དགོངས་གཏེར་གསང་བདག་པདྨ་ཐུགས་ཐིག་ལ་ཚོགས་མཆོད།

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-021
Wylie title dgongs gter gsang bdag pad+ma thugs thig la tshogs mchod DKR-KABUM-10-THA-021.pdf
Location dil mgo mkhyen brtse bka' 'bum
Volume 10, Text 21, Pages 94 (Folios 1a1 to 1b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཀློང་ཆེན་ཡེ་ཤེས་རྡོ་རྗེ་ (Kangyur Rinpoche)
Associated People པདྨ་འབྱུང་གནས་ (pad+ma 'byung gnas)
Citation Khyentse, Dilgo. Dgongs gter gsang bdag pad+ma thugs thig la tshogs mchod. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 94. Delhi: Shechen Publications, 1994.
Genre Feast Offering - tshogs mchod - tshogs kyi 'khor lo
Cycle གསང་བདག་པདྨ་ཐུགས་ཐིག་ (gsang bdag pad+ma thugs thig)
Colophon

།ཅེས་པའང་གསང་ཡུམ་བྱམས་ཆོས་མཆོག་ནས་བཀའ་ཕེབས་བཞིན་རིག་འཛིན་བླ་མ་དགྱེས་པའི་འབངས་པདྨ་མདོ་སྔགས་གླིང་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག།

/ces pa'ang gsang yum byams chos mchog nas bka' phebs bzhin rig 'dzin bla ma dgyes pa'i 'bangs pad+ma mdo sngags gling pas bris pa don dang ldan par gyur cig/

[edit]
༄༅། །དགོངས་གཏེར་གསང་བདག་པདྨ་ཐུགས་ཐིག་ལ་ཚོགས་མཆོད་སྦྱར་བར་སྤྲོ་ན། ཐབས་ཤེས་དམ་ཚིག་གི་རྫས་རྣམས་བཤམས་ལ་ཆུ་ཆང་ནང་མཆོད་ཀྱིས་བྲན་ཏེ། རྃ་ཡྃ་ཁྃ། ཐུགས་ལས་རྃ་ཡྃ་ཁྃ་འཕྲོས་པས། །ཚོགས་ཀྱི་འབག་བཙོག་བསྲེགས་གཏོར་བཀྲུས། །འབྲུ་གསུམ་འོད་དུ་ཞུ་བ་ལས། །ཟག་མེད་ཡེ་ཤེས་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ། ལན་གསུམ། ཧཱུྃ། སྐུ་གསུམ་དག་པའི་ཞིང་ཁམས་ནས། །གསང་བའི་བདག་པོ་རྡོ་རྗེ་འཛིན། །རྩ་གསུམ་འཁོར་ཚོགས་རྒྱ་མཚོ་བཅས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས། །མཆོད་པ་ནི། ཧཱུྃ། འདོད་ཡོན་ལྔ་ལྡན་བདུད་རྩིའི་སྤྲིན། །བླ་ན་མེད་པའི་དམ་རྫས་མཆོག །དཔལ་ཆེན་གསང་བདག་ལྷ་ལ་འབུལ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ག་ཎ་ཙཀྲ་པཱུ་ཛ་ཧོཿ བཤགས་པ་ནི། ཨ། རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན། །དམ་རྫས་ཤ་ལྔ་བདུད་རྩིའི་མཚོ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ། །ཉམས་ཆག་སྡིག་ལྟུང་དག་པར་མཛོད། །ས་མ་ཡ་ཤུདྡྷེ་ཨ། ཡིག་བརྒྱ་བརྗོད། བསྒྲལ་བསྟབ་ནི། ཧཱུྃ་ཨེ་ཡཾ་རཾ། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛ། ཛཿཧཱུྃ་བཾ་ཧོ། ཧཱུྃ། ཡེ་ཤེས་ཁྲོས་པའི་མཚོན་ཆེན་པོས། །ཉམས་པ་བསྒྲལ་བའི་ཤ་རུས་ཁྲག །དུག་གསུམ་དག་པའི་རྫས་སུ་འབུལ། །དགྱེས་པར་བཞེས་ལ་ཕྲིན་ལས་མཛོད། །སརྦ་ཤ་ཏྲཱུཾ་མཱ་ར་ཡ། མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི། ནང་གི་སྦྱིན་སྲེག་ཀྱིས་ཚོགས་ལ་རོལ་ཞིང༌། ལྷག་མ་ནི། ཨེ་ཨ་རལླི་ཕཻཾ། ཧཱུྃ། གསང་བ་ཆེན་པོའི་དཀྱིལ་འཁོར་གྱི། །བཀའ་ཉན་ལྷག་སྡུད་མ་སྲིང་ཚོགས། །དཔལ་གྱི་ཕམ་ཕབ་འདི་བཞེས་ལ། །འདོད་པའི་ལས་ཀུན་འགྲུབ་པར་མཛོད། །ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། གསང་བའི་བདག་པོའི་དཀྱིལ་འཁོར་དུ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་པའང་གསང་ཡུམ་བྱམས་ཆོས་མཆོག་ནས་བཀའ་ཕེབས་བཞིན་རིག་འཛིན་བླ་མ་དགྱེས་པའི་འབངས་པདྨ་མདོ་སྔགས་གླིང་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།

Footnotes

Other Information