མཁའ་འགྲོ་གསང་བ་ཀུན་འདུས་ཀྱི་མདོས་སྐོང་མདོར་བསྡུས།

From Khyentse Lineage - A Tsadra Foundation Project
JKW-KABAB-06-CHA-027
Wylie title mkha' 'gro gsang ba kun 'dus kyi mdos skong mdor bsdus JKW-KABAB-06-CHA-027.pdf
Location mkhyen brtse'i bka' babs
Volume 6, Text 27, Pages 311-312 (Folios 1a1 to 1b6)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Tertön ཇོ་མོ་སྨན་མོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (jo mo sman mo, 'jam dbyangs mkhyen brtse'i dbang po)
Citation Phun tshogs rnam rgyal. mkha' 'gro gsang ba kun 'dus kyi mdos skong mdor bsdus. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 6: 311-312. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Mending Rituals - bskang chog  ·  Ritual and Liturgical Texts - cho ga phyag len
Cycle མཁའ་འགྲོ་གསང་བ་ཀུན་འདུས་ (mkha' 'gro gsang ba kun 'dus)
Karchag page JKW-KABAB-Volume-06-CHA-Karchag
Colophon

ཞེས་ཉེར་མཁོའི་ཆེད་ཕུན་ཚོགས་རྣམ་རྒྱལ་པས་རྒྱལ་དབང་ཀརྨ་པའི་གསུངས་ལས་བཏུས་པ་ལགས་སོ།

zhes nyer mkho'i ched phun tshogs rnam rgyal pas rgyal dbang karma pa'i gsungs las btus pa lags so

[edit]
༄༅། །མཁའ་འགྲོ་གསང་བ་ཀུན་འདས་ཀྱི་མདོས་བསྐང་མདོར་བསྡུས་བཞུགས། སྒྲུབ་མཆོད་སྐབས་མདོས་བསྐང་མདོར་བསྡུས་བྱ་བར་སྤྲོ་ན། གཏོར་མ་བང་རིམ་བཞི་སྟེང་ཆོས་འབྱུང་བསྣོལ་མའི་ཐོག་ཏུ་མཁའ་འགྲོ་སྡེ་ལྔའི་དམར་གཏོར་གཙོ་འཁོར་ལྔ་ལ་སོ་སོའི་མདོག་མཐན་གྱི་ནམ་མཁའ་འམ་དར་སྣ་བཙུག །མཐའ་སྐོར་ད་ནམ་མཁའ་མདའ་འཕང་ཕོ་གདོང་མོ་གདོང་གཟུགས་འགྲོས་སྣ་ཚོགས་བཅས་ཟན་ལ་སྤར་བཏབ་པ་དང་འབྲུ་སྣ་དར་སྣ་སོགས་ཀྱིས་བསྐོར་བའམ། དེ་ལས་བསྡུ་ན་ཆོས་འབྱུང་བསྣོལ་མའི་སྟེང་སྡེ་ལྔའི་གཏོར་མ་དར་སྣས་བརྒྱན་པ་ལ་འབྲུ་དང་བཟའ་བཅས་བསྐོར་བ་བཤམ། གཞུང་གི་མར་མེའི་སྐོང་བ་རྫོགས་པ་དང༌། མདོས་བྱིན་གྱིས་རླབས་པ་ནི། ཨོཾ་ཨཱཿཧཱུྃ། སྟོང་པའི་ངང་ལས་མདོས་གཏོར་རྣམསཐ ཐངོ་བོ་ཡེ་ཤེས་རང་བཞིན་ལཐ ཐརྣམ་པ་སྣང་སྲིད་དཀྱིལ་འཁོར་ཀུནཐ ཐཡོངས་རྫོགས་མདོས་གཏོར་ནམ་མཁའ་མཛོདཐ ཐབྱེད་ལས་ལྷ་ཚོགས་དགྱེས་སྐོར་གྱུརཐ ཅེས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབཐ སྤྲོ་ན་ཐན་འདྲེན་མཆོད་བསྟོད་དར་བའམ་མ་བྱས་ཀྱང་རུང་སྟེ་ མདོས་བསྐང་དངོས་ནི། ཧཱུྃ༔ སྐྱེ་མེད་དབྱིངས་ཀྱི་ནམ་མཁའི་ཀློང་ཐ །རིག་གདངས་མ་འགགས་ཆོ་འཕྲུལ་ལསཐ །སྲིད་ཞིའི་དཀྱིལ་འཁོར་འཁོར་ལོར་ཤརཐ །དེ་དབུས་རྡོ་རྗེ་ཁྲོས་མ་ནག །རིགས་བཞིའི་དཔའ་བོ་ཡབ་ཡུམ་དང་ཐ །ལས་དང་ཡེ་ཤེས་དྷཱ་ཀི་ནཱི། །འབུམ་ཕྲག་ཡངས་པའི་ཚོགས་དང་བཅསཐ །དགྱེས་དགུར་ཐོད་པའི་མཔ་ལཐ །བདེ་ཆེན་རྡོ་རྗེའི་ལྷ་ཚོགས་རྣམསཐ །ཕྱི་ནང་གཞན་གསུམ་མཉམ་དོར་བའི། །ཡོངས་རྫོགས་མདོས་ཀྱི་ལོངས་ཐོད་མཆོག །འདོད་ཡོན་མཆོག་གི་གཏེར་ཆེན་པོསཐ །རྡོ་རྗེ་ཕག་མོའི་ཐགས་དམ་བསྐང་ཐ །འཁོར་གྱི་མཁའ་འགྲོ་དགྱེས་པར་རོལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །དམ་ཚིག་ཉམས་ཆག་ཞི་བར་མཛོད། ནད་རིམས་འབྱུང་བཞིའི་གཡོ་འཁྲུགས་ཟློག །ཚེ་བསོད་འཁོར་སློབ་བརྒྱུད་འཛིན་སྤེལ། །དགྲ་བགེགས་འབྱུང་པོའི་འཚེ་བ་ཆོད། །ཉེ་རྒྱུའི་སྤྱོད་པའི་གྲོགས་མཛད་ནས། །རྩ་རླུང་ཐིག་ལེའི་བར་ཆད་སོལ། །ཞུ་བདེ་མི་རྟོག་ཡེ་ཤེས་སྐྱེད། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ། །ཨོཾ་བཛྲ་བྷཱ་རཱ་ཧི་ཀྲོ་དྷཱི་ཀཱ་ལཱི་ཧ་རི་ནི་ས་ཨཱ་བེ་ཤ་ཡ་དྷཱ་ཀ་དྷཱ་ཀི་ནཱི་སརྦ་སིདྡྷི་ཧཱུྃ་ཧཱུྃ། ཨོཾ་ཨཱཿཧཱུྃ། བྃ་བཛྲ་བྷ་ར་ཧཱི་ཛྙཱ་ན་བཛྲ་མཔལ་སརྦ་པ་ཛ་མ་ཡ་ཧོཿ ཞེས་བཏགས་པ་ཅི་ནུས་བཟླས་པས་མཆོདཐ དེ་ལྟར་ཕུལ་བས་དཀྱིལ་འཁོར་ལྷ་ཚོགས་ཟག་མེད་ཀྱི་བདེ་བས་དགྱེས་ཤིང་འོད་ཟེར་མཁའ་ཁྱབ་ཏུ་འཕྲོསཐ བདག་དང་སློབ་མའི་འགལ་རྐྱེན་བར་ཆད་བསལ་ཞིང་ཐ མཆོག་ཐན་གྱི་ལས་རབ་འབྱམས་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛད་པར་གྱུར་པར་བསམ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་པས་མཐས་སོ། །ཞེས་ཉེར་མཁོའི་ཆེད་ཕུན་ཚོགས་རྣམ་རྒྱལ་པས་རྒྱལ་དབང་ཀརྨ་པའི་གསུངས་ལས་བཏུས་པ་ལགས་སོ། །

Footnotes

Other Information