རྟ་ཞལ་ཡིད་བཞིན་རྒྱ་ཅན་ལས། ཀླུ་གཤེད་གསང་བདག་གཏུམ་པོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་མི་སྲུན་མཐར་བྱེད་རྡོ་རྗེའི་མཚོན་ཆ།

From Khyentse Lineage - A Tsadra Foundation Project
DKR-KABUM-05-CA-037
Wylie title rta zhal yid bzhin rgya can las/ klu gshed gsang bdag gtum po'i sgrub thabs dbang chog dang bcas pa mi srun mthar byed rdo rje'i mtshon cha DKR-KABUM-05-CA-037.pdf
Location dil mgo mkhyen brtse bka' 'bum
Volume 5, Text 37, Pages 259-268 (Folios 1a to 10b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Rta zhal yid bzhin rgya can las klu gshed gsang bdag gtum po'i sgrub thabs dbang chog dang bcas pa mi srun mthar byed rdo rje'i mtshon cha. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 259-268. Delhi: Shechen Publications, 1994.
Genre Activity Manual - las byang  ·  Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle རྟ་ཞལ་ཡིད་བཞིན་རྒྱ་ཅན་ (rta zhal yid bzhin rgya can)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity phyag na rdo rje
Colophon

།རྒྱལ་ཀུན་འགྱུརྃ་མེདྃ་ཐུགས་ཀྱི་ཡེ་ཤེས་གར། །བདུད་བཅོམ་དངོས་གྲུབ་མཆོག་སྟེར་གསང་བདག་གི །དབང་དང་སྒྲུབ་ཐབས་ཐེགྃ་པ་མཆོྃག་གི་ལམ། །བསྟནྃ་པའིྃ་མཛེས་རྒྱན་རྒྱལྃ་མཚྃན་རྨད་དུ་བྱུང༌། ཀླུ་གཤེད་གསང་བའི་བདག་པོའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།།

/rgyal kun 'gyura~M meda~M thugs kyi ye shes gar/_/bdud bcom dngos grub mchog ster gsang bdag gi_/dbang dang sgrub thabs thega~M pa mcho~Mg gi lam/_/bstana~M pa'i~M mdzes rgyan rgyala~M mtsha~Mn rmad du byung*/_klu gshed gsang ba'i bdag po'i sgrub thabs dbang dang bcas pa'i le'u tshan no//

[edit]
༄༅། རྟ་ཞལ་ཡིད་བཞིན་རྒྱ་ཅན་ལས། ཀླུ་གཤེད་གསང་བདག་གཏུམ་པོའི་སྒྲུབ་ཐབས་དབང་ཆོག་དང་བཅས་པ་མི་སྲུན་མཐར་བྱེད་རྡོ་རྗེའི་མཚོན་ཆ་ཞེས་བྱ་བ་བཞུགས།


༄༅། །རྒྱལ་ཀུན་སྟོབས་བཅུའི་ཡེ་ཤེས་གདུལ་དཀའི་འགྲོར། །གསང་བདག་གཏུམ་པོའི་གར་གྱིས་མཐར་བྱས་ཏེ། །བྱང་ཆུབ་ལམ་གྱི་བར་ཆད་སེལ་བའི་ལྷར། །བཏུད་ནས་དེ་སྒྲུབ་ཕྲིན་ལས་དབང་བཅས་སྤེལ། །དེ་ལ་འདིར་ཀླུ་གཤེད་གསང་བདག་གཏུམ་པོའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། ཐོག་མར་སྐྱབས་སེམས་ནི། །ཐུགས་རྗེའི་དབང་གིས་འགྲོ་དོན་མཛད། །བླ་མ་རྣམས་ལ་སྐྱབས་སུ་མཆི། །མི་འབྲལ་རྩེ་གཅིག་བྱིན་རློབ་པའི། །ཡི་དམ་ལྷ་ལ་སྐྱབས་སུ་མཆི། །ལེགས་ཉེས་སྟངས་འཛིན་དངོས་གྲུབ་སྟེར། །མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱ་སྙམ། །སྨོན་པའི་བྱང་ཆུབ་སེམས་བསྐྱེད་ཅིང༌། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །འཇུག་པའི་བྱང་ཆུབ་སེམས་བསྐྱེད་དེ། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམ། །བསགས་སྦྱང་ཡན་ལག་བརྒྱད་པ་ནི། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས་ལན་གསུམ། བགེགས་བསྐྲད་པ་ནི། གཏོར་མ། རྃ་ཡྃ་ཁྃ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས། སརྦ་བྷཱུཏ་ཨཱ་ཀརྵ་ཡ་ཛཿས་མགྲོན་བཀུག །སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་གྲཱྀནྤ་དཾ་བ་ལིཾ་ཏ་ཁཱ་ཧི། ལན་གསུམ་གྱིས་བསྔོ། རང་ཉིད་སྐད་ཅིག་གིས་གསང་བའི་བདག་པོར་གསལ་བའི་ཐུགས་ཀ་ནས་ཁྲོ་བོའི་ཚོགས་སྤྲོས་ཏེ་བགེགས་རྣམས་བསྐྲད་པར་བསམ། ཧཱུྃ། བདག་ཉིད་ཁྲོ་རྒྱལ་ཐུགས་ཀ་ནས། །མཐིང་ནག་ཧཱུྃ་གིས་འོད་ཟེར་ལས། །སྟོང་གསུམ་ཁྲོ་བོས་རབ་གང་ཞིང༌། །རྔམ་སྒྲས་འཇིག་རྟེན་ཀུན་བཀང་ནས། །གནོད་མཛེས་ཁྲོ་བོ་མ་ཡིན་པའི། །གདུག་པ་གཡོ་འགུལ་མིང་ཡང་མེད། །ཁྲོ་རྒྱལ་མཚོན་ཆ་མེ་རི་འབར། །འབར་བའི་མཚམས་ལས་མ་འདའ་ཞིག །ཧཱུྃ་བཞིའི་སྔགས་བརྗོད། སྲུང་འཁོར་ནི། ཧཱུྃ། །དུར་ཁྲོད་མཚོན་ཆ་མེ་རི་ཁྲོ་བོ་འཁྲིགས། །སྟེང་འོག་ཕྱོགས་མཚམས་མེ་རི་འཁྲུགས་ཤིང་འབར། །ཞེ་སྡང་འཇོམས་པའི་མེ་ནི་མཐིང་ནག་འབར། །གཏི་མུག་འཇོམས་པའི་མེ་ནི་སྨུག་ནག་འབར། །ང་རྒྱལ་འཇོམས་པའི་མེ་ནི་སེར་ནག་འབར། །འདོད་ཆགས་འཇོམས་པའི་མེ་ནི་དམར་ནག་འབར། །ཕྲག་དོག་འཇོམས་པའི་མེ་ནི་ལྗང་ནག་འབར། །དབང་དྲག་གདུག་རྩུབ་མེ་ནི་ཁམ་ནག་འབར། །བར་ཆད་བགེགས་དང་ལོག་འདྲེན་རྡུལ་དུ་རློག །འབར་བ་མེ་ཡི་མཚམས་ལས་མ་འདའ་ཞིག །ཕཊ་རཾ་ཨེ་རཾ་ཛྭ་ལ་རཾ། ཁྲོ་བོ་དང་མཚོན་ཆ་མེ་རབ་ཏུ་འབར་བའི་གུར་ཁང་དུ་བསམ། བྱིན་འབེབས་ནི། ཨ་ལ་ལ་ཧོཿ བྷ་ག་ཝན། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། འཕགས་མཆོག་ཐུགས་རྗེའི་དུས་ལ་བབས། །ཁྱད་པར་བསྟེན་པའི་དུས་ལ་བབས། །མཐུ་རྩལ་དབྱུང་བའི་དུས་ལ་བབས། །དངོས་གྲུབ་སྩོལ་བའི་དུས་ལ་བབས། །དགྲ་བགེགས་སྒྲོལ་བའི་དུས་ལ་བབས། །ཉམས་ཆག་སྐོང་དུས་ལ་བབས། །མཐུ་ཆེན་མཐུ་སྩོལ་བཅོམ་ལྡན་འདས། །དབང་ཆེན་དབང་བསྐུར་བཅོམ་ལྡན་འདས། །བྱིན་ཆེན་ཕོབ་ཅིག་བཅོམ་ལྡན་འདས། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་འདས། །བཅོམ་ལྡན་འདས་ཀྱིས་བདག་རྣམས་ལ། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ མཆོད་རྫས་བྱིན་གྱིས་བརླབ་པ་ནི། ཨོཾ་ཨ་ཧ་ར་ཨ་ཧ་ར་བཱིདྱ་དྷ་ར་སརྦ་པཱུ་ཛི་ཏེ་ཨཱཿཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་ཨ་ལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གྷནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་ཝི་ཨཱཿཧཱུྃ། ཨོཾ་བཛྲ་ཤཔྟ་ཨཱཿཧཱུྃ། ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ། མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བྷ་ལ་བྷ་ཏེ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ། ལྷ་བསྐྱེད་པ་ནི། ཧཱུྃ། ཆོས་རྣམས་ཀ་ནས་དག་ཀྱང་མ་རྟོགས་པའི། །འཁྲུལ་པས་འགྲོ་ལ་བརྩེ་བའི་སྙིང་རྗེའི་གདངས། །རང་རིག་ཧཱུྃ་ཡིག་མཐིང་ནག་པད་ཉི་དང༌། །ཀླུ་གདོན་བསྣོལ་སྟེང་ཡོངས་སུ་གྱུར་པ་ལས། །ཀླུ་གཤེད་གསང་བདག་རྡོ་རྗེ་གཏུམ་པོའི་སྐུ། །མཐིང་ནག་སྟང་ཟིལ་འཚེར་བ་ལྟ་བུའི་མདོག །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ཞིང་ཟླུམ། །དབུ་སྐྲ་དམར་སེར་གྱེན་བརྫེས་སྦྲུལ་གྱིས་བཅིངས། །ཞལ་གདང་ལྗགས་འདྲིལ་མཆེ་གཙིགས་སྐན་སྒྲ་བརྡབས། །སྨིན་མ་སྨ་ར་ཨག་ཚོམ་མེ་ལྟར་འབར། །ཁྲོ་གཉེར་རབ་བསྡུས་གཏུམ་རྔམས་འཇིགས་སུ་རུང༌། །སྦོམ་ཞིང་ཐུང་ལ་ཡན་ལག་རྣམ་པར་རགས། །བ་སྤུ་ཁུང་ནས་བྱ་ཁྱུང་བུ་ཡུག་འཚུབས། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་འཕྱར། །གཡོན་པ་སྡིགས་མཛུབ་རྩེ་ལ་སྤྲུལ་པའི་ཁྱུང༌། །རིགས་ལྔར་སྤྲུལ་པས་ས་འོག་གདོན་རྣམས་འདུལ། །དུར་ཁྲོད་ཆས་བརྒྱད་རུས་པའི་རྒྱན་དྲུག་དང༌། །ཀླུ་ཆེན་བརྒྱད་ཀྱི་ངོ་བོ་སྦྲུལ་གྱི་བརྒྱན། །ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་ཀྱིས། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས། །སྤྱི་བོའི་རྩ་འཁོར་དབུས་སུ་ཟླ་བའི་སྟེང༌། །སངས་རྒྱས་རིགས་ཀྱི་ཁྱུང་དཀར་འཁོར་ལོ་འཛིན། །མགྲིན་པར་པདྨ་འདབ་མ་བརྒྱད་པའི་སྟེང༌། །སྣང་མཐའི་རིགས་ཀྱི་ཁྱུང་དམར་པདྨ་འཛིན། །ཐུགས་ཀར་དམར་སེར་ཉི་མའི་དཀྱིལ་འཁོར་དབུས། །མི་བསྐྱོད་རིགས་ཀྱི་ཁྱུང་སྔོན་རྡོ་རྗེ་འཛིན། །ལྟེ་བར་རིན་ཆེན་སེར་པོ་ཟུར་བརྒྱད་དབུས། །རིན་ཆེན་རིགས་ཀྱི་ཁྱུང་སེར་ནོར་བུ་འཛིན། །གསང་བའི་གནས་སུ་རྒྱ་གྲམ་ལྟེ་བ་ལ། །དོན་གྲུབ་རིགས་ཀྱི་ཁྱུང་ལྗང་རལ་གྲི་འཛིན། །ལྔ་ཀའང་གཡོན་པས་སྦྲུལ་བཟུང་ཞལ་དུ་གསོལ། །རྡོ་རྗེའི་རྭ་གདེངས་དབུས་ན་ནོར་བུས་སྤྲས། །སྤྱན་གཉིས་ཉི་མ་ཟླ་བ་ལྟ་བུར་འཁྱིལ། །གནམ་ལྕགས་འབར་བའི་མཆུ་སྡེར་རྣོ་ངར་ཅན། །སྒྲོ་གཤོག་སྤུ་གྲི་སྤུ་ཕྲན་མཚོན་ཆ་གཤིབས། །བཟོད་དཀའ་མེ་ཡི་ཚྭ་ཚྭ་ཕྱོགས་བཅུར་འཕྲོས། །ཞལ་ནས་ཀྲང་ཀྲང་ཀྲེང་ཀྲེང་འབྲུག་ལྟར་སྒྲོགས། །ཀླུ་གཉན་གསོལ་ཞིང་རིན་ཆེན་སྦྲུལ་གྱིས་བརྒྱན། །རང་འདྲའི་བྱ་ཁྱུང་སྐར་ཚོགས་ལྟ་བུར་འཁྲུག །ཕྱི་རོལ་ཁྲོ་ཚོགས་མེ་དཔུང་གུར་གྱིས་གཏམས། །སྙན་གསན་ནི། ཧཱུྃ། མི་རྟོག་ངང་ནས་ཐུགས་རྗེའི་སྐུ། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །གསང་བདག་ལྷ་ཚོགས་དབྱིངས་ནས་བཞེངས། །བཛྲ་ས་མ་ཡ་ཛ་ཛཿ སྤྱན་འདྲེན་ནི། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་གཏུམ་པོ་གསང་བའི་བདག །ས་བདག་ཀླུ་གཉན་འདུལ་བའི་ཕྱིར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ག་རུ་ཌ་ཨེ་ཧྱེ་ཛཿ ཛཿཧཱུྃ་བཾ་ཧོཿ སྔགས་མཇུག་ཏུ། ཏིཥྛ་བཛྲ། སྔགས་མཇུག་ཏུ། ཨ་ཏི་པཱུ་ཧོཿ ན་མཿ སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ནི་ཨ་ལ་ལ་ཧོཿ མཆོད་པ་ནི། ཧཱུྃ། གསང་བདག་རྡོ་རྗེ་གཏུམ་པོ་ཡི། །ལྷ་ཚོགས་འཁོར་དང་བཅས་པ་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །བཞེས་ནས་དངོས་གྲུབ་བསྩལ་དུ་གསོལ། སྔགས་མཇུག་ཏུ། ཨ་ཧ་ར་ཨ་ཧ་ར་ནས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱའི་བར་དང༌། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། བསྟོད་པ་ནི། ཧཱུྃ། རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཛིན་ཅིང༌། །གདུག་པ་ས་བདག་ཀླུ་ཡི་གཤེད་གྱུར་པ། །དཔལ་ཆེན་རྡོ་རྗེ་གཏུམ་པོ་སྤྲུལ་པའི་ཁྱུང༌། །ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་བསྟོད། ཛཔ྄་བཟླ་བ་ནི། ཧཱུྃ། བདག་ཉིད་ཁྲོ་རྒྱལ་གསང་བདག་གི །ཐུགས་ཀར་པདྨ་འདབ་བརྒྱད་ཀྱི། །གེ་སར་ལ་ནི་སྙིང་པོ་ཧཱུྃ། །འདབ་བརྒྱད་ལ་ནི་སྔགས་ཀྱིས་བསྐོར། འོད་འཕྲོས་བདེ་གཤེགས་རྣམས་ལ་ཐིམ། །ཕྱི་ནང་གསང་བའི་མཆོད་པ་འབུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྡུ། སེམས་ཅན་སྒོ་གསུམ་དྲི་མ་སྦྱངས། །རྣལ་འབྱོར་ལུས་ངག་ཡིད་ལ་བསྡུ། །ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་གྷ་རུ་ཊ་ཙ་ལེ་ཙ་ལེ་ཧཱུྃ་ཕཊཿ ཨོཾ་བུདྡྷ་ག་རུ་ཊ༴ ཨོཾ་བཛྲ་ག་རུ་ཊ༴ ཨོཾ་པདྨ་ག་རུ་ཊ༴ ཨོཾ་རཏྣ་ག་རུ་ཊ༴ ཨོཾ་ཀརྨ་ག་རུ་ཊ༴ སྒྲུབ་སྔགས་ནི། ན་མོ་བུདྡྷ་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནཱ་ག་དུ་ཙིནྡྷ་ཙིནྡྷ། མི་ལི་མི་ལི། བྷནྡྷ་བྷནྡྷ། ནཱ་ག་ནི་སྭཱ་ཧཱ། བསྙེན་པ་ཐེམས་ནས་ཀླུ་འདུལ་བའི་དྲག་སྔགས་ནི། ཨོཾ་བཛྲ་པཱ་ཎི་ག་རུ་ཊ་ཀཱ་ཡ་ནཱ་ག་རུ་པ་ཡ་མ་ཧཱ་ན་རཱ་ཙ་ཀྲོ་དྷ་བྷེ་ཤ་ཡ་བྷེ་ཤ་ཡ། བཛྲ་དུནྟི་ཛྭ་ལ་ནི། ནཱ་ག་སརྦ་ཨ་ཀྲ་ཏ་ཡ། གྷ་ཏ་ཡ་གྷ་ཏ་ཡ། ནཱ་ག་པ་ལ། པྲ་མ་ས་ར་ས་ར་ཨུ་ཙ་ཏ་ཡ་ཕཊ། ནཱ་ག་སོ་ཏ་ཡ་ཁ་ཏ་སརྦ་དུཥྚཾ་ཛི་བིན་ར། ར་བྷ་མ་ཀ་ནཱ་ག་བྷི་དྷར་ཡ། ཏི་ལི་ཀ་ལོ། ནཱ་ག་བྷསྨིན་ཀུ་རུ་ཧཱུྃ་ཕཊཿ ཅེས་དྲག་སྔགས་དང་སྦྱར་ནས་བཟླ། ཚོགས་སོགས་མཇུག་གི་ཆོ་ག་ནི། རྟ་མགྲིན་ཁམས་གསུམ་ཟིལ་གནོན་ཁ་བསྒྱུར་བས་གྲུབ་བོ། །དབང་གིས་སློབ་མ་རྗེས་སུ་འཛིན་ན། སྟེགས་ཀྱི་ཁར་དཔལ་གཏོར་རྒྱན་ལྡན་འཁོར་ལྔས་བསྐོར་བར་གཙོ་འཁོར་གྱི་སྐུ་རྟེན་བཙུགས། ཁྱུང་རིགས་ལྔའི་ཙཀླི། དམ་ཆུ། སྨན་རཀ །མཆོད་པ། ཆོས་སྐྱོང་དང་སྤྱི་གཏོར། ཚོགས། བགེགས་གཏོར། ཁྲུས་བུམ། རོལ་མོ་སོགས་མཁོ་བའི་ཡོ་བྱད་འདུ་བྱས་ལ། བདག་མདུན་གཉིས་ཀ་ལས་གཞུང་གཅིག་གིས་བསྲངས་ཏེ་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་བསྐྱེད། མཆོད་བསྟོད་ཛཔ྄་བཟླ། ཚོགས་ཀྱི་བར་དཀྱུས་བཞིན་བཏང༌། རིག་པའི་མེ་ཏོག་དོར་ཏེ། སློབ་མ་རྣམས་ཁྲུས་ནས་དབྱུང༌། བགེགས་གཏོར་བཏང༌། སྲུང་འཁོར་བསྒོམ། སྤྱི་དང་བྱེ་བྲག་གི་ཆོས་བཤད། དེ་ལ་འདིར་སྙིགས་མའི་སེམས་ཅན་རྣམས་རྒྱུ་ཉོན་མོངས་པ་དུག་གསུམ་ཆེས་རགས་པས་འབྲས་བུ་ནད་མུག་མཚོན་གྱི་བསྐལ་པས་མནར་ཞིང་ཉམ་ཐག་པའི་གཉེན་པོར་ཆེད་དུ་དགོངས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐུ་སྟོབས་ནུས་པའི་བདག་ཉིད་བཅོམ་ལྡན་འདས་གསང་བའི་བདག་པོ་ནི་འཕགས་པ་སློབ་པའི་གང་ཟག་ཐུགས་བསྐྱེད་ནས་འབྲས་བུ་མངོན་དུ་མ་གྱུར་བར་ལུས་དང་གྲིབ་བཞིན་འགྲོགས་ཏེ་སྲུང་སྐྱོབ་བྱིན་གྱིས་བརླབས་པ་དང༌། དེ་བཞིན་གཤེགས་པ་རྣམས་གང་དུ་འཚང་རྒྱ་བ་ལ་མཛད་པ་ཕྲིན་ལས་ཀྱི་བར་ཆད་སེལ་ཞིང༌། གསང་བ་ཟབ་མོའི་གླེང་སློང་བ་ལ་སོགས་པས་སྒྱུ་འཕྲུལ་བཀོད་པ་མཐའ་ཀླས་པའི་བདག་ཉིད་གང་ལ་རྒྱུད་དང་མན་ངག་གི་སྒྲུབ་ཚུལ་དཔག་ཏུ་མེད་པ་ཞིག་བཞུགས་པ་ལས། སྐབས་སུ་བབ་པ་འདི་ནི་མངའ་བདག་ཆོས་ཀྱི་རྒྱལ་པོའི་ཡེ་ཤེས་ཀྱི་རང་གཟུགས་རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་རྟ་ཞལ་གྱི་རྒྱ་ཅན་དེ་ཉིད་ཀྱི་བྱེ་བྲག་ལས་ཁྲོ་རྒྱལ་སྟོབས་འདུས་སྤྱི་དཔལ་ཆེན་པོ་དགུ་ཡི་ཡེ་ཤེས་ཀྱི་རྣམ་རོལ་སྤྲུལ་པའི་ཁྱུང་ཆེན་རིགས་ལྔ་ལས་མཛད་ཀླུ་གཤེད་གསང་བདག་གཏུམ་པོ་ཕོ་ཉའི་ཚུལ་དུ་སྒྲུབ་པ་བྱུང་བ་སྟེ། གང་གིས་བསྟེན་པ་ཙམ་གྱིས་ས་བདག་ཀླུ་གཉན་དུ་མ་ཟད། བན་བོན་སྔགས་པའི་བྱད་ཕུར་རྦོད་གཏོང་གཏད་ཁྲོམ་ཐམས་ཅད་འཇོམས་བྱེད་སོགས་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་འབད་མེད་དུ་གྲུབ་པ་ཀླུ་གཤེད་གསང་བདག་གཏུམ་པོ། ཡེ་ཤེས་ཁྱུང་གི་ཕོ་ཉ་དང་དབྱེར་མེད་དུ་སྒྲུབ་པའི་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་ནི། ཧོ། བླ་མ་གསང་བའི་བདག་པོ་ལ། །དེང་ནས་བྱང་ཆུབ་མ་ཐོབ་བར། །སྙིང་ནས་གུས་པས་གསོལ་བ་འདེབས། །དངོས་གྲུབ་ཟབ་མོ་བསྩལ་དུ་གསོལ། །ཞེས་ལན་གསུམ་གྱི་རྗེས་ཟློས་བྱེད། མདུན་གྱི་ནམ་མཁར་བླ་མ་གསང་བའི་བདག་པོ་ལ་ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོས་བསྐོར་བའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བར་བགྱིའོ་སྙམ་པ་དང་མཁའ་ཁྱབ་ཀྱི་སེམས་ཅན་སྲིད་ཞི་ལ་མི་གནས་པའི་མྱ་ངན་ལས་འདས་པ་ཆེན་པོའི་གོ་འཕང་ལ་འཇུག་པའི་ཆེད་དུ་བཅོམ་ལྡན་འདས་གསང་བའི་བདག་པོའི་ཐུགས་བསྐྱེད་དང་སྨོན་ལམ་རྗེས་སུ་སློབ་པས་བསྒྲུབ་པར་བགྱིའོ་སྙམ་པས་སྨོན་འཇུག་གི་སེམས་བསྐྱེད་པ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། ཐུགས་རྗེའི་དབང་གིས་སོགས་ལན་གསུམ་གྱིས་སྐྱབས་འགྲོ་དང༌། སྔོན་ནས་བསགས་པའི་སྡིག་སྒྲིབ་སོགས་ཀྱིས་སེམས་བསྐྱེད་ཀྱི་གཡར་དམ་བཟུང༌། སྦྱོར་བ་དམ་ལ་བཞག་པའི་ཆེད་དུ། རྡོ་རྗེའི་ཆུ་ནན་འདི་ཉིད་ལྕེ་ལ་བཞག་པས་སྙིང་དབུས་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་དུ་འདྲེས་ནས་དཔང་པོའི་ཚུལ་དུ་བཞུགས་པར་མོས་ལ། དམ་ཆུ་སྦྱིན་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོར་གྱུར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ་ཋ་ཋ། དེ་ནས་དབང་གི་གཞི་འགོད་པའི་ཆེད་དུ་ཡེ་ཤེས་པ་དབབ་པ་ཡིན་པས་སྒོ་གསུམ་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྣོད་བཅུད་ཐ་མལ་གྱི་འཛིན་ཞེན་དབྱིངས་སུ་སྦྱངས་ནས་དག་པ་ཡེ་ཤེས་ཀྱི་འཆར་ཆ་འོག་མིན་རྡོ་རྗེ་དབྱིངས་ཀྱི་བཀོད་པ་ལྷུན་གྱིས་རྫོགས་པའི་དབུས་སུ་པདྨ་ཉི་མ་ཀླུ་གདོན་བསྣོལ་བའི་གདན་གྱི་དབུས་སུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་ཀླུ་གཤེད་གསང་བའི་བདག་པོ་སྐུ་མདོག་མཐིང་ནག་སྟོང་ཟིལ་ཆགས་པ་ལྟ་བུའི་མདོག་ནག །ཞལ་གཅིག་ཁྲོ་གཏུམ་མི་བཟད་པའི་གཟུགས་ཅན་ཞལ་གདངས། ལྗགས་འདྲིལ། སྐན་སྒྲ་རྡེབ་པ། མཆེ་བ་གཙིགས་པ། སྨིན་མ་དང་སྨ་ར་ཨག་ཚོམ་ནས་མེ་འབར་ཞིང་ཁྲོ་གཉེར་དྲག་ཏུ་བསྡུས་པ། ཐུང་ཞིང་སྦོམ་པའི་ཡན་ལག །ཕྱག་གཡས་ཀྱིས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་འཕྱར་ཞིང༌། གཡོན་པས་སྡིགས་མཛུབ་ཀྱི་རྩེ་ལས་སྤྲུལ་པའི་བྱ་ཁྱུང་རིགས་ལྔ་སྤྲུལ་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང༌། རུས་པའི་རྒྱན་དྲུག་ཀླུ་ཆེན་བརྒྱད་སྦྲུལ་གྱི་རྣམ་པས་བརྒྱན་པ། ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་དོར་སྟབས་ཀྱིས་ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གསལ། མདུན་བསྐྱེད་དང་སློབ་དཔོན་ལ་མོས་གུས་དྲག་ཏུ་བསྐྱེད་པས་སྐུ་གསུམ་དག་པའི་ཞིང་ཁམས་རབ་འབྱམས་ནས་བཅོམ་ལྡན་འདས་གསང་བའི་བདག་པོའི་ཡེ་ཤེས་ཕྱག་རྒྱའི་རོལ་པ་སྐུ་སྔགས་ཕྱག་མཚན་གྱི་རྣམ་པར་ཆར་དྲག་ཏུ་བབ་པ་བཞིན་བྱོན་ཏེ་གཉིས་སུ་མེད་པར་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་བྱིན་གྱིས་བརླབས་པར་མོས་མཛོད། ཌཱ་དྲིལ་སྤོས་རོལ་དབྱངས་དང་བཅས་ཏེ་ལས་གཞུང་གི་སྤྱན་འདྲེན་སྔགས་དང་བཅས་པས་ཡེ་ཤེས་ཕེབས་པའི་རྟགས་མ་བྱུང་གི་བར་དབབ། སློབ་དཔོན་གྱིས་རྡོ་རྗེ་སྤྱི་བོར་བཞག་སྟེ། ཏིཥྛ་བཛྲས་བརྟན་པར་བྱ། དེ་ནས་དབང་དངོས་ལ་ཐོག་མར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་གི་སླད་དུ། མདུན་བསྐྱེད་ཀྱི་དཔྲལ་བའི་སངས་རྒྱས་རིགས་ཀྱི་ཁྱུང་དཀར་པོ་ལས་དེ་འདྲ་བ་གྲངས་མེད་པ་བྱོན་ནས། སློབ་མའི་དཔྲལ་བར་ཐིམ་པས་ལུས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་སྦྱངས། སྐུའི་བྱིན་རླབས་ཐོབ། ལུས་ལ་བར་དུ་གཅོད་པའི་གདོན་བགེགས་སྤྱི་དང་བྱེ་བྲག་ཏུ་ཀླུ་གཉན་ས་བདག་གི་གནོད་པ་ཐམས་ཅད་ལས་རྒྱལ་བའི་མོས་པ་མཛོད། བདེ་གཤེགས་ཁྱུང་གི་ཙཀླི་དཔྲལ་བར་གཏུག་སྟེ། ཨོཾ། གསང་འཛིན་ལག་ན་རྡོ་རྗེ་ཡི། །སྐུ་སྤྲུལ་བྱ་ཁྱུང་དཀར་པོའི་ཚོགས། །བུ་ཁྱོད་དཔྲལ་བའི་གནས་བཞུགས་པས། །སྐུ་ཡི་བྱིན་རླབས་དབང་ཐོབ་ཤོག །ཨོཾ་བུདྡྷ་ག་རུ་ཌ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། མདུན་བསྐྱེད་ཀྱི་མགྲིན་པའི་པདྨ་རིགས་ཀྱི་ཁྱུང་དམར་པོ་ལས་དེ་འདྲ་བ་གྲངས་མེད་པ་བྱོན་ནས། སློབ་མའི་མགྲིན་པར་ཐིམ་པས་ངག་གི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་སྦྱངས། གསུང་གི་བྱིན་རླབས་ཐོབ། ངག་ལ་བར་དུ་གཅོད་པའི་གདོན་བགེགས་སྤྱི་དང་བྱེ་བྲག་ཏུ་ཀླུ་གཉན་ས་བདག་གི་གནོད་པ་ཐམས་ཅད་ལས་རྒྱལ་བའི་མོས་པ་མཛོད། ཙཀླི་མགྲིན་པར་གཏུག་སྟེ། ཨཱཿ གསང་འཛིན་ལག་ན་རྡོ་རྗེ་ཡི། །གསུང་སྤྲུལ་བྱ་ཁྱུང་དམར་པོའི་ཚོགས། །བུ་ཁྱོད་མགྲིན་པའི་གནས་གནས་བཞུགས་པས། །གསུང་གི་བྱིན་རླབས་དབང་ཐོབ་ཤོག །ཨོཾ་པདྨ་ག་རུ་ཌ་ཝཱཀ྄་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། མདུན་བསྐྱེད་ཀྱི་ཐུགས་ཀའི་རྡོ་རྗེ་རིགས་ཀྱི་ཁྱུང་སྔོན་པོ་ལས་དེ་འདྲ་བ་གྲངས་མེད་པ་བྱོན་ནས། སློབ་མའི་སྙིང་ཁར་ཐིམ་པས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་སྦྱངས་ཐུགས་ཀྱི་བྱིན་རླབས་ཐོབ། ཡིད་ལ་བར་དུ་གཅོད་པའི་གདོན་བགེགས་སྤྱི་དང་བྱེ་བྲག་ཏུ་ཀླུ་གཉན་ས་བདག་གི་གནོད་པ་ཐམས་ཅད་ལས་རྒྱལ་བའི་མོས་པ་མཛོད། ཙཀླི་སྙིང་ཁར་གཏུག་སྟེ། ཧཱུྃ། གསང་འཛིན་ལག་ན་རྡོ་རྗེ་ཡི། །ཐུགས་སྤྲུལ་བྱ་ཁྱུང་སྔོན་པོའི་ཚོགས། །བུ་ཁྱོད་སྙིང་གའི་གནས་བཞུགས་པས། །ཐུགས་ཀྱི་བྱིན་རླབས་དབང་ཐོབ་ཤོག །ཨོཾ་བཛྲ་ག་རུ་ཌ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། མདུན་བསྐྱེད་ཀྱི་ལྟེ་བའི་རིན་ཆེན་རིགས་ཀྱི་ཁྱུང་སེར་པོ་ལས་དེ་འདྲ་བ་གྲངས་མེད་པ་བྱོན་ནས། སློབ་མའི་ལྟེ་བར་ཐིམ་པས་བྱ་བའི་སྒོ་ནས་བསགས་པའི་སྡིག་སྒྲིབ་བྱང༌། ཡོན་ཏན་གྱི་བྱིན་རླབས་ཐོབ། བྱ་བ་ལ་བར་དུ་གཅོད་པའི་གདོན་བགེགས་སྤྱི་དང་བྱེ་བྲག་ཏུ་ཀླུ་གཉན་ས་བདག་གི་གནོད་པ་ཐམས་ཅད་ལས་རྒྱལ་བའི་མོས་པ་མཛོད། ཙཀླི་ལྟེ་བར་གཏུག་སྟེ། སྭཱཿ གསང་འཛིན་ལག་ན་རྡོ་རྗེ་ཡི། །ཡོན་ཏན་བྱ་ཁྱུང་སེར་པོའི་ཚོགས། །བུ་ཁྱོད་ལྟེ་བའི་གནས་བཞུགས་པས། །ཡོན་ཏན་བྱིན་རླབས་དབང་ཐོབ་ཤོག །ཨོཾ་རཏྣ་ག་རུ་ཌ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། མདུན་བསྐྱེད་ཀྱི་གསང་གནས་ཀྱི་ལས་ཀྱི་རིགས་བྱ་ཁྱུང་ལྗང་གུ་ལས་དེ་འདྲ་བ་གྲངས་མེད་པ་བྱོན་ནས། སློབ་མའི་གསང་གནས་སུ་ཐིམ་པས་ལས་ཀྱི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་སྦྱངས། ཕྲིན་ལས་ཀྱི་དབང་ཐོབ། ལས་ལ་བར་དུ་གཅོད་པའི་གདོན་བགེགས་སྤྱི་དང་བྱེ་བྲག་ཏུ་ཀླུ་གཉན་ས་བདག་གི་གནོད་པ་ཐམས་ཅད་ལས་རྒྱལ་བའི་མོས་པ་མཛོད། ཙཀླི་གསང་གནས་སུ་གཏུག་སྟེ། ཧཿ གསང་འཛིན་ལག་ན་རྡོ་རྗེ་ཡི། །ཕྲིན་ལས་བྱ་ཁྱུང་ལྗང་གུའི་ཚོགས། །བུ་ཁྱོད་གསང་བའི་གནས་བཞུགས་པས། །ཕྲིན་ལས་བྱིན་རླབས་དབང་ཐོབ་ཤོག །ཨོཾ་ཀརྨ་ག་རུ་ཌ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད། རྗེས་འབྲེལ་བཟླས་པའི་ལུང་སྦྱིན་པའི་ཆེད་དུ་མདུན་བསྐྱེད་དང་སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང༌། སློབ་དཔོན་གྱི་ཞལ་ནས་འཐོན། སློབ་མའི་ཁར་ཞུགས། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་ཧཱུྃ་ཡིག་གི་མཐར་གཡས་བསྐོར་དུ་འཁོད་པར་མོས་ལ། བསྙེན་པའི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་གྷ་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨོཾ་བུདྡྷ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཨོཾ་པདྨ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཨོཾ་བཛྲ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཨོཾ་རཏྣ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ཨོཾ་ཀརྨ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ། ལན་གསུམ། སླར་ཡང་སྒྲུབ་པའི་སྔགས་འདིའི་རྗེས་ཟློས་མཛོད། ན་མོ་བུདྡྷ་ཡ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནཱ་ག་དུ་ཙིནྡྷ་ཙིནྡྷ། མི་ལི་མི་ལི། བྷནྡྷ་བྷནྡྷ། ནཱ་ག་ནི་སྭཱ་ཧཱ། ལན་གསུམ། ལས་སྦྱོར་གྱི་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་བཛྲ་པ་ཎི་ག་རུ་ཌ་ཀཱ་ཡ་ནཱ་ག་རུ་པ་ཡ་མ་ཧཱ་ན་རཱ་ཙ་ཀྲོ་དྷ་བྷེ་ཤ་ཡ་བྷེ་ཤ་ཡ། བཛྲ་དུནྟི་ཛྭ་ལ་ནི། ནཱ་ག་སརྦ་ཨ་ཀྲ་ཏ་ཡ། གྷ་ཏ་ཡ། གྷ་ཏ་ཡ། ནཱ་ག་པ་ལ། པྲ་མ་ས་ར་ས་ར་ཨུ་ཙ་ཏ་ཡ་ཕཊ། ནཱ་ག་སོ་ཏ་ཡ་ཁ་ཏ་སརྦ་དུཥྚཾ་ཛི་བིན་ར། ར་བྷ་མ་ཀ་ནཱ་ག་བྷི་དྷ་ར་ཡ། ཏི་ལི་ཀ་ལོ་ནཱ་ག་བྷསྨིན་ཀུ་རུ་ཧཱུྃ་ཕཊཿ ལན་གཅིག །སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །མེ་ཏོག་གི་ཕྲེང་བ་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་སྤྱི་བོར་བཅིང་བར་མོས་མཛོད། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱིས། འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་གསང་བའི་བདག་པོ་ཀླུ་གཤེད་ཁྱུང་གི་ཚོགས་དང་བཅས་པའི་གསུང་རིགས་སྔགས་ཀྱི་ནུས་པ་དང་དངོས་གྲུབ་འཇུག་ཅིང་བརྟན་པར་མཛད་དུ་གསོལ། མེ་ཏོག་འཐོར། དེ་ནས་མཐའ་བརྟེན་གཏོར་མའི་དབང་བསྐུར་ནི། དཔལ་གྱི་གཏོར་མ་འདི་ཉིད་ཀླུ་གཤེད་གསང་བའི་བདག་པོ་སྐུ་མདོག་མཐིང་ནག་ཁྲོ་གཏུམ་གར་དགུའི་རྣམ་པར་རོལ་པ་རྡོ་རྗེ་དང་སྡིག་མཛུབ་ཀྱི་རྩེ་ལས་སྤྲུལ་པའི་བྱ་ཁྱུང་སྤྲོ་བ་དུར་ཁྲོད་ཀྱི་ཆས་བརྒྱད་ཡོངས་སུ་རྫོགས་པའི་སྐུ་ཡི་གནས་ལྔ་ལས་ཁྱུང་ཆེན་རིགས་ལྔའི་སྤྲིན་ཕུང་འཕྲོ་བ་སྤྱི་བོར་བཞག་པས་སྐུ་ལས་བྱུང་བའི་མེ་དཔུང་དང་ཁྱུང་གི་ཚྭ་ཚྭ་བར་ཆད་གདོན་བགེགས་ཐམས་ཅད་བསྲེག་ཅིང༌། སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་ཡོངས་རྫོགས་སུ་ཐོབ་པར་མོས་མཛོད། གཏོར་མ་གནས་གསུམ་དུ་བཞག་ལ། ཧཱུྃ། སངས་རྒྱས་ཀུན་གྱི་མཐུ་སྟོབས་བདག །རྡོ་རྗེ་གཏུམ་པོའི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཀྱིས་བྱིན་རློབས་ལ། །དབང་དང་དངོས་གྲུབ་བསྩལ་དུ་གསོལ། ཞེས་བསྙེན་སྔགས་མཇུག་ཏུ། བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ། སླར་ཡང་གཏོར་མ་སྤྱི་བོར་བཞག་སྟེ་གཏོར་མའི་བཀའ་བསྒོ་བ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་བཛྲ་ཧེ་རུ་ཀ །སྤྲུལ་སྐུ་གསང་བའི་བདག་པོ། ལས་མཛད་ཡེ་ཤེས་ཁྱུང་ལྔ། སློབ་དཔོན་པདྨ་ཐོད་ཕྲེང༌། མངའ་བདག་ཆོས་ཀྱི་རྒྱལ་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། དཔལ་ཆེན་ཟིལ་གནོན་བཞད་པ་རྩལ་ནས་བདག་ཅག་གི་དཔལ་མགོན་བླ་མའི་བར་དུ་བྱོན་པའི་རྩ་རྒྱུད་ཀྱི་བླ་མ་དམ་པ། ཡི་དམ་སངས་རྒྱས་བྱང་སེམས། མཁའ་འགྲོ་དམ་ཅན་རྒྱ་མཚོའི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག །བྱེ་བྲག་ཏུའང་རྡོ་རྗེའི་སློབ་མ་འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་བདུད་བཙན་རྒྱལ་འགོང་ཐེའུ་རང་འབྱུང་པོའི་གནོད་པ་ཐམས་ཅད་དུས་ད་ལྟ་ཉིད་དུ་ཞི་བ་དང་ཚར་གཅོད་པར་མཛད་དུ་གསོལ། མདོར་ན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྲུང་ཞིང་སྐྱོབ་པ་དང་སྦ་བར་མཛད་དུ་གསོལ། ཞེས་སྤྱི་བོར་བཞག །ལྷ་ཚོགས་རྣམས་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རང་བཞིན་དུ་བསམ་ནས་ཅུང་ཟད་རེ་སྦྱིན་ནས་སྐབས་སུ་བབ་པའི་ཤིས་བརྗོད་བྱ། རྗེས་དམ་ཚིག་ཁས་བླང༌། གཏང་རག་མཎྜལ། ལུས་འབུལ་དགེ་བསྔོ་སོགས་སྤྱི་ལྟར་བྱས་ལ་སློབ་མ་གྲོལ། སློབ་དཔོན་གྱིས་ལས་གཞུང་གི་མཇུག་བསྡུས་པས་གྲུབ་པའོ། །རྒྱལ་ཀུན་འགྱུརྃ་མེདྃ་ཐུགས་ཀྱི་ཡེ་ཤེས་གར། །བདུད་བཅོམ་དངོས་གྲུབ་མཆོག་སྟེར་གསང་བདག་གི །དབང་དང་སྒྲུབ་ཐབས་ཐེགྃ་པ་མཆོྃག་གི་ལམ། །བསྟནྃ་པའིྃ་མཛེས་རྒྱན་རྒྱལྃ་མཚྃན་རྨད་དུ་བྱུང༌། ཀླུ་གཤེད་གསང་བའི་བདག་པོའི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།
[edit]

@#/_rta zhal yid bzhin rgya can las/_klu gshed gsang bdag gtum po'i sgrub thabs dbang chog dang bcas pa mi srun mthar byed rdo rje'i mtshon cha zhes bya ba bzhugs/


@#/_/rgyal kun stobs bcu'i ye shes gdul dka'i 'gror/_/gsang bdag gtum po'i gar gyis mthar byas te/_/byang chub lam gyi bar chad sel ba'i lhar/_/btud nas de sgrub phrin las dbang bcas spel/_/de la 'dir klu gshed gsang bdag gtum po'i rnal 'byor nyams su len par 'dod pas/_thog mar skyabs sems ni/_/thugs rje'i dbang gis 'gro don mdzad/_/bla ma rnams la skyabs su mchi/_/mi 'bral rtse gcig byin rlob pa'i/_/yi dam lha la skyabs su mchi/_/legs nyes stangs 'dzin dngos grub ster/_/mkha' 'gro'i tshogs la skyabs su mchi/_/sngon nas bsags pa'i sdig sgrib bshags/_/'gro don sangs rgyas thob bya snyam/_/smon pa'i byang chub sems bskyed cing*/_/sems can yongs su smin bya'i phyir/_/'jug pa'i byang chub sems bskyed de/_/gsang sngags spyod pa rlabs chen spyad/_/don dam spros bral byang chub sems/_/rang byung mtha' bral stong gsal bsgom/_/bsags sbyang yan lag brgyad pa ni/_rdo rje slob dpon sangs rgyas dpal sogs lan gsum/_bgegs bskrad pa ni/_gtor ma/_ra~M ya~M kha~M/_oM AHhU~M gis byin gyis brlabs/_sarba b+hUta A kar+Sha ya dzaHsa mgron bkug_/sarba big+h+nAn na maHsarba ta thA ga ta sogs gr-In+pa daM ba liM ta khA hi/_lan gsum gyis bsngo/_rang nyid skad cig gis gsang ba'i bdag por gsal ba'i thugs ka nas khro bo'i tshogs spros te bgegs rnams bskrad par bsam/_hU~M/_bdag nyid khro rgyal thugs ka nas/_/mthing nag hU~M gis 'od zer las/_/stong gsum khro bos rab gang zhing*/_/rngam sgras 'jig rten kun bkang nas/_/gnod mdzes khro bo ma yin pa'i/_/gdug pa g.yo 'gul ming yang med/_/khro rgyal mtshon cha me ri 'bar/_/'bar ba'i mtshams las ma 'da' zhig_/hU~M bzhi'i sngags brjod/_srung 'khor ni/_hU~M/_/dur khrod mtshon cha me ri khro bo 'khrigs/_/steng 'og phyogs mtshams me ri 'khrugs shing 'bar/_/zhe sdang 'joms pa'i me ni mthing nag 'bar/_/gti mug 'joms pa'i me ni smug nag 'bar/_/nga rgyal 'joms pa'i me ni ser nag 'bar/_/'dod chags 'joms pa'i me ni dmar nag 'bar/_/phrag dog 'joms pa'i me ni ljang nag 'bar/_/dbang drag gdug rtsub me ni kham nag 'bar/_/bar chad bgegs dang log 'dren rdul du rlog_/'bar ba me yi mtshams las ma 'da' zhig_/phaT raM e raM dz+wa la raM/_khro bo dang mtshon cha me rab tu 'bar ba'i gur khang du bsam/_byin 'bebs ni/_a la la hoH_b+ha ga wan/_sa ma ya hoH_sa ma ya s+t+waM/_'phags mchog thugs rje'i dus la babs/_/khyad par bsten pa'i dus la babs/_/mthu rtsal dbyung ba'i dus la babs/_/dngos grub stsol ba'i dus la babs/_/dgra bgegs sgrol ba'i dus la babs/_/nyams chag skong dus la babs/_/mthu chen mthu stsol bcom ldan 'das/_/dbang chen dbang bskur bcom ldan 'das/_/byin chen phob cig bcom ldan 'das/_/dngos grub mchog stsol bcom ldan 'das/_/bcom ldan 'das kyis bdag rnams la/_/las kyi 'bras bu mchis par mdzod/_oM badz+ra aM ku sha dzaH_mchod rdzas byin gyis brlab pa ni/_oM a ha ra a ha ra bId+ya d+ha ra sarba pU dzi te AHhU~M/_oM badz+ra d+hU pe AHhU~M/_oM badz+ra puSh+pe AHhU~M/_oM badz+ra a lo ke AHhU~M/_oM badz+ra g+han+d+he AHhU~M/_oM badz+ra nai wi AHhU~M/_oM badz+ra shap+ta AHhU~M/_oM AHhU~M ma hA sarba pany+tsa a mr-i ta hU~M hrIHThaH_oM AHhU~M/_ma hA ba liM ta te dz+wa ba liM ta b+ha la b+ha te gu h+ya sa ma ye swA hA/_oM AHhU~M/_ma hA rak+ta dz+wa la maN+Da la hU~M/_lha bskyed pa ni/_hU~M/_chos rnams ka nas dag kyang ma rtogs pa'i/_/'khrul pas 'gro la brtse ba'i snying rje'i gdangs/_/rang rig hU~M yig mthing nag pad nyi dang*/_/klu gdon bsnol steng yongs su gyur pa las/_/klu gshed gsang bdag rdo rje gtum po'i sku/_/mthing nag stang zil 'tsher ba lta bu'i mdog_/zhal gcig phyag gnyis spyan gsum dmar zhing zlum/_/dbu skra dmar ser gyen brdzes sbrul gyis bcings/_/zhal gdang ljags 'dril mche gtsigs skan sgra brdabs/_/smin ma sma ra ag tshom me ltar 'bar/_/khro gnyer rab bsdus gtum rngams 'jigs su rung*/_/sbom zhing thung la yan lag rnam par rags/_/ba spu khung nas bya khyung bu yug 'tshubs/_/phyag g.yas gnam lcags rdo rje rtse dgu 'phyar/_/g.yon pa sdigs mdzub rtse la sprul pa'i khyung*/_/rigs lngar sprul pas sa 'og gdon rnams 'dul/_/dur khrod chas brgyad rus pa'i rgyan drug dang*/_/klu chen brgyad kyi ngo bo sbrul gyi brgyan/_/zhabs gnyis g.yas bskum g.yon brkyang dor stabs kyis/_/ye shes me dpung 'bar ba'i klong na bzhugs/_/spyi bo'i rtsa 'khor dbus su zla ba'i steng*/_/sangs rgyas rigs kyi khyung dkar 'khor lo 'dzin/_/mgrin par pad+ma 'dab ma brgyad pa'i steng*/_/snang mtha'i rigs kyi khyung dmar pad+ma 'dzin/_/thugs kar dmar ser nyi ma'i dkyil 'khor dbus/_/mi bskyod rigs kyi khyung sngon rdo rje 'dzin/_/lte bar rin chen ser po zur brgyad dbus/_/rin chen rigs kyi khyung ser nor bu 'dzin/_/gsang ba'i gnas su rgya gram lte ba la/_/don grub rigs kyi khyung ljang ral gri 'dzin/_/lnga ka'ang g.yon pas sbrul bzung zhal du gsol/_/rdo rje'i rwa gdengs dbus na nor bus spras/_/spyan gnyis nyi ma zla ba lta bur 'khyil/_/gnam lcags 'bar ba'i mchu sder rno ngar can/_/sgro gshog spu gri spu phran mtshon cha gshibs/_/bzod dka' me yi tshwa tshwa phyogs bcur 'phros/_/zhal nas krang krang kreng kreng 'brug ltar sgrogs/_/klu gnyan gsol zhing rin chen sbrul gyis brgyan/_/rang 'dra'i bya khyung skar tshogs lta bur 'khrug_/phyi rol khro tshogs me dpung gur gyis gtams/_/snyan gsan ni/_hU~M/_mi rtog ngang nas thugs rje'i sku/_/sangs rgyas sku lnga'i bdag nyid can/_/khyab bdag ye shes lnga yi bdag_/gsang bdag lha tshogs dbyings nas bzhengs/_/badz+ra sa ma ya dza dzaH_spyan 'dren ni/_hU~M/_dad pa dang ni dam tshig gis/_/tshur gshegs gtum po gsang ba'i bdag_/sa bdag klu gnyan 'dul ba'i phyir/_/thugs dam dbang gis gshegs su gsol/_/oM badz+ra tsaN+Da ma hA ro Sha Na ga ru Da e h+ye dzaH_dzaHhU~M baM hoH_sngags mjug tu/_tiSh+Tha badz+ra/_sngags mjug tu/_a ti pU hoH_na maH_sarba ta thA ga ta ma hA yo gi ni a la la hoH_mchod pa ni/_hU~M/_gsang bdag rdo rje gtum po yi/_/lha tshogs 'khor dang bcas pa la/_/phyi nang gsang ba'i mchod pa 'bul/_/bzhes nas dngos grub bstsal du gsol/_sngags mjug tu/_a ha ra a ha ra nas shap+ta pra tIts+tsha swA hA'i bar dang*/_ma hA pany+tsa a mr-i ta kha raM khA hi/_ma hA ba liM ta kha raM khA hi/_ma hA rak+ta kha raM khA hi/_bstod pa ni/_hU~M/_rgyal ba kun gyi gsang ba'i mdzod 'dzin cing*/_/gdug pa sa bdag klu yi gshed gyur pa/_/dpal chen rdo rje gtum po sprul pa'i khyung*/_/lha tshogs 'khor dang bcas pa rnams la bstod/_dzapa? bzla ba ni/_hU~M/_bdag nyid khro rgyal gsang bdag gi_/thugs kar pad+ma 'dab brgyad kyi/_/ge sar la ni snying po hU~M/_/'dab brgyad la ni sngags kyis bskor/_'od 'phros bde gshegs rnams la thim/_/phyi nang gsang ba'i mchod pa 'bul/_sku gsung thugs kyi dngos grub bsdu/_sems can sgo gsum dri ma sbyangs/_/rnal 'byor lus ngag yid la bsdu/_/oM badz+ra tsaN+Da ma hA ro Sha Na g+ha ru Ta tsa le tsa le hU~M phaTaH_oM bud+d+ha ga ru Ta=_oM badz+ra ga ru Ta=_oM pad+ma ga ru Ta=_oM rat+na ga ru Ta=_oM karma ga ru Ta=_sgrub sngags ni/_na mo bud+d+ha ya badz+ra kI li kI la ya nA ga du tsin+d+ha tsin+d+ha/_mi li mi li/_b+han+d+ha b+han+d+ha/_nA ga ni swA hA/_bsnyen pa thems nas klu 'dul ba'i drag sngags ni/_oM badz+ra pA Ni ga ru Ta kA ya nA ga ru pa ya ma hA na rA tsa kro d+ha b+he sha ya b+he sha ya/_badz+ra dun+ti dz+wa la ni/_nA ga sarba a kra ta ya/_g+ha ta ya g+ha ta ya/_nA ga pa la/_pra ma sa ra sa ra u tsa ta ya phaT/_nA ga so ta ya kha ta sarba duSh+TaM dzi bin ra/_ra b+ha ma ka nA ga b+hi d+har ya/_ti li ka lo/_nA ga b+hasmin ku ru hU~M phaTaH_ces drag sngags dang sbyar nas bzla/_tshogs sogs mjug gi cho ga ni/_rta mgrin khams gsum zil gnon kha bsgyur bas grub bo/__/dbang gis slob ma rjes su 'dzin na/_stegs kyi khar dpal gtor rgyan ldan 'khor lngas bskor bar gtso 'khor gyi sku rten btsugs/_khyung rigs lnga'i tsakli/_dam chu/_sman raka_/mchod pa/_chos skyong dang spyi gtor/_tshogs/_bgegs gtor/_khrus bum/_rol mo sogs mkho ba'i yo byad 'du byas la/_bdag mdun gnyis ka las gzhung gcig gis bsrangs te me long la gzugs brnyan shar ba bzhin bskyed/_mchod bstod dzapa? bzla/_tshogs kyi bar dkyus bzhin btang*/_rig pa'i me tog dor te/_slob ma rnams khrus nas dbyung*/_bgegs gtor btang*/_srung 'khor bsgom/_spyi dang bye brag gi chos bshad/_de la 'dir snyigs ma'i sems can rnams rgyu nyon mongs pa dug gsum ches rags pas 'bras bu nad mug mtshon gyi bskal pas mnar zhing nyam thag pa'i gnyen por ched du dgongs te de bzhin gshegs pa thams cad kyi mthu stobs nus pa'i bdag nyid bcom ldan 'das gsang ba'i bdag po ni 'phags pa slob pa'i gang zag thugs bskyed nas 'bras bu mngon du ma gyur bar lus dang grib bzhin 'grogs te srung skyob byin gyis brlabs pa dang*/_de bzhin gshegs pa rnams gang du 'tshang rgya ba la mdzad pa phrin las kyi bar chad sel zhing*/_gsang ba zab mo'i gleng slong ba la sogs pas sgyu 'phrul bkod pa mtha' klas pa'i bdag nyid gang la rgyud dang man ngag gi sgrub tshul dpag tu med pa zhig bzhugs pa las/_skabs su bab pa 'di ni mnga' bdag chos kyi rgyal po'i ye shes kyi rang gzugs rgyal dbang lnga pa chen po'i dag snang rta zhal gyi rgya can de nyid kyi bye brag las khro rgyal stobs 'dus spyi dpal chen po dgu yi ye shes kyi rnam rol sprul pa'i khyung chen rigs lnga las mdzad klu gshed gsang bdag gtum po pho nya'i tshul du sgrub pa byung ba ste/_gang gis bsten pa tsam gyis sa bdag klu gnyan du ma zad/_ban bon sngags pa'i byad phur rbod gtong gtad khrom thams cad 'joms byed sogs 'gal rkyen sel zhing mthun rkyen 'bad med du grub pa klu gshed gsang bdag gtum po/_ye shes khyung gi pho nya dang dbyer med du sgrub pa'i dbang bskur zhu ba'i ched du maN+Dal phul/_gsol ba 'debs pa ni/_ho/_bla ma gsang ba'i bdag po la/_/deng nas byang chub ma thob bar/_/snying nas gus pas gsol ba 'debs/_/dngos grub zab mo bstsal du gsol/_/zhes lan gsum gyi rjes zlos byed/_mdun gyi nam mkhar bla ma gsang ba'i bdag po la phyogs dus skyabs yul rgya mtshos bskor ba'i spyan sngar rang gzhan sems can thams cad sgo gsum 'jug pa gcig pas byang chub bar du skyabs su 'gro bar bgyi'o snyam pa dang mkha' khyab kyi sems can srid zhi la mi gnas pa'i mya ngan las 'das pa chen po'i go 'phang la 'jug pa'i ched du bcom ldan 'das gsang ba'i bdag po'i thugs bskyed dang smon lam rjes su slob pas bsgrub par bgyi'o snyam pas smon 'jug gi sems bskyed pa dang bcas te 'di'i rjes zlos mdzod/_thugs rje'i dbang gis sogs lan gsum gyis skyabs 'gro dang*/_sngon nas bsags pa'i sdig sgrib sogs kyis sems bskyed kyi g.yar dam bzung*/_sbyor ba dam la bzhag pa'i ched du/_rdo rje'i chu nan 'di nyid lce la bzhag pas snying dbus ye shes sems dpa' dang dbyer med du 'dres nas dpang po'i tshul du bzhugs par mos la/_dam chu sbyin te/_'di ni khyod kyi dmyal ba'i chu/_/dam tshig 'das na bsreg par byed/_/rdo rje khro bo chen por gyur/_/rdo rje bdud rtsi'i chu 'thung zhig_/oM badz+ra u da ka hU~M Tha Tha/_de nas dbang gi gzhi 'god pa'i ched du ye shes pa dbab pa yin pas sgo gsum gnad gcun la dmigs pa 'di bzhin du mdzod/_oM badz+ra a mr-i tas bsang*/_snod bcud tha mal gyi 'dzin zhen dbyings su sbyangs nas dag pa ye shes kyi 'char cha 'og min rdo rje dbyings kyi bkod pa lhun gyis rdzogs pa'i dbus su pad+ma nyi ma klu gdon bsnol ba'i gdan gyi dbus su hU~M yig yongs su gyur pa las/_bcom ldan 'das klu gshed gsang ba'i bdag po sku mdog mthing nag stong zil chags pa lta bu'i mdog nag_/zhal gcig khro gtum mi bzad pa'i gzugs can zhal gdangs/_ljags 'dril/_skan sgra rdeb pa/_mche ba gtsigs pa/_smin ma dang sma ra ag tshom nas me 'bar zhing khro gnyer drag tu bsdus pa/_thung zhing sbom pa'i yan lag_/phyag g.yas kyis gnam lcags kyi rdo rje rtse dgu 'phyar zhing*/_g.yon pas sdigs mdzub kyi rtse las sprul pa'i bya khyung rigs lnga sprul pa/_dur khrod kyi chas brgyad dang*/_rus pa'i rgyan drug klu chen brgyad sbrul gyi rnam pas brgyan pa/_zhabs gnyis g.yas brkyang g.yon bskum dor stabs kyis ye shes me dpung 'bar ba'i klong na bzhugs pa'i dpral bar oM/_mgrin par AH_thugs kar hU~M gis mtshan par gsal/_mdun bskyed dang slob dpon la mos gus drag tu bskyed pas sku gsum dag pa'i zhing khams rab 'byams nas bcom ldan 'das gsang ba'i bdag po'i ye shes phyag rgya'i rol pa sku sngags phyag mtshan gyi rnam par char drag tu bab pa bzhin byon te gnyis su med par thim pas sgo gsum rdo rje gsum gyi byin gyis brlabs par mos mdzod/_DA dril spos rol dbyangs dang bcas te las gzhung gi spyan 'dren sngags dang bcas pas ye shes phebs pa'i rtags ma byung gi bar dbab/_slob dpon gyis rdo rje spyi bor bzhag ste/_tiSh+Tha badz+ras brtan par bya/_de nas dbang dngos la thog mar sku gsung thugs yon tan phrin las lnga'i dbang gi slad du/_mdun bskyed kyi dpral ba'i sangs rgyas rigs kyi khyung dkar po las de 'dra ba grangs med pa byon nas/_slob ma'i dpral bar thim pas lus kyi sgo nas bsags pa'i nad gdon sdig sgrib sbyangs/_sku'i byin rlabs thob/_lus la bar du gcod pa'i gdon bgegs spyi dang bye brag tu klu gnyan sa bdag gi gnod pa thams cad las rgyal ba'i mos pa mdzod/_bde gshegs khyung gi tsakli dpral bar gtug ste/_oM/_gsang 'dzin lag na rdo rje yi/_/sku sprul bya khyung dkar po'i tshogs/_/bu khyod dpral ba'i gnas bzhugs pas/_/sku yi byin rlabs dbang thob shog_/oM bud+d+ha ga ru Da kA ya a b+hi Shiny+tsa hU~M/_zhes brjod/_mdun bskyed kyi mgrin pa'i pad+ma rigs kyi khyung dmar po las de 'dra ba grangs med pa byon nas/_slob ma'i mgrin par thim pas ngag gi sgo nas bsags pa'i nad gdon sdig sgrib sbyangs/_gsung gi byin rlabs thob/_ngag la bar du gcod pa'i gdon bgegs spyi dang bye brag tu klu gnyan sa bdag gi gnod pa thams cad las rgyal ba'i mos pa mdzod/_tsakli mgrin par gtug ste/_AH_gsang 'dzin lag na rdo rje yi/_/gsung sprul bya khyung dmar po'i tshogs/_/bu khyod mgrin pa'i gnas gnas bzhugs pas/_/gsung gi byin rlabs dbang thob shog_/oM pad+ma ga ru Da wAka? a b+hi Shiny+tsa hU~M/_zhes brjod/_mdun bskyed kyi thugs ka'i rdo rje rigs kyi khyung sngon po las de 'dra ba grangs med pa byon nas/_slob ma'i snying khar thim pas yid kyi sgo nas bsags pa'i sdig sgrib sbyangs thugs kyi byin rlabs thob/_yid la bar du gcod pa'i gdon bgegs spyi dang bye brag tu klu gnyan sa bdag gi gnod pa thams cad las rgyal ba'i mos pa mdzod/_tsakli snying khar gtug ste/_hU~M/_gsang 'dzin lag na rdo rje yi/_/thugs sprul bya khyung sngon po'i tshogs/_/bu khyod snying ga'i gnas bzhugs pas/_/thugs kyi byin rlabs dbang thob shog_/oM badz+ra ga ru Da tsit+ta a b+hi Shiny+tsa hU~M/_zhes brjod/_mdun bskyed kyi lte ba'i rin chen rigs kyi khyung ser po las de 'dra ba grangs med pa byon nas/_slob ma'i lte bar thim pas bya ba'i sgo nas bsags pa'i sdig sgrib byang*/_yon tan gyi byin rlabs thob/_bya ba la bar du gcod pa'i gdon bgegs spyi dang bye brag tu klu gnyan sa bdag gi gnod pa thams cad las rgyal ba'i mos pa mdzod/_tsakli lte bar gtug ste/_swAH_gsang 'dzin lag na rdo rje yi/_/yon tan bya khyung ser po'i tshogs/_/bu khyod lte ba'i gnas bzhugs pas/_/yon tan byin rlabs dbang thob shog_/oM rat+na ga ru Da a b+hi Shiny+tsa hU~M/_zhes brjod/_mdun bskyed kyi gsang gnas kyi las kyi rigs bya khyung ljang gu las de 'dra ba grangs med pa byon nas/_slob ma'i gsang gnas su thim pas las kyi sgo nas bsags pa'i nad gdon sdig sgrib sbyangs/_phrin las kyi dbang thob/_las la bar du gcod pa'i gdon bgegs spyi dang bye brag tu klu gnyan sa bdag gi gnod pa thams cad las rgyal ba'i mos pa mdzod/_tsakli gsang gnas su gtug ste/_haH_gsang 'dzin lag na rdo rje yi/_/phrin las bya khyung ljang gu'i tshogs/_/bu khyod gsang ba'i gnas bzhugs pas/_/phrin las byin rlabs dbang thob shog_/oM karma ga ru Da a b+hi Shiny+tsa hU~M/_zhes brjod/_rjes 'brel bzlas pa'i lung sbyin pa'i ched du mdun bskyed dang slob dpon gyi thugs ka nas sngags kyi phreng ba mar me gcig las gnyis mched kyi tshul du byung*/_slob dpon gyi zhal nas 'thon/_slob ma'i khar zhugs/_snying gar nyi ma'i dkyil 'khor gyi steng hU~M yig gi mthar g.yas bskor du 'khod par mos la/_bsnyen pa'i sngags 'di'i rjes zlos mdzod/_oM badz+ra tsaN+Da ma hA ro Sha Na g+ha ru Da tsa le tsa le hU~M phaT:_oM bud+d+ha ga ru Da tsa le tsa le hU~M phaT/_oM pad+ma ga ru Da tsa le tsa le hU~M phaT/_oM badz+ra ga ru Da tsa le tsa le hU~M phaT/_oM rat+na ga ru Da tsa le tsa le hU~M phaT/_oM karma ga ru Da tsa le tsa le hU~M phaT/_lan gsum/_slar yang sgrub pa'i sngags 'di'i rjes zlos mdzod/_na mo bud+d+ha ya badz+ra kI li kI la ya nA ga du tsin+d+ha tsin+d+ha/_mi li mi li/_b+han+d+ha b+han+d+ha/_nA ga ni swA hA/_lan gsum/_las sbyor gyi sngags 'di'i rjes zlos mdzod/_oM badz+ra pa Ni ga ru Da kA ya nA ga ru pa ya ma hA na rA tsa kro d+ha b+he sha ya b+he sha ya/_badz+ra dun+ti dz+wa la ni/_nA ga sarba a kra ta ya/_g+ha ta ya/_g+ha ta ya/_nA ga pa la/_pra ma sa ra sa ra u tsa ta ya phaT/_nA ga so ta ya kha ta sarba duSh+TaM dzi bin ra/_ra b+ha ma ka nA ga b+hi d+ha ra ya/_ti li ka lo nA ga b+hasmin ku ru hU~M phaTaH_lan gcig_/slob dpon la me tog 'thor bzhin du 'di'i rjes zlos mdzod/_bcom ldan bdag gis gzung lags kyis/_/bdag la 'go bar mdzad du gsol/_/me tog gi phreng ba de nyid sngags kyi phreng bar byin gyis brlabs te spyi bor bcing bar mos mdzod/_bcom ldan 'di la bstsal lags kyis/_'di la 'go bar mdzad du gsol/_/sngags kyi dngos grub bstsal du gsol/_brtul zhugs brtan par mdzad du gsol/_rig pa 'dzin pa 'di rnams kyi rgyud la bcom ldan 'das gsang ba'i bdag po klu gshed khyung gi tshogs dang bcas pa'i gsung rigs sngags kyi nus pa dang dngos grub 'jug cing brtan par mdzad du gsol/_me tog 'thor/_de nas mtha' brten gtor ma'i dbang bskur ni/_dpal gyi gtor ma 'di nyid klu gshed gsang ba'i bdag po sku mdog mthing nag khro gtum gar dgu'i rnam par rol pa rdo rje dang sdig mdzub kyi rtse las sprul pa'i bya khyung spro ba dur khrod kyi chas brgyad yongs su rdzogs pa'i sku yi gnas lnga las khyung chen rigs lnga'i sprin phung 'phro ba spyi bor bzhag pas sku las byung ba'i me dpung dang khyung gi tshwa tshwa bar chad gdon bgegs thams cad bsreg cing*/_sku gsung thugs kyi dbang dang byin rlabs yongs rdzogs su thob par mos mdzod/_gtor ma gnas gsum du bzhag la/_hU~M/_sangs rgyas kun gyi mthu stobs bdag_/rdo rje gtum po'i lha tshogs kyi/_/sku gsung thugs kyis byin rlobs la/_/dbang dang dngos grub bstsal du gsol/_zhes bsnyen sngags mjug tu/_ba liM ta a b+hi Shiny+tsa hU~M/_slar yang gtor ma spyi bor bzhag ste gtor ma'i bka' bsgo ba ni/_chos sku kun tu bzang po/_longs sku badz+ra he ru ka_/sprul sku gsang ba'i bdag po/_las mdzad ye shes khyung lnga/_slob dpon pad+ma thod phreng*/_mnga' bdag chos kyi rgyal po/_mkha' 'gro ye shes mtsho rgyal/_dpal chen zil gnon bzhad pa rtsal nas bdag cag gi dpal mgon bla ma'i bar du byon pa'i rtsa rgyud kyi bla ma dam pa/_yi dam sangs rgyas byang sems/_mkha' 'gro dam can rgya mtsho'i lha tshogs rnams kyis rdo rje'i slob ma 'di rnams kyi nad gdon sdig sgrib bar chad mi mthun pa'i phyogs thams cad zhi zhing*/_mthun rkyen legs pa'i yon tan thams cad 'phel zhing rgyas par byin gyis rlobs shig_/bye brag tu'ang rdo rje'i slob ma 'di rnams la gnod cing 'tshe bar byed pa'i steng gdon gza' dang rgyu skar/_'og gdon klu dang sa bdag_/bar gdon bdud btsan rgyal 'gong the'u rang 'byung po'i gnod pa thams cad dus da lta nyid du zhi ba dang tshar gcod par mdzad du gsol/_mdor na byang chub ma thob kyi bar du srung zhing skyob pa dang sba bar mdzad du gsol/_zhes spyi bor bzhag_/lha tshogs rnams 'od du zhu ba las byung ba'i gtor ma bdud rtsi'i rang bzhin du bsam nas cung zad re sbyin nas skabs su bab pa'i shis brjod bya/_rjes dam tshig khas blang*/_gtang rag maN+Dal/_lus 'bul dge bsngo sogs spyi ltar byas la slob ma grol/_slob dpon gyis las gzhung gi mjug bsdus pas grub pa'o/__/rgyal kun 'gyura~M meda~M thugs kyi ye shes gar/_/bdud bcom dngos grub mchog ster gsang bdag gi_/dbang dang sgrub thabs thega~M pa mcho~Mg gi lam/_/bstana~M pa'i~M mdzes rgyan rgyala~M mtsha~Mn rmad du byung*/_klu gshed gsang ba'i bdag po'i sgrub thabs dbang dang bcas pa'i le'u tshan no//__//

Footnotes

Other Information