རྫོགས་ཆེན་གསང་བ་སྙིང་ཐིག་ལས། བརྒྱུད་པའི་གསོལ་འདེབས།

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-012
Wylie title rdzogs chen gsang ba snying thig las brgyud pa'i gsol 'debs DKR-KABUM-10-THA-012.pdf
Location dil mgo mkhyen brtse bka' 'bum
Volume 10, Text 12, Pages 49 (Folios 1a1 to 1b1)
Author ཀློང་ཆེན་ཡེ་ཤེས་རྡོ་རྗེ་
Less details More details
Tertön ཀློང་ཆེན་ཡེ་ཤེས་རྡོ་རྗེ་ (Kangyur Rinpoche)
Associated People པདྨ་འབྱུང་གནས་ (pad+ma 'byung gnas)
Citation Kangyur Rinpoche. Rdzogs chen gsang ba snying thig las brgyud pa'i gsol 'debs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 49. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs
Cycle རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ (rdzogs pa chen po gsang ba snying thig)
Colophon

།དེ་ལྟར་ཚིག་བདུན་བླ་སྒྲུབ་ཀྱི་བརྒྱུད་པའི་གསོལ་འདེབས་འདིའང་ཝགིནྡྲ་དྷརྨ་ཏཱ་རས་རིང་ནས་བསྐུལ་བ་དང༌། ཉེ་ཆར་པུཎྱཻ་རཏྣ་སོགས་བསྒོམ་ཆེན་རྣམས་ཀྱིས་ཐུགས་དམ་ཉེ་འཁོར་གནོད་སྦྱིན་གངས་ཀྱི་ར་བར་བཛྲ་ཛྙཱ་ནས་གསོལ་བ་བཏབ་པ་ཤུ་བྷཾ།།

/de ltar tshig bdun bla sgrub kyi brgyud pa'i gsol 'debs 'di'ang wagin+d+ra d+harma tA ras ring nas bskul ba dang*/_nye char puN+yai rat+na sogs bsgom chen rnams kyis thugs dam nye 'khor gnod sbyin gangs kyi ra bar badz+ra dz+nyA nas gsol ba btab pa shu b+haM//

[edit]
ཨེ་མ་ཧོཿ ཀ་དག་མི་ཤིགས་ཆོས་སྐུ་འོད་མཐའ་ཡས། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མ་ཧཱ་གུ་རུ་རྗེ། །མཆོག་ཐུན་དངོས་གྲུབ་གེགས་མེད་འགྲུབ་མཛད་གསོལ། །ལོངས་སྤྱོད་རྫོགས་སྐུ་འཕགས་མཆོག་སྙིང་རྗེའི་གཏེར། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མ་ཧཱ་གུ་རུ་རྗེ། །མཆོག་ཐུན་དངོས་གྲུབ་གེགས་མེད་འགྲུབ་མཛད་གསོལ། །གང་འདུལ་སྤྲུལ་སྐུ་པདྨ་སཾབྷ་བར། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མ་ཧཱ་གུ་རུ་རྗེ། །མཆོག་ཐུན་དངོས་གྲུབ་གེགས་མེད་འགྲུབ་མཛད་གསོལ། །ཐུགས་སྲས་རྗེ་འབངས་དྲིན་ཅན་བླ་མ་རྗེ། །གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ། །བྱིན་གྱིས་རློབས་ཤིག་མ་ཧཱ་གུ་རུ་རྗེ། །མཆོག་ཐུན་དངོས་གྲུབ་གེགས་མེད་འགྲུབ་མཛད་གསོལ། །དེ་ལྟར་གསོལ་བ་བཏབ་པས་བྱིན་རླབས་ཀྱིས། །རིག་འཛིན་རྣམ་བཞིའི་གོ་འཕང་བདེ་བླགས་བགྲོད། །ཀ་དག་གདོད་མའི་དགོངས་པ་མངོན་གྱུར་ནས། །མཐའ་ཡས་འགྲོ་ཀུན་སྤྲུལ་པས་འདྲེན་པར་ཤོག །དེ་ལྟར་ཚིག་བདུན་བླ་སྒྲུབ་ཀྱི་བརྒྱུད་པའི་གསོལ་འདེབས་འདིའང་ཝགིནྡྲ་དྷརྨ་ཏཱ་རས་རིང་ནས་བསྐུལ་བ་དང༌། ཉེ་ཆར་པུཎྱཻ་རཏྣ་སོགས་བསྒོམ་ཆེན་རྣམས་ཀྱིས་ཐུགས་དམ་ཉེ་འཁོར་གནོད་སྦྱིན་གངས་ཀྱི་ར་བར་བཛྲ་ཛྙཱ་ནས་གསོལ་བ་བཏབ་པ་ཤུ་བྷཾ།། །།

Footnotes

Other Information