams rim par 'byung ba'i thog mar bum dbang rjes 'brel dang bcas pa la/_bum pa rang byung gi gzhal yas khang du ye shes klong dgu dbyings phyug khro mo rnam dgu'i lha tshogs bzhugs pa'i sku las byang chub sems kyi chu rgyun byung bas sgrib pa'i 'ching ba gtor zhing ye shes kyi bcud blug par mos shig__hU~M:_dbyings kyi bum par rig pa'i bcud:_zung 'jug ye shes klong dgu'i lha:_gnyis med mnyam sbyor bdud rtsi mchog:_ye shes chu yi dbang bskur ro:_ka la sha a b+hi Shiny+tsa hU~M:_bum dbang gi rtogs brjod/_de ltar bum pa bzang po las byung ba'i ye shes bdud rtsi'i chu rgyun gyis dbang bskur bas/_lus kyi nang thams cad gang*/_dri ma thams cad dag_/ye shes lnga mngon du gyur pa'o/__/de nas sku phyag rgya'i dbang bskur ba la mdun bskyed dbyings phyug khro mo rnam dgu'i sku las ye shes kyi snang brnyan gnyis pa re 'phros te khyed rang rnams kyi gnas rnams su thim par mos shig_/khro mo rnam dgu'i sku tsaka so so'i dbang bskur te/_hU~M:_chos kyi dbyings las skur bzhengs ma:_rdo rje phag mo gnam zhal ma:_yab yum 'khor dang bcas rnams kyis:_rigs kyi bu la dbang bskur ro:_oM ma hA kro d+hI shwa ri badz+ra wA ra hi hU~M phaTa? sarba sa ma ya a b+hi Shiny+tsa oM:_hU~M:_me long ye shes las bzhengs pa'i:_badz+ra kro d+hI shwa ri ma:_yab yum 'khor dang bcas rnams kyis:_rigs kyi bu la dbang bskur ro:_oM badz+ra kro d+hI shwa ri hU~M phaTa? sarba sa ma ya a b+hi Shiny+tsa oM:_hU~M:_mnyam nyid ye shes las bzhengs pa'i:_yum chen ma mo bai tA li:_yab yum 'khor dang bcas rnams kyis:_rigs kyi bu la dbang bskur ro:_oM rat+na baitA li hU~M phaTa? sarba sa ma ya a b+hi Shiny+tsa oM:_hU~M:_sor rtog ye shes las bzhengs pa'i:_yum chen pad+ma gzi ldan ma:_yab yum 'khor dang bcas rnams kyis:_rigs kyi bu la dbang bskur ro:_oM pad+ma kro d+hI shwa ri hU~M phaTa? sarba sa ma ya a b+hiShiny+tsa oM:_hU~M:_nan tan ye shes las bzhengs pa'i:_yum chen 'khor lo rgyas 'debs ma:_yab yum 'khor dang bcas rnams kyis:_rigs kyi bu la dbang bskur ro:_oM dip+ta tsakra hU~M phaTa? sarba sa ma ya a b+hi Shiny+tsa oM:_hU~M:_klong gyur ye shes las bzhengs pa'i:_yum chen nyid zhi mu kha le:_yab yum 'khor dang bcas rnams kyis:_rigs kyi bu la dbang bskur ro:_oM guh+ya dz+nyA na kro d+hI shwa ri s+t+waM satwa hU~M phaTa? sarba sa ma ya a b+hi Shiny+tsa oM:_hU~M:_phyag chen ye shes las bzhengs pa'i:_mkha' 'gro las kyi dbang mo che:_yab yum 'khor dang bcas rnams kyis:_rigs kyi bu la dbang bskur ro:_oM ma hA DA ki ni hU~M phaTa? sarba sa ma ya a b+hi Shiny+tsa oM:_hU~M:_dbyings grol ye shes las bzhengs pa'i:_srid pa'i rgyal mo 'byung lnga'i bdag:_yab yum 'khor dang bcas rnams kyis:_rigs kyi bu la dbang bskur ro:_oM ma ma tsaN+Di sarba duSh+Tan hU~M phaTa? sarba sa ma ya a b+hi Shiny+tsa oM:_hU~M:_mtha' grol ye shes las bzhengs pa'i:_yum chen khams gsum spyi 'dul ma:_yab yum 'khor dang bcas rnams kyis:_rigs kyi bu la dbang bskur ro:_oM badz+ra tsaN+Da kro d+hI shwa ri hU~M phaTa? sarba sa ma ya a b+hi Shiny+tsa:_slar yang rnam bum thogs la/_bka' sdod kyi dbang bskur ba ni/_hU~M:_snod bcud yongs rdzogs bka' sdod bum pa ru:_dbang mo nyer brgyad gtsor gyur bye ba 'bum:_bsam gyi mi khyab yongs rdzogs dbang bskur ro:_phrin las sna tshogs lhun gyi grub par shog:_oM badz+ra sarba yak+Shi sa ma ya hU~M phaTa?:_sarba a b+hi Shiny+tsa hU~M:_gsung bzlas pa'i lung gi slad du dkyil 'khor lha tshogs rnams kyi thugs ka nas sngags kyi phreng ba gnyis pa 'phros te zhal nas thon/_khyed rang rnams kyi zhal du zhugs thugs srog hU~Myig gi mthar 'khod pa'i mos pas sngags 'di rnams kyi rjes zlos/_yum dgu dang bka' sdod drag sngags spyi dril rnams lan gsum gsum rjes zlos byar gzhug_/mthar sngags phreng lag tu gtad la/_khro mo rnam dgu'i gsung dang mnyam:_bzlas brjod sngags kyi nus pa rnams:_nus ldan mi nyams 'phel ba yi:_gsung gi dbang mchog rdzogs par shog:_oM badz+ra kro d+hI sarba wAka a b+hi Shiny+tsa AH_khyad par ye shes sems dpa' rgyal ba yum lnga'i sku gnas lngar bstims pas bde stong rdo rje dbyings kyi dbang chen rab 'byams rdzogs par mos shig_/yum lnga'i sku snying gar bzhag ste/_hU~M:_chos dbyings kun tu bzang mo dang:_rdo rje snyems ma glu ma dang:_gsang ba ye shes sgrol ma sogs:_rgyal ba yum lngas dbang bskur bas:_rang rig byang chub sems rtogs shog:_badz+ra tsit+ta bo d+hi gIrti d+hU ma g+ha ye Ar+Ya tA re a b+hi Shiny+tsa hU~M:_hoH_bkra shis bum pa 'khor dang bcas pa'i dbang bskur bas:_slob ma thams cad lha ru 'gyur zhing lha thams cad snang stong gi ye shes su rtogs par gyur cig:_gsang thod kyi bdud rtsi sbyin la/_hU~M:_dbyings kyi b+han+d+ha yangs pa ru:_rig pa bde stong lha tshogs sbyor:_zung 'jug bde chen bdud rtsi'i dbang:_bde chen yongs su bskyed phyir bskur:_bod+ho tsit+ta a b+hi Shiny+tsa hU~M:_hoH_bde ba chen po byang chub sems kyi bdud rtsis dbang bskur bas phung khams thams cad lhar dag ste bde gsal ye shes mngon du 'bar bar gyur cig:_sher dbang ni/_rig ma'i gzugs brnyan nam dril bu gtad la/_hU~M:_bkra shis mtshan ldan gzungs ma 'di:_bsten nas bde ba chen po rtogs:_'di spangs sangs rgyas thob 'dod min:_bde chen ngal med rtag tu rol:_ma hA su kha a b+hi Shiny+tsa hU~M:_hoH_bde skyed yum gyi dbang bskur bas rtog tshogs thams cad bde ba chen por dag ste:_bde chen ye shes klong du 'gyur bar gyur cig:_shel rdo bstan la/_hU~M:_sems nyid ma bcos ka nas dag:_stong gsal rang byung ye shes rtsal:_lhun gyi grub pa me long bzhin:_rig rtsal mchog gi dbang thob shog:_d+harma d+hA tu a b+hi Shiny+tsa AH_hoH_rdo rje sems dpa'i me long gi dbang bskur bas:_mi gnas ye shes kyi rtogs pa mngon du 'gyur bar gyur cig:_de rnams kyis dbyings phyug rdo rje btsun mo dpal gyi khro mo rnam dgu'i zab dbang rnams yongs su grub pa'o/__/'di la gter gzhung du/_yab bka'i dbang rnams tshul bzhin bskur:_zhes gsungs kyang cung zad 'byin 'jug ma byas na ha cang rgyas drags snyam nas snying po'i bcud bsdus pa'i khul yin pas 'os min dpyad dgos pa yod do/__!__bcu drug pa bka' srung gsum gyi bka' gtad kyi bsham gong du song nas dbang dngos la/_/gter gzhung las/_yang zab snying po'i bka' srung gsum:_shin tu gnyan pas gsang bar gces:_bka' gtad bka' rgyas gdams pa gces:_ces gsungs pa ltar/_zab gter bka' yi srung ma ngo bo sngags srung e ka dzA Ti rnam pa las kyi mkha' 'gro 'bar ma me gdong ma'i bka' gtad bgyi ba la maN+Dal phul/_gsol ba 'debs pa 'di'i rjes zlos/_rdo rje slob dpon dgongs su gsol:_sangs rgyas bstan pa bsrung ba'i phyir/_/gtum chen khros ma me gdong ma'i/_/bka' gtad zab mo bstsal du gsol/_/lan gsum/_rgyud dag pa'i phyir rgyun bshags 'di'i rjes zlos/_rdo rje slob dpon sangs rgyas dpal/_sogs lan gsum/_rjes gnang dngos la/_slob dpon he ru ka'i snyems pas bka' bsgos pas mdun gyi ma mo mched gsum dngos su byon te/_khyed rang dpal chen po'i skur gsal ba la gus pa'i tshul gyis ji ltar 'dod pa'i phrin las thogs med du sgrub par zhal gyis bzhes nas 'od kyi rnam pas lte bar thim par mos shig_/sku tsaka gam gtor ma gtad la/_hU~M:_gtum chen 'bar ma me yi gdong*/_/mthing nag gri gug thod khrag can/_/'khor du chu srin seng ge'i gdong*/_/rigs kyi bu la dbang bskur ro:_oM ma ma dz+wa la dz+wa la ni tsaN+Di hU~M:_sarba sa ma ya rak+sha/_bdud rtsis gtor ma la bran cing slob mar byin la/_oM badz+ra sa ma ya rak+Shan+tu/_zhes brjod/_rdo rje slob ma'i mgor bzhag_dzaHhU~M ba~M hoHsa bstim/_mdun gyi chos skyong gi thugs ka nas srog sngags byung slob ma'i thugs kar thim par mos la sngags 'di'i rjes zlos/_oM ma ma dz+wa la dz+wa la ni tsiN+Da hU~M phaTa?:_lan gsum/_phyag mtshan gtad la/_hU~M/_gzung 'dzin dbyings gcod gri gug dang*/_/bde chen bcud ldan b+han+d+ha ni/_/bstan srung ma mo'i thugs kyi rten/_/ye shes phyag rgyas dbang bskur ro/_/cit+ta sa ma ya hU~M/_gtor ma slob ma'i lag tu gtad de/_hU~M:_gtum chen khros ma me yi gdong:_zhal gcig sogs nas/_brgyan pa'i gtor ma 'di bzhes la:_gdug pa'i dgra bgegs thal bar rlog:_khyad par rdo rje slob ma la/_lus dang grib bzhin 'grogs nas kyang*/_bcol ba'i phrin las 'grub par mdzod/_/srog sngags mthar/_sa ma ya rak+Shan+tu/_zhes brjod pas dam tshig gcig tu 'dres par mos shig_/des 'bar ma me gdong ma'i bka' gtad grub nas/_/ngo bo lha mo re ma ti sogs dang gnyis su med cing*/_rnam 'gyur rdzogs pa chen po sde gsum gyi bka' yi gnyer 'dzin ma/_ma mo rdo rje gshog rgod ma'i bka' gtad kyi don du maN+Dal phul/_gsol ba 'debs pa 'di'i rjes zlos/_/rdo rje slob dpon dgongs su gsol/_/sangs rgyas bstan pa srung ba'i phyir/_/lha mo rdo rje gshog rgod ma'i/_/srog dbang dam pa bstsal du gsol/_lan gsum/_/rdo rje slob dpon sangs rgyas dpal/_sogs rgyun bshags lan gsum rjes zlos byar gzhug_/bka' gtad dngos la/_bka' gtad slob ma ma mor bskyed:_sku gzugs phyag mtshan bstim par bya:_zhes gsungs pas/_slob ma rnams kyi phung khams thams cad stong par sbyangs la/_gru gsum mthing nag 'bar ba'i klong*/_/slob ma skad cig dran rdzogs su/_/dbyings las skur bzhengs ma mo ni:_gtum chen mthing nag gri thod 'dzin:_gshog brgyangs me yi klong na bzhugs:_de ltar gsal ba la mdun bskyed las rang 'dra'i sku spros te slob mar thim par mos shig__hU~M/_dbyings kyi ma mo gshog rgod ma/_/rigs bzhi'i 'khor dang sprul pa bcas/_/rgyal ba'i bstan pa srung mdzad pa'i/_/lha mo'i sku yi dbang bskur ro/_/ma ma trag rak+sha ga ru Da hU~M:_a b+hi Shiny+tsa oM/_de ni sku yi dbang bskur ro/_/slob dpon yi dam gyi lhar gsal ba'i thugs ka nas 'od zer 'phros/_mdun bskyed rdo rje gshog rgod ma'i thugs kar phog pas thugs rgyud bskul/_ma mo'i thugs kar nyi ma la gnas pa'i ma yig gi mthar sngags kyis bskor ba las sngags phreng byung*/_zhal nas thon/_khyed rang ma mor gsal ba'i zhal du zhugs/_snying gar nyi ma la gnas pa'i ma yig la thim pas gsung gi srog la dbang thob par mos la sngags 'di'i rjes zlos mdzod/_ma ma trag rak+sha ga ru Da hU~M phaTa?:_lan gsum/_de ni gsung gi dbang bskur ro/_/thugs phyag mtshan gyi rnam par spros te snying gar thim pas srog tu 'dres par mos shig_/ma ni stong pa dbyings kyi ma/_/mo ni rig pa zang thal le/_/rdo rje 'gyur med yongs su grub/_/gshog rgod thabs shes 'du 'bral med/_/lha mo rang gi sems la rdzogs/_/zhes brjod de mnyam par bzhag_/de ni thugs kyi dbang ngo*/_/gtor ma ma mo rdo rje gshog rgod 'khor bcas su gsal ba la lag tu gtad la/_hU~M:_dbyings las skur bzhengs ma mo ni:_sogs nas/_'dir byon dam rdzas mchod gtor bzhes:_khyad par rdo rje'i slob ma la/_/lus dang grib bzhin 'grogs nas kyang*/_/bcol ba'i phrin las 'grub par mdzod/_srog sngags mthar/_sa ma ya rak+Shan+tu/_/zhes tha tshig bsgrags pas ma mo 'khor dang bcas pa dgyes pa'i tshul gyis phrin las thams cad thogs med du sgrub par zhal gyis bzhes pas dam tshig gcig tu 'dres par mos shig_/dzaHhU~M ba~M hoHsa/_lha tshogs rnams khyed rang la thim par gyur/_des ma mo rdo rje gshog rgod ma'i bka' gtad grub nas/_'od gsal rdzogs pa chen po'i bka' srung khyad par can drag rtsal myur mgyogs kyi phrin las dang ldan pa 'di ni 'og min du sangs rgyas rnam par snang mdzad kyi spyan sngar ye shes kyi rdo rje legs pa/_ma la yar gsang bdag gi drung du dam tshig gi rdo rje legs pa/_rgya bod chos 'khor rnams su skyes bu rdo rje legs pa sogs rnam 'phrul mtha' yas pa'i ngang tshul can/_yang zab rdzogs pa chen po sde gsum gyi bka' srung gi rjes gnang gsan pa'i yon du maN+Dal phul/_gsol ba 'debs pa 'di'i rjes zlos/_rdo rje slob dpon dgongs su gsol/_/sangs rgyas bstan pa srung ba'i phyir/_/dam can rdo rje legs pa yi/_/rjes su gnang ba bstsal du gsol/_/lan gsum/_rgyun bshags 'di yi rjes zlos gnang bar zhu/_rdo rje slob dpon sangs rgyas dpal/_/sogs lan gsum/_rjes gnang dngos la/_slob dpon dpal chen por gsal ba'i thugs ka nas 'od 'phros/_mdun gyi dam can la phog pas thugs rgyud bskul te slob ma'i mdun du byon nas rje la 'bangs kyis 'dud pa ltar phrin las sgrub pa la dgyes shing ngo mthon du bzhugs par bsam/_sku gzugs gtad de/_hU~M:_skyes mchog badz+ra thig le rtsal/_/bran dang bka' nyan pho nya'i tshogs:_khyod kyi srung mar gtad par bya:_rtag tu mchod bstod brtson par gyis/_oM tri shu la badz+ra sA d+hu sid+d+hi hU~M:_A be sha ya dzaHdzaH_dam can nyid dgyes shing chags pas rang 'dra dpag med spros te slob ma la thim par gyur/_de ni sku yi rjes gnang ngo*/_/yang slob dpon gyi thugs ka nas 'od zer 'phros/_mdun bskyed dam can gyi thugs rgyud bskul/_zhal nas sngags phreng thon/_slob ma'i snying ga'i hU~M gi zhabs kyu la thim par bsam la sngags 'di'i rjes zlos mdzod/_oM tri shu la badz+ra sA d+hu sid+d+hi hU~M:_lan gsum/_de ni gsung gi rjes gnang ngo*/_/yang slob dpon gyi thugs ka nas 'od zer 'phros/_thugs ye shes kyi rnam pa phyag mtshan gyi tshul du byung nas snying ga'i hU~M la thim par mos shig_/phyag mtshan gtad de/_hU~M/_pad+ma dbang gi sprul pa yi/_/rdo rjes pho rgyud pho nyar 'gyed/_/tsit+tas mo rgyud las la 'dzud/_/thugs kyi dbang mchog thob par shog_/tsit+ta badz+ra sa ma ya hoH_de ni thugs kyi rjes gnang ngo*/_/mthar gtor ma dam can 'khor dang bcas pa gsal ba la/_hU~M:_dbang gi sprul pa rdo rje legs:_sogs nas/_'dir byon dam rdzas mchod gtor bzhes:_khyad par rdo rje slob ma la/_/lus dang grib bzhin 'grogs nas kyang*/_/sgrub pa po yi bsam pa sgrubs:_oM tri shu la badz+ra sA d+hu sid+d+hi hU~M:_sa ma ya rak+Shan+tu/_gtor ma la bdud rtsis bran te bshal chu slob ma la yang sbyin/_slar yang slob mas kyang gtor ma la bran nas/_rten mda' dang gtor ma lag tu gtad de/_oM badz+ra sA d+hu sa ma ya sid+d+hi pha la a be sha ya dzaHdzaH_shAn+tiM puSh+TiM wA shaM mA ra ya phaTa?/_ces brjod do/__/de dag ni gter gzhung rtsa ba ha cang bsdus drags nas/_gter slob rat+na'i gsung dang gung spros te cung zad rgyas par bris pa gzu lum du gyur na lha dang DA kir bzod par gsol lo/__/de ltar srung ma'i dbang po rnams kyi dbang bskur dang bka' gtad legs par grub pa yin pas byin rlabs brtan cing gong 'phel du bya ba'i slad du rtsa gsum rgya mtshos bkra shis pa'i tshig gis dbugs dbyung bar gyur/_ces shis brjod ci rigs bya/_dbang bskur thob pa las byung ba'i rtsa ba dang yan lag gi dam tshig rnams la srung sdom bgyid snyam pas 'di'i rjes zlos/_/gtso bos ji ltar sogs/_gtang rag maN+Dal dang lus 'bul dge bsngo bcas bya/_dkyil 'khor rjes kyi cho ga rnams mthar dbyung ngo*/_/kun dang mthun la kun las 'phags/_/yongs su ma grags zab pa'i chos/_/dga' rab pad 'byung bai ro yi/_/thugs kyi thig le e ma ho/__!__/bcu bdun pa sde gsum gter srung lha btsan klu gsum gyi bka' gtad la mdun stegs su lha la 'bras bshos dkar zlum/_btsan bshos dmar po zur gsum/_klu bshos sngon po sbrul dkris can bcas rgyan ldan sku tsaka dar gdugs kyis brgyan pa bshams pa'i mdun du nyer spyod phreng tshar bkod la/_ra~M ya~M kha~M/_rin po che'i snod yangs shing rgya che ba'i nang du mchod gtor kha dog dri ro phun sum tshogs pa bdud rtsi'i rgya mtsho chen por gyur/_/oM sarba pU dza me g+ha sa ma ya AHhU~M/_oM AHhU~M ha ho hrIH_lan gsum gyi byin brlabs la/_mdun du a tri naM gsum las/_/dregs pa che gsum dkar dmar sngo/_/lha btsan klu yi chas kun rdzogs/_dkar po lha yi sde dpon ni/_/gser 'khor g.yas la chu shel g.yon/_/gru g.yon mdung dar dkar po phyar/_/rta dkar chibs shing lha gnas 'grim/_/gsang mtshan rdo rje 'od 'bar rtsal/_/'khor bcas 'dir gshegs rten la bzhugs/_/dmar po btsan gyi sde dpon ni/_/mdung dmar g.yas la btsan zhags g.yon/_/gdong las 'bar ba'i me 'od 'phro/_/shangs nas sngo dmar nad rlung 'tshubs/_/zhal nas dug gi kha chu 'dzag_/rta dmar la zhon stong gsum nyul/_/gsang mtshan rdo rje me 'bar rtsal/_/'khor dang bcas pa gshegs su gsol/_/sngon po klu yi sde dpon ni/_/klu rgyal gtsug na rin chen sras/_/yid bzhin nor bu gter bum 'dzum/_/dgos 'dod re skong 'bru char 'bebs/_/gzugs mdzes yid 'ong byis pa'i tshul/_/g.yu sbrul mjug ma g.yas su 'khyil/_/klu rta la zhon rgya mtshor rgyu/_/gsang mtshan nor bdag gzi 'bar rtsal/_/ma lus 'khor bcas gshegs su gsol/_/nId+hi pa ti sa pa ri wA ra badz+ra sa ma dzaHsa spyan drangs/_snang gsum 'od las shar ba yi/_/zab gter srung ma mched gsum la/_/phyi nang gsang ba bla med pa'i/_/ngo mtshar mchod sprin rgya mtshos mchod/_/nI d+hi pa ti sa pa ri wA ra ar+g+haM nas/_shab+da pra tIts+tsha swA hA/_nI d+hi pa ti de wa rA dza shu la rA dza nA ga rA dza sa pa ri wA ra i daM ba liM ta kha kha khA hi khA hi/_lan gsum/_ma hA pany+tsa a mr-i ta khA hi/_ma hA rak+ta khA hi/_zhes mchod pa dang sman gtor rak+ta 'bul/_zab gter srung ma'i dbang po lha btsan klu yi rgyal po 'khor dang bcas pa rnams kyi mchod pa dam pa sogs kyis phrin las bcol/_bstod phrin ni/_kyai:_lha yul de ni shel mkhar du:_gsal ba'i 'od las lha yi rgyal:_shel rmog shel khrab 'od du 'tsher:_dar 'phru dar mdung sprin ltar bskyod:_gser gyi 'khor lo nyi ltar shar:_chu shel nor bu zla ltar gsal:_gnam rta dkar po mgyogs 'gro chibs:_lha sman lha dmag 'bum gyis bskor:_'bras bshos rgyan ldan 'di bzhes la:_dkar phyogs skyong zhing bstan pa spel:_kyai:_btsan yul zangs thang dmar po la:_zangs ri rtse dgu'i pho brang shar:_btsan rgyal bskal pa'i me ltar 'bar:_mdung dmar zhags pa glog ltar 'khyug:_bswe khrab bswe rmog ya la la:_rta dmar rlung shugs dgong mor 'grim:_btsan dmag 'bum gyi 'khor gyis bskor:_sha khrag dmar gyi gtor ma bzhes:_nag phyogs sgrol la bstan pa srungs:_kyai:_klu yul rgya mtsho steng sngon nas:_klu rgyal dkar la sngo ba'i mdangs:_yid 'ong khye'u gzhon nu'i tshul:_dar gyi na bza' rin chen rgyan:_sbrul mjug g.yas 'khyil klu rta chibs:_yid bzhin nor bu gter bum 'dzin:_klu sman klu phran 'bum gyis bskor:_dkar gsum bdud rtsi'i gtor ma bzhes:_snying po'i rnal 'byor thams cad la:_longs spyod dngos grub char ltar phob:_bzlas dmigs ni/_so so'i thugs kar zla nyi'i steng du a tri naM gsum la rang sngags kyis bskor ba la bdag gi thugs ka'i 'od kyis reg pas phrin las thams cad sgrub par mos la/_a de wa rA dzaH_tsa shu la tri dzaH_naM nA ga rA dzaH_ci nus bzlas la/_oM badz+ra ar+g+haM sogs nas/_shab+da sarba pU dza hoH_dus gsum rgyal ba'i bka' sdod dpa' bo che/_/rig 'dzin kun gyi ci bgyi'i dam tshig can/_/zab gter bstan pa srung bar dam nos pa'i/_/gter gyi bdag po 'khor dang bcas la bstod/_/zab gter srung ma'i dbang po lha rgyal gsal ba'i dpal ldan/_btsan rgyal bskal pa'i me 'bar/_klu rgyal nor 'dzin gzhon nu bka' srung gter srung rgya mtsho'i tshogs dang bcas pas mchod sbyin gtor ma rgya chen po 'di bzhes la/_sangs rgyas kyi bstan pa srung sogs kyis phrin las bcol bar bya'o/_/bka' gtad dngos la/_slob ma khrus byas/_bgegs bskrad/_srung 'khor bsgoms rjes/_sems bskyed gsal btab la/_de yang gzhung las/_rang byung pad+ma slob mar bcas:_'dzom gyi gangs rar byon pa'i tshe:_lha klu btsan gyis zhabs tog phul:_zab mo gter gyi srung mar bskos:_tshangs pa dkar po'i rgyud las byung:_lha yi rgyal po 'od gsal rtsal:_yam shud dmar po'i rigs la byung:_btsan gyi rgyal po 'od 'bar rtsal:_gtsug na rin chen rang gi rgyud:_klu rgyal nor bdag gzi 'bar rtsal:_dregs pa gsum gyi srog snying phul:_bde ba'i nyams dang dmar lam las:_rang gzugs btsan gyi rgyal po shar:_gsal ba'i mdangs dang dkar lam las:_rang gzugs lha yi rgyal po shar:_mi rtog nyams dang nag lam las:_rang gzugs klu yi rgyal po shar:_de las gzhan du grub pa med:_lha srin stong srog lon pa'o:_zhes gsungs pa ltar gangs ri'i khrod tsam na mngon par mtho ba'i rang byung pad+ma'i sgrub gnas kun gyi rgyal po smad shod 'dzom phu klong sems 'od gsal shel gyi phug pa ru/_'phags bod kyi dbang gi chu bo bzhi yi slob dpon sogs rig 'dzin lo paN rgya mtsho'i zab gter gyi bcud du gtams pa'i lo chen bai ro tsA na'i snying thig rdzogs pa chen po sde gsum gyi gter srung lha btsan klu yi rgyal po mched gsum gyi bka' gtad zhu ba'i ched du maN+Dal phul/_gsol ba 'debs pa 'di'i rjes zlos mdzod/_rdo rje slob dpon dgongs su gsol/_/sangs rgyas bstan pa srung ba'i phyir/_/zab gter srung ma rnam gsum gyi/_/rjes su gnang ba bstsal du gsol/_/lan gsum/_rgyud dag pa'i phyir bsags sbyang gi snying po 'di'i rjes zlos/_dkon mchog gsum la phyag 'tshal lo/_/sogs lan gsum/_thog mar slob ma rnams gnyen po stobs kyi lha kun bzang che mchog he ru ka smug nag dbu nyer gcig gi rtsa zhal ma gtogs zhal g.yas dkar/_g.yon dmar/_dbus mthing nag_/phyag bzhi bcu rtsa gnyis kyi zhi ba zhe gnyis/_zhabs brgyad brkyang bskum du bgrad cing dpal dang dur khrod rol pa'i chas kyis brjid pa'i yum gnam zhal dbyings phyug dbu dgu phyag bco brgyad dang sbyor bas 'khor 'das zil gyis gnon pa'i bdag nyid can du gsal ba'i thugs ka'i hU~M las 'od zer 'phros pas rang bzhin gyi gnas nas ye shes pa'i tshogs spyan drangs te khyed rang rnams kyi sgo gsum la thim par gyur/_oM badz+ra tsaN+Da sarba duSh+Tan ta ka ha na da ha pa tsa hU~M:_dz+nyA na a be sha ya a a:_zhes btags pa drag tu brjod cing spos rol dang bcas pas dbab/_tiSh+Tha badz+ras brtan par bya/_de ltar khyed rnams gnyan po stobs kyi lha'i nga rgyal dang ldan pa la lha rgyal gsal ba'i 'od ldan 'khor dang bcas pa bran dang pho nya'i tshul du gtad par mos shig_/lha yi gtor ma gtad de/_hU~M/_dkar po lha yi sde dpon ni/_/gsang mtshan rdo rje 'od 'bar rtsal/_/slob dpon pad+ma'i spyan snga ru/_/ji ltar khas blangs ma g.yel bar/_/slob ma 'di yi phrin las sgrubs/_/dam las ma 'da' sa ma ya/_/gtor ma lag tu bzhag_/ces bka' bsgos te gtad pas lha rgyal gsal ba'i 'od ldan gyi thugs ka'i sa bon a las rang sngags dung gi phreng ba ltar byung nas khyed rang dpal chen po'i lte ba nas zhugs par mos la sngags 'di'i rjes zlos lan gsum mdzod/_a de wa rA dzaH_lha rgyal gsal ba'i 'od ldan thig le dkar po'i rnam pas khyed rang la thim pas rig stong gsal ba'i dbyings dang dbyer med par mos shig_/slar yang btsan rgyal bskal pa'i me dpung 'khor dang bcas pa khyed rnams la bran dang pho nya'i tshul du gtad par mos shig_/btsan gtor thogs la/_hU~M/_dmar po btsan gyi sde dpon ni/_/gsang mtshan rdo rje me 'bar rtsal/_/slob dpon pad+ma'i spyan snga ru/_/ji ltar khas blangs ma g.yel bar/_/slob ma 'di yi phrin las sgrubs/_/dam las ma 'da' sa ma ya/_/gtor ma slob ma'i lag tu bzhag_/ces bka' bsgos te gtad pas btsan rgyal rdo rje me 'bar gyi thugs ka nas sa bon triHlas rang sngags mgal me'i phreng ba ltar byung nas khyed rang dpal chen po'i lte ba nas zhugs par mos la sngags 'di'i rjes zlos lan gsum mdzod/_tsa shu la tri dzaH_btsan rgyal rdo rje me 'bar thig le dmar po'i rnam pas khyed rang la thim pas rig stong bde ba'i nyams dang dbyer med par mos shig_/slar yang klu rgyal nor bu 'od ldan 'khor dang bcas pa bran dang pho nya'i tshul du gtad par mos shig_/klu gtor thogs la/_hU~M/_sngon po klu yi sde dpon ni/_/gsang mtshan nor bdag gzi 'bar rtsal/_/slob dpon pad+ma'i spyan snga ru/_/ji ltar khas blangs ma g.yel bar/_/slob ma 'di yi phrin las sgrub/_/dam las ma 'da' sa ma ya/_/gtor ma slob ma'i lag tu gtad/_/zhes bka' bsgos te gtad pas klu rgyal nor bu gzi 'bar gyi thugs ka nas sa bon naM las rang sngags baiDU r+Ya'i phreng ba ltar byung nas khyed rang dpal chen po'i lte ba nas zhugs par mos la sngags 'di'i rjes zlos lan gsum mdzod/_nAM nA ga rA dza rat+na dzaH_klu rgyal nor bdag gzi 'bar thig le sngon po'i rnam par gyur te khyed rang la thim pas rig stong mi rtog pa'i ye shes dang gcig tu 'dres par mos la mnyam par zhog mdzod/_slar yang gtor ma gsum snod gcig tu bsdus pa slob ma'i lag par gtad de/_gtor ma 'di dag lha btsan klu yi dge bsnyen mched gsum/_'khor dang sprul pa las byed pho nya dang bcas pa gsal ba'i steng gi cha la rtsa brgyud kyi bla ma sangs rgyas byang sems dang bcas pa sprin gtibs pa bzhin bzhugs par mos mdzod/_a de wa rA dzaH_tsa shu la tri dzaH_nAM nA ga rA dza rat+na dzaH_dam chos rdzogs pa chen po sde gsum gyi gter srung lha rgyal gsal ba'i 'od ldan/_btsan rgyal bskal pa'i me 'bar/_klu rgyal nor 'dzin gzhon nu rnams so so'i 'khor g.yog pho nya las mkhan dang bcas pa rnams kyis o rgyan pad+ma saM b+ha la sogs pa'i rtsa brgyud bla ma rnams kyi bka' dang dam las ma 'da' bar rdo rje'i slob ma 'di rnams kyi srung ma dam par mdzad nas/_lus dang grib ma bzhin du 'grogs te 'gal rkyen sol/_mthun rkyen sgrubs/_mchog dang thun mong gi dngos grub bde blag tu 'grub pa'i mgon skyabs dang dpung grogs mdzod cig_/ces bka' bsgos pas bla ma dang sangs rgyas byang sems rnams gter srung spu gri mched gsum la thim/_de 'od du zhu nas slob ma la thim par dpon slob gnyis kas bsgom/_/rjes dam tshig bsgrags cing khas blang yon 'bul dang*/_cho ga'i rjes rim rnams spyi ltar bya'o/__/srid na rnyed dka'i zab gter gyi/_/yang zab nor bu'i sgrom chen po'i/_/gter srung spu gri mched gsum gyi/_/bka' gtad ngo mtshar phrin las gsos/_/tshul 'di khyab bdag 'jam pa'i dbyangs d+harma ma ti'i dbang khrigs dkyus su mi bzhugs kyang gter chen mchog gi ched du bstsal ba'i brgyud pa bzhugs bzhin par/_mkhan chen rat+na'i khrigs bsdebs bcas ma nyams par 'dus gsal snying po'i tshul du zab lam gyi bstan pa'i rgyun la phan re'i lhag blos bris te dkyus su bzhugs su gsol ba'o/__!__bco brgyad pa mtha' brten 'chi med tshe yi dbang la gshom ni/_maN+Dal tshom bu bkod pa'i khar/_bum pa bcud ldan/_tshe ril chang*/_tshe mda' rnams bshams/_dngos gzhi nang skor klong sde'i khro bo'i byang bu bstod pa rdzogs kyi bar btang la/_bdag mdun mngon rdzogs rgyal po yi/_/thugs kar rin chen zur brgyad pa:_sogs tshe lung rang gzhung ltar bzlas pa ci 'grub byas mthar/_thugs las mgyogs ma'i sogs nas/_skal ldan bdag la bstsal du gsol:_tshe dzapa? brjod cing tshe 'gugs bskul/_thun mthar stong tshig_/gtor bsngo/_tshogs mchod dang*/_bdag 'jug rgyas bsdus ci rigs grub nas/_slob ma rnams la khrus bgegs bskrad srung 'khor bsgom pa sngon du 'gro bas/_sems bskyed gsal gdab la/_mtshams sbyor gyi khyad par/_de la 'dir rang re rnams kyi chos spyod bslab ldan gyi rten 'di ni yun ring por 'tsho ba'i thabs tshul lhur len dgos pa ni/_ma hA gu rus/_las rnams kun gyi thog mar ni:_'chi med tshe yi sgrub pa bya:_zhes gdams pa ltar tshe sgrub kyi gdams pa bka' gter dag snang gi rim pa kun las rmad du byung ba dus gsum kun mkhyen bai ro'i thugs bcud 'od gsal rdzogs pa chen po sde gsum gyi nang skor klong sde'i yi dam khro bo mngon rdzogs rgyal po'i cha lag_/dbang bskur yongs rdzogs grub pa'i mtha' rten gyi tshul du 'chi med bdud rtsi sman lung gi bkra shis tshe yi dbang bskur bgyi ba la sogs kyis mtshams sbyar la maN+Dal phul/_mi phyed dad pas gsol ba 'debs pa 'di'i rjes zlos mdzod/_hoH_bdud rtsi sman gyi lha tshogs rnams:_bkra shis brtan pa tshe yi lung:_mi 'gyur mi shigs dngos grub che:_da lta nyid du bstsal du gsol:_lan gsum/_rgyud dag par bya ba'i slad du tshogs zhing rtsa gsum rgyal ba rab 'byams mngon sum bzhin du bzhugs pa'i spyan sngar rgyun bshags yan lag brgyad pa 'di'i rjes zlos/_rdo rje slob dpon sangs rgyas dpal/_/sogs lan gsum/_de nas dbang gi gzhi sgrub pa'i slad du dmigs pa 'di ltar gsal thob mdzod/_gnyis su med pa'i lta ba klong yangs la:_chos sku thig le nyag gcig mngon par rdzogs:_kun nas gsal ba gang du'ang mi gnas shing:_phyogs kun la ni zhal phyag tha ler gsal:_de nyid zung 'jug ye shes gzugs kyi sku:_byol song pad+ma nyi zla'i gdan steng du:_rang rig rgyal po dpal chen mngon rdzogs ni:_smug nag sku ni nam mkha'i mtha' dang mnyam:_dbus zhal mthing nag bdun ni rngam pa'i tshul:_g.yas zhal dkar bdun g.yon zhal dmar bdun rnams:_'dzum zhing khro la chags pa'i nyams dang ldan:_rtsa ba'i phyag brgyad dang pos gri thod 'dzin:_de 'og zhing khams dang ni 'jig rten 'dzin:_de 'og 'dod khams gzugs khams thig ler 'dzud:_lhag ma lnga rnams 'byung lnga phyag mtshan lnga:_yan lag phyag brgyas gri thod 'dzin pa'o:_dpal chen rngams pa dur khrod rol pa'i chas:_rdo rje'i gshog brgyangs zhabs ni skyil krung bzhugs:_pang du ma rgyud lha mo kun gyi gtso:_mthing nag zhal dgu phyag ni bco brgyad kyis:_rdo rje dung khrag 'dzin pas yab la 'khyud:_kun gzhi bde gshegs snying po'i ngo bor gsal:_thugs kar rin chen zur brgyad pa:_mchong gur phub pa lta bu'i nang:_pad zlar hrIHlas tshe dpag med:_dkar po longs spyod rdzogs sku'i chas:_phyag g.yon mnyam bzhag tshe bum ni:_tshe yi bcud kyis gang rgyar gtams:_g.yas pas sna tshogs rdo rje yis:_g.yon pa'i tshe bum kha bkab ste:_rdo rje'i skyil mo krung gis bzhugs:_longs spyod rdzogs sku'i chas kyis spras:_thugs kar nyi zla'i gwa'u nang:_nr-i yig ljang gu hU~M as mtshan:_gnas gsum 'bru gsum mtshan pa dang:_slob dpon thugs ka'i 'od zer gyis:_rang 'dra'i ye shes spyan drangs gyur:_tshe dzapa? mthar ye shes dbab pa'i sngags brjod/_tiSh+Tha badz+ra/_slob dpon mdun bskyed dang bcas pa'i thugs ka nas tshe 'gugs pa'i lha mo mgyogs ma'i tshogs nyi zer gyi rdul ltar 'khrigs te tshe yar ba 'thor ba nyams chag tu gyur pa/_phyogs bcu brtan g.yo'i tshe bcud bsdus nas khyed rang rnams dang mdun gyi dngos grub rdzas la thim par mos/_ces gong ltar tshe 'gugs bskul/_de nas bum pa thogs la/_bum pa spyi bor bzung byas la:_nang du tshe bcud 'dus pa rnams:_ngo bo ye shes bdud rtsi la:_rnam pa mngon rdzogs rgyal po dmar:_zhal gcig phyag gnyis yum dang 'khril:_gnyis ka'i phyag gnyis tshe bum 'dzin:_de nyid rdo rjes kha bkab bsam:_spyi bor rdor sems tshe dpag med:_thugs kar rtsa ba'i tshe lha bsgom:_'khor du lha mo bcu drug bsam:_sku las bdud rtsi cher bab pas:_spyi bo'i gtsug nas snying dbus zhugs:_lus gang dus min 'chi ba sbyangs:_tshe yi rig 'dzin thob par bsam:_hU~M:_bkra shis bum pa tshe yi lung:_dngos grub rgya mtsho'i srog dang ldan:_nam mkha' gang ba tshe yi mchog:_ye shes snang ba lam me ba:_bde ba chen po'i bdud rtsi'i lung:_da lta nyid du bstsal du gsol:_dus min 'chi ba sbyong ba dang:_lo brgya thub pa'i tshe thob shog:_oM A yu r+dz+nyA na tshe b+h+rU~M:_a b+hi Shiny+tsa hU~M:_tshe ril chang thogs la/_'chi med tshe yi bdud rtsi dang brtan g.yo'i dwangs bcud 'dus pa'i ril bu gsol bas rtsa a wa d+hU ti'i dbus/_srog chen po'i rlung gi bcud/_mi shigs thig le chen po'i zungs su bstim pas sku gsung thugs dbyer med rdo rje'i ye shes kyi tshe 'chi med rtag pa dam pa'i dngos grub la dbang bsgyur bar mos/_hU~M:_tshe yi dngos grub rgyud gsum po:_rtsa srog tsit+ta'i thig ler bstim:_mi phyed sku gsung thugs rdo rje'i:_dbang dang byin rlabs dngos grub stsol:_kA ya wAka tsit+ta A yur+dz+nyA na sid+d+hi hU~M b+h+rU:_'chi med tshe yi lus gang nas:_mi 'gyur rtag pa'i sku thob shog:_tshe mda' spyi bor rgya gram du bzhag la/_tshe bcud dwangs ma thams cad snying gar nyi zla'i gwa5'u'i bar tshe rten la thim pa dang 'od gsal gnyug ma'i ngang la mnyam par bzhag pas 'chi med rtag pa dam pa'i sku thob par mos mdzod/_hU~M:_tshe bcud snying dbus rten la thim:_rig 'dzin tshe yi dngos grub thob:_ye shes rdo rje'i phyag rgya yis:_rtag pa dam par rgyas gdab bo:_dz+nyA na badz+ra rak+Sha rak+Sha hU~M:_mtha' brten du 'chi med rtsa gsum tshe lha rab 'byams kyi zhal nas bkra shis kyi tshigs bcad brjod cing phyag gis me tog dkar po'i char 'khor yug tu bsnyil bas phyogs dus gnas skabs kun tu dge legs kyi snang ba chen pos khyab par gyur cig__oM ye d+harma sogs bkra shis ci rigs brjod/_mtha' brten bkra shis 'chi med tshe yi dbang bskur legs par grub pa'i dam tshig gi gnas rnams srog las gces par bzung snyam pas rjes zlos/_gtso bos ji ltar sogs/_dbang bskur grub pa'i bka' drin gtang rag gi yon du maN+Dal 'bul bar zhu/_zhing khams 'bul/_der ma zad lus longs spyod bla ma dang dkyil 'khor gyi gtso bo dbyer med pa'i drung du 'bul na cha shas nas longs spyad du gsol snyam pas rjes zlos/_deng nas brtsams te sogs/_de dag rnams kyis o rgyan mchog gyur bde chen gling pa'i zab gter bye ba phrag brgya'i yang snying rdzogs chen sde gsum gyi smin byed dbang bskur gyi rim pa mtha' rten 'chi med tshe yi dbang bskur bcas legs par grub pa'i dge tshogs rnams byang chub chen por yongs su bsngo ba'i mthu las sems can thams cad rang rig gdod ma'i gzhi klong du mngon par byang chub pa dang*/_zab chos 'di nyid kyang dar zhing rgyas la smin pa dang grol ba'i phrin las nam mkha' dang mnyam par 'byung bar shog cig snyam pas bsngo ba dang smon lam gyi rim pa lhan cig tu gnang bar zhu/_bsod nams 'di yis sogs brjod la slob ma rang gnas su btang*/_slob dpon gyis tshogs la rol/_lhag ma bsngo/_gtor skyong sogs rjes kyi rim pa rnams bya'o/_/'chi med grub pa'i gdams zab kyis/_/smin byed tshe yi bdud rtsi ni/_/yid can kun la byin pa yis/_/'chi med rdo rje'i srog thob shog_/de dag gis zab chos rdzogs chen sde gsum gyi smin dbang gi phreng ba mtha' dag yongs su rdzogs pa'o/__/slar smras pa/_'dir 'bad dge tshogs mkha' dbyings rjes 'gro ba/_/srid pas dub pa'i 'gro ba yongs la bsngo/_/rnam mkhyen sku bzhi go 'phang myur thob nas/_/'jigs rung 'khor ba'i rgya mtsho dong sprugs shog_/'dir zhugs blo yi nyes pa ci mchis pa/_/bla ma rtsa gsum rnams kyi spyan sngar bshags/_/byang chub lam la sgrib par mi 'gyur ba'i/_/dag tshangs ye shes mchog gi dbugs dbyung stsol/_/mchog gsang sde gsum nyi zla'i 'od snang gi_/phrin las 'od zer srid mtha'i bar du khyab/_/theg brgyad blo yi grub mtha' zil gyis gnon/_/mchog bstan dar zhing rgyas pa'i bkra shis shog_/ces rdzogs chen sde gsum gyi dbang gi mdzes rgyan zin thun 'di yang gter chen mchog gyur gling pa'i rnam rol thugs rje'i bka' drin gyi dpal mgon dam par gyur pa nges don grub pa'i rdo rje'i bka' bstsal rin po che spyi bor bcings te 'bri gzhi'i shog bu sogs kyang gnang ba la brten 'jam dbyangs blo gros rgya mtsho'am gtsug lag lung rigs nyi ma smra ba'i seng ge thub bstan bshad sgrub rgyal mtshan dpal bzang pos gnas brtan dgon gyi chos grwa gsang sngags rdo rje bkod pa'i pho brang gi dbu rtser smin zla'i tshes 20 nas dbu brtsams te zla ba de'i dmar phyogs mkha' 'gro 'du ba'i tshes 25 la nyi ma 'char kha'i dus su yongs su grub par bgyis pa 'dis kyang zab chos rin po che'i bstan pa phyogs dus kun tu khyab pa dang yid can thams cad dpal ldan bla ma kun tu bzang po'i go 'phang thob pa'i rgyur gyur cig_/slad nas 'dir mi gsal ba'i brgyud 'dzin gter slob thun min mkhan chen rat+na'i gsung sde gsum gyi man ngag sgom khrid le'u tshan che chung rigs dang*/_rtsa dkyil dpe'u ris/_zur rgyan khrigs zin skor bcas 'di nyid kyi rgyab rten skabs khong du chud pa gal che snyam 'phros su smos pa dang*/_dbang zin 'di nyid kyi dgongs don la gsar spros cung zad spel ba po mchog gter dbon rgyud du skyes pa gter sras sprul ming pa dang*/_bsam gtan rgya mtsho zung gis go bsdur zhus shing yi ge'i 'du byed nye gnas karma bdud 'dul nas bgyis pa 'dis kyang kun bzang thugs kyi bstan pa 'phel ba'i cha rkyen du gyur cig__!__sprul pa'i gter ston grub thob yongs kyi rgyal po o rgyan mchog gyur bde chen zhig po gling pa'i zab gter gyi snying bcud lo chen rnam snang srung ba'i thugs tig_/bka' babs snying thig brgya rtsa'i yang tig rdzogs chen sde gsum gyi chos skor yongs su rdzogs pa'i dbang khrigs thams cad mkhyen gzigs 'jam dbyangs chos kyi blo gros rin po ches mdzad pa 'di nyid smin grol gsan pa'i skabs der 'phral du bla ma'i bka' bzhin phyag bris gnang ba tsam las rjes nas dpyad zhus 'phri bsnan sogs gtan nas ma byung bas de rigs khyod kyis zhabs tog sgrub par 'os zhes sbas yul 'bras mo ljongs nas bod yul dbus gyur 'chang du rlung phrin gyi lam nas gsung gi tha ma 'das rjes lta bur bstsal ba bla ma'i bka' sgrub pa dang rang 'dra'i blo rmongs la phan sems kyis gter gzhung rdo rje'i tshig dang rigs mthun gyi yig cha la go bsdur zhib dpyad kyis bla mar gsol ba btab bzhin gus slob tha chung mang+ga la shrI b+hU ti'am 'od gsal rdo rje thugs mchog rtsal gyis lho mon shing lo'i tshal na yib pa'i skabs rang lo re gcig gi steng nor skyong gi lo gro bzhin zla ba'i tshes bcur rdzogs par bris te rje bla ma'i mchog sprul rin po cher smin grol tshang sprugs su phul bas/_rang gzhan gyi rgyud la sgrib pa'i rgyur mi 'gyur zhing theg mchog snying po'i bstan pa la bya ba mchog tu byed pa'i nyer len kho nar gyur cig__/sarba dA su shrI ye b+ha wa n+tu//

Footnotes

Other Information