བླ་ཕུར་ཐུགས་ཀྱི་ཐིག་ལེ་ལས༔ གབ་པ་གཟེར་ལྔ༔

From Khyentse Lineage - A Tsadra Foundation Project
Wylie title bla phur thugs kyi thig le las: gab pa gzer lnga DKR-KABUM-10-THA-029.pdf
Location dil mgo mkhyen brtse bka' 'bum
Volume 10, Text 29, Pages 148-150 (Folios 1a1 to 3b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཀློང་ཆེན་ཡེ་ཤེས་རྡོ་རྗེ་ (Kangyur Rinpoche)
Citation Khyentse, Dilgo. Bla phur thugs kyi thig le las gab pa gzer lnga. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 148-150. Delhi: Shechen Publications, 1994.
Genre Activity Practices - las tshogs
Cycle བླ་ཕུར་ཐུགས་ཀྱི་ཐིག་ལེ་ (bla phur thugs kyi thig le)
Deity rdo rje phur pa
[edit]
༄༅། །བླ་ཕུར་ཐུགས་ཀྱི་ཐིག་ལེ་ལས༔ གབ་པ་གཟེར་ལྔའི་གནད་དང་པོ༔ གསང་ཆེན་རྡོ་གཏོར་མན་ངག་ནི༔ ༔༔བརྡ་ཡིག༔༔ གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡེ༔ འདི་ལ་མན་ངག་གནད་དྲུག་སྟེ༔ ཆོ་འཕྲུལ་དྲག་པོ་བྱུང་བ་༡དང༔ སྨྱོ་འབོགས་༢འདུལ་དང་སྲིའུ་གསོ༣༔ ནད་པ༤་གསོ་དང་ཕུར༥་ཁ་བཟློག༔ བྱད༦་ཁ་བཟློག་ལ་ཤིན་ཏུ་ཟབ༔ དེ་ཕྱིར་འདི་ཡི་མན་ངག་ནི༔ ལྕགས་སླང་ཕུར་མ་ཕྱེ་ཡི་བཀང༔ འཇིམ་པས་ཁ་བཅད་རན་པར་བྱ༔ དེ་སྟེང་ལྷ་སྲིན་གནས་པའམ༔ བྲག་རྒོད་རྡོ་དམར་རམ་རྡོ་ནག་པོ༔ ཟུར་གསུམ་ཆེ་བ་དབུས་སུ་བཞག༔ མཐའ་བསྐོར་ལྷ་གྲངས་ཟུར་གསུམ་པར༔ དུག་ཁྲག་སྦྱར་བས་རྡོ་རྣམས་ལ༔ ཨོཾ་གུ་རུ་ཧ་རི་ནི་ས༔ རྡོ་པ་ཤ་སྲོག་དུ༔ རི་པ་ཤ་སྲོག་དུ༔ ནྲྀ་ཏྲི་པ་ཤ་སྲོག་དུ༔ གུཾ་པ་ཤ་སྲོག་དུ༔ ནཱ་ག་ཁཾ་དྲུད་ཡ་ཤིག་ཟློག་ཟློགཿབྷྱོ་བྷྱོ༔ ཞེས་དང༌། བསྡུ་ན་སྡེ་རི་བཞིན། བྷྱོ་བྷྱོ་བཟློག་བཟློག༔ ཅེས་པའི་རྡོ་འམ་དུག་ཤོག་ངོས༔ དུག་ཁྲག་དག་གིས་མང་དུ་བྲིས༔ རྡོ་ཟོར་རྣམས་དང་ཐུན་རྫས་ལ༔ མང་དུ་བཏུམ་ཅིང་བཅིང་པར་བྱ༔ རུས་པའམ་སྐྱེར་གཙང་ཕུར་པ་ལ༔ མང་དུ་བཏགས་ལ་ཟོར་ཐུན་བསྔགས༔ དུག་ཁྲག་བྱུགས་ལ་མེ་རི་ཟུག༔ ཡི་དམ་བདག་མདུན་གཞུང་བསྲང་སྟེ༔ རྩ་བསྙེན་དང་ནི་ཧཱུྃ་ཡིག་གཟིར༔ སྤྱི་དྲིལ་སྔགས་སོགས་རྟགས་ཐོན་བྱ༔ ཁྱད་པར་དམིགས་པའི་རྟེན་བསྐྱེད་ལ༔ ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པ་ཡིས༔ རུ་ཏྲའི་ཀེང་རུས་མཚོན་ཆ་དང༔ མེ་ཕུང་འབར་ཞིང་རབ་ཏུ་བརྗིད༔ ཁྲག་གི་རྒྱ་མཚོ་འཁྱིལ་བའི་དབུས༔ ལྷ་ཚོགས་ཟ་རྔམ་དགྱེས་པས་སྒྲས༔ ནད་མཚོན་དུག་གི་ཆར་འབེབས་བསམ༔ ཡི་དམ་ཆོས་སྲུང་རབས་མཆོད་དེ༔ བདེན་པ་བརྡར་ལ་རྡོ་ཟོར་རྣམས༔ ནད་མཚོན་དུག་གི་ཆར་འབེབས་པ༔ དམ་ཉམས་བདུད་སྡེ་མཐའ་དམག་དང༔ དུས་འཁྲུགས་ཐམས་ཅད་སྐད་ཅིག་ལ༔ རྡུལ་དུ་བརླག་པའི་ནུས་ལྡན་བསམ༔ རྩ་སྔགས་ཧཱུྃ་གཟིར་སྤྱི་དྲིལ་ལ༔ ཁྱད་པར་རྩ་བའི་སྔགས་ཀྱི་མཐར༔ ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡ་ཏིཔྟ་ཙཀྲ་ཧ་ན་ཧ་ན་ཧུ་ལུ་ཧུ་ལུ་ཧཱུྃ་བྷྱོ༔ཧཱུྃ་ཧ་ཧེ་ཕཊ྄་བྷྱོ་རཾ༔ ནཱ་ག་ཐུཾ་ཐུཾ་མ་ར་ཡ་ཐུཾ་རིལ་བྷྱོཿ ཞེས་དང་གོང་གི་གུ་རུ་ཧ་རི་ནི་ས་སོགས་དང༌། སྤྱིའི་སྔགས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་རཀྨོ་ཡཀྨོ༔ ཀཱ་ལ་རཱུ་པ༔ ཀརྨ་རཾ་རཾ༔ དགྲ་བགེགས་ཀྱི་སྲོག་རྩ་ལ་ཡྃ་ཡྃ༔ སྙིང་རྩ་ལ་ཁྲིལ་ཁྲིལ༔ སྲོག་རྩ་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་ཏུང་ཏུང༔ སྙིང་ཁྲག་ཤད་ཛཿ ཐུཾ་རིལ་རིལ༔ སྙིང་ཙིག་ཙིག༔ འུར་འུར་ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་དྷི་མ་མ་ཀ་མ་ཤྲི་གྷྲཾ་ཀ་ར་ཡེ༔ མ་ར་སེ་ན་པྲ་མར་དྷ་ན་ཡེ༔ དགྲ་བགེགས་དམ་སྲི་འབྱུང་པོ་མཱ་ར་ཡཱ༔ རྦད་སོད༔ ཅེས་དང༌། གནམ་ལྕགས་འཁོར་ལོའི་བཟློག་སྔགས་རྦད་དགུ་གནད་དུ་དྲིལ༔ ཕ་རོལ་ནུས་པ་ཆེ་ཆུང་བཤིག༔ རྨིས་ལྟས་ཉམས་དངོས་དང་བསྟུན་ཏེ༔ ཞག་གསུམ་བདུན་ནམ་ཉེར་ཅིག་སོགས༔ རྟགས་ཐོན་གྲུབ་ནས་དགྲ་ཕྱོགས་འཕང༔ གནད་ཕབ་དམ་ཚིག་དང་ལྡན་པས༔ གདོང་བཟློག་དྲག་པོ་འུར་འདོན་བྱ༔ དགྲ་བགེགས་ལིང་གར་འཕང་བའམ༔ གྲོང་ལ་བསྐོར་ཏེ་དངོས་སུ་འཕང༔ བདེན་བརྡར་དམོད་བཅོལ་དྲགས་སྔགས་བཟླ༔ ཐལ་མོ་རྡེབ་ཅིང་དུར་དམོད་བརྡབས༔ ལྷ་སྲིན་སྡེ་བརྒྱད་གནོད་པ་དང༔ མཐའ་དམག་དུས་འཁྲུགས་བྱད་ཕུར་སོགས༔ མིང་མེད་ཧུར་ཐུམ་བཟློག་པར་འགྱུར༔ འཕགས་ཡུལ་མུ་སྟེགས་བཏུལ་བའི་ཚེ༔ པདྨ་བདག་གི་གསང་བའི་གནད༔ མེ་ཏོག་འབུམ་སྡེའི་བཅུད་བྱུང་བས༔ མན་ངག་ཟབ་པའི་མཐར་ཐུག་གོ༔ ཤེས་རབ་བློ་ལྡན་སྙིང་གི་བུ༔ ནམ་སྙིང་བྱིན་རླབས་རིག་པ་འཛིན༔ ལས་ཅན་དེ་དང་འཕྲད་པར་ཤོག༔ དེས་ཀྱང་ཚིག་བརྒྱུད་གཏད་རྒྱ་ཐོབ༔ མང་དུ་སྤེལ་ན་འཁུ་ལྡོག་འོང༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ་གུ་ཧྱ༔ ༈ བླ་ཕུར་ཐུགས་ཀྱི་ཐིག་ལེ་ལས༔ བསྲུང་བཟློག་བསད་མནན་འཕང་པའོ༔ གཉིས་པ་དམ་སྲི་འདུལ་བ་དང༔ གསུམ་པ་རྒྱལ་འགོང་འདུལ་ཐབས་སྟན༔ ༈ བླ་ཕུར་ཐུགས་ཀྱི་ཐིག་ལེ་ཡིས༔ ལས་ཚོགས་བཅུ་དྲུག་པའི་དང་པོ༔ རྣམ་བཞིའི་ཕྲིན་ལས་མྱུར་འགྲུབ་ཕྱིར༔ ཡེ་ཤེས་མེ་ཡི་སྦྱོར་བ་བསྟན༔ འཇིག་རྟེན་འདས་དང་མ་འདས་པར༔ རྫས་ཆེན་བཅུ་གཅིག་སྤྱི་འགྲེ་ལ༔ ལྷ་ཚོགས་བསྐྱེད་ཅིང་བསྲེགས་རྫས་རྣམས༔ གསང་བ་སྤྱི་ཡི་གཞུང་བཞིན་དུ༔ ལྷ་སྔགས་བསྒྱུར་ལ་ཕྲིན་ལས་བཅོལ༔ བལ་བུ་ལ་སོགས་ཞི་བའི་ཤིང༔ མེ་དཀྱིལ་ཟླུམ་པོ་ཁ་ཤར་བལྟས༔ ཆས་དཀར་རྡོར་སྟངས་ཞི་སེམས་བཅས༔ དེས་ནི་ཞི་བའི་ལས་ཀུན་འགྲུབ༔ འོམ་བུ་ཤུག་པ་རྒྱས་པའི་ཤིང༔ མེ་དཀྱིལ་གྲུ་བཞི་ཁ་ལྷོར་བལྟས༔ ཆས་སེར་གནོད་སྦྱིན་ཉམས་འདུག་སྟངས༔ རྒྱས་སེམས་ཚེ་བསོད་འབྱོར་དྲུག་རྒྱས༔ མཛོ་མོ་ཤིང་དང་ཙནྡན་དམར༔ མེ་དཀྱིལ་ཟླ་གམ་ཁ་ནུབ་བལྟས༔ ཆས་དམར་པདྨའི་སྟང་སྟབས་བཅས༔ ཆགས་སེམས་དབང་གིས་ཕྲིན་ལས་འགྲུབ༔ སེ་སྐྱེར་ལ་སོགས་དྲག་པོའི་ཤིང༔ མེ་དཀྱིལ་ཟུར་གསུམ་བྱང་བསྟན་ནག༔ གདུག་གཏུམ་དྲག་པོའི་ཆས་སྟངས་བཅས༔ དྲག་པོའི་ཕྲིན་ལས་ཐོགས་མེད་འགྲུབ༔ ས་མ་ཡ༔ ཕྲིན་ལས་གང་དང་གང་བརྩམས་ཀྱང༔ ཡེ་ཤེས་མེ་ཡི་རྣོ་སོ་བསྐྱེད༔ གང་འདོད་ཐོགས་མེད་འདོད་དོན་འགྲུབ༔ གནས་སྐབས་རྒུད་པ་ཀུན་ཞི་ཞིང༔ མཐར་ཐུག་མཆོག་གི་དངོས་གྲུབ་ཐོབ༔ ས་མ་ཡ༔ ༈ བླ་ཕུར་ཐུགས་ཀྱི་ཐིག་ལེ་ལས༔ གནམ་ལྕགས་སྤུ་གྲིའི་འཁོར་ལོ་ནི༔ ནང་པ་སངས་རྒྱས་དགྲར་ལང་དང༔ ཕྱི་པ་མུ་སྟེགས་འཁྲུགས་པ་སོགས༔ ཕ་རོལ་རྦད་འདྲེ་རྦོད་གཏོང་དང༔ ལྷ་སྲིན་སྡེ་བརྒྱད་འཁྲུགས་པ་རྣམས༔ སྐད་ཅིག་བཟློག་ཅིང་འཇོམས་པ་དང༔ གཞན་ཡང་གཅན་གཟན་སྦྲང་བུ་ཡན༔ ཁ་ཆིང་བཟློག་པ་ཟབ་མོ་སྟེ༔ དུས་ནི་ཉི་མ་ལྡོགས་པའམ༔ ཁྱབ་འཇུག་རྒྱུ་དང་ཞག་དུས་ངན༔ རྨིས་ལྟས་འཁྲུག་གམ་ཐོག་སེར་འབབ༔ མཐའ་དམག་ལངས་པའི་དུས་སུ་བྱ༔ བདག་ཉིད་ཁྲོ་བོའི་ང་རྒྱལ་བཅས༔ རྩ་སྔགས་སྤུ་གྲིའི་སྔགས་ཀྱི་མཐར༔ དྲག་སྔགས་དྲག་པོའི་ང་རོས་བཟླ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཧཱུྃ༔ བདུད་པྲ་མཱ་ར་ཡ༔ རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་པ་ཚལ་པ་རྦད་ནན༔ ཁྲོཾ་ཁྲོཾ་བྷྱོ་རྦད་ནན༔ རྨུགས་རྨུགས་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་ཚལ་རྦད་ནན༔ ཅེས་པས་བསྔགས་བཟླས་ལ་ཁ་ཁྲུས༔ རང་ཉིད་ནུབ་མོར་གན་རྐྱལ་ཉལ༔ སོར་མོ་སྤྲད་དེ་ཁ་གདངས་བཟློག༔ འགྲོ་དུས་སྡིག་མཛུབ་ཕྱར་བཟླས་བཟློག༔ ལྡང་ཚེ་སྐད་སྒྲས་གདོང་ཚུགས་བཟློག༔ མཚོན་ཆ་ཐོགས་ཏེ་འདེབས་ཚུལ་བཟློག༔ ཡུངས་ཀར་བསྔགས་ལ་ཕྱོགས་བཅུར་འཐོར་ཏེ་བཟློག༔ ཕུར་པ་བསྒྲིལ་ཞིང་བཏབ་སྟེ་བཟློག༔ དྲག་པོའི་རྡོ་ཟོར་འཕང་སྟེ་བཟློག༔ ཀུན་ལ་བསྔགས་བཟླས་དམིགས་གནད་གཟིར༔ འདི་ལས་ཟབ་པ་ཡོད་རེ་ཀན༔ ཤིན་ཏུ་ཟབ་པའི་མན་ངག་གོ༔ པདྨ་བདག་གི་ཚིག་བརྒྱུད་གདམས༔ ས་མ་ཡ༔
[edit]

bla phur thugs kyi thig le las:_gab pa gzer lnga'i gnad dang po:_gsang chen rdo gtor man ngag ni:_::brda yig::_gu ru shrI badz+ra ku mA ra ye:_'di la man ngag gnad drug ste:_cho 'phrul drag po byung ba 1dang:_smyo 'bogs 2'dul dang sri'u gso3:_nad pa4 gso dang phur5 kha bzlog:_byad6 kha bzlog la shin tu zab:_de phyir 'di yi man ngag ni:_lcags slang phur ma phye yi bkang:_'jim pas kha bcad ran par bya:_de steng lha srin gnas pa'am:_brag rgod rdo dmar ram rdo nag po:_zur gsum che ba dbus su bzhag:_mtha' bskor lha grangs zur gsum par:_dug khrag sbyar bas rdo rnams la:_oM gu ru ha ri ni sa:_rdo pa sha srog du:_ri pa sha srog du:_nr-i tri pa sha srog du:_guM pa sha srog du:_nA ga khaM drud ya shig zlog zlogaHb+h+yo b+h+yo:_zhes dang*/_bsdu na sde ri bzhin/_b+h+yo b+h+yo bzlog bzlog:_ces pa'i rdo 'am dug shog ngos:_dug khrag dag gis mang du bris:_rdo zor rnams dang thun rdzas la:_mang du btum cing bcing par bya:_rus pa'am skyer gtsang phur pa la:_mang du btags la zor thun bsngags:_dug khrag byugs la me ri zug:_yi dam bdag mdun gzhung bsrang ste:_rtsa bsnyen dang ni hU~M yig gzir:_spyi dril sngags sogs rtags thon bya:_khyad par dmigs pa'i rten bskyed la:_oM AHhU~M zhes brjod pa yis:_ru tra'i keng rus mtshon cha dang:_me phung 'bar zhing rab tu brjid:_khrag gi rgya mtsho 'khyil ba'i dbus:_lha tshogs za rngam dgyes pas sgras:_nad mtshon dug gi char 'bebs bsam:_yi dam chos srung rabs mchod de:_bden pa brdar la rdo zor rnams:_nad mtshon dug gi char 'bebs pa:_dam nyams bdud sde mtha' dmag dang:_dus 'khrugs thams cad skad cig la:_rdul du brlag pa'i nus ldan bsam:_rtsa sngags hU~M gzir spyi dril la:_khyad par rtsa ba'i sngags kyi mthar:_oM badz+ra kI li ki la ya tip+ta tsakra ha na ha na hu lu hu lu hU~M b+h+yo:hU~M ha he phaTa? b+h+yo raM:_nA ga thuM thuM ma ra ya thuM ril b+h+yoH_zhes dang gong gi gu ru ha ri ni sa sogs dang*/_spyi'i sngags/_oM badz+ra kI li kI la ya ma rak+mo yak+mo:_kA la rU pa:_karma raM raM:_dgra bgegs kyi srog rtsa la ya~M ya~M:_snying rtsa la khril khril:_srog rtsa la chum chum:_tsit+ta srog la tung tung:_snying khrag shad dzaH_thuM ril ril:_snying tsig tsig:_'ur 'ur shig shig:_'gul 'gul:_myag myag:_sod sod:_d+ha d+hi ma ma ka ma shri g+h+raM ka ra ye:_ma ra se na pra mar d+ha na ye:_dgra bgegs dam sri 'byung po mA ra yA:_rbad sod:_ces dang*/_gnam lcags 'khor lo'i bzlog sngags rbad dgu gnad du dril:_pha rol nus pa che chung bshig:_rmis ltas nyams dngos dang bstun te:_zhag gsum bdun nam nyer cig sogs:_rtags thon grub nas dgra phyogs 'phang:_gnad phab dam tshig dang ldan pas:_gdong bzlog drag po 'ur 'don bya:_dgra bgegs ling gar 'phang ba'am:_grong la bskor te dngos su 'phang:_bden brdar dmod bcol drags sngags bzla:_thal mo rdeb cing dur dmod brdabs:_lha srin sde brgyad gnod pa dang:_mtha' dmag dus 'khrugs byad phur sogs:_ming med hur thum bzlog par 'gyur:_'phags yul mu stegs btul ba'i tshe:_pad+ma bdag gi gsang ba'i gnad:_me tog 'bum sde'i bcud byung bas:_man ngag zab pa'i mthar thug go:_shes rab blo ldan snying gi bu:_nam snying byin rlabs rig pa 'dzin:_las can de dang 'phrad par shog:_des kyang tshig brgyud gtad rgya thob:_mang du spel na 'khu ldog 'ong:_sa ma ya:_rgya rgya rgya:_brda thim gu h+ya:__!__bla phur thugs kyi thig le las:_bsrung bzlog bsad mnan 'phang pa'o:_gnyis pa dam sri 'dul ba dang:_gsum pa rgyal 'gong 'dul thabs stan:__!__bla phur thugs kyi thig le yis:_las tshogs bcu drug pa'i dang po:_rnam bzhi'i phrin las myur 'grub phyir:_ye shes me yi sbyor ba bstan:_'jig rten 'das dang ma 'das par:_rdzas chen bcu gcig spyi 'gre la:_lha tshogs bskyed cing bsregs rdzas rnams:_gsang ba spyi yi gzhung bzhin du:_lha sngags bsgyur la phrin las bcol:_bal bu la sogs zhi ba'i shing:_me dkyil zlum po kha shar bltas:_chas dkar rdor stangs zhi sems bcas:_des ni zhi ba'i las kun 'grub:_'om bu shug pa rgyas pa'i shing:_me dkyil gru bzhi kha lhor bltas:_chas ser gnod sbyin nyams 'dug stangs:_rgyas sems tshe bsod 'byor drug rgyas:_mdzo mo shing dang tsan+dan dmar:_me dkyil zla gam kha nub bltas:_chas dmar pad+ma'i stang stabs bcas:_chags sems dbang gis phrin las 'grub:_se skyer la sogs drag po'i shing:_me dkyil zur gsum byang bstan nag:_gdug gtum drag po'i chas stangs bcas:_drag po'i phrin las thogs med 'grub:_sa ma ya:_phrin las gang dang gang brtsams kyang:_ye shes me yi rno so bskyed:_gang 'dod thogs med 'dod don 'grub:_gnas skabs rgud pa kun zhi zhing:_mthar thug mchog gi dngos grub thob:_sa ma ya:__!__bla phur thugs kyi thig le las:_gnam lcags spu gri'i 'khor lo ni:_nang pa sangs rgyas dgrar lang dang:_phyi pa mu stegs 'khrugs pa sogs:_pha rol rbad 'dre rbod gtong dang:_lha srin sde brgyad 'khrugs pa rnams:_skad cig bzlog cing 'joms pa dang:_gzhan yang gcan gzan sbrang bu yan:_kha ching bzlog pa zab mo ste:_dus ni nyi ma ldogs pa'am:_khyab 'jug rgyu dang zhag dus ngan:_rmis ltas 'khrug gam thog ser 'bab:_mtha' dmag langs pa'i dus su bya:_bdag nyid khro bo'i nga rgyal bcas:_rtsa sngags spu gri'i sngags kyi mthar:_drag sngags drag po'i nga ros bzla:_oM badz+ra kI li kI la ya hU~M hU~M hU~M:_bdud pra mA ra ya:_rbad nan:_kha la dza ma li rbad nan:_ra tsa du ling shag rbad nan:_shig shig dum dum rbad nan:_tshal pa tshal pa rbad nan:_khroM khroM b+h+yo rbad nan:_rmugs rmugs rbad nan:_tir tir rbad nan:_tshal tshal rbad nan:_ces pas bsngags bzlas la kha khrus:_rang nyid nub mor gan rkyal nyal:_sor mo sprad de kha gdangs bzlog:_'gro dus sdig mdzub phyar bzlas bzlog:_ldang tshe skad sgras gdong tshugs bzlog:_mtshon cha thogs te 'debs tshul bzlog:_yungs kar bsngags la phyogs bcur 'thor te bzlog:_phur pa bsgril zhing btab ste bzlog:_drag po'i rdo zor 'phang ste bzlog:_kun la bsngags bzlas dmigs gnad gzir:_'di las zab pa yod re kan:_shin tu zab pa'i man ngag go:_pad+ma bdag gi tshig brgyud gdams:_sa ma ya:

Footnotes

Other Information