JKW-KABAB-06-CHA-026

From Khyentse Lineage - A Tsadra Foundation Project
Revision as of 10:39, 16 November 2021 by Mort (talk | contribs) (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "")
(diff) ← Older revision | Latest revision (diff) | Newer revision → (diff)

མཁའ་འགྲོ་གསང་བ་ཀུན་འདུས་ལས། མཁའ་འགྲོ་ཡོངས་རྫོགས་མཆོད་ཅིང་ཐུགས་དམ་སྐོང་བའི་མདོས་ཀྱི་ཆོ་ག་མཁའ་དབྱིངས་རོལ་པའི་རྒྱན།
Wylie title mkha' 'gro gsang ba kun 'dus las mkha' 'gro yongs rdzogs mchod cing thugs dam skong ba'i mdos kyi cho ga mkha' dbyings rol pa'i rgyan JKW-KABAB-06-CHA-026.pdf
Location mkhyen brtse'i bka' babs
Volume 6, Text 26, Pages 295-309 (Folios 1a to 8a5)
Author མཁའ་ཁྱབ་རྡོ་རྗེ་
Less details More details
Tertön ཇོ་མོ་སྨན་མོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (jo mo sman mo, 'jam dbyangs mkhyen brtse'i dbang po)
Citation Karmapa, 15th. mkha' 'gro gsang ba kun 'dus las mkha' 'gro yongs rdzogs mchod cing thugs dam skong ba'i mdos kyi cho ga mkha' dbyings rol pa'i rgyan. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 6: 295-309. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Mending Rituals - bskang chog  ·  Revelations - gter ma  ·  Ritual and Liturgical Texts - cho ga phyag len
Cycle མཁའ་འགྲོ་གསང་བ་ཀུན་འདུས་ (mkha' 'gro gsang ba kun 'dus)
Karchag page JKW-KABAB-Volume-06-CHA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-NGI-056
Colophon

ཅེས་པའང་དབོན་མཛོད་ཚེ་དབང་དཔལ་འབྱོར་གྱིས་བཤད་སྒྲུབ་གྱི་ཆུ་གཏེར་ཆེན་པོ་རྒྱལ་བསྟན་རིས་སུུ་མ་ཆད་པའི་འབྱུང་གནས་རྫོངས་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲར་སྤར་དུ་བཞེངས་སྐབས་གཏེར་ཆེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྲིན་ལས་མི་ཟད་པའི་གཏེར་མཛོད་ཀྱི་བྱེད་པོར་ཡིད་དམ་དུ་བཅའ་བ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྤར་བྱང་སྨོན་ཚིག་ཏུ་བྲིས་པས། འཇིག་རྟེན་གསུམ་ན་དགེ་ལེགས་ཀྱི་སྣང་བ་ཆེན་པོ་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བའི་རྒྱུར་གྱུར་པ་དང་ཆོས་ཚུལ་ཟབ་མོ་འདི་ཡི་ཕྲིན་ལས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཤིང་རྒྱས་ལ་ཡུན་དུ་གནས་པར་གྱུར་ཅིག སརྦ་དཱ་མངྒ་ལཾ།།

ces pa'ang dbon mdzod tshe dbang dpal 'byor gyis bshad sgrub gyi chu gter chen po rgyal bstan ris su+u ma chad pa'i 'byung gnas rdzongs sar bkra shis lha rtse'i chos grar spar du bzhengs skabs gter chen bla ma 'jam dbyangs mkhyen brtse'i dbang po'am pad+ma 'od gsal mdo sngags gling pa'i phrin las mi zad pa'i gter mdzod kyi byed por yid dam du bca' ba 'jam dbyangs chos kyi blo gros pas spar byang smon tshig tu bris pas/__'jig rten gsum na dge legs kyi snang ba chen po rtag khyab lhun grub tu 'byung ba'i rgyur gyur pa dang chos tshul zab mo 'di yi phrin las phyogs dus gnas skabs thams cad du dar shing rgyas la yun du gnas par gyur cig__sarba dA mang+ga laM//

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །མཁའ་འགྲོ་གསང་བ་ཀུན་འདུས་ལས། མཁའ་འགྲོ་ཡོངས་རྫོགས་མཆོད་ཅིང་ཐུགས་དམ་སྐོང་བའི་མདོས་ཀྱི་ཆོ་ག་མཁའ་དབྱིངས་རོལ་པའི་རྒྱན་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་ཤྲཱི་ཛྙཱ་ནཱ་ཌཱ་ཀི་ནི་གུ་ར་ཝེ། བདེ་ཆེན་ལྷན་སྐྱེས་ཀུན་ཏུ་ཞལ། །མཁའ་འགྲོ་འདུས་པའི་དཀྱིལ་འཁོར་ཆེ། །ཡོངས་རྫོགས་ཐུགས་དམ་བསྐང་བའི་མདོས། །མཁའ་དབྱིངས་རོལ་པའི་རྒྱན་འདི་བཤད། །དེ་ཡང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། རིན་པོ་ཆེའི་སྣོད་དུ་ཕྱེ་གཙང་ཆང་གིས་སྦྲུས་པ་ལ་རི་རབ་བང་རིམ་བཞི་དང་བཅས་པ། ཕྱི་རོལ་ལྕགས་རིའི་ཁོར་ཡུག་གིས་བསྐོར་བའི་ལྷུན་པོའི་དབུས་སུ་དཔལ་བཤོས་ཟླ་གམ་པད་འདབ་དང༌། མཚམས་སུ་མཐེབ་ཀྱུ་བརྩིགས་པས་བརྒྱན་པའི་ཕྱོགས་བཞིར་རང་འདྲ་བཞི་རྣམས་ལ་ལྷ་མདོག་དང་མཐུན་པའི་ནམ་མཁའ་རེ་བཙུག །མཚམས་བཞིར་ཤར་ལྷོར་བུམ་པ། སྤྱི་ཙམ་དུ་ལྔ་ཕྲག་ལྔའི་རྫས་དང༌། བྱེ་བྲག་པ་དགོས་ན་རྡོ་རྗེ་མཁའ་འགྲོའི་མཆོད་སྐོང་གི་སྐབས་སུ་གསུངས་པའི་རྫས་རྣམས་དང༌། དྲི་བཟང་འོ་ཆབ་ཀྱིས་བཀང་བ་ཁ་རྒྱན་ཅན་དང༌། ལྷོ་ནུབ་ཏུ་སཱཙྪ་ལྔའམ། གཅིག་ལ་ཚོན་ལྔ་སོ་སོར་བཏང་བ་གཟུངས་ལྡན། ནུབ་བྱང་དུ་ཏིང་ལོ་དམར་པོར་ཞུན་མར་གྱི་རྫས་ལ་བདུད་རྩི་ཆོས་སྨན་ནམ། བྱེ་བྲག་གི་རྫས་གོང་བཞིན་བསྲེས་པས་བཀང་བ། བྱང་ཤར་དུ་སྣོད་གཅིག་གི་ནང་དུ་སྤོས་ལྔ་ཚོམ་བུར་བཀོད་པ་དང༌། རླུང་གཡབ། མཐའ་སྐོར་གྱི་ཤར་དུ་མར་མེ། ལྷོར་སྨན་ཐོད། ནུབ་ཏུ་བམ། བྱང་དུ་རཀྟ་རྣམས་ལྔ་རེ་ལས་མི་ཉུང་བ་ཕྲེང་ཚར་དུ་བཀོད། དེ་འོག་བང་རིམ་དང་པོའི་ཕྱོགས་མཚམས་བརྒྱད་དུ་དཔལ་གཏོར་བརྒྱད། དེ་འོག་གཉིས་པ་ལ་དམར་གཏོར་བརྒྱད། དེ་འོག་གསུམ་པ་ལ་བཀྲ་ཤིས་རྫས་རྟགས། སྣ་བདུན། ཕྱག་མཚན་སོགས་དཀོར་ཆའི་རིགས། དེ་འོག་བཞི་པ་ལ་གཟུགས་འགྲོས་ཐམས་ཅད། དེ་འོག་གི་འཁོར་ཡུག་ལ་བཤོས་ཕྲན། ངར་མི། ཟས་སྣ། སྨན་འབྲུ། རིན་ཆེན། དར་རས། སྣམ་ཕྲུག་གཅན་གཟན་ཀུན་གྱི་རས་མ་སྣ་ཚོགས། མཐའ་བསྐོར་གྱི་ལྕགས་རི་ལ་ཕྱོགས་མདོག་གི་ནམ་མཁའ། རྒྱང་བུ། ཤིང་རིས། མདའ་འཕང༌། ཕོ་གདོང༌། མོ་གདོང༌། རྒྱལ་མཚན་ནམ། དར་སྣ་ཚོགས་ཀྱི་བ་དན་རྣམས་རབ་ཉེར་གཅིག་འབྲིང་བཅུ་གསུམ། ཐ་མ་བདུན་རེ་བཙུག་པའི་སྟེང་དུ་འབྱོར་ན། འགེབ་ནས་ནོར་བུའི་བར་གྱི་ནམ་མཁའ་དང༌། གཏོར་མ་སོ་སོའི་སྐུ་ཙཀ་ལ་རྒྱབ་ཏུ་སྔགས་བྱང་ངམ་ས་བོན། ཕྱག་མཚན་བཅས་བྲིས་པའང་བཙུག །མདུན་དུ་ཞི་དྲག་གི་ཉེར་སྤྱོད། ཇ་ཆང༌། འོ་མ་རྣམས་ཀྱི་ཕུད་སྐྱེམས། བདུག་སྤོས། ཕྱེ་མར། ཞི་བའི་རྫས་དུག་རིགས་མིན་པའི་སྨན་སྣ་གཙོ་བོར་བྱས་པ་དང༌། རྒྱས་པའི་རྫས་རིན་ཆེན་དང༌། འབྲུ་སྣ། ཟས་སྣ། དར་ཟབ་རྣམས། དབང་གི་རྫས་མེ་ཏོག་དམར་པོ་དང༌། ཆང་གླུམ། ལན་ཚྭ། ལི་ཁྲིའམ། སིནྡྷཱུ་ར་རྣམས། དྲག་པོའི་རྫས། ཤ་ཁྲག་རུས་ཕྱེ། ལྕགས་ཟངས་ཀྱི་ཕྱེ། དུག་རིགས་རྣམས། མཆོག་གི་ལས་ལ་བདུད་རྩི་ཆེན་པོ་གཙོ་བོར་བྱས་པ་ལ། འབྲུ་སྨན། དར་ཟབ། ཟས་ཕུད་ཀྱིས་བུངས་བསྐྱེད་པ་རྣམས་སོ་སོར་ལས་མཐུན་གྱི་སྣོད་དམ། གས་ཆགས་མེད་པའི་སྡེར་གཙང་དུ་བླུག་པ་ལ་སོགས་པ་ཉེར་མཁོའི་ཡོ་བྱད་རྣམས་བཀོད་པར་བྱའོ། །གཉིས་པ་དངོས་གཞི་ནི། མཁའ་འགྲོ་ཆེན་མོའི་གཞུང་མཆོད་སྐོང་རྣམས་ཡོངས་རྫོགས་བཏང་ཞིང༌། མར་མེའི་སྐོང་བ་གྲུབ་པ་དང༌། རྃ་ཡྃ་ཁྃ་གིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡོངས་རྫོགས་མདོས། །ངོ་བོ་ཡེ་ཤེས་བདུད་རྩི་ལ། །རྣམ་པ་སོ་སོའི་མཚན་ཉིད་རྫོགས། །བྱེད་ལས་སྣ་ཚོགས་དགྱེས་སྐོང་གྱུར། ཨོཾ་ཨཱཿཧཱུྃ་དང༌། ནམ་མཁའ་མཛོད་ཀྱི་སྔགས་ལན་གསུམ་རེས་བྱིན་གྱིས་བརླབ། ཨོཾ་བཛྲ་སྥ་ར་ཎ་ཁཾ་གིས་མཁའ་ཁྱབ་ཏུ་སྦར་ལ། ཧཱུྃ། སྐྱེ་མེད་དབྱིངས་ཀྱི་མཁའ་ཀློང་དུ། །རིག་པ་རྡོ་རྗེའི་ཞིང་ཁམས་རྫོགས། །དེ་དབུས་རྡོ་རྗེ་ཁྲོས་མ་ནག །རིགས་བཞིའི་དཔའ་བོ་ཡབ་ཡུམ་དང༌། །ལས་དང་དམ་ཚིག་དྷཱ་ཀི་ནི། །འབུམ་ཕྲག་མཁའ་འགྲོའི་ཚོགས་དང་བཅས། །བདེ་ཆེན་ཡེ་ཤེས་རྩལ་རྫོགས་པའི། །དགྱེས་པ་ཆེན་པོའི་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་གཉིས་མེད་གྱུར། །སྤྱན་འདྲེན་མཆོད་བསྟོད་སོགས་བྱས་མཐར། མདོས་འབུལ་བ་ནི། ཧཱུྃ། ང་ནི་རྡོ་རྗེ་ཁྲོས་མ་སྟེ། །ཡེ་ཤེས་ཆེན་པོའི་སྲོག་དང་ལྡན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གསལ། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །མ་སྲིང་མཁའ་འགྲོའི་ཚོགས་ཀྱི་བདག །འཁོར་འདས་སྟོང་སྲོག་དབང་དུ་འདུས། །དེ་ཕྱིར་རང་རིག་བདེ་ཆེན་ངང༌། །མཁའ་ཀློང་དབྱིངས་གསུམ་རོ་གཅིག་པས། །ཀུན་འབྱུང་ཐུགས་རྗེ་སྒྱུ་མའི་རྩལ། །ཕྱི་ནང་གཞན་གསུམ་འཁོར་ལོར་ཤར། །མ་སྲིང་མཁའ་འགྲོ་ཁྱེད་རྣམས་ཀྱིས། །ཧེ་རུ་ཀ་ཡི་དམ་ཚིག་དགོངས། །ཐུགས་དམ་བསྐང་བའི་གནས་འདིར་གཤེགས། །ཁྱབ་གདལ་ཆེན་པོའི་ཟིལ་འོག་ཏུ། །འདུས་ལ་མཆོད་བཞེས་དམ་སྐོང་སྩོལ། བཛྲ་ཀྲོ་དྷཱི་ཀཱ་ལཱི་སརྦ་ཌཱ་ཀི་ནཱི་རུ་ལུ་རུ་ལུ་སརྦ་ས་མ་ཡ་ཨེ་ཨཱ་རལླཱི་ཧྲཱིཾ་ཧྲཱིཾ་ཛཿཛཿ ཞེས་བཀུག་ཏིང་འཛིན་རྩེ་གཅིག་པས། ངག་གིས་གྱེར་ཞིང་དོན་ལ་བསྒོམ། སྨེང་གིས་བཀྲོལ་ཞིང་ཕྲིན་ལས་གསོལ། ཧཱུྃཿ དང་པོ་ཅིར་ཡང་མ་སྲིད་པ༔ ཆོས་ཉིད་གདལ་བ་ཆེན་པོ་ལས༔ རང་བྱུང་ལྷུན་གྲུབ་འོད་ལྔ་ཤར༔ དེ་ལ་གཟུང་འཛིན་མཐུ་བརྟས་པས༔ སྣོད་དང་བཅུད་ཀྱི་དངོས་པོར་ཤར༔ བཀོད་པ་ཚད་མེད་སྒྱུ་འཕྲུལ་སྤྲིན༔ ཅིར་ཡང་འཆར་ཞིང་འབྱུང་བ་ཉིད༔ རྟེན་འབྲེལ་རྫས་ཀྱི་དངོས་པོར་བཤམས༔ ཏིང་འཛིན་ཟབ་མོའི་གདིང་བསྐྱེད་དེ༔ སྔགས་ཀྱི་མཐུ་ཡིས་རྒྱས་པར་སྤེལ༔ ཕྱག་རྒྱས་འདོད་རྒུར་བསྒྱུར་དང་བཅས༔ མཆོད་ཡུལ་རྣམས་ཀྱི་ཐུགས་དམ་བསྐང་༔ ལས་ཀྱི་བརྔན་པ་ཡོངས་སུ་སྦྱིན༔ འཇིག་རྟེན་པ་རྣམས་ཐམས་ཅད་ལ༔ སྲིད་པར་ཁྱབ་པའི་འདོད་ཡོན་བསྔོ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ རྩ་རླུང་ཐིག་ལེའི་ཉམས་ཆག་གསོས༔ ཞི་རྒྱས་དབང་དྲག་མངོན་སྤྱོད་ཀྱི༔ ལས་ཀྱི་འབྲས་བུ་མཆིས་པར་མཛོད༔ ཧཱུྃ༔ རང་བཞིན་དབྱིངས་ལས་མ་གཡོས་ཀྱང་༔ གང་འདུལ་ཐབས་ཀྱི་སྐུར་སྟོན་པ༔ རྡོ་རྗེ་ཕག་མོ་ཁྲོས་མ་ནག༔ ལྷན་སྐྱེས་རིགས་བཞིའི་དྷཱ་ཀི་ནཱི༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ ཕྲ་མེན་དམ་ཚིག་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་ཚོགས་དང་བཅས༔ ཐུགས་དམ་བསྐང་བའི་དམ་ཚིག་རྫས༔ སྣོད་ནི་འབྱུང་བ་ཡུམ་གྱི་མཁར༔ རི་རབ་གླིང་བཞི་གླིང་ཕྲན་བཅས༔ ལྕགས་རི་མུ་ཁྱུད་མཛེས་པས་བསྐོར༔ སྟོང་གསུམ་གཅིག་ལ་ཆགས་ཚུལ་དྲུག༔ སྤྲུལ་པ་སྐུ་ཡི་ཞིང་ཁམས་ནི༔ རྡུལ་གཅིག་སྟེང་ན་རྡུལ་སྙེད་གྲངས༔ ཕྱི་ནང་ཉེ་བར་སྤྱོད་པ་དང་༔ འདོད་རྒུའི་ལོངས་སྤྱོད་སྤྲིན་བཞིན་འཐིབས༔ ཕོ་གདོང་ཐབས་ཀྱི་ཕྱག་རྒྱ་ནི༔ རྔམས་པའི་གཟི་བརྗིད་ལམས་སེ་ལམ༔ མོ་གདོང་ཤེས་རབ་ཡུམ་གྱི་གཟུགས༔ སྒེག་ཆགས་དགྱེས་པའི་འཛུམ་མདངས་བཞད༔ ནམ་མཁའ་ཐབས་ཤེས་གཉིས་སུ་མེད༔ འོད་ལྔ་ཐགས་སུ་བཏགས་པའི་གཟུགས༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ གཅིག་ཉིད་དུ་མར་འཆར་བའི་ཚུལ༔ མདའ་བཀྲ་རིག་གདངས་རྣོ་བའི་མཚོན༔ སྲིད་ཞི་ཀུན་ཏུ་ཐལ་འབྱིན་འབིགས༔ འཕང་བཀྲ་ཉིད་དབྱིངས་འཁྱིལ་བ་ཆེ༔ འཁོར་དང་འདས་པའི་སྲོག་ཏུ་བསྐོར༔ རྒྱང་བུ་དབྱིངས་རིག་ཟུང་དུ་འཇུག༔ ལྷུན་གྲུབ་འོད་ཀྱི་དྲྭ་བ་འཛིན༔ ཁྱད་པར་རྨད་དུ་བྱུང་བ་ཡི༔ དཔལ་གྱི་གཏོར་མ་བརྗིད་དང་ལྡན༔ འཆི་མེད་བདུད་རྩི་རྟག་པའི་ཆུ༔ ཉོན་མོངས་གདུང་བ་སེལ་བའི་བཅུད༔ དམར་ཆེན་རཀྟ་རྦ་ཀློང་འཁྲུགས༔ འབར་དང་ཆགས་པའི་བརྟུལ་ཞུགས་རྫོགས༔ དམ་ཚིག་གསང་བའི་དངོས་གྲུབ་བམ༔ བླ་མེད་བཅུད་ཀྱི་ཐིག་ལེར་འཁྱིལ༔ བྱེ་བྲག་རྣམ་དག་ཡུམ་ལྔའི་མཁའ༔ དྲི་མེད་ཤེལ་གྱི་བུམ་པ་ནས༔ ཞི་བྱེད་བདུད་རྩིའི་ཆར་རྒྱུན་འབེབས༔ རིན་ཆེན་ཕུང་པོའི་མཆོད་སྡོང་ལས༔ རྒྱས་བྱེད་འོད་ཟེར་སྤྲིན་ཕུང་གཏིབས༔ དབང་བྱེད་མེ་ཡི་དཀྱིལ་འཁོར་དུ༔ སྲིད་ཞིའི་སྙིང་པོ་འོད་ཀྱིས་འགུགས༔ ལས་བྱེད་རླུང་གི་འོད་ཟེར་འཁྱིལ༔ རྒྱལ་བ་མཆོད་ཅིང་འབྱུང་པོ་བརླག༔ མཆོག་གི་འོད་གསལ་ཀོང་བུ་རུ༔ རང་བྱུང་ཡེ་ཤེས་སྒྲོན་མེ་སྤར༔ མཁའ་འགྲོའི་དགྱེས་མཆོད་བླ་ན་མེད༔ ཐུགས་དང་ཡོངས་སུ་བསྐང་བའི་རྫས༔ བླ་མེད་དམ་ཚིག་མདོས་སུ་བཤམས༔ ཐུན་རྫས་ནད་མཚོན་དུག་གི་དངོས༔ དྲག་ཤུལ་ཆེན་པོའི་ཆོ་འཕྲུལ་གཡོ༔ མདོར་ན་སྲིད་དང་ཞི་བའི་ཁམས༔ ཇི་ལྟར་སྣང་ཞིང་གྲུབ་པ་ཡི༔ སྤྱན་གཟིགས་དཀོར་ཆ་བསམ་མི་ཁྱབ༔ ཐུགས་དམ་བསྐང་བའི་རྫས་སུ་འབུལ༔ བསྐང་ངོ་མཆོད་དོ་དགྱེས་པར་བཞེས༔ རྡོ་རྗེའི་སྐུ་གསུང་ཐུགས་མཆོག་དང་༔ རྩ་བ་ཡན་ལག་དམ་ཚིག་ལས༔ ཆགས་ཉམས་འགལ་དང་རལ་བ་དང་༔ ཉམས་དང་འདྲེས་ཤིང་བསྐང་བ་སོགས༔ འཕྲལ་དང་ཡུན་གྱི་སྒྲིབ་པ་ཀུན༔ གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩོལ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ དབྱིངས་ཀྱི་དགོངས་པ་མ་གཡེལ་ཞིག༔ འཇིག་རྟེན་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་འཇུག་པ་མ་བཏང་ཞིག༔ ལས་ཀྱི་མཁའ་འགྲོའི་ལྷ་ཚོགས་རྣམས༔ ཁྲོས་འཁྲུགས་རྣམ་རྟོག་མ་མཛད་ཅིག༔ ཉམས་ཆགས་ཐམས་ཅད་དབྱིངས་སུ་བསྐང་༔ རྟོག་སྒྲིབ་བག་ཆགས་དབྱིངས་སུ་གྲོལ༔ གཟུང་འཛིན་ལས་འདས་འོད་གསལ་ངང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ བདག་ཅག་སྤྱོད་པ་གཡེལ་བ་དང་༔ དུས་ངན་སེམས་ཅན་འཁྲུལ་པ་ཡིས༔ ཐུགས་དང་འགལ་བའི་ལས་བགྱིས་པ༔ སྙིང་ནས་བཤགས་སོ་ཚངས་པར་སྩོལ༔ ཐུགས་རྗེ་ཁྲོས་པ་ཞི་བར་མཛོད༔ དམ་དང་འགལ་བ་བཟོད་པར་བཞེས༔ ཁོང་ནས་འཁྲུགས་པ་དབྱིངས་སུ་སྟིམས༔ རྔམས་པའི་བརྟུལ་ཞུགས་བགེགས་ལ་ཕོབ༔ ཁྱད་པར་ཉོན་མོངས་དུག་ལྔ་དང་༔ འབྱུང་བ་རྣམས་ལས་གྱུར་པ་ཡི༔ མཁའ་འགྲོ་འཁྲུགས་པའི་རྒྱུ་རྐྱེན་དང་༔ འབྲས་བུ་མི་འདོད་ཉེར་འཚེའི་ཚོགས༔ རྩ་རླུང་ཐིག་ལེའི་ཆོ་འཕྲུལ་ལས༔ འབྱུང་བཞི་འཁྲུགས་པའི་བར་ཆད་སོལ༔ བརྟན་གཡོའི་རྟེན་འབྲེལ་ལོག་པ་སྦྱོངས༔ ནད་གདོན་བགེགས་ཀྱི་འཚུབས་འགྱུར་ཆོད༔ རྨི་ལམ་རྟགས་མཚན་ངན་པ་ཟློག༔ བརྒྱད་གཉིས་འཇིགས་པ་ཞི་བ་དང་༔ ཕུན་ཚོགས་ལྔ་དང་འབྱོར་པ་དྲུག༔ བསྟན་པ་ཆོས་སྲིད་མངའ་ཐང་དང་༔ ཡེ་ཤེས་ཡོན་ཏན་བསོད་ནམས་རྒྱས༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་དང་༔ མཁས་བཙུན་དགེ་འདུན་བུ་སློབ་ཚོགས༔ ཐིག་རླུང་སེམས་སྣང་ཡེ་ཤེས་མཆོག༔ རྩ་གསུམ་བྱིན་རླབས་དབང་དུ་སྡུས༔ ལྟ་ལོག་ཀླ་ཀློ་དམ་སྲིའི་སྡེ༔ བྱད་ཕུར་རྦོད་གཏོང་གདོན་རིགས་གསུམ༔ ཞིང་བཅུ་དྲག་ཤུལ་སྟོབས་ཀྱིས་ཆོམས༔ ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་ནས༔ ཞུ་བདེ་མི་རྟོགས་ཡེ་ཤེས་བསྐྱེད༔ ཀ་དག་སྟོང་གསལ་རྡོ་རྗེའི་སྦུབས༔ འཕོ་ཆེན་མཆོག་གི་དངོས་གྲུབ་སྩོལ༔ རྣལ་འབྱོར་བུ་བཞིན་རྟག་ཏུ་སྐྱོངས༔ ལས་ཀྱི་འབྲས་བུ་མྱུར་དུ་སྩོལ༔ །སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་སརྦ་ཛྙཱ་ན་ཌཱ་ཀི་ནཱི་མ་ཧཱ་སུ་ཁ་ར་ས༔ ཡོ་ནི་ཀཿཨུཏྤནྣ་མཎྜ་ལ་པཱུ་ཛ་ས་མ་ཡ་ཧོཿ །ཞེས་དང༌། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་གཟུང་འཛིན་བག་ཆགས་ལས་གྱུར་པའི་ཉེས་ལྟུང་གི་ཕྱོགས་ཐམས་ཅད་ནཱ་ཌ་ཀི་བི་ཤུདྡྷེ་ཤྭ་དྷ་ཡ་སྭཱ་ཧཱ། བདེ་བ་ཆེན་པོ་མཆོག་གི་ཡེ་ཤེས་ཐམས་ཅད་ནཱ་ཌཱ་ཀི་བྷནྡྷ་ནི་ཀུ་རུ་ཨོཾ། །ཞེས་སྤེལ་ཚིག་སྦྱར་བ་བཟླ། དེ་བཞིན་དུ་དམིགས་གསལ་ཞི་བ་ལ་ཞི་རྫས་མདོས་སུ་འབུལ་ཞིང༌། སརྦ་པཱ་པཾ་དུ་ཁ་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། །ཞེས་དང༌། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་གཟུང་འཛིན་འཁྲུལ་རྟོག་ལས་གྱུར་པའི་ནད་གདོན་སྡིག་སྒྲིབ་བར་དུ་གཅོད་པའི་ཚོགས་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། རྒྱས་པའི་ལས་ལ་རྒྱས་པའི་རྫས་མདོས་སུ་འབུལ་ཞིང༌། སརྦ་ཨཱ་ཡུར་པུཎྱེ་བརྡྷ་ནཾ་པུཥྟིཾ་ཀུ་རུ་ཨོཾ། ཞེས་དང༌། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཡེ་ཤེས་ཀྱི་སྣང་བ་ལས་གྱུར་པའི་ལེགས་པའི་དཔལ་འབྱོར་ཚེ་དང་བསོད་ནམས་བསྟན་པ་ཆོས་རྒྱུད་དང་བཅས་པ་པུཥྟིཾ་ཀུ་རུ་བྷྲཱུྃ། དབང་གི་དོན་ལ་དབང་གི་རྫས་མདོས་སུ་འབུལ་ཞིང༌། སརྦ་ཛྙཱ་ན་ལོ་ཀ་ཝཱ་ཤཾ་མཱ་ན་ཡ་ཨོཾ། ཞེས་དང༌། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་ཡུལ་སྣང་རྟོག་ཚོགས་ཁམས་གསུམ་བརྟན་གཡོ་རྩ་བ་གསུམ་གྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་བཱ་ཤཾ་ཀུ་རུ་ཧོཿ དྲག་པོར་དྲག་པོའི་རྫས་མདོས་སུ་འབུལ་ཞིང༌། སརྦ་ཤ་ཏྲཱུྃ་བིགྷྣན་ཏ་ཀ་ཧཱ་ན་ད་ཧ་པ་ཙ་ཕཊ༔ ཅེས་དང༌། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་གཟུང་འཛིན་སྣང་བ་ལོག་པའི་རྟོག་འཁྲུལ་དགྲ་གདོན་བྱད་ཕུར་རྦོད་གཏོང་ཐམས་ཅད་མཱ་ར་ཡ་བྷྱོ་ཟློག །མཆོག་གི་དངོས་གྲུབ་ཀྱི་དོན་དུ་མཆོག་གི་རྫས་མདོས་སུ་འབུལ་ཞིང༌། སརྦ་མ་ཧཱ་སུ་ཁ་ཛྙཱ་ན་ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ༔ ཞེས་དང༌། བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་བདེ་སྟོང་ལྷུན་གྲུབ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མཆོག་གི་སྐལ་བ་བདེ་བར་གཤེགས་པ་རྣམས་ལ་ཅི་མངའ་བ་ཐམས་ཅད་སིདྡྷི་ཕ་ལ་ཨོཾ། ཞེས་ཕུལ་བས་ལས་སོ་སོ་ལ་བསླབ་ཅིང་མཁའ་འགྲོའི་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་མཆོག་གི་དངོས་གྲུབ་གཙོ་བོར་གྱུར་པའི་ཕྲིན་ལས་རབ་འབྱམས་ཡིད་བཞིན་ཏུ་འགྲུབ་པར་འགྱུར་རོ། །དེ་རྣམས་ཀྱི་ཏིང་འཛིན་ནི། སྣོད་བཅུད་མདོས་ཀྱི་མཆོད་རྫས་རྣམས། །ཧེ་རུ་ཀ་ཡི་ཏིང་འཛིན་འཕྲུལ། །བསམ་ཡས་བདེ་ཆེན་མཆོད་པའི་སྤྲིན། །ཀུན་བཟང་ཞིང་གི་མཁའ་ལ་ཁྱབ། །རྒྱལ་བ་རྩ་གསུམ་ཆོས་སྐྱོང་དང༌། །ཁྱད་པར་མཁའ་འགྲོའི་དཀྱིལ་འཁོར་འདིར། །དབང་པོའི་ལོངས་སྤྱོད་དགྱེས་རྒུར་ཚིམས། །ཕྲིན་ལས་གང་འདོད་ཡིད་བཞིན་མཛད། །བདེ་ཆེན་དངོས་གྲུབ་ཡེ་ཤེས་ཀྱི། །སྙིང་པོའི་དྭངས་མ་བྱང་ཆུབ་སེམས། །མཁའ་ཀློང་སྐུ་ཡི་དབྱིངས་ནས་བབས། །བདག་ཐིམ་བྱིན་དབང་དངོས་གྲུབ་ཐོབ། །སྣོད་བཅུད་ཡེ་ཤེས་འཁོར་ལོར་རྫོགས། །ཕྲིན་ལས་རྒྱ་མཚོ་ལྷུན་གྲུབ་བསམ། །སྤྲོ་ན་མཁའ་འགྲོའི་སྨྲེ་བཤགས་ཀྱང་བྱའོ། །སླར་མཆོད་བསྟོད་བྱས་མཐར། མཁའ་འགྲོ་མའི་དཀྱིལ་འཁོར་གཉིས་པ་ཆད། བདག་གི་སྤྱི་བོར་བྱོན། སྙིང་གར་ཐིམ་པས་ཆུ་ལ་ཆུ་ཐིམ་པ་ལྟར་ལྷ་དང་བདག་གཉིས་མེད་བདེ་ཆེན་དགོངས་པའི་བྱིན་དབང་ཐོབ་པར་བསམས་ལ། མདོས་དཀྱིལ་སྤྱི་བོར་བཞག་ཅིང་ཡིག་བརྒྱ་བཟླས་པས། དེ་ལས་བདུད་རྩིའི་ཆུ་རྒྱུན་བྱུང༌། རང་གི་སྤྱི་བོ་ནས་ཞུགས་པས་གཟུང་བ་དང༌། འཛིན་པའི་བག་ཆགས་ལས་བྱུང་བའི་སྡིག་ལྟུང་ཉམས་ཆག་ཐམས་ཅད་ལྷག་མེད་དུ་བྱང་ནས། ཕྲིན་ལས་རྒྱ་མཚོ་སྒྲུབ་ཅིང་འོད་གསལ་ཡེ་ཤེས་མངོན་དུ་བྱས་པར་བསམས་ལ། ཨོཾ་བྃ་བཛྲ་བྷཱ་རཱ་ཧཱི་ཀྲོ་དྷི་ཀཱ་ལི་ཧ་རི་ནི་ས་ཨ་བེ་ཤ་ཡ་ར་སཿཡོ་ནི་ཀཿཨུཏྤནྣ་མཎྜ་ལཱ་ཀཱ་ཡ་སརྦ་ཛྙཱ་ན་བཛྲ་ས་མ་ཡ་སིདྡྷི་སིདྡྷི་ཧཱུྃ། རྗེས་རིམ་ནི། ལྷ་རང་ལ་བསྟིམ་པས་མཆོད་སྐོང་རྣམས་དཀྱུས་གཅིག་ཏུ་བྱེད་པ་དང༌། དབང་གི་སྐབས་སུ་འང་འཐུས་པར་སེམས། དམིགས་གསལ་འབུལ་བར་སྤྲོ་ན། སྨྲེ་བཤགས་ནས་བཟུང༌། བསྟོད་བསྐུལ་མཐའ་བར་རྫོགས་པར་བཏང༌། མཐར། མདོས་དཀྱིལ་དམ་ཡེ་དབྱེར་མེད་ཀྱི་འཁོར་ལོ་འོད་ཀྱི་གོང་བུར་གྱུར་པ་རང་གི་སྙིང་གར་བསྡུས། མཚན་མའི་མདོས་གཏོར་མཁའ་ཁྱབ་ཀྱི་མཆོད་སྤྲིན་འོད་ཟེར་འབར་བར་བསམས་ལ། འབྲུ་གསུམ་བརྗོད་པས་བྱིན་གྱིས་བརླབས། ཧཱུྃ། ཀུན་གཞི་མཁའ་ཀློང་འཁྱིལ་པའི་ཞིང༌། །ལྷུན་འབྱམས་ཁྱབ་གདལ་དཀྱིལ་འཁོར་ལ། །ལྷ་བདག་གཉིས་སུ་བྱར་མེད་ཀྱང༌། །མ་འགགས་ཐུགས་རྗེ་གཡོས་པའི་རྩལ། །མཁའ་འགྲོ་རྒྱ་མཚོའི་མཎྜ་ལ། །མཆོད་སྐོང་བརྔན་པའི་ཆོ་ག་རྫོགས། །མདོས་གཏོར་རྒྱན་མཆོད་ནམ་མཁའི་མཛོད། །ཅི་འདོད་འབྱུང་བའི་ཡིད་བཞིན་ནོར། །འདོད་པའི་ཡོན་ཏན་ཐམས་ཅད་ལྡན། །ཐུགས་དང་དགྱེས་པར་སྐོང་བའི་ཕུལ། །བསྔོའོ་མཆོད་དོ་འབུལ་ལོ་བཞེས། །སྒོ་མ་རྣམས་ཀྱིས་སྒོ་ཕྱེས་ལ། །མཚམས་མ་རྣམས་ཀྱིས་མཚམས་སོལ་ཅིག །ལས་དང་འཇིག་རྟེན་མཁའ་འགྲོ་རྣམས། །གནམ་ས་བར་སྣང་ཆུ་བོའི་ལམ། །རྟ་རུ་ཆིབས་ལ་རང་གནས་གཤེགས། །བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ཁྲམ་ཁ་ཕྱིས་ལ་ནད་ཁ་ཆོད། །སུན་མ་སྡུས་ལ་རྦོད་གཏོང་ཟློག །ཆག་ཆེ་ཉམས་ང་དགྲ་ལ་ཐོངས༌། །ཁྲོས་འཁྲུགས་དྲག་ཤུལ་བགེགས་ལ་མཛོད། །བསྟན་འགྲོར་འཚེ་བའི་དགྲ་བགེགས་རྣམས། །རྗེས་ཤུལ་མེད་པར་རྡུལ་དུ་རློག །རྣལ་འབྱོར་འཁོར་བཅས་བཀྲ་ཤིས་ཤིང༌། །བསམ་རྒུ་འགྲུབ་ཅིང་འདོད་རྒུ་འཇོ། །མཐར་ཐུག་མི་ཕྱེད་སྐུ་གསུང་ཐུགས། །རྡོ་རྗེ་བཙུན་མོའི་གནས་ཐོབ་པའི། །མཆོག་ཐུན་ལས་ཀྱི་དངོས་གྲུབ་སྩོལ། །ཞེས་བརྗོད་ཅིང་མདོས་གཏོར་ཡང་སྟེང་ངམ། །མཁའ་འགྲོ་འདུ་བའི་གནས་སུ་གཤེགས། །བརྟན་མ་བསྐྱང་བ་ཕྱིན་རྗེས་ཀྱི་བྱ་བ་རྣམས་མཆོད་སྐོང་ཕྲིན་ལས་ཀྱི་རིམ་པ་བཞིན་མཐར་དབྱུང་བས་གྲུབ་བོ། །ཡང་མཁའ་འགྲོ་གང་ཡང་རུང་བའི་ཕྲིན་ལས་ལ་སྦྱར་བར་འདོད་ན། སྤྱན་འདྲེན་མཆོད་བསྟོད་ཙམ་སོ་སོའི་གཞུང་བཞིན་སྦྱོར་ཞིང༌། དབང་ལེན་པ་མཁའ་འགྲོ་གསང་འདུས་ཀྱི་སྒེར་ཆོས་ཡིན་པས། གཞན་ལ་སྦྱོར་མི་དགོས་ཤིང༌། སྦྱར་ནའང་ཉེས་པར་འགྱུར་བ་ནི་མེད་སྙམ་མོ། །བདེ་སྟོང་ཡུམ་གྱི་མཁའ་ཀློང་དུ། །སྲིད་པ་ཞི་ལ་མདོས་ཤིང་དག །སྣ་ཚོགས་ཕྲིན་ལས་ཉི་མའི་གཟིས། །དོན་གཉིས་འགྲུབ་པའི་ཆོ་གའོ། །ཞེས་པའང་ཉེར་མཁོའི་ཆེད། བདེ་གླིང་ཀློང་གསལ་མཁའ་འགྲོའི་སྤྱི་མདོས་སོགས་ཀྱི་དོན་བསྡུས། འདོན་ཆ་ཕལ་ཆེར་གཏེར་ཁ་རང་མཐུན་གྱི་གཏེར་གཞུང་ཁག་ནས་བཏུས་ཤིང༌། བསྒྱུར་ཁ་ཕྲན་བུས་བརྒྱན་ནས་མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་མཆོད་སྐོང་རྣམས་ཀྱི་འགྲོས་བསྟུན་ཏེ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཉི་ཟླ་ཟུང་གི་འབངས་ཐ། རང་བྱུང་མཁའ་ཁྱབ་བདེ་བའི་རྡོ་རྗེར་འབོད་པའི་བན་སྔགས་ཧྲལ་པོས་བྲིས་པས་ཉེས་ཚོགས་མ་སྲིང་མཁའ་འགྲོར་བཤགས་ཤིང་དགེ་བས་འབྲེལ་ཚད་དོན་ལྡན་དུ་གྱུར་ཅིག །ཨོཾ་སྭ་སྟི། །བླ་མེད་རྒྱུད་སྡེ་རྒྱ་མཚོའི་ཡང་སྙིང་བཅུད། །ཨོ་རྒྱན་སློབ་དཔོན་ཆེན་པོའི་དགོངས་པའི་མཐིལ། །དབྱིངས་ཕྱུག་ཌཱ་ཀིའི་གཙོ་མོ་མཚོ་རྒྱལ་རྗེར། །གདམས་པ་མཁའ་འགྲོའི་གསང་མཛོད་ཆེན་པོར་སྦས། ༡ །སླར་ཡང་བདེ་ཆེན་སྒྱུ་མའི་གར་བསྒྱུར་བ། །པདྨ་མཚོ་སྐྱིད་སྔོན་སྨོན་དུས་སུ་སད། །ཟབ་གཏེར་སྒོ་ཕྱེས་གསང་བའི་ཉམས་བཞེས་ཀྱི། །མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གྲོང་དུ་གཤེགས། ༢ །སྙིགས་མ་རྩོད་ལྡན་དུས་ཀྱི་ཐ་མ་འདིར། །བཀའ་བབ་བདུན་ལྡན་རྡོ་རྗེ་གཟི་བརྗིད་ལ། །ཡེ་ཤེས་མཁའ་འགྲོའི་གཏེར་དཔེ་དངོས་སུ་ཕུལ། །བརྡའ་བསྒྱུར་མཛད་ནས་ཆོས་ཀྱི་བདག་པོར་བཏད། ༣ །གསང་བ་ཀུན་འདུས་གྲུབ་གཉིས་གཏེར་གྱི་མཛོད། །རྩ་བའི་གཞུང་དང་ཁ་སྐོངས་གསལ་བྱེད་བཅས། །ཡོངས་རྫོགས་གླེགས་བམ་ཆོས་སྦྱིན་འཕྲུལ་གྱིས་སྒོ། །ཚེ་དབང་དཔལ་གྱིས་འབྱོར་པས་བསྐྲུན་པ་དང༌། ༤ །ལག་གི་འདུ་བྱེད་ཆོས་འཕེལ་དད་བརྩོན་གྱིས། །གུས་པས་བསྒྲུབ་པའི་དགེ་འདིས་རིགས་ཀུན་བདག །མཁྱེན་བརྩེའི་དབང་པོའི་ཟབ་དགོངས་ཡོངས་སུ་རྫོགས། །ཕ་མ་སྤུན་ཟླ་གཙོར་བྱས་མཁའ་ཁྱབ་ཀྱི། ༥ །འགྲོ་རྣམས་ལས་ཉོན་སྡིག་སྒྲིབ་དྲི་མ་རྣམས། །ལྷན་སྐྱེས་བདེ་ཆེན་རྡོ་རྗེ་རྣལ་འབྱོར་མའི། །གསང་གསུམ་བྱིན་བརླབས་བདུད་རྩིས་འཁྱུད་པ་དང༌། །མཁའ་སྤྱོད་རྡོ་རྗེའི་ཐེམ་སྐས་བསྒྲོད་གྱུར་ཅིག ༦ །ཀུན་མཁྱེན་ཐུབ་པའི་བསྟན་པ་རིན་པོ་ཆེ། །སྤྱི་དང་ཁྱད་པར་སྔ་འགྱུར་རྡོ་རྗེའི་ཐེག །བཀའ་གཏེར་བསྟན་པས་འཛམ་གླིང་ཡོངས་ལ་ཁྱབ། །དད་དང་དམ་ཚིག་རྣམ་པར་དག་པར་ཤོག ༧ །རིམ་གཉིས་འདུས་པས་ནོར་འཛིན་ཁྱབ་པ་དང༌། །དེ་ཡི་བྱིན་མཐུས་བསྟན་འགྲོའི་རྒུད་པ་ཞི། །བདེ་སྐྱིད་དགེ་ལེགས་རྫོགས་ལྡན་དཔལ་ཡོན་རྒྱས། །བཀྲ་ཤིས་སྣང་བས་འཇིག་རྟེན་ཀུན་ཁྱབ་ཤོག ༨ །བསྟན་འཛིན་སྐྱེས་རྣམས་ཞབས་པད་ཡུན་དུ་བརྟན། །བསྟན་པའི་སྦྱིན་བདག་ཚེ་བསོད་དཔལ་འབྱོར་རྒྱས། །བསྟན་ལ་གནོད་པའི་ལྷ་མིན་འབྱུང་པོ་བཅོམ། །བསྟན་པའི་རྒྱལ་མཚན་ཕྱོགས་ལས་རྣམ་རྒྱལ་ཤོག ༩ །བཀྲ་ཤིས་རྩ་གསུམ་བྱིན་བརླབས་སྤྲིན་ཕུང་འཁྲིགས། །བཀྲ་ཤིས་དངོས་གྲུབ་སྦྲང་ཆར་དལ་གྱིས་འབེབས། །བཀྲ་ཤིས་དགེ་ལེགས་ཞིང་སར་སྨིན་པ་དང༌། །བཀྲ་ཤིས་གཡུ་ལྗང་སྙེ་མ་རྒྱས་གྱུར་ཅིག ཅེས་པའང་དབོན་མཛོད་ཚེ་དབང་དཔལ་འབྱོར་གྱིས་བཤད་སྒྲུབ་གྱི་ཆུ་གཏེར་ཆེན་པོ་རྒྱལ་བསྟན་རིས་སུུ་མ་ཆད་པའི་འབྱུང་གནས་རྫོངས་སར་བཀྲ་ཤིས་ལྷ་རྩེའི་ཆོས་གྲར་སྤར་དུ་བཞེངས་སྐབས་གཏེར་ཆེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཕྲིན་ལས་མི་ཟད་པའི་གཏེར་མཛོད་ཀྱི་བྱེད་པོར་ཡིད་དམ་དུ་བཅའ་བ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྤར་བྱང་སྨོན་ཚིག་ཏུ་བྲིས་པས། འཇིག་རྟེན་གསུམ་ན་དགེ་ལེགས་ཀྱི་སྣང་བ་ཆེན་པོ་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བའི་རྒྱུར་གྱུར་པ་དང་ཆོས་ཚུལ་ཟབ་མོ་འདི་ཡི་ཕྲིན་ལས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཤིང་རྒྱས་ལ་ཡུན་དུ་གནས་པར་གྱུར་ཅིག སརྦ་དཱ་མངྒ་ལཾ།། །།

[edit]

@#/__/mkha' 'gro gsang ba kun 'dus las/__mkha' 'gro yongs rdzogs mchod cing thugs dam skong ba'i mdos kyi cho ga mkha' dbyings rol pa'i rgyan zhes bya ba bzhugs so// @#/___/na mo shrI dz+nyA nA DA ki ni gu ra we/__bde chen lhan skyes kun tu zhal/__/mkha' 'gro 'dus pa'i dkyil 'khor che/__/yongs rdzogs thugs dam bskang ba'i mdos/__/mkha' dbyings rol pa'i rgyan 'di bshad/__/de yang sbyor dngos rjes gsum las/__dang po sbyor ba ni/__rin po che'i snod du phye gtsang chang gis sbrus pa la ri rab bang rim bzhi dang bcas pa/__phyi rol lcags ri'i khor yug gis bskor ba'i lhun po'i dbus su dpal bshos zla gam pad 'dab dang*/__mtshams su mtheb kyu brtsigs pas brgyan pa'i phyogs bzhir rang 'dra bzhi rnams la lha mdog dang mthun pa'i nam mkha' re btsug__/mtshams bzhir shar lhor bum pa/__spyi tsam du lnga phrag lnga'i rdzas dang*/__bye brag pa dgos na rdo rje mkha' 'gro'i mchod skong gi skabs su gsungs pa'i rdzas rnams dang*/__dri bzang 'o chab kyis bkang ba kha rgyan can dang*/__lho nub tu sAts+tsha lnga'am/__gcig la tshon lnga so sor btang ba gzungs ldan/__nub byang du ting lo dmar por zhun mar gyi rdzas la bdud rtsi chos sman nam/__bye brag gi rdzas gong bzhin bsres pas bkang ba/__byang shar du snod gcig gi nang du spos lnga tshom bur bkod pa dang*/___rlung g.yab/__mtha' skor gyi shar du mar me/__lhor sman thod/__nub tu bam/__byang du rak+ta rnams lnga re las mi nyung ba phreng tshar du bkod/__de 'og bang rim dang po'i phyogs mtshams brgyad du dpal gtor brgyad/__de 'og gnyis pa la dmar gtor brgyad/__de 'og gsum pa la bkra shis rdzas rtags/__sna bdun/__phyag mtshan sogs dkor cha'i rigs/__de 'og bzhi pa la gzugs 'gros thams cad/__de 'og gi 'khor yug la bshos phran/__ngar mi/__zas sna/__sman 'bru/__rin chen/__dar ras/__snam phrug gcan gzan kun gyi ras ma sna tshogs/__mtha' bskor gyi lcags ri la phyogs mdog gi nam mkha'/__rgyang bu/__shing ris/__mda' 'phang*/__pho gdong*/__mo gdong*/__rgyal mtshan nam/__dar sna tshogs kyi ba dan rnams rab nyer gcig 'bring bcu gsum/__tha ma bdun re btsug pa'i steng du 'byor na/__'geb nas nor bu'i bar gyi nam mkha' dang*/__gtor ma so so'i sku tsaka la rgyab tu sngags byang ngam sa bon/__phyag mtshan bcas bris pa'ang btsug__/mdun du zhi drag gi nyer spyod/__ja chang*/__'o ma rnams kyi phud skyems/__bdug spos/__phye mar/__zhi ba'i rdzas dug rigs min pa'i sman sna gtso bor byas pa dang*/__rgyas pa'i rdzas rin chen dang*/__'bru sna/__zas sna/__dar zab rnams/__dbang gi rdzas me tog dmar po dang*/__chang glum/__lan tshwa/__li khri'am/__sin+d+hU ra rnams/__drag po'i rdzas/__sha khrag rus phye/__lcags zangs kyi phye/__dug rigs rnams/__mchog gi las la bdud rtsi chen po gtso bor byas pa la/__'bru sman/__dar zab/__zas phud kyis bungs bskyed pa rnams so sor las mthun gyi snod dam/___gas chags med pa'i sder gtsang du blug pa la sogs pa nyer mkho'i yo byad rnams bkod par bya'o/__/gnyis pa dngos gzhi ni/___mkha' 'gro chen mo'i gzhung mchod skong rnams yongs rdzogs btang zhing*/___mar me'i skong ba grub pa dang*/__ra~M ya~M kha~M gis bsang*/__swa b+hA was sbyang*/__stong pa'i ngang las yongs rdzogs mdos/__/ngo bo ye shes bdud rtsi la/__/rnam pa so so'i mtshan nyid rdzogs/__/byed las sna tshogs dgyes skong gyur/__oM AHhU~M dang*/___nam mkha' mdzod kyi sngags lan gsum res byin gyis brlab/__oM badz+ra s+pha ra Na khaM gis mkha' khyab tu sbar la/__hU~M/__skye med dbyings kyi mkha' klong du/__/rig pa rdo rje'i zhing khams rdzogs/__/de dbus rdo rje khros ma nag___/rigs bzhi'i dpa' bo yab yum dang*/__/las dang dam tshig d+hA ki ni/__/'bum phrag mkha' 'gro'i tshogs dang bcas/__/bde chen ye shes rtsal rdzogs pa'i/__/dgyes pa chen po'i 'od zer gyis/__/ye shes spyan drangs gnyis med gyur/__/spyan 'dren mchod bstod sogs byas mthar/__mdos 'bul ba ni/___hU~M/__nga ni rdo rje khros ma ste/__/ye shes chen po'i srog dang ldan/__/sku gsung thugs kyi dkyil 'khor gsal/__/ye shes las dang 'jig rten gyi/__/ma sring mkha' 'gro'i tshogs kyi bdag__/'khor 'das stong srog dbang du 'dus/___/de phyir rang rig bde chen ngang*/__/mkha' klong dbyings gsum ro gcig pas/__/kun 'byung thugs rje sgyu ma'i rtsal/__/phyi nang gzhan gsum 'khor lor shar/__/ma sring mkha' 'gro khyed rnams kyis/__/he ru ka yi dam tshig dgongs/__/thugs dam bskang ba'i gnas 'dir gshegs/__/khyab gdal chen po'i zil 'og tu/__/'dus la mchod bzhes dam skong stsol/__badz+ra kro d+hI kA lI sarba DA ki nI ru lu ru lu sarba sa ma ya e A ral+lI hrIM hrIM dzaHdzaH__zhes bkug ting 'dzin rtse gcig pas/__ngag gis gyer zhing don la bsgom/__smeng gis bkrol zhing phrin las gsol/__hU~MH__dang po cir yang ma srid pa:__chos nyid gdal ba chen po las:__rang byung lhun grub 'od lnga shar:__de la gzung 'dzin mthu brtas pas:__snod dang bcud kyi dngos por shar:__bkod pa tshad med sgyu 'phrul sprin:__cir yang 'char zhing 'byung ba nyid:__rten 'brel rdzas kyi dngos por bshams:__ting 'dzin zab mo'i gding bskyed de:__sngags kyi mthu yis rgyas par spel:__phyag rgyas 'dod rgur bsgyur dang bcas:__mchod yul rnams kyi thugs dam bskang :__las kyi brngan pa yongs su sbyin:__'jig rten pa rnams thams cad la:__srid par khyab pa'i 'dod yon bsngo:__phyi nang gsang ba'i bar chad sol:__rtsa rlung thig le'i nyams chag gsos:__zhi rgyas dbang drag mngon spyod kyi:__las kyi 'bras bu mchis par mdzod:__hU~M:__rang bzhin dbyings las ma g.yos kyang :__gang 'dul thabs kyi skur ston pa:__rdo rje phag mo khros ma nag:__lhan skyes rigs bzhi'i d+hA ki nI:__gnas gsum dpa' bo rnal 'byor ma:__phra men dam tshig mkha' 'gro ma:__'bum phrag yangs pa'i tshogs dang bcas:__thugs dam bskang ba'i dam tshig rdzas:__snod ni 'byung ba yum gyi mkhar:__ri rab gling bzhi gling phran bcas:__lcags ri mu khyud mdzes pas bskor:__stong gsum gcig la chags tshul drug:__sprul pa sku yi zhing khams ni:__rdul gcig steng na rdul snyed grangs:__phyi nang nye bar spyod pa dang :__'dod rgu'i longs spyod sprin bzhin 'thibs:__pho gdong thabs kyi phyag rgya ni:__rngams pa'i gzi brjid lams se lam:__mo gdong shes rab yum gyi gzugs:__sgeg chags dgyes pa'i 'dzum mdangs bzhad:__nam mkha' thabs shes gnyis su med:__'od lnga thags su btags pa'i gzugs:__ye shes rnam pa thams cad pa:__gcig nyid du mar 'char ba'i tshul:__mda' bkra rig gdangs rno ba'i mtshon:__srid zhi kun tu thal 'byin 'bigs:__'phang bkra nyid dbyings 'khyil ba che:__'khor dang 'das pa'i srog tu bskor:__rgyang bu dbyings rig zung du 'jug:__lhun grub 'od kyi drwa ba 'dzin:__khyad par rmad du byung ba yi:__dpal gyi gtor ma brjid dang ldan:__'chi med bdud rtsi rtag pa'i chu:__nyon mongs gdung ba sel ba'i bcud:__dmar chen rak+ta rba klong 'khrugs:__'bar dang chags pa'i brtul zhugs rdzogs:__dam tshig gsang ba'i dngos grub bam:__bla med bcud kyi thig ler 'khyil:__bye brag rnam dag yum lnga'i mkha':__dri med shel gyi bum pa nas:__zhi byed bdud rtsi'i char rgyun 'bebs:__rin chen phung po'i mchod sdong las:__rgyas byed 'od zer sprin phung gtibs:__dbang byed me yi dkyil 'khor du:__srid zhi'i snying po 'od kyis 'gugs:__las byed rlung gi 'od zer 'khyil:___rgyal ba mchod cing 'byung po brlag:__mchog gi 'od gsal kong bu ru:__rang byung ye shes sgron me spar:__mkha' 'gro'i dgyes mchod bla na med:__thugs dang yongs su bskang ba'i rdzas:__bla med dam tshig mdos su bshams:__thun rdzas nad mtshon dug gi dngos:__drag shul chen po'i cho 'phrul g.yo:__mdor na srid dang zhi ba'i khams:__ji ltar snang zhing grub pa yi:__spyan gzigs dkor cha bsam mi khyab:__thugs dam bskang ba'i rdzas su 'bul:__bskang ngo mchod do dgyes par bzhes:__rdo rje'i sku gsung thugs mchog dang :__rtsa ba yan lag dam tshig las:__chags nyams 'gal dang ral ba dang :__nyams dang 'dres shing bskang ba sogs:__'phral dang yun gyi sgrib pa kun:__gnong 'gyod drag pos mthol lo bshags:__tshangs pa mchog gi dngos grub stsol:__ye shes mkha' 'gro'i lha tshogs rnams:__dbyings kyi dgongs pa ma g.yel zhig:__'jig rten mkha' 'gro'i lha tshogs rnams:__thugs rje'i 'jug pa ma btang zhig:__las kyi mkha' 'gro'i lha tshogs rnams:__khros 'khrugs rnam rtog ma mdzad cig:__nyams chags thams cad dbyings su bskang :__rtog sgrib bag chags dbyings su grol:__gzung 'dzin las 'das 'od gsal ngang :__bskang gyur dbang dang dngos grub stsol:__bdag cag spyod pa g.yel ba dang :__dus ngan sems can 'khrul pa yis:__thugs dang 'gal ba'i las bgyis pa:__snying nas bshags so tshangs par stsol:__thugs rje khros pa zhi bar mdzod:__dam dang 'gal ba bzod par bzhes:__khong nas 'khrugs pa dbyings su stims:__rngams pa'i brtul zhugs bgegs la phob:__khyad par nyon mongs dug lnga dang :__'byung ba rnams las gyur pa yi:__mkha' 'gro 'khrugs pa'i rgyu rkyen dang :__'bras bu mi 'dod nyer 'tshe'i tshogs:__rtsa rlung thig le'i cho 'phrul las:__'byung bzhi 'khrugs pa'i bar chad sol:__brtan g.yo'i rten 'brel log pa sbyongs:__nad gdon bgegs kyi 'tshubs 'gyur chod:__rmi lam rtags mtshan ngan pa zlog:__brgyad gnyis 'jigs pa zhi ba dang :__phun tshogs lnga dang 'byor pa drug:__bstan pa chos srid mnga' thang dang :__ye shes yon tan bsod nams rgyas:__khams gsum snod bcud thams cad dang :__mkhas btsun dge 'dun bu slob tshogs:__thig rlung sems snang ye shes mchog:__rtsa gsum byin rlabs dbang du sdus:__lta log kla klo dam sri'i sde:__byad phur rbod gtong gdon rigs gsum:__zhing bcu drag shul stobs kyis choms:__nye rgyu'i spyod pa'i grogs mdzad nas:__zhu bde mi rtogs ye shes bskyed:__ka dag stong gsal rdo rje'i sbubs:__'pho chen mchog gi dngos grub stsol:__rnal 'byor bu bzhin rtag tu skyongs:__las kyi 'bras bu myur du stsol:__/sngags kyi mthar/__oM AHhU~M sarba dz+nyA na DA ki nI ma hA su kha ra sa:__yo ni kaHut+pan+na maN+Da la pU dza sa ma ya hoH__/zhes dang*/___rnal 'byor pa bdag cag dpon slob 'khor dang bcas pa'i gzung 'dzin bag chags las gyur pa'i nyes ltung gi phyogs thams cad nA Da ki bi shud+d+he shwa d+ha ya swA hA/__bde ba chen po mchog gi ye shes thams cad nA DA ki b+han+d+ha ni ku ru oM/__/zhes spel tshig sbyar ba bzla/__de bzhin du dmigs gsal zhi ba la zhi rdzas mdos su 'bul zhing*/__sarba pA paM du kha shIn+tiM ku ru swA hA/__/zhes dang*/__bdag cag dpon slob 'khor dang bcas pa'i gzung 'dzin 'khrul rtog las gyur pa'i nad gdon sdig sgrib bar du gcod pa'i tshogs thams cad shan+tiM ku ru swA hA/__rgyas pa'i las la rgyas pa'i rdzas mdos su 'bul zhing*/__sarba A yur puN+ye bar+d+ha naM puSh+tiM ku ru oM/__zhes dang*/__bdag cag dpon slob 'khor dang bcas pa'i ye shes kyi snang ba las gyur pa'i legs pa'i dpal 'byor tshe dang bsod nams bstan pa chos rgyud dang bcas pa puSh+tiM ku ru b+h+rU~M/__dbang gi don la dbang gi rdzas mdos su 'bul zhing*/__sarba dz+nyA na lo ka wA shaM mA na ya oM/__zhes dang*/__bdag cag dpon slob 'khor dang bcas pa la yul snang rtog tshogs khams gsum brtan g.yo rtsa ba gsum gyi byin rlabs dngos grub thams cad bA shaM ku ru hoH__drag por drag po'i rdzas mdos su 'bul zhing*/__sarba sha trU~M big+h+nan ta ka hA na da ha pa tsa phaT:__ces dang*/__bdag cag dpon slob 'khor dang bcas pa'i gzung 'dzin snang ba log pa'i rtog 'khrul dgra gdon byad phur rbod gtong thams cad mA ra ya b+h+yo zlog__/mchog gi dngos grub kyi don du mchog gi rdzas mdos su 'bul zhing*/__sarba ma hA su kha dz+nyA na e A ral+li hrIM hrIM pheM pheM:__zhes dang*/__bdag cag dpon slob 'khor dang bcas pa la bde stong lhun grub phyag rgya chen po'i dngos grub mchog gi skal ba bde bar gshegs pa rnams la ci mnga' ba thams cad sid+d+hi pha la oM/__zhes phul bas las so so la bslab cing mkha' 'gro'i bde ba chen po mchog tu mi 'gyur ba'i mchog gi dngos grub gtso bor gyur pa'i phrin las rab 'byams yid bzhin tu 'grub par 'gyur ro/__/de rnams kyi ting 'dzin ni/__snod bcud mdos kyi mchod rdzas rnams/__/he ru ka yi ting 'dzin 'phrul/__/bsam yas bde chen mchod pa'i sprin/__/kun bzang zhing gi mkha' la khyab/__/rgyal ba rtsa gsum chos skyong dang*/__/khyad par mkha' 'gro'i dkyil 'khor 'dir/__/dbang po'i longs spyod dgyes rgur tshims/__/phrin las gang 'dod yid bzhin mdzad/__/bde chen dngos grub ye shes kyi/__/snying po'i dwangs ma byang chub sems/__/mkha' klong sku yi dbyings nas babs/__/bdag thim byin dbang dngos grub thob/__/snod bcud ye shes 'khor lor rdzogs/__/phrin las rgya mtsho lhun grub bsam/__/spro na mkha' 'gro'i smre bshags kyang bya'o/__/slar mchod bstod byas mthar/__mkha' 'gro ma'i dkyil 'khor gnyis pa chad/__bdag gi spyi bor byon/__snying gar thim pas chu la chu thim pa ltar lha dang bdag gnyis med bde chen dgongs pa'i byin dbang thob par bsams la/__mdos dkyil spyi bor bzhag cing yig brgya bzlas pas/__de las bdud rtsi'i chu rgyun byung*/__rang gi spyi bo nas zhugs pas gzung ba dang*/__'dzin pa'i bag chags las byung ba'i sdig ltung nyams chag thams cad lhag med du byang nas/__phrin las rgya mtsho sgrub cing 'od gsal ye shes mngon du byas par bsams la/__oM ba~M badz+ra b+hA rA hI kro d+hi kA li ha ri ni sa a be sha ya ra saHyo ni kaHut+pan+na maN+Da lA kA ya sarba dz+nyA na badz+ra sa ma ya sid+d+hi sid+d+hi hU~M/__rjes rim ni/__lha rang la bstim pas mchod skong rnams dkyus gcig tu byed pa dang*/__dbang gi skabs su 'ang 'thus par sems/__dmigs gsal 'bul bar spro na/__smre bshags nas bzung*/__bstod bskul mtha' bar rdzogs par btang*/__mthar/__mdos dkyil dam ye dbyer med kyi 'khor lo 'od kyi gong bur gyur pa rang gi snying gar bsdus/__mtshan ma'i mdos gtor mkha' khyab kyi mchod sprin 'od zer 'bar bar bsams la/__'bru gsum brjod pas byin gyis brlabs/__hU~M/__kun gzhi mkha' klong 'khyil pa'i zhing*/__/lhun 'byams khyab gdal dkyil 'khor la/__/lha bdag gnyis su byar med kyang*/__/ma 'gags thugs rje g.yos pa'i rtsal/__/mkha' 'gro rgya mtsho'i maN+Da la/__/mchod skong brngan pa'i cho ga rdzogs/__/mdos gtor rgyan mchod nam mkha'i mdzod/__/ci 'dod 'byung ba'i yid bzhin nor/__/'dod pa'i yon tan thams cad ldan/__/thugs dang dgyes par skong ba'i phul/__/bsngo'o mchod do 'bul lo bzhes/__/sgo ma rnams kyis sgo phyes la/__/mtshams ma rnams kyis mtshams sol cig__/las dang 'jig rten mkha' 'gro rnams/__/gnam sa bar snang chu bo'i lam/__/rta ru chibs la rang gnas gshegs/__/bdag cag dpon slob 'khor bcas rnams/__/khram kha phyis la nad kha chod/__/sun ma sdus la rbod gtong zlog__/chag che nyams nga dgra la thongs*/__/khros 'khrugs drag shul bgegs la mdzod/__/bstan 'gror 'tshe ba'i dgra bgegs rnams/__/rjes shul med par rdul du rlog__/rnal 'byor 'khor bcas bkra shis shing*/__/bsam rgu 'grub cing 'dod rgu 'jo/__/mthar thug mi phyed sku gsung thugs/__/rdo rje btsun mo'i gnas thob pa'i/__/mchog thun las kyi dngos grub stsol/__/zhes brjod cing mdos gtor yang steng ngam/___/mkha' 'gro 'du ba'i gnas su gshegs/__/brtan ma bskyang ba phyin rjes kyi bya ba rnams mchod skong phrin las kyi rim pa bzhin mthar dbyung bas grub bo/__/yang mkha' 'gro gang yang rung ba'i phrin las la sbyar bar 'dod na/__spyan 'dren mchod bstod tsam so so'i gzhung bzhin sbyor zhing*/__dbang len pa mkha' 'gro gsang 'dus kyi sger chos yin pas/__gzhan la sbyor mi dgos shing*/__sbyar na'ang nyes par 'gyur ba ni med snyam mo/__/bde stong yum gyi mkha' klong du/__/srid pa zhi la mdos shing dag__/sna tshogs phrin las nyi ma'i gzis/__/don gnyis 'grub pa'i cho ga'o/__/zhes pa'ang nyer mkho'i ched/__bde gling klong gsal mkha' 'gro'i spyi mdos sogs kyi don bsdus/__'don cha phal cher gter kha rang mthun gyi gter gzhung khag nas btus shing*/__bsgyur kha phran bus brgyan nas mkha' 'gro gsang ba kun 'dus kyi mchod skong rnams kyi 'gros bstun te/__'jam mgon chos kyi rgyal po nyi zla zung gi 'bangs tha/__rang byung mkha' khyab bde ba'i rdo rjer 'bod pa'i ban sngags hral pos bris pas nyes tshogs ma sring mkha' 'gror bshags shing dge bas 'brel tshad don ldan du gyur cig__/oM swa sti/__/bla med rgyud sde rgya mtsho'i yang snying bcud/__/o rgyan slob dpon chen po'i dgongs pa'i mthil/__/dbyings phyug DA ki'i gtso mo mtsho rgyal rjer/__/gdams pa mkha' 'gro'i gsang mdzod chen por sbas/__1__/slar yang bde chen sgyu ma'i gar bsgyur ba/__/pad+ma mtsho skyid sngon smon dus su sad/__/zab gter sgo phyes gsang ba'i nyams bzhes kyi/__/mkha' spyod rdo rje btsun mo'i grong du gshegs/__2__/snyigs ma rtsod ldan dus kyi tha ma 'dir/__/bka' bab bdun ldan rdo rje gzi brjid la/__/ye shes mkha' 'gro'i gter dpe dngos su phul/__/brda' bsgyur mdzad nas chos kyi bdag por btad/__3__/gsang ba kun 'dus grub gnyis gter gyi mdzod/__/rtsa ba'i gzhung dang kha skongs gsal byed bcas/__/yongs rdzogs glegs bam chos sbyin 'phrul gyis sgo/__/tshe dbang dpal gyis 'byor pas bskrun pa dang*/__4__/lag gi 'du byed chos 'phel dad brtson gyis/__/gus pas bsgrub pa'i dge 'dis rigs kun bdag__/mkhyen brtse'i dbang po'i zab dgongs yongs su rdzogs/__/pha ma spun zla gtsor byas mkha' khyab kyi/__5__/'gro rnams las nyon sdig sgrib dri ma rnams/__/lhan skyes bde chen rdo rje rnal 'byor ma'i/__/gsang gsum byin brlabs bdud rtsis 'khyud pa dang*/__/mkha' spyod rdo rje'i them skas bsgrod gyur cig__6__/kun mkhyen thub pa'i bstan pa rin po che/__/spyi dang khyad par snga 'gyur rdo rje'i theg__/bka' gter bstan pas 'dzam gling yongs la khyab/__/dad dang dam tshig rnam par dag par shog__7__/rim gnyis 'dus pas nor 'dzin khyab pa dang*/__/de yi byin mthus bstan 'gro'i rgud pa zhi/__/bde skyid dge legs rdzogs ldan dpal yon rgyas/__/bkra shis snang bas 'jig rten kun khyab shog__8__/bstan 'dzin skyes rnams zhabs pad yun du brtan/__/bstan pa'i sbyin bdag tshe bsod dpal 'byor rgyas/__/bstan la gnod pa'i lha min 'byung po bcom/__/bstan pa'i rgyal mtshan phyogs las rnam rgyal shog__9__/bkra shis rtsa gsum byin brlabs sprin phung 'khrigs/__/bkra shis dngos grub sbrang char dal gyis 'bebs/__/bkra shis dge legs zhing sar smin pa dang*/__/bkra shis g.yu ljang snye ma rgyas gyur cig__ces pa'ang dbon mdzod tshe dbang dpal 'byor gyis bshad sgrub gyi chu gter chen po rgyal bstan ris su+u ma chad pa'i 'byung gnas rdzongs sar bkra shis lha rtse'i chos grar spar du bzhengs skabs gter chen bla ma 'jam dbyangs mkhyen brtse'i dbang po'am pad+ma 'od gsal mdo sngags gling pa'i phrin las mi zad pa'i gter mdzod kyi byed por yid dam du bca' ba 'jam dbyangs chos kyi blo gros pas spar byang smon tshig tu bris pas/__'jig rten gsum na dge legs kyi snang ba chen po rtag khyab lhun grub tu 'byung ba'i rgyur gyur pa dang chos tshul zab mo 'di yi phrin las phyogs dus gnas skabs thams cad du dar shing rgyas la yun du gnas par gyur cig__sarba dA mang+ga laM//___//

Footnotes

Other Information