JKW-KABAB-05-CA-033

From Khyentse Lineage - A Tsadra Foundation Project
Revision as of 10:39, 16 November 2021 by Mort (talk | contribs) (Text replacement - "|editortib=རྫོང་སར་བློ་གྲོས་ཕུན་ཚོགས་" to "")
(diff) ← Older revision | Latest revision (diff) | Newer revision → (diff)

དཔལ་བཀའ་འདུས་ཀྱི་ཚོགས་སྒྲུབ་སྨན་སྒྲུབ་སྦྲེལ་མའི་སྐབས་ཉེར་མཁོའི་གཏོང་ཐུན་རྣམས་ཕྱོགས་གཅིག་ཏུ་བཀོད་པ་རིན་ཆེན་ལྷའི་སིལ་སྙན།
Wylie title dpal bka' 'dus kyi tshogs sgrub sman sgrub sbrel ma'i skabs nyer mkho'i gtong thun rnams phyogs gcig tu bkod pa rin chen lha'i sil snyan JKW-KABAB-05-CA-033.pdf
Location mkhyen brtse'i bka' babs
Volume 5, Text 33, Pages 550-590 (Folios 1a to 18b5)
Author མཁའ་ཁྱབ་རྡོ་རྗེ་
Less details More details
Tertön ཨོ་རྒྱན་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (o rgyan gling pa, 'jam dbyangs mkhyen brtse'i dbang po)
Citation Karmapa, 15th. dpal bka' 'dus kyi tshogs sgrub sman sgrub sbrel ma'i skabs nyer mkho'i gtong thun rnams phyogs gcig tu bkod pa rin chen lha'i sil snyan. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 5: 550-590. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Ritual and Liturgical Texts - cho ga phyag len  ·  Medicinal Pills - Making and Activating Practices - sman sgrub
Cycle དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ (dpal bka' 'dus chos kyi rgya mtsho)
Karchag page JKW-KABAB-Volume-05-CA-Karchag
Colophon

།ཞེས་པ་འདི་རྣམས་ནས་མ་ཏྲཾ་བསྐུལ་མནན་དང༌། དཔལ་ཆེན་གྱི་མངའ་གསོལ་གཏོང་ཐུན་ཟུང་འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་གསུང་གསང་ཉིད་དང༌། དེ་འཕྲོས་རྣམས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གསུང་རབ་ལས་བཏུས་ཤིང༌། སྐབས་ཐོབ་ཀྱི་ཚིག་སྤྲོས་འབྱིན་འཇུག་དང༌། གསར་བྲིས་སོགས་ཅི་རིགས་བགྱིས་པ་འདིའང༌། གནའ་བོའི་དུས་གངས་ཅན་མིའི་བདག་པོ་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེ་བའི་རྣམ་རྒྱལ་གྲྭ་ཚང་བན་གཙང་ཐུབ་བསྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་རྡོ་རྗེ་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་དབང་ཕྱུག་གི་གཙོས། དབུ་ཆོས་ལས་སྣེ་འདུས་གྲྭ་བཅས་ནས་ཁྱད་པར་འཕགས་པའི་རྟེན་གྱི་ཕྲེང་བ་བཅས་བསྐུལ་ངོར་བོད་ཡུལ་བསྟན་འགྲོའི་བདེ་སྐྱིད་ཀྱི་གཞི་མ་ཆོས་སྡེ་དེ་ཉིད་དུ། དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚོགས་སྒྲུབ་དང་འབྲེལ་བའི་སྨན་སྒྲུབ་གསར་དུ་ཕྱག་ལེན་བསྟར་རྒྱུའི་ཆ་རྐྱེན་དུ། སངས་རྒྱས་ཀརྨ་པའི་མཚན་གྱི་བྱིན་རླབས་ཐོབ་པའི་སྔགས་བཙུན་དཔལ་ལྡན་ཀུན་བཟང་ཆོས་ཀྱི་ཉི་མ་ཆེན་པོ་ཕྲིན་ལས་མཁའ་ཁྱབ་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་གདན་ས་ཆེན་པོའི་ཡང་དབེན་ལྷུན་གྲུབ་ཕོ་བྲང་དུ་ས་རྟ་ས་ག་ཟླ་བའི་གྲལ་ཚེས་བཟང་པོར་བཀོད་པའི་ཡི་གེ་པ་ནི་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བཀོད་པ་དགེ་ལེགས་སུ་གྱུར་ཅིག།

zhes pa 'di rnams nas ma traM bskul mnan dang*/__dpal chen gyi mnga' gsol gtong thun zung 'jam mgon rdo rje 'chang chen po'i gsung gsang nyid dang*/__de 'phros rnams 'jam mgon chos kyi rgyal po'i gsung rab las btus shing*/__skabs thob kyi tshig spros 'byin 'jug dang*/__gsar bris sogs ci rigs bgyis pa 'di'ang*/__gna' bo'i dus gangs can mi'i bdag po pho brang chen po sne'u gdong rtse ba'i rnam rgyal grwa tshang ban gtsang thub bstan bshad sgrub 'phel rgyas gling gi rdo rje slob dpon thub bstan rgyal mtshan dbang phyug gi gtsos/__dbu chos las sne 'dus grwa bcas nas khyad par 'phags pa'i rten gyi phreng ba bcas bskul ngor bod yul bstan 'gro'i bde skyid kyi gzhi ma chos sde de nyid du/__dpal bka' 'dus chos kyi rgya mtsho'i tshogs sgrub dang 'brel ba'i sman sgrub gsar du phyag len bstar rgyu'i cha rkyen du/__sangs rgyas karma pa'i mtshan gyi byin rlabs thob pa'i sngags btsun dpal ldan kun bzang chos kyi nyi ma chen po phrin las mkha' khyab rdo rje phyogs las rnam par rgyal ba'i sdes/__mkha' spyod thugs kyi 'khor lo'i gdan sa chen po'i yang dben lhun grub pho brang du sa rta sa ga zla ba'i gral tshes bzang por bkod pa'i yi ge pa ni 'jam dpal tshul khrims kyis bkod pa dge legs su gyur cig

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། དཔལ་བཀའ་འདུས་ཀྱི་ཚོགས་སྒྲུབ་སྨན་སྒྲུབ་སྦྲེལ་མའི་སྐབས་ཉེར་མཁོའི་གཏོང་ཐུན་རྣམས་ཕྱོགས་གཅིག་ཏུ་བཀོད་པ་རིན་ཆེན་ལྷའི་སིལ་སྙན་ཞེས་བྱ་བ་བཞུགས་སོ།། མི་ཕྱེད་རྡོ་རྗེ་དབྱིངས་ཀྱི་མགོན། །སྤྱི་དཔལ་ཆེ་ལ་བཏུད་ནས་འདིར། །ཚོགས་ཀྱི་སྒྲུབ་པའི་ཕྲིན་ལས་སྒོ། །འབྱེད་སླད་རྣམ་གསལ་སྟོང་ཐུན་སྤེལ། །དེ་ལ་མ་ཏྲཾ་བསྒྲལ་ཆོག་གི་གོང་དུ་རྡོ་རྗེ་སློབ་དཔོན་ནམ། རྒྱལ་ཐེབས་ཀྱི་གཙོ་བོས་འདི་ལྟར་བརྡའ་སྤྲད་པར་བྱའོ། ཀྱཻ། རྡོ་རྗེ་འདུས་པ་རྒྱ་མཚོའི་ཚོམ་བུ་ཚོགས་སུ་བསྒྲུབ་པའི་གསང་བའི་འདུ་བ་ལ་མངོན་དུ་ཕྱོགས་པ་གང་ཞིག །ཟུང་འཇུག་ལྷའི་ཕྱག་རྒྱས་ཕྱི་ནང་གསང་བའི་མཚན་འཛིན་རྩད་གཅོད་པ་ལ། ཐོག་མར་མ་ཏྲཾ་འདུལ་ཆོག་གི་སྐབས་སུ་བབ་པ་སྟེ། དེ་ཡང་མ་ཏྲཾ་ཞེས་བྱ་བ་དོན་དུ་ཡིད་ལྷན་སྐྱེས་དང༌། ཀུན་བརྟགས་ཀྱི་མ་རིག་པའི་རྩལ་ལས། ཆོས་གཉིས་འཛིན་དུ་ཤར་བ་རྣམས་ཏེ། ལུས་སྣང་བའི་སྲིད་པ། ངག་ཕྱེད་སྣང་གི་སྲིད་པ། ཡིད་མི་སྣང་བའི་སྲིད་པས་བསྡུས་པའི་ཆོས་སོ་ཅོག་ལ་གཟུང་བྱར་འཁྲུལ་པ་ཆོས་ཀྱི་བདག་འཛིན་མ་ཏྲྃ་རུ་དྲ་སེམས་ཅན་གྱི་ལུས་ལ་གནས། སྨིག་རྒྱུའི་ཕྲེང་བ་ལྟར་རྟེན་འབྲེལ་དུ་འཚོགས་པའི་རྣམ་པར་ཤེས་པ་ཚོགས་བརྒྱད་ལ་ང་དང་བདག་ཏུ་ལྟ་བ། གང་ཟག་གི་བདག་འཛིན་ཁ་ཏྲྃ་ཀ་རུ་དྲ་སེམས་ཅན་གྱི་ཡིད་ལ་གནས། ཡོད་པ་སྐུར་འདེབས་དང༌། མེད་པ་སྒྲོ་འདོགས་ཀྱི་མཐར་ལྷུང་བས་ལས་དང་ལས་ཀྱི་འབྲས་བུ་མཐའ་དག་ཡོངས་སུ་ཆད་ཅིང་མེད་པར་སྨྲ་བ་མི་བདེན་འཁྲུལ་པའི་བདག་འཛིན་ཨ་ཀར་ཤ་རུ་དྲ་སེམས་ཅན་གྱི་ངག་ལ་གནས་པ་སྟེ། མཐའ་ལྟ་དང༌། འཇིགས་ཚོགས་ལ་མངོན་པར་ཞེན་པས་སྐྱེ་འཆིའི་བདེ་སྡུག་སྤེལ་མར་འབྱུང་བའི་མ་རིག་འཁྲུལ་སྣང་གི་དུར་ཁྲོད་དང༌། སྐྱེ་འཇུག་གི་ཕྲེང་བ་བར་མ་ཆད་པའི་ཕྱི་མའི་ལས་ཀྱི་གཟུགས་སྒྲུབ་པ་ཡིད་དང༌། རྣམ་ཤེས་ཀྱི་རྒྱ་མཚོ་ཀུན་འབྱུང་སེམས་ཀྱི་དུར་ཁྲོད་ལ་བདག་ཏུ་བཟུང་བའི་དྲེགས་པ་ཅན་དེ་དག །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་རྟོགས་པ་ལྷའི་དུར་ཁྲོད། ཆོས་ཀྱི་དབྱིངས་ཐམས་ཅད་འདུས་པ་ཆེན་པོའི་ཀློང་དུ་ལྟ་བ་གྱད་དུ་གྱུར་པས་བསྒྲལ་ཞིང༌། རྩ་རླུང་ཐིག་ལེའི་རང་བཞིན་ཕྱི་རོལ་དུ་གདོད་ནས་གྲུབ་པའི་གནས་དང༌། དུར་ཁྲོད་ཆེན་པོར་བྱིན་གྱིས་བརླབ་པ་ལ། གསང་སྔགས་ཐབས་ཀྱི་ཆེ་བ་ཡིན་པས། བརྡ་དང་ཐབས་ཀྱིས་བཏུལ་བའི་ཚུལ་ཡང༌། སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གདུལ་དཀའ་རབ་ཏུ་དགའ་བ་ལ། འཇིག་རྟེན་གྱི་ཁམས་སྦྱངས་དཀའ་བ་ཞེས་བྱ་བར། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་སྒྲོན་མེར་གྱུར་པས། མཐའ་དྲུག་གི་ཚུལ་གྱིས་ཆོས་སྟོན་པ་ལ། ལོག་པར་རྟོག་པའི་སེམས་ཅན་གང་ཞིག་གབ་པའི་གསང་བ་སྒྲ་ཇི་བཞིན་དུ་སྤྱད་པའི་ལས་ཀྱིས་ངན་སོང་གི་སྡུག་བསྔལ་སྣ་ཚོགས་པ་མྱོང་བའི་མཐར། རྒྱུ་མཐུན་གྱི་འབྲས་བུས་འཇིག་རྟེན་བདག་པོ་དབང་ཕྱུག་ཡབ་ཡུམ་གྱི་བུ་མ་ཏྲཾ་རུ་དྲ་ཞེས་བྱ་བ། ཤིན་ཏུ་འཇིགས་ལ་གཏུམ་ཞིང་མ་རུངས་པ་ཞིག་ཏུ་སྐྱེས་ནས། འབྲས་བུ་ཆེ་བའི་གནས་རིས་ཀྱི་ལྷ་མན་ཆད་དབང་དུ་བསྡུས་ནས། ཁམས་གསུམ་མཐའ་དག་ངན་འགྲོའི་ལས་ཀྱི་ལམ་མི་བཟོད་པ་ལ་གཞོལ་བ་དེའི་ཚེ། རྒྱལ་བ་མ་ལུས་ཤིང་ལུས་པ་མེད་པའི་རྡོ་རྗེ་གསུམ་གྱི་གསང་བ་གཅིག་ཏུ་བསྡུས་པ། དཔལ་ཆེན་པོ་ཧེ་རུ་ཀ་ཉིད་འབར་བ་ཆེན་པོའི་གཟུགས་ཀྱི་སྐུར་བཞེངས་ནས། རྡོ་རྗེ་ཁྲོ་བོའི་སྤྲིན་དང་བཅས་པས། དུར་ཁྲོད་ཀྱི་བདག་པོ་མ་ཏྲཾ་རུ་ཏྲ་བསྒྲལ་ཞིང་གནས་སྤར་ཏེ། ཆོས་སྐྱོང་བའི་སྲུང་མ་མ་ཧཱ་ཀཱ་ལར་དབང་བསྐུར། མ་འོངས་ཐལ་བས་ཁེབས་པའི་ཞིང་དུ་བཅོམ་ལྡན་འདས་ཐལ་བའི་དབང་པོར་འཚང་རྒྱ་བར་ལུང་བསྟན། ཆུང་མ་ཀྲོ་དྷཱི་ཤྭ་རི་མ་ལ་མ་ཆགས་ཐབས་ཀྱི་རོལ་པ་མཛད་དེ། སྲས་མཆོག་བཛྲ་ཧེ་རུ་ཀར་སྤྲུལ། སླས་ཀྱི་འཁོར་བདུད་ཀྱི་བུ་མོ་མྱོས་བྱེད་མ་ལ་སོགས་པ་བརྒྱད་ལ་གཽ་རཱི་མ་བརྒྱད། ནང་གི་སྒོ་སྲུང་སེར་མོ་ལ་སོགས་པ་བརྒྱད་ལ་སིཾ་ཧ་མ་བརྒྱད། ཕྱིའི་སྒོ་སྲུང་བཞི་ལ་རྟ་གདོང་སྒོ་མ་བཞིར་སྤྲུལ། འཁོར་གྱི་ཡི་དྭགས་ཆེན་པོ་གདུག་པ་ཅན་རྣམས་དབང་དུ་བསྡུས་ཤིང་བྲན་དུ་བྱས། རུ་ཏྲའི་ཕུང་པོ་ཛམ་བུ་གླིང་དུ་བོར་བ་ལས་ཡུལ་ཆེན་པོ་བརྒྱད་དང༌། དུར་ཁྲོད་ཆེན་པོ་བརྒྱད། དེ་དག་རྣམས་སུ་རང་བྱུང་གི་མ་མོ། །མཆོད་རྟེན། ཞིང་སྐྱོང༌། ཀླུ་དང༌། སྲིན་པོ་ལ་སོགས་པས་བརྒྱན་ཅིང༌། སྐལ་ལྡན་རྣམས་ཉམས་རྟོགས་སྤོར། སྐལ་མེད་རྣམས་ཚར་གཅོད་པའི་གནས་སུ་བྱིན་གྱིས་བརླབས་པ། དེ་དག་སྔོན་བྱོན་སྟོན་པའི་རྣམ་ཐར། རྗེས་འཇུག་གདུལ་བྱའི་ཉམས་ལེན་ཡིན་པས། བསྒྲལ་ཆོག་ལ་འཇུག་པ་འདི་ཡང་དོན་དང་ལྡན་པ་སྟེ། དཔལ་ཆེན་པོའི་རྣམ་ཐར་གྱི་རྗེས་སུ་འགྱུར་བ་དང༌། མ་ཏྲཾ་བསྒྲལ་བའི་ཁོག་པ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབ་པའི་ནང་དུ་བསྒྲུབ་ན་བཀྲ་ཤིས་པ་དང༌། སྲིད་པ་གསུམ་གྱི་བགེགས་ཀྱི་རྒྱལ་པོ་བསྒྲལ་བས་བགེགས་གཞན་གྱི་བར་ཆད་མི་ནུས་ཞིང༌། དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ་པའི་དགོས་པ་ཡོད་ལ། དེ་ཡང་དབང་པོ་རབ་ཀྱིས་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་གུད་ན་མེད་ཅིང༌། སེམས་ཉིད་བདག་མེད་ཕྱོགས་བྲལ་རང་བྱུང་གི་ཡེ་ཤེས། ཡུལ་སེམས་གཉིས་མེད་སྐྱེ་འགག་ལས་འདས་པར་རྟོགས་པས། གཉིས་སྣང་ལ་དགག་སྒྲུབ་བླང་དོར་མེད་པར་རང་ཤར་རང་གྲོལ་ཆོས་ཉིད་ཀྱི་རོལ་པ་འབའ་ཞིག་ཏུ་མཐོང་བའམ། དབང་པོ་འབྲིང་གིས་སྣང་སྲིད་ལྷ་དང་ལྷ་མོར་རིག་པ། ཐ་མས་ཀྱང་དམ་རྫས་ཆེན་པོ་ལྔ་ཡི་རང་བཞིན་དུ་ཤེས་པ་ནི། དོན་ཆོས་ཉིད་ཀྱི་གདུལ་བ་ཞེས་བྱ་བ་འཁྲུལ་པའི་རྩད་ཆོད་པས་བར་ཆོད་ཀྱི་ཁུང་བརྟོལ་བ་སྟེ། རྩ་རྒྱུད་ལས། མཐོང་དང་རིག་དང་ཤེས་དང་སྤྱད༔ འདི་ལས་འདའ་བར་མ་གྱུར་ནཿ ལོག་པར་ལྟ་བ་འདུལ་ནུས་ཤིང་༔ སངས་རྒྱས་རྣམས་དང་ང་ཉིད་འགྲུབ༔ ཅེས་གསུངས་ཤིང༌། དེ་ལྟ་བུའི་དོན་མཚོན་པའི་ཕྱིར་རྟགས་ཆོ་གས་འདུལ་བ་ལའང༌། རྒྱུད་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ༔ ཞི་བས་ཕན་པར་མི་འགྱུར་ཏེ༔ ཤེས་རབ་ཐབས་ཀྱི་ངོ་བོ་ལས༔ ཁྲོ་བོ་དེ་བཞིན་གཤེགས་སྤྲུལ་མཛད༔ ཁྲོ་བོའི་ཚུལ་འཆང་ཁྲོས་པས་ཀྱང་༔ འཇིག་རྟེན་གསུམ་རྣམས་བསྲེག་བྱེད་ན༔ སངས་རྒྱས་ཐམས་ཅད་ཁྲོས་པ་ཡིས༔ ཁམས་གསུམ་མ་ལུས་སྨོས་ཅི་དགོས༔ ཞེས་གསུངས་པ་ལྟར། རྣལ་འབྱོར་པ་རྣམས་དཔལ་ཁྲག་འཐུང་རོལ་པའི་ལྷ་སྐུ་ཕྱག་རྒྱའི་གསལ་སྣང་དང༌། ང་རྒྱལ་རབ་ཏུ་འབར་བས་མ་ཏྲཾ་བཀུག་ཅིང་བསྒྲལ་ཏེ། ཁོག་པ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པའི་ནང་དུ་འཇུག་པ་སོགས་གཞུང་ལས་འབྱུང་བའི་ཚིག་གི་སྒོམ་དོན་གསལ་འདེབས་བཞིན་པས། ཆོ་གའི་བྱ་བ་ལ་འཇུག་པར་ཞུ། ༈ །མཆེད་བསྲེ་བསྣན་ཀྱྀ་སྐབས་སུ་དམ་ཚིག་གི་རྣམ་བཞག་མདོ་ཙམ་སྤྲོ་ན། འོ་ལགས་སོ། །དེ་ཡང་རིག་འཛིན་རྩ་རྒྱུད་པདྨའི་སྙིང་པོ་ལས། རིམ་པ་དབང་གི་སྒོ་ནས་འཇུག༔ གྲོགས་སུ་དམ་ཚིག་དག་པར་བྱ༔ ཞེས་གསུངས་པ་ལྟར། ཐོབ་པ་དབང་གིས་ཐོབ་ཀྱང༌། འཛིན་པ་དམ་ཚིག་གིས་འཛིན་དགོས་པའི་གནད་དོན་ཤེས་པ་གལ་ཆེ་སྟེ། དམ་ཚིག་གི་རྣམ་གྲངས་ནི། རྒྱུད་ལས། དབྱེ་ན་ས་ཡ་འབུམ་སྡེ་ལས། །བསྡུ་ན་ཉི་ཤུ་རྩ་ལྔ་སྟེ། །རྩ་བ་སྐུ་གསུང་ཐུགས་ལ་འདུས། །ཞེས་གསུངས་པ་ལྟར། རྩ་བ་དང་ཡན་ལག་གཉིས་སུ་འདུ་བ་ལས། རྩ་བ་སྐུ་གསུང་ཐུགས་གསུམ། ཡན་ལག་ཉི་ཤུ་རྩ་ལྔའོ། །དང་པོ་སྐུའི་དམ་ཚིག་ཏུ་སློབ་དཔོན་དྲུག་གང་རུང་ངམ། བཀའ་དྲིན་སུམ་ལྡན། གཉིས་ལྡན་ནམ། གཅིག་ལྡན་གྱི་བླ་མ་ཐམས་ཅད་དང༌། ཁྱད་པར་རྩ་བའི་བླ་མ་བཀའ་དྲིན་སུམ་ལྡན་སྙིང་དང་འདྲ་བ་གཅེས་སྤྲས་ཀྱི་དཀྱིལ་འཁོར་གཙོ་བོ་དང་དབྱེར་མེད་དུ་བལྟ་ཞིང༌། ཞབས་ཏོག་དགུ་ཕྲུག་གི་སྒོ་ནས་མཉེས་པ་བསྒྲུབ་པ། སྤྱིའི་མཆེད་དང༌། རིང་བའི་མཆེད་དང༌། ཉེ་བའི་མཆེད་དང༌། ཁྱད་པར་དམ་ཚིག་ནང་འདྲེས་ཀྱི་མཆེད་རྣམས་ལ་མིག་གི་འབྲས་བུ་ལྟར་དག་སྣང་བརྩེ་གདུང་རྒྱུན་མི་ཆད་པར་བྱ། གསུང་གི་དམ་ཚིག་ཏུ་སྔགས་གསུམ། ཕྱག་རྒྱ་བཞི། རབ་ཀྱིས་ཆུུ་བོའི་རྒྱུན་བཞིན། འབྲིང་གི་ཉིན་མཚན་ཐུན་དྲུག །ཐ་མས་ཀྱང་ལོ་ཟླ་ལས་མི་འདའ་བར་བྱ། ཐུགས་ཀྱི་དམ་ཚིག་ཏུ། སློབ་དཔོན་སྒེག་པའི་རྡོ་རྗེས། དམ་ཚིག་གསལ་བཀྲ་ལས། ལྟ་ཟབ་སྤྱོད་པ་བརླང་པོ་དང༌། །ལྷ་མིང་གཟུགས་དང་གྲུབ་རྟགས་གསང༌། ཞེས་སྤྱིར་གསང་བཞི་དང༌། སྒྲུབ་པའི་གནས་དུས་གྲོགས་རྫས་བཞི། །བར་དུ་གསང་ལ་སྒྲུབ་པར་བྱ། ཞེས་བར་གསང་བཞི་དང༌། གཞན་ཡང་གསང་བར་འོས་པ་དང༌། །གསང་བར་གཉེར་གཏད་དེ་བཅུའོ། །ཞེས་གསུངས་པ་བཞིན། རྩ་བའི་དམ་ཚིག་དང༌། ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་ནི། སྦྱོར་སྒྲོལ། རྫུན་སྨྲས། ཚིག་བརླང༌། མ་བྱིན་ལེན་པ་སྟེ། ཐབས་ཀྱིས་ཟིན་པའི་སྤྱད་བྱ་ལྔ། འདོད་ཆགས། ཞེ་སྡང༌། གཏི་མུག །ང་རྒྱལ། ཕྲག་དོག་སྟེ། རང་བཞིན་ངོ་བོ་ཤེས་པའི་མི་སྤང་བ་ལྔ། དྲི་ཆེན། དྲི་ཆུ། དམར་ཆེན། ཟིལ་པ། མདངས་ཆེན་སྟེ་འཛིན་རྟོག་སྤངས་བས་དྭངས་དུ་བླང་བ་ལྔ། ཕུང་པོ། འབྱུང་བ། དབང་པོ། ཡུལ་ལྔ་ལ་སོགས་པ་རིགས་ཀྱི་ཡབ་ལྔ། ཡུམ་ལྔར་ཤེས་པར་བྱ་བ་ལྔ། བདེ་གཤེགས། རྡོ་རྗེ། རིན་ཆེན། པདྨ། ཀརྨ་སྟེ་ལམ་གྱི་རིམ་པས་སྒྲུབ་པར་བྱ་བ་ལྔ་བཅས། ཡོངས་དྲིལ་ཉེར་ལྔ་པོ་རྣམས་དང༌། སྒྲུབ་པ་ལུང་གི་དམ་ཚིག་ཉི་ཤུ་དང༌། ཁྱད་པར་སྒྲུབ་པ་ཆེན་པོ་འདིའི་སྐབས་སུ་ནི། ཇི་སྐད་དུ། བླ་མ་བཀུར་ཞིང་གསུང་མི་བཅག །སེམས་ཅན་རྣམས་ལ་སྙིང་རྗེ་སྐྱོང༌། །ང་རྒྱལ་རློམས་སེམས་ཞེ་སྡང་སྤོངས། །འདོད་ཆགས་ཕྲག་དོག་ཁར་མི་བཏང༌། །གསང་སྔགས་ལྟ་སྤྱོད་ཟུང་དུ་འབྲེལ། །རྫོགས་བསྙེན་སྒྲུབ་པ་མཐའ་རུ་དབྱུང༌། །ལེ་ལོ་གཉིད་དང་ཆང་དབང་སྤངས༌། །ཞེས་གསུངས་པ་ལྟར། མོས་གུས་དག་སྣང་ལ་གཞི་བཅའ། ལྷ་སྔགས་ཏིང་ངེ་འཛིན་གྱི་གཞུང་བསྲང༌། སྡོམ་པ་དམ་ཚིག་གི་རྒྱབ་བརྟེན། ལྟུང་བ་འབྱུང་བའི་སྒོ་རྣམས་རིང་དུ་སྤངས་ལ། དད་སྤྲོ་བརྩོན་འགྲུས་དྲག་པོས་རྩེ་གཅིག་ཏུ་འབད་དགོས་པས། མཆེད་ལྕམ་གསར་རྙིང་ཚང་མས་ཐུགས་ཀྱི་དཔལ་བེའུར་བསྟིམ་པར་ཞུ། ༈ །སྒྲུབ་པ་པོ་རྣམས་མངའ་གསོལ་ཞིང༌། གནས་སུ་དགོད་པའི་སྐབས། རྡོ་རྗེ་རྒྱལ་ཚབ་བམ། རྒྱལ་ཐེབས་ཀྱི་གཙོ་བོ་ཞྭ་ཆོས་བཅས་ཕྲལ་གཤམ་ནས་བཞེངས་ལ། འོ་ན། བཀྲ་ཤིས་བདེ་ལེགས་དང་ལྡན་པར་གྱུར་ཅིག །དེང་ཕུན་སུམ་ཚོགས་པའི་དུས་ཀྱི་ཆར། རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཚད་མེད་པའི་བདག་ཉིད་ཅན་དེས། གདུལ་བྱ་སོ་སོའི་ཁམས་དབང་མོས་པ་དང་མཚུངས་པའི། ཐེག་པའི་སྒོ་བསམ་ཡས་ཐམས་ཅད་ཀྱི་མཆོག་གམ་བླ་མར་གྱུར་པ། ཉན་ཐོས་ལ་སོགས་པའི་དབང་པོ་དམན་འབྲིང་རྣམས་ལ། གསང་བ་ལས་ཀྱང་ཆེས་གསང་བའི་རྡོ་རྗེ་ཐེག་མཆོག་སྙིང་པོའི་དཀྱིལ་འཁོར་ནམ་མཁའ་དང་མཉམ་པ་ཐམས་ཅད་གཅིག་ཏུ་བསྡོམས་ཤིང་འདུས་པ། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཆེན་པོའམ། དེ་དང་འབྲེལ་བ། སྣང་སྲིད་བདུད་རྩི་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་སྦྱོར་བའི་མཐོང་ཚོར་མྱོང་རེག་གྲོལ་བའི་དམ་རྫས་བདུད་རྩིའི་སྨན་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བསྒྲུབ་པ་དང༌། མངོན་སྤྱོད་ཕྲིན་ལས་ཀྱི་གཙོ་བོ་དམར་ཆེན་གཏོར་མའི་ལས་རིམ་ལ་བསྟེན་པས། ཐུན་མོང་ལས་ཀྱི་ཁ་ཚར། སངས་རྒྱས་བསྟན་པའི་དགྲ་བགེགས་ཚར་གཅོད་པ། སྨད་ལས་ཀྱི་སྒྲུབ་པ་རྣམས་ཟུང་དུ་འབྲེལ་བའི་སོགས། སྐབས་ཐོབ་ཀྱི་ཁ་བསྒྱུར་འདོར་ལེན་ཤེས་པས། སྒྲུབ་པ་ཆེན་པོ་ཉམས་སུ་བསྟར་བའི་སྐབས་སུ་བབ་པ་སྟེ། དེ་ཡང་རྒྱལ་བ་སྲས་དང་བཅས་པའི་གསང་གསུམ་ཕྲིན་ལས་དང་བཅས་པ་གཅིག་ཏུ་བསྡོམས་ཏེ། ཐུབ་པའི་དབང་པོའི་བསྟན་པ་ལ་དུས་གསུམ་དུ་འབྱོན་པར་དཀའ་བའི་གསང་སྔགས་རྡོ་རྗེ་ཐེག་པའི་སྟོན་པར་བཞེངས་པ། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཉིད་ཀྱིས་གཞན་སྣང་གདུལ་བྱ་འདུལ་བའི་ཐབས་ལ་སྔགས་ཀྱི་སྟོན་པ་དང༌། རིག་འཛིན་གྲུབ་ཐོབ་རྣམས་ལས་རྡོ་རྗེ་ཐེག་པའི་རྒྱུད་ལུང་མན་ངག་ཡོངས་སུ་རྫོགས་པར་གསན་པའི་ཚུལ་བསྟན། ཁྱད་པར་འོག་མིན་གྱི་བཀོད་པ་ལྷུན་གྲུབ་ཏུ་རིག་འཛིན་རྒྱལ་པོ་ཀུཉྫ་ར་ལས། ཕྱི་ནང་སྒྲུབ་གསང་ལྟ་བ་སྤྱི་འབྱམས་བཅས་རྩ་དབང་ལྔ་དང༌། སྦས་པའི་དབང་ལྔ་རྣམས་གསན། ཕྱིས་ཟ་ཧོར་ཡུལ་ཁམས་ཆོས་ལ་བཀོད་པའི་ཚེ། རྒྱལ་པོ་གཙུག་ལག་འཛིན་པས་རྒྱུད་ལུང་མ་བུ་བཤད་འགྲེལ་དང་བཅས་པ། སྒོམ་ཁོག་གནད་གདམས་དང་བཅས་པ། ཕྲིན་ལས་ཕྱག་བཞེས་དང་བཅས་པ། ལས་ཁ་ཚར་དགོས་དོན་དང་བཅས་པ། སྤྱི་གནད་སྐོར་འགོ་དང་བཅས་པ། ཡིད་ཆེས་ལོ་རྒྱུས་དང་བཅས་པ། རང་གཞན་ཀུན་གྱི་དོན་མྱུར་དུ་འགྲུབ་ཅིང༌། དཀྱིལ་འཁོར་རིགས་སུ་གྱུར་པའི་ལྷ་ཚང་པ། ཐེག་པ་གོང་འོག་གང་དང་ཡང་མི་འགལ་ཞིང༌། ཐམས་ཅད་གཅིག་ཏུ་འདྲིལ་བའི་ཆོས་ཞིག་གནང་བར་གསོལ་བ་བཏབ་པ་ལ་བརྟེན། མཁའ་འགྲོ་འཁྲིགས་པའི་ཡང་དབེན་དགའ་བ་ཚལ་དུ་སྐལ་ལྡན་རྗེ་འབངས་ཉི་ཤུ་ལ། བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྐོར་ཆབས་ཅིག་ཏུ་གནང་ནས་ཐམས་ཅད་སྨིན་གྲོལ་ལ་བཀོད། དེ་ནས་ཨོ་རྒྱན་ཡུལ་དུ་མི་ལོ་ཉིས་བརྒྱར་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་བཤད་སྒྲུབ་བཙུགས་ནས། རྒྱལ་པོ་ཨིནྡྲ་བོ་དྷི་ཚོམ་བུ་ལྔ་བརྒྱ་དང་བཅས་པ་སངས་རྒྱས་ཀྱི་ས་ལ་བཀོད། བོད་ཡུལ་དུ་ཞབས་བཅག་ནས་སངས་རྒྱས་ཀྱི་བསྟན་པ་རྨངས་ནས་བཙུགས་ཏེ། ལྷོ་ནུབ་སྲིན་པོའི་ཁ་གནོན་དུ་གཤེགས་པར་ཉེ་བ་ན། ལྷ་སྲས་མུ་ཏིག་བཙད་པོས་གསོལ་བ་བཏབ་པའི་ངོར། གཡོ་རུ་ཁྲ་འབྲུག་གི་གཙུག་ལག་ཁང་ཆེན་པོར། ཆོས་རྒྱལ་མུ་ཏིག་བཙད་པོ་དང༌། རྒྱལ་སྲས་ལྷ་རྗེ་གཙོ་བོར་གྱུར་པའི་རྗེ་འབངས་འདུས་པ་ཉེར་གཅིག །དེ་བ་སམྦྷ་སོགས་ལོ་ཙཱ་ཉེར་གཅིག །བཙུན་མོ་རྣམ་གསུམ་གཙོས་སྐལ་ལྡན་དུ་མ་ལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་པའི་དབང་མོ་ཆེ་ཉེར་གཅིག་གནང༌། རྒྱུད་ལུང་མན་ངག་ཐམས་ཅད་རྒྱལ་སྲས་ལྷ་རྗེའི་སྐལ་བར་གདམས་ནས། ལྟ་བ་རྫོགས་ཆེན་པདྨ་སྙིང་ཐིག །བླ་མ་བསྟན་གཉིས་སྐོར་གསུམ། ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་རྣམས་ཡར་ལུང་ཤེལ་བྲག་པདྨ་བརྩེགས་པར་གཏེར་དུ་སྦས་པ། རྒྱལ་སྲས་ལྷ་རྗེ་ཉིད་གཏེར་སྟོན་རྐྱང་པའི་སྐྱེ་བ་བཅུ་གསུམ་འབྱོན་པར་ལུང་བསྟན་པ་ལྟར། སངས་རྒྱས་བླ་མ། རྒྱ་ལོ་ཙཱ། ཉི་མ་སེང་གེ་རྣམས་རིམ་པར་བྱོན་ཅིང༌། འགྲོ་དོན་རྒྱ་ཆེར་མཛད་པའི་ཕྱི་མ་ནི། ཇི་སྐད་དུ། ཡར་ལུང་མཐིལ་ནས་རྣམ་སྨིན་སྐྱེད་རྒྱལ་འབྱུང་༔ ཕག་གིས་ས་རློག་དབུས་ཁམས་ས་ཧོར་ཟ༔ བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་༔ ཤེལ་གྱི་བྲག་ཕུག་སྦས་པའི་གཏེར་ཁ་འདིཿ མི་བཞག་འདོན་པའི་རྟགས་དེ་བསྟན་ནས་བྱུང་༔ གཏེར་སྟོན་ཨོ་རྒྱན་གླིང་པ་ཞེས་བྱ་འབྱུང་༔ ཞེས་ལུང་བསྟན་པ་ལྟར། ཁྱད་འཕགས་གླིང་པ་རྣམ་བཞིའི་གཙོ་བོར་བྱོན་པ། དེ་ཉིད་ཀྱིས་སྤྱན་དྲངས་ཀྱང༌། གངས་ཅན་བསོད་ནམས་ཀྱི་སྐལ་བར་མ་ཤོང་བས། ཆོས་སྡེ་ཐམས་ཅད་སླར་ཆོས་བདག་ཡེ་ཤེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་གསང་བའི་མཛོད་དུ་རྒྱས་བཏབ་པ་ལས། ཡི་དམ་བཀའ་འདུས་རྒྱུན་གྱི་རྣལ་འབྱོར་སྨིན་གྲོལ་སྙིང་པོ། ལས་ཚོགས་དང་བཅས་པའི་ཟབ་མོའི་བཅུད་བསྡུས་འདི་ནི། མངའ་བདག་ཉང་རིན་པོ་ཆེའི་གཏེར་ལུང་ལས། རྩེ་སྒང་ཞེས་བྱའི་རི་ཡི་འོག༔ ཀླུ་དབང་འཁྱིལ་པའི་བྲག་གི་སྟེང་༔ མངའ་བདག་འཇམ་པའི་དབྱངས་ཞེས་འགྱུརཿ བཅུ་གསུམ་ཟབ་མོའི་གཏེར་ལ་སྤྱོད༔ ཅེས་པ་གནས་དང༌། མཚན་སྒྲས་ཤིན་ཏུ་གསལ་བར་བསྟན་པ་དང༌། གུ་རུ་ཆོས་དབང་མངའ་རི་པཎ་ཆེན་སོགས་ཀྱི་གཏེར་ལུང་ལས་གསལ་བར་འབྱུང་བ། མངའ་བདག་ཁྲི་ལྡེའི་སྐུ། རྒྱལ་སྲས་ལྷ་རྗེའི་གསུང༌། ནམ་མཁའི་སྙིང་པོའི་ཐུགས། བི་མ་མི་ཏྲའི་ཡོན་ཏན། ལང་གྲོ་དཀོན་འབྱུང་གི་ཕྲིན་ལས་རྣམ་རོལ་གཅིག་ཏུ་བསྡུས་པ། སྙིགས་མ་ཤིན་ཏུ་མཐར་ཐུག་པའི་དུས་འདིར། འཇིག་རྟེན་གྱི་སྒྲོན་མེ་གཅིག་པུར་གྱུར་པ། ངོ་མཚར་བཀའ་བབ་བདུན་དང་ལྡན་པའི་གངས་ཅན་མཁས་གྲུབ་ཡོངས་ཀྱི་འཁོར་ལོས་སྒྱུར་བ། སྤྲུལ་པའི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ། སྔོན་བྱོན་གཏེར་རྙིང་ཕལ་མོ་ཆེའི་སྨིན་གྲོལ་དང༌། ཡང་གཏེར་གྱི་བཀའ་བབས་བཞུགས་པའི་ནང་ཚན། ཡར་རྗེ་ཨོ་རྒྱན་གླིང་པའི་བཀའ་འདུས་སྙིང་པོའི་སྐོར་འདི་དག །ཡང་གཏེར་རྣམས་ཀྱི་ཐོག་མར་དུས་རྟགས་དང་མཐུན་པར་བཀའ་འདུས་ཆེན་མོའི་སྙིང་པོ་མདོར་བསྡུས་སྐོར་གྱི་ཕྱག་དཔེ་དཔེ་རྙིང་དངོས་སུ་བབས་པ་དང༌། འགའ་རེ་མཁའ་འགྲོ་བརྡ་ཡི་ཡི་གེར་སྣང་བ་ལས་གཏན་ལ་ཕབ་སྟེ། དཔལ་གསང་བའི་བདག་པོ་དང༌། རྣམ་སྣང་ལོ་ཙཱ་བ་ཆེན་པོ་ཉིད། རྡོ་རྗེ་སློབ་དཔོན་ཆེན་པོའི་སྐུར་བཞེངས་པ། བསྟན་པ་ཡོངས་རྫོགས་ཀྱི་ཤིང་རྟ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་འཆང་དཔལ་ཨོ་རྒྱན་ཆེན་པོའི་ཞལ་ལུང་གིས་པདྨ་གར་དབང་འཆི་མེད་བསྟན་གཉིས་གཡུང་དྲུང་གླིང་པ་ཞེས་པའི་མཚན་གྱི་གདུགས་དཀར་འཇིག་རྟེན་གསུམ་གྱི་བླ་ན་མངོན་པར་བྲེས་པ། དེ་ཉིད་ཀྱི་ཕྱག་ཏུ་སྨིན་གྲོལ་ཆིག་རྫོགས་སུ་བསྩལ་བ། ཚུ་རོལ་མཐོང་བའི་སྐྱེ་བོ་རྣམས་ཀྱི་ངོར། ཉམས་བཞེས་བསྙེན་སྒྲུབ་ཚད་དུ་ཕྱིན་པ་ཐུགས་ཉམས་སུ་བསྟར་ཞིང༌། ཡིག་ཆ་ཉེར་མཁོའི་ཆ་རྐྱེན་དང༌། སྨིན་གྲོལ་རྒྱབ་བརྟེན་དང་བཅས་པའི་བཀའ་སྲོལ། རྒྱལ་བསྟན་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་མི་འཆད་པའི་ཕྲིན་ལས་བླ་ན་མེད་པའི་བཀའ་དྲིན་བསྩལ་བ་ལ་བརྟེན། ནག་ཕྱོགས་བདུད་སྡེའི་འཚུབས་འགྱུར་ཆེན་པོ་ཚེག་མེད་དུ་བཟློག་ཅིང༌། བསྟན་འགྲོ་ཡོངས་ལ་ཕན་བདེ་བླ་ན་མེད་པའི་རྟེན་འབྲེལ་གྱི་སྒོ་ཆེན་པོར་ཕྱེས་པའི་ཟབ་ཆོས། གཞན་ལས་ཀྱང་དགོས་གནད་ཁྱད་པར་ཅན་དང་ལྡན་པ། འདི་ཉིད་ཀྱི་སྒྲུབ་པ་ཆེན་པོ་གནང་བ་ལ། མཛད་པ་ཆོ་འཕྲུལ་ལྷའི་ལུང་ལས། ལྷ་ཞེས་བྱ་བ་བྱང་ཆུབ་སེམས། །དེ་ནི་རྒྱུད་དུ་རབ་ཏུ་བརྗོད། ཐ་སྙད་ཙམ་དུ་ཕྱེ་བ་ན། །གཞི་ལམ་འབྲས་བུ་གསུམ་དུ་བརྗོད། །ཅེས་སྦྱང་གཞི་འགྲོ་བ་ཐམས་ཅད་རང་བཞིན་གྱིས་ལྷའི་དཀྱིལ་འཁོར་བྱང་ཆུབ་སེམས་ཀྱི་བདག་ཉིད་དུ་གནས་ཀྱང་སྦྱང་བྱ་གཉིས་འཛིན་ཆགས་སྡང་གི་རྣམ་པས་བྲལ་བྱའི་ཚུལ་གྱིས་བསྒྲིབས་པ་ཉིད། སྦྱོང་བྱེད་ཞི་ཁྲོའི་དཀྱིལ་འཁོར་འཁོར་ལོའི་རྣམ་པ་ལམ་དུ་བྱས་པས། སྦྱངས་འབྲས་ཡེ་ནས་བཞུགས་པའི་ཟུང་འཇུག་གི་ཕྱག་རྒྱ་མངོན་དུ་བྱེད་པའི་ཐབས་ཁྱད་པར་ཅན་དང༌། དགོས་པ་རྗེས་སུ་འབྲེལ་བས། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ་ལ། ས་བརྟགས་བསླང་སྦྱོང་ཞིང༌། ཕྱི་ནང་གསང་བའི་མཚམས་གཅོད། དཀྱིལ་འཁོར་བྲི་ཞིང་རྒྱན་འགོད་པ་སོགས་སྔོན་དུ་སོང་ནས། སྒྲུབ་པ་པོ་རྣམས་གནས་སུ་དགོད་པའི་སྐབས་སུ་བབ་པ་སྟེ། དེ་ཡང་གནས་ཕུན་སུམ་ཚོགས་པ། སྤྱིར་བཏང་ལ། གྲུབ་པའི་དཔའ་བོ་རྣམས་ཀྱིས་དཔལ་ཧེ་རུ་ཀའི་གནས་སུ་བྱིན་གྱིས་བརླབས་ཤིང༌། གཙུག་ལག་གི་གཞུང་ནས་བཤད་པའི་དཔལ་ཁ་དང༌། ལས་བཞི་སྒྲུབ་པའི་མཐུན་རྐྱེན་འཛོམས་པས་བཀྲ་ཤིས་དག་པའི་གནས། ལྷུན་གྲུབ་ཡིད་འོང་གི་གནས། འཕྲལ་རྐྱེན་སྒྲུབ་པའི་གནས་རྣམས་ཀྱི་མཚན་ཉིད་ཀུན་ལྡན་ཏེ་ཕྱིའི་གནས་དང༌། ཕྱི་ནང་སྣོད་བཅུད་རང་ལུས་དང་བཅས་ལ་གདོད་ནས་གདན་གསུམ་ཚང་བའི་ལྷའི་འཁོར་ལོར་རྣམ་པར་དག་པ་ཡིན་པ་ལ། ཡིན་པར་ཤེས་པ་ནང་གི་གནས་དང༌། འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དེ་ཁོ་ན་ཉིད་དུ་ལྷུན་གྱིས་གྲུབ་པས་གང་ན་གནས་ཀྱང༌། ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་ཀློང་དུ་གནས་པར་རྟོགས་པ་གསང་བའི་གནས་ཀྱི་མཚན་ཉིད་མཐའ་དག་ཆོད་པ། །ཞེས་སམ། ད་ལམ་བན་གཙང་རང་ལ་མཚོན་ནས། དོན་དམ་གཟིགས་པའི་འཕགས་མཆོག་རྣམས་ཀྱི་གཟིགས་ངོར། ཆོས་ཀྱི་དབྱིངས་རྒྱ་ཆད་ཕྱོགས་ལྷུང་མེད་པར། ཆོས་ཉིད་རང་སྣང་གི་གཞལ་ཡས་མཉམ་རྫོགས་ཡེ་ཤེས་རོལ་མོའི་རྒྱན་འཁོར་མཐའ་ཀླས་པ་ལྷུན་སྟུག་པོར་བཀོད་པ། འཁོར་འདས་ཀྱི་སྣང་བ་ཐམས་ཅད་མ་སྤངས་གནས་སུ་དག་པའི་རང་བྱུང་ལྷུན་གྱིས་གྲུབ་པའི་དུར་ཁྲོད་འོག་མིན་གསང་བ་མཆོག་གི་རང་བཞིན་དུ། དུས་རྟག་པ་རྒྱུན་གྱི་འཁོར་ལོར་གནས་ལ། ཀུན་རྫོབ་གདུལ་བྱའི་སྣང་བ་སྤྱི་མཐུན་དུའང༌། སྤྲུལ་པ་སྐུའི་སྒྲོན་མ་རྣམ་པར་བཀོད་པའི་འཇིག་རྟེན། མི་མཇེད་འཛམ་གླིང་གི་བྱང་ཕྱོགས། བོད་ཡུལ་བཀྲ་ཤིས་འབྱུང་བའི་ཡུལ་གྱི་ཐོག་མ། འཕགས་མཆོག་སྤྱན་རས་གཟིགས་དང༌། མཚོ་སྐྱེས་པདྨ་བཛྲ་སོགས་གྲུབ་པའི་དཔའ་བོ་རྣམས་ཀྱིས་དཔལ་ཧེ་རུ་ཀའི་གནས་སུ་བྱིན་གྱིས་བརླབས་པའི་གནས་མཆོག་དུ་མས་བསྐོར་ཞིང༌། གཙུག་ལག་གི་གཞུང་ནས་བཤད་པའི་སའི་དཔལ་ཁ་དང༌། ལས་བཞི་སྒྲུབ་པའི་རྟེན་འབྲེལ་ཚང་བ། བཀྲ་ཤིས་དགེ་བའི་གནས། ལྷུན་གྲུབ་ཡིད་འོང་གི་གནས། འཕྲལ་རྐྱེན་འཛོམས་པའི་གནས་རྣམས་ཀྱི་མཚན་ཉིད་ཀུན་དང་ལྡན་པ། བཀྲ་ཤིས་པའི་གཙུག་ལག་ཁང་འདི་ཉིད་དུ། ཞེས་པ་ལྟ་བུ་སྐབས་ཐོབ་བསྒྱུར། གང་ལྟར་ཡང༌། དུས་ཕུན་སུམ་ཚོགས་པ་དོན་དམ་ལྟར་ན། ཐོག་མཐའ་དབྱེར་མེད་དུས་བཞི་མཉམ་པ་ཆེན་པོ་འཁོར་ཡུག་ཏུ་བརྡལ་བའི་ཀློང་དུ། རྒྱལ་བ་ཆོས་ཀྱི་སྐུ་དང༌། ལོངས་སྤྱོད་རྫོགས་པ་རིགས་ལྔ་གངས་ཆེན་མཚོ་ཡི་རྒྱན་གྱི་འཁོར་ལོའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཕྲིན་ལས་ལྷུན་རྫོགས་འཁོར་མོ་ཡུག་ཏུ་རྟག་ཅིང་བརྟན་པའི་རྣམ་ཐར་བྲི་གང་མེད་པར་འཆར་བའི་དུས་ཆེན་པོ་དང༌། ཀུན་རྫོབ་ཙམ་དུ། བདག་ཅག་གི་སྟོན་མཆོག་རྒྱལ་བ་མིའི་སེང་གེ་མཉམ་མེད་ཤཱཀྱའི་དབང་པོ་དེ་ཉིད། མི་མཇེད་ཀྱི་ཞིང་རྒྱ་མཚོར་རིམ་དང་གཅིག་ཆར་གྱི་སྒོ་ནས་མཛད་པ་ཆེན་པོ་བཅུ་གཉིས་ལ་སོགས་རྣམས་ཐར་རྒྱུན་མི་ཆད་དུ་སྟོན་པ་ལས། མདོ་རྒྱུད་མཐའ་ཡས་པའི་ལུང་གི་དགོངས་པ་བླ་ན་མེད་པའི་ངེས་པར་བསྟན་པ་དང༌། རྒྱལ་ཚབ་ཀྱི་སློབ་དཔོན་ཆེན་པོ་དཔལ་ཧེ་རུ་ཀ་ཉིད་ཀྱང་གདུལ་བྱའི་སྣང་ངོར། ཆོ་འཕྲུལ་ཆེན་པོ་གསུམ་ལ་སོགས་པའི་སྒོ་ནས་འགྲོ་བའི་དོན་རླབས་པོ་ཆེ་འགོག་མེད་རྒྱུན་གྱི་ཕྲིན་ལས་སུ་ལྷུན་གྱིས་གྲུབ་བཞིན་པ་ལ། ཁྱད་པར་ཟླ་བ་བཅུ་གཉིས་ཀྱི་དུས་ཆེན་ཡར་ངོའི་ཚེས་བཅུ་རེ་ལ་རྨད་དུ་བྱུང་བའི་མཛད་པ་རེ་བསྟན་པའི་དུས་ཁྱད་པར་འཕགས་པར་གྲུབ་ལ། བྱེ་བྲག་སྒྲུབ་པ་ཆེན་པོ་ལ་མཁོ་བའི་ཡོ་བྱད། སྟོན་འཁོར་ལ་སོགས་པ་ཐམས་ཅད་ཚང་ཞིང༌། གཙུག་ལག་གི་ལུགས་དང་བསྟུན་པའི་གཟའ་སྐར་སྦྱོར་བྱེད་ཚེས་གྲངས་དང་བཅས་པ་ཐམས་ཅད་ཕུན་སུམ་ཚོགས་པ་དང་ལྡན་པ། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་སློབ་དཔོན་ལྟ་བ་གཉིས་སུ་མེད་པའི་གདེངས་དང་ལྡན་ཞིང༌། སྒོམ་པ་བསྐྱེད་རྫོགས་ལས་སུ་རུང༌། སྤྱོད་པ་ས་ཡ་འབུམ་སྡེ་རྣམ་པར་དག་པ། དབང་དང་མན་ངག་གི་བཀའ་བབ། ཐེག་པ་རིམ་དགུའི་དོན་ཐུགས་སུ་ཆུད། ངང་རྒྱུད་རིང་ཞིང་ཕན་སེམས་ཆེ་བ། ཚོགས་ཀྱི་འཁོར་ལོ་ཆེན་པོའི་མགོན་དང་དཔུང་གཉེན་དུ་བཞུགས་པ་དང༌། འཁོར་ཕུན་སུམ་ཚོགས་པ་བདེ་ཆེན་རྒྱུད་ལ་བསྐུལ་ཞིང༌། ཛབ¿་རྒྱུན་གྱི་ཕྲིན་ལས་མཛད་པའི་གཟུངས་མ་ལུས་ངག་ཡིད་གསུམ་གྱི་མཚན་ཉིད་ལྡན་པ། རིགས་ལྔའི་དངོས་གྲུབ་དང༌། ཕྲིན་ལས་ཀྱི་མཛོད་འཛིན་ཅིང༌། མན་ངག་སྟོན་པའི་འཁོར་རྡོ་རྗེའི་རྒྱལ་ཚབ། རྒྱུད་བཤད། དངོས་གྲུབ། དབང་བསྐུར། ཕྲིན་ལས་ཀྱི་གཉེར་འཛིན་པའི་འཁོར་རྒྱལ་ཐེབས་ཀྱི་སྟོན་པ་བཞི། ཕྲིན་ལས་ཀྱི་གཞུང་འཛིན་ཅིང༌། ཆོ་གའི་བྱ་བ་ལ་མཁས་པའི་འཁོར་དཔའ་བོ་རྒྱལ་ཐེབས་དང༌། ཀརྨ་ལས་མཁན། བར་ཆད་དགྲ་བགེགས་སྒྲོལ་བའི་འཁོར་མཐོང་བཟློག་ནུས་པའི་རྡོ་རྗེ་སྤྱན་པ། ཕྱི་ནང་གི་མཚམས་གཅོད་པའི་རྡོ་རྗེ་འཚམས་པ། འགུགས་སྒྲོལ་སྤོར་སྟོབས་ཀྱི་ལས་ལ་བྱན་ཚུད་པའི་རྡོ་རྗེ་གིང་པ། དུས་ཚོད་དངོས་གྲུབ་ཀྱི་དྲོད་འཛིན་པའི་འཁོར་རྡོ་རྗེ་དྲོད་འཛིན། མཆོད་པའི་ཞལ་ཟས་སྦྱོར་བ་ལ་གཡོ་སྒྱུ་མེད་ཅིང༌། གཙང་སྦྲ་ལྡན་པའི་འཁོར་རྡོ་རྗེ་ཕྱག་ཚང་དང་རྡོ་རྗེ་བྱན་པ་ཕོ་མོ། དད་པ་གསུམ་གྱིས་འདུས་ཤིང༌། སྟོན་པ་མཆོག་གི་ཐུགས་རྗེས་བཟུང་བ། བསྙེན་སྒྲུབ་ཀྱི་ཕྲིན་ལས་ལ་བརྩོན་པའི་འཁོར་རྡོ་རྗེ་མཆེད་དང་ལྕམ་དྲལ། ཕྱི་ནང་བརྡ་སྦྱོར་ལ་མཁས་ཤིང༌། ཡུན་གྱི་ཞབས་ཏོག་བསྒྲུབ་པའི་འཁོར་རྡོ་རྗེའི་རྡུལ་ཕྱག་སྐྱེས་བུ་སྟེ། ཐམས་ཅད་ཀྱང་བསགས་པ་སྔོན་དུ་འགྲོ་བའི་སྐལ་བ་ཅན། ང་རྒྱལ་དང༌། ཕྲག་དོག་ཆུང་བ། དད་པ་དང༌། བརྩོན་འགྲུས་ཆེ་བ། ལྷག་པར་རྒྱལ་ཐེབས་རྣམས་ཀྱང་དབང་དང་དམ་ཚིག་ལྡན་ཞིང༌། ཐོས་བསམ་གྱིས་རྒྱུད་དག་པ། དེ་ཁོ་ན་ཉིད་ལ་བློ་སྦྱངས་པ་ཤ་སྟག་ལགས་པ་དང༌། ཡོ་བྱད་ཕུན་སུམ་ཚོགས་པ། འཚོ་བ་ཟས། ནད་བཟློག་སྨན། དགྲ་བཟློག་མཚོན་སོགས་ཕྱིའི་ཡོ་བྱད། རྟེན་རྫས། སྒྲུབ་རྫས། རྒྱན་རྫས། མཆོད་རྫས། དབང་གི་རྫས་ཏེ་ནང་གི་ཡོ་བྱད། ཏ་ན་གྷ་ན། ཤེས་རབ་སྙིང་རྗེ་སྟེ་གསང་བའི་ཡོ་བྱད་དུ་བཤད་པ་སྤྱི་དང༌། ཁྱད་པར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་དང་བཅས་པའི་རྟེན་སྒྲུབ་མཆོད་རྫས་གཙང་ལ་མ་ཚང་བ་མེད་པར་འདུ་བྱས་ཏེ། དཀྱིལ་འཁོར་གྱི་རི་མོ་བཀྲ་ཡལ་ལེ། སྣང་གསལ་མར་མེ་འོད་ལྷག་གེ །བདུག་སྤོས་ཀྱི་དྲི་ངད་ཐུལ་ལེ། རྡོ་རྗེ་མཆེད་ལྕམ་སྤྲོ་དགའ་དང༌། བྱིན་རླབས་ཐེབས་སེ་འདུ་བའི་སྐབས་འདིར། སྟོན་པ་རྡོ་རྗེ་སློབ་དཔོན་ཉིད་བསྐྱེད་རྫོགས་ཀྱི་དགོངས་པ་མཛད་ཅིང༌། ཟབ་མོའི་དོན་སྟོན་ཏེ། རྣལ་འབྱོར་ཡོངས་ཀྱི་མགོན་དུ་འདུས་པ་རྒྱ་མཚོའི་དབུས་སུ་རྡོ་རྗེའི་ཁྲི་ཆེན་པོ་ལ་བཞུགས་པར་གསོལ་ཞིང༌། རྒྱལ་ཚབ། གཟུངས་མ། རྒྱལ་ཐེབས་ལ་སོགས་པས་གཙོ་བོར་མཛད། མཆེད་ལྕམ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་རང་རང་གི་གནས་སུ་འཁོད་ཅིང༌། མངའ་གསོལ་བ་ཐམས་ཅད་ཀྱང་ཆོས་སྤྱོད་ལ་བརྩོན་འགྲུས་ཆུང་བ་ལུས་ཀྱི་སྐྱོན་དང༌། སྨྲ་བ་མང་ཞིང་བཟླས་པ་ལ་མི་བརྩོན་པ་ངག་གི་སྐྱོན་དང༌། ཞེ་སྡང་ཆེ་ཞིང་བྱམས་པ་ཆུང་བ་ཡིད་ཀྱི་སྐྱོན་དང༌། བརྗེད་ངེས་ཆེ་ཞིང་བག་ཐོན་ཆུང་བ་དམ་ཚིག་གི་སྐྱོན་དང༌། ཆང་ལ་དགའ་ཞིང་གཉིད་ཆེ་བ་ཏིང་ངེ་འཛིན་གྱི་སྐྱོན་དང༌། གཡེངས་བ་ལ་དགའ་ཞིང༌། བསྒོམ་སྒྲུབ་ལ་སྐྱོ་བ་དད་པའི་སྐྱོན་དང༌། སྐྱོན་དྲུག་པོ་རྣམ་པ་ཐམས་ཅད་དུ་སྤངས་ཞིང༌། རྟོགས་པ་ཆེ་བས་ཆོས་ཉིད་དང་མི་ཕྱེད་པ། དད་གུས་ཆེ་བས་བླ་མ་དང་མི་ཕྱེད་པ། དམ་ཚིག་ཆེ་བས་ཡི་དམ་དང་མི་ཕྱེད་པ། བརྩེ་གདུང་ཆེ་བས་མཆེད་ལྕམ་དང་མི་ཕྱེད་པ། སྐྱོན་དང་བྲལ་བས་འབྲས་བུ་སངས་རྒྱས་དང་མི་ཕྱེད་པ་སྟེ། ཡོན་ཏན་དགུ་པོ་ལ་རྣམ་པ་ཀུན་ཏུ་བརྩོན་ཞིང༌། གཞན་ཡང་རྩ་རྒྱུད་ལས། སྙིགས་མའི་དུས་ཀྱི་སྟོན་པ་དང་༔ ད་ལྟའི་སངས་རྒྱས་འདི་དག་ལ༔ ཐ་དད་དུ་ནི་ཅུང་མི་བརྟག༔ རྡོ་རྗེ་གསང་བའི་གྲོགས་དག་ཀྱང་༔ དེ་དང་རྗེས་སུ་འཛིན་པར་བལྟ༔ སྒོ་གསུམ་གུས་པས་བརྩོན་བྱ་ཞིང་༔ དམ་པའི་ཚིག་ལས་འདའ་མི་བྱ༔ ཞེས་གསུངས་པའི་དོན་ལ་བསླབ་པ་སོགས་གང་བསྒོ་བའི་ལས་རྣམས་བདེ་བླག་ཏུ་བསྒྲུབ་པར་བགྱིའོ་སྙམ་པའི་ཐུགས་མདུན་དང་ལྡན་པས་འདིའི་རྗེས་ཟློས་གནང་བར་ཞུ། ༈ །སྒྲུབ་པའི་དངོས་གཞིར་བསྙེན་པ་ཤུབ་བུར་བཟླ་བའི་སྐབས་སུ། རྡོ་རྗེ་རྒྱལ་པོའམ། རྒྱལ་ཚབ་རང་གྲལ་དུ་བཞུགས་བཞིན་ཞྭ་བཅས་འདི་ལྟར་བརྗོད། འོ། རྡོ་རྗེ་འདུས་པ་རྒྱ་མཚོ་རྣམས་ཀྱིས་ཐུགས་མ་ཡེངས་ཤིང༌། བསྙེན་བཟླས་མི་བཅད་པར་ཤུབ་བུར་བཟླ་བཞིན་པའི་ངང་ནས་གསན་འཚལ། དེའང་རང་གཞན་སེམས་ཅན་ཐམས་ཅད་ཐོག་མ་མེད་པ་ནས། འཁོར་བར་སྡུག་བསྔལ་གྱི་རྒྱ་མཚོར་འཁྱམས་ཏེ། རྣམ་པར་གྲོལ་བའི་སྐབས་མི་ཕྱེད་པ་འདི་སེམས་ཡུལ་ལ་གཡེངས་པ་གཅིག་པུས་ལན། རང་སེམས་རང་གི་གཉེར་ཁ་མ་བྱས་ན། རྣམ་རྟོག་གི་གཡེང་བ་ནི་ཆུ་ཡི་གཉེར་མ་བཞིན་འཛད་པའི་དུས་མི་སྲིད་པས། རང་སེམས་འཚོ་བསྐྱང་བྱ་དགོས། ཁྱད་པར་གསང་སྔགས་སྒྲུབ་ཆེན་གཉེན་པོ་འདི་དག་གི་སྐབས་སུ། ལུས་ངག་ཡིད་གསུམ་དཀྱིལ་འཁོར་གྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བསྒྲིམ་པ་མ་གཏོགས། སྒོ་གསུམ་ཐ་མལ་ཏུ་བཏང་མི་རུང༌། མ་ཡེངས་ཏིང་འཛིན་བརྟན་ན། ཞག་གྲངས་དང༌། བཟླས་གྲངས་མང་པོ་ལ་མི་ལྟོས་པར་མྱུར་དུ་འགྲུབ་པར་གཏེར་ཆེན་སངས་རྒྱས་གླིང་པའི་བླ་མ་དགོངས་པ་འདུས་པ་ལས་གསུངས་ཏེ། ཚོམ་བུ་ཚོགས་ཀྱི་སྒྲུབ་པ་ཆེན་པོ་ཞག་བདུན་དུ་བགྱིས་པ་དེ་ལ། ལོ་བདུན་བསྒྲུབ་པའི་ཕན་ཡོན་ཡོད་པར་གསུངས་པས། མཆོག་དམན་བར་མ་ཐམས་ཅད་ཀྱིས་དགའ་སྤྲོ་དང་ལྡན་པས། དཀའ་སྣང༌། སུན་སྣང༌། འཚེར་སྣང་ཐམས་ཅད་སྤོངས་ལ། ཐུགས་བསྐྱེད་སྙིང་པོ་སྟོབས་ཀྱིས་བརྩོན་པའི་གོ་ཆ་གྱོན། རང་རྒྱུད་ལ་རྣམ་དཀར་གྱི་དགེ་བ་སྡུད་ཅིང༌། གཞན་ཕན་གྱི་བསམ་སྦྱོར་ཀུན་སློང་རྣམ་པར་དག་པས་བརྩོན་དགོས་ཤིང༌། སྐུ་བསྐྱེད་པ་ལྷའི་རྣལ་འབྱོར་གྱི་སྐབས་སུ། བཀའ་བརྒྱད་རིག་འཛིན་ཡོངས་འདུས་ལས། དང་པོ་ལྷའི་རྣམ་པ་བསྒོམ། །རྣམ་པ་སེམས་སུ་ཤར་ཙ་ན། །ཐ་མལ་རྟོག་པ་འཇིག་པར་འགྱུར། །བར་དུ་ལྷའི་ང་རྒྱལ་བསྒོམ། །ང་རྒྱལ་བརྟན་པོར་གྱུར་ཙམ་ན། །རང་དབང་རང་གིས་ཐོབ་པ་ཡིན། །མཐར་ནི་ལྷ་ཡི་བྱིན་བརླབས་བསྒོམ། །བྱིན་རླབས་ནུས་པས་གཞན་སྣང་བསྒྱུར། །རང་རིག་དོན་དམ་མཇལ་བར་འགྱུར། །ཞེས་གསུངས་པ་ལྟར། བསྒོམ་བྱའི་ལྷ་དང༌། དཀྱིལ་འཁོར་གྱི་རྣམ་པ་གསལ་བ་དང༌། ང་རྒྱལ་བརྟན་པ་དང༌། རྣམ་དག་གནས་གསུམ་གྱི་སྒོ་ནས་སྐད་ཅིག་ཀྱང་མ་ཡེངས་བར་བསྒོམས་པས། སྣང་ཉམས། ཤེས་ཉམས། མཐོང་ཉམས་ཏེ། ཡུལ་གསུམ་གྱད་དུ་གྱུར་ནས། ཡི་དམ་ལྷ་དངོས་སུ་མཇལ་བར་འགྱུར་རོ། །གསུང་བཟླས་བསྔགས་ཀྱི་རྣལ་འབྱོར་གྱི་སྐབས་སུ། ཡེ་ཤེས་རྔམས་གློག་ལས། གཡོ་དང་བཟླས་དང་འཕྲོ་འདུ་སྔགས། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲས་བསྐྱོད་ནས། །སྒྲིབ་པའི་བུད་ཤིང་བསྲེག་པར་བྱ། །བཟླས་བརྗོད་སྔགས་ཀྱི་བརྟུལ་ཞུགས་ཀྱང༌། །སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པ་མ་ཡིན་བུལ་བ་མིན། །དྲག་པར་མ་ཡིན་ཞན་པར་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་མིན་གླལ་སོགས་བར་ཆད་མིན། །རྒྱུ་བའི་སེམས་རྣམས་སྤང་བ་དང༌། །བཟླས་པའི་སྐྱོན་བཅུ་སྤངས་ནས་ནི། །གྲངས་དང་དུས་དང་མཚན་མ་ཡིས། །བསྙེན་པ་རབ་ཏུ་རྫོགས་པར་གཅེས། །ཞེས་གསུངས་པ་ལྟར། བཟླས་པའི་སྐྱོན་རྣམས་སྤངས་ལ། སྔགས་དབྱངས་སོགས་སྐབས་སུ་གང་འོས་སྔགས་སྒྲ་མི་བཅད་པར་བཟླས་པས། ཡི་དམ་གྱིས་ལུང་སྟོན་ཐོབ། ཐུགས་རྗེ་ནུས་པའི་རྩལ་རྫོགས། སྲུང་མ་དམ་ཅན་བྲན་དུ་འཁོལ་བ་སོགས་ཕན་ཡོན་མཐའ་ཡས་པ་དང༌། དེ་ལས་ཀྱང་ཁྱད་པར་བསྐྱེད་རྫོགས་ཟུང་འཇུག་གི་གནད་གསང༌། ལྷ་སྣང་རིག་པའི་རང་རྩལ། རིག་པ་སྟོང་གསལ་འགྱུར་མེད་གཉུག་མའི་ཀློང་དུ། རྟོག་པ་གང་ཤར་ཡང་ཀ་དག་ཀུན་བཟང་གི་དགོངས་པ་ལས་མི་འདའ་བར་ཐག་ཆོད་པས། བཟླ་བྱའི་སྔགས་ལའང་འདུ་ཤེས་དགུ་དང་ལྡན་དགོས་ཏེ། ལྷ་དང༌། སྔགས་ཀྱི་དེ་ཁོ་ན་ཉིད་མཉམ་པས་སྔགས་ལྷར་ཤེས་པ་དང༌། སྔགས་གཅིག་བཟླས་པས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་འགྲུབ་པས། སྔགས་དཀྱིལ་འཁོར་དུ་ཤེས་པ། བཟླས་བརྗོད་འཕྲོ་འདུས་རྒྱལ་བ་ཐམས་ཅད་མཉེས་པས་སྔགས་མཆོད་པར་ཤེས་པ། ཉམས་དང་རྟོགས་པ་བསྐྱེད་པས་སྔགས་བྱིན་རླབས་སུ་ཤེས་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པས་སྔགས་དངོས་གྲུབ་ཏུ་ཤེས་པ། ལས་རབ་འབྱམས་ཐམས་ཅད་འགྲུབ་པས་སྔགས་ཕྲིན་ལས་སུ་ཤེས་པ། དངོས་འཛིན་བཅོམ་ཞིང་སྐྱེ་མེད་དུ་གྲོལ་བས་སྔགས་ཆོས་ཉིད་དུ་ཤེས་པ། ཉམས་ཆགས་སྐོང་ཞིང༌། སྡིག་སྒྲིབ་སྦྱོང་བས། སྔགས་སྒྲིབ་སྦྱོང་དུ་ཤེས་པ། འདོད་པ་ཐམས་ཅད་འགྲུབ་པས་སྔགས་ཡིད་བཞིན་གྱི་ནོར་བུར་ཤེས་པ་སྟེ། དེ་ལྟ་བུའི་རྒྱུ་མཚན་ཤེས་པའི་སྒོ་ནས་ཛབ¿་དབྱངས་རྒྱུན་མི་བཅད་པར་བཟླས་པ་ལ་བརྩོན་པར་གྱིས་ཤིག། ༈ །དམ་རྫས་བདུད་རྩི་སྨན་གྱི་སྒྲུབ་པ་དང་འབྲེལ་བའི་དུས་སུ། བཏགས་བཙགས་ཀྱི་སྔ་རོལ་དུ། མཆེད་ལྕམ་རྣམས་ལ་དུར་ཁྲོད་དྲག་པོའི་ཆས་ཀྱིས་མངའ་གསོལ་བགྱི་བའི་སྐབས་ཀྱི་མཚམས་སྦྱོར་འཕེལ་གཏམ་གཏོང་ཐུན་ནི། འོ་ན། ད་ལམ་བཀའ་གསང་བླ་ན་མེད་པའི་དཀྱིལ་འཁོར་གཉེན་པོ་འདིར་འདུས་ཤིང༌། འཚོགས་པའི་རྡོ་རྗེ་སློབ་དཔོན་མཆེད་ལྕམ་གྱི་ཚོམ་བུ་དང་བཅས་པ་རྣམས་སྣང་སྲིད་བདུད་རྩི་འཆི་མེད་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་སྒྲུབ་པའི་སྐབས་འདིར། ཕྱི་མ་འཇུ་འདུལ་གྱི་ཕྲིན་ལས་ལ་འཇུག་པའི་ཐོག་མར། བཏགས་བཙགས་སྤོལ་ཞིང་གཞལ་བའི་སྐབས་སུ་བབས་པ་སྟེ། དེ་ལ་རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་རྣམ་སྒོ་གསུམ། ཕྱག་རྒྱ་གསུམ་གྱི་ཏིང་ངེ་འཛིན་ལས་འདའ་བར་མི་བྱེད་པའི་མཚན་ཉིད་ཅན་ཡིན་པ་ལ་ཡིན་པར་གསལ་གདབ་ཅིང༌། ཁྱད་པར་རྩ་གསུམ་རིག་འཛིན་དཔལ་ཆེན་པོའི་ལྷ་ཚོགས་རྣམས་ཀྱིས་ཐུགས་དམ་བསྐུལ་བ་དང༌། ཌཱ་ཀི་དམ་ཅན་མ་མོ་སྲུང་མ་ཐམས་ཅད་བྲན་དུ་བཀོལ་ཞིང༌། དབང་དུ་འདུ་བའི་ཆེད། མེ་མཆོག་ཁྲོ་བོ་རོལ་པའི་དཔལ་ཀྱི་ཆས་དང༌། དུར་ཁྲོད་བདག་པོ་བསྒྲལ་བའི་རྒྱན་རྣམས་དཔའ་རྟགས་སུ་བཞེས་པའི་མཚན་མ། རཱུ་དྲའི་སྡེ་ཚོགས་རྣམས་དཔའ་བཀོང་བའི་ཕྱིར་དུ། ཐུགས་ཀྱི་ཕྱག་རྒྱར་བཞེངས་པའི་རྟེན་འབྲེལ་གྱི་ཆེ་བ་དང་ལྡན་པས། ཡེ་ཤེས་སྐུ་ལྔ་ལྷུན་རྫོགས་ཐོད་སྐམ་ལྔའི་དབུ་བརྒྱན་ལ་སོགས་པ་དཔལ་དང༌། དུས་གསུམ་དབྱིངས་སྒྲོལ་བགོ་བའི་གོས་གསུམ་ལ་སོགས་པ་དུར་ཁྲོད་ཀྱི་ཆས་རྣམས་སོ་སོའི་སྐུ་ལ་བཞེས་ཤིང༌། དོན་གྱི་དག་པ་དྲན་པ་དང༌། དཔལ་ཆེན་རྡོ་རྗེ་ཁྲག་འཐུང་རྣམས་དང་གཉིས་སུ་མེད་པའི་ང་རྒྱལ་གྱི་རྫོང་ལ་ཞུགས་ཏེ། བསྐྱེད་པའི་རིམ་པ་སྣང་གསུམ་གང་ཡང་རུང་བ་བརྟན་པའི་ངང་ནས། དོན་དམ་མི་གཡོ་ཁྱབ་བདག་ཀུན་བཟང་རོལ་པའི་དགོངས་སྤྱོད་ལས་མི་འདའ་བའི་ཏིང་འཛིན་དང་ལྡན་པའི་སྒོ་ནས། དེ་དག་གི་བརྡ་དོན་གསལ་འདེབས་པས། རྡོ་རྗེའི་ཚིག་འདི་རྣམས་ཀྱི་རྗེས་ཟློས་མཛད་པར་ཞུ། ༈ །སྨན་གྱི་དངོས་གྲུབ་ལེན་པའི་སྐབས་གོང་གསལ་ལྟར། སྐབས་འདིར། ཞེས་པའི་འཕྲོས་སུ། བསྙེན་སྒྲུབ་ཡན་ལག་བཞི་ལྡན་གྱི་དགོངས་པས་ཁོག་དབུབ། བདུད་རྩིའི་དཀྱིལ་འཁོར་ཆེན་པོའི་ཕྲིན་ལས་ཁྲོལ་བུར་སྦྱངས་ཤིང་བསྒྲུབ་པ་དང༌། བཏགས་བཙགས་སྤོལ་ཞིང་གཞལ་ཏེ་མངའ་གསོལ་བ། ཕྱི་མ་འཇུ་འདུལ། བསྐྱིལ་དབབ་ལ་སོགས་པའི་ཕྲིན་ལས་ཐམས་ཅད་ཚང་ལ་མ་འཁྲུལ་བ། རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱིས་ཕྱག་ལེན་མཐོང་བ་བརྒྱུད་པའི་པྲ་ཁྲིད་ཀྱི་གཏན་ལ་ཕབ་སྟེ། ཚུལ་བཞིན་བསྒྲུབས་པའི་རྣལ་འབྱོར་དུས་དང༌། གྲངས་ཀྱི་རིམ་པ་བར་ཆད་མེད་པར་མཐར་ཕྱིན་ཏེ། དཔལ་ཆེན་ཧེ་རུ་ཀའི་ས་ཐོབ། གྲོལ་བ་དྲུག་ལྡན་གྱི་ཕྲིན་ལས་རྨད་པོ་ཆེས། མཆོག་ཐུན་དངོས་གྲུབ་ལེན་པའི་བྱ་བ་ལ་འཇུག་པའི་སྐབས་སུ་བབ་པ་སྟེ། ཞེས་བསྒྱུར་བའི་ཁྱད་པར་བགྱིས་ན་ས་སྟོང་འགོག་བྱེད་ཙམ་དུ་འགྱུར་རམ་སྙམ། ༈ །མཐའ་རྒྱས་མར་མེའི་སྨོན་ལམ་བྱ་བའི་སྐབས་སུ་བབ་པ་ན། རྒྱལ་ཐེབས་ཀྱི་གཙོ་བོས་ཞྭ་ཆོས་བཅས་གྲལ་གཤམ་དུ་བཞེངས་ཏེ། དེ་ལྟར་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང༌། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་བསྲང་སྟེ། ཚོམ་བུ་ཚོགས་ཀྱི་སྒྲུབ་པ་དང་འབྲེལ་བ། སྣང་སྲིད་སོགས་གོང་ལྟར་ཁ་བསྒྱུར་འདོར་ལེན་བྱས་ནས། སྒྲུབ་པ་ཆེན་པོ་བར་ཆད་མེད་པར་མཐར་ཕྱིན་པའི་སྐབས་འདིར། མོས་ལྡན་སྤྲོ་བ་བསྐྱེད་པའི་ཕྱིར་དུ། འབྲས་བུ་རིག་འཛིན་འགྲུབ་པའི་དུས་ཀྱང་ཅུང་ཟད་བརྗོད་ན། སྤྱིར་རྒྱུའི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པའི་གསང་སྔགས་རྡོ་རྗེ་ཐེག་པ་ལ་རྟོགས་བྱ་གཞིའི་རྒྱུད། རྟོགས་བྱེད་ལམ་གྱི་རྒྱུད། མཐར་ཕྱིན་འབྲས་བུའི་རྒྱུད་བཅས་གསུམ་གྱིས་བསྡུས་ཤིང༌། ལམ་ཐབས་ཀྱི་རྒྱུད་ལའང་དབྱེ་བ་མཐའ་ཡས་ཀྱང༌། ཁྱད་པར་གྱི་དབང་དུ་བྱས་ཏེ་ཐབས་ཀྱི་ངེས་པའི་ལམ་དང༌། ཤེས་རབ་རྣམ་པར་གྲོལ་བའི་ལམ་གཉིས། གྲོལ་ལམ་ལའང་གཅིག་ཆར་བ་དང༌། རིམ་གྱིས་པ་གཉིས་ལས་འདིར་ཕྱི་མའི་དབང་དུ་བྱས་ཏེ། རྒྱུད་རྒྱལ་གསང་བའི་སྙིང་པོ་ལས། ཤེས་བྱ་མཚན་ཉིད་འབྱོར་བའི་གཟུངས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། ཞེས་གསུངས་པ་ལྟར། རྒྱུ་ཤེས་པའི་མཚན་ཉིད་ལྟ་བ་གཏན་ལ་ཕབ་ནས། རྐྱེན་འཇུག་པའི་མཚན་ཉིད་ཏིང་ངེ་འཛིན་ལ་མོས་སྒོམ་དང༌། ངེས་རྫོགས་ཀྱི་ཚུལ་གཉིས་ལས། སྐབས་འདིར་མོས་སྒོམ་ཙམ་གྱིས་ཚོམ་བུར་འདུས་པའི་སྒོ་ནས་སྤྲོས་བཅས་བསྐྱེད་རིམ་དང༌། ཕྱོགས་མཐུན་དུ་སྒྲུབ་པའི་འབྲས་བུའང༌། དབང་པོ་ཡང་རབ་ཐ་མ་དང༌། སྐལ་བ་བཟང་ངན། དད་བརྩོན་སོགས་ཀྱི་རིམ་པ་ལྟར་སྐྱེ་བ་འདིའམ། བར་དོའམ། ཡང་མཐའ་སྐྱེ་བ་བདུན་ཚུན་ཆད་རིག་པ་འཛིན་པའི་ས་ལ་གནས་པར་འགྱུར་ཏེ། ཨོ་རྒྱན་ཆེན་པོའི་ཞལ་ནས། སྒྲུབ་ཆེན་འདི་ལྟ་བུ་རབ་ལོ་སྒྲུབ། འབྲིང་ཟླ་སྒྲུབ། ཐ་མ་ཞག་སྒྲུབ་ཙམ་བྱས་ནའང་སྒོ་གསུམ་གྱི་སྒྲིབ་པ་བྱང་ཞིང༌། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༌། མཆོག་ཐུན་མོང་གི་དངོས་གྲུབ་སྣ་རེ་ཐོབ་པ་གདོན་མི་ཟ་སྟེ། ཞེས་གསུངས། དེའང་ལན་གཅིག་མ་ཡིན་པར་ཡང་ཡང་བསྒྲུབ་ན། ཤིན་ཏུ་སྐལ་བ་དམན་པས་ཀྱང་ངེས་པར་འགྲུབ་པར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་ཏེ། བྱང་གཏེར་ལས། ལན་གསུམ་སྒྲུབ་ན་དངོས་གྲུབ་རྣམ་གཉིས་ཐོབ༔ རིག་འཛིན་གྲལ་ལ་ཐེ་ཚོམ་ཡོད་རེ་ཀན༔ མཆོག་དང་ཐུན་མོང་དངོས་གྲུབ་འཐོབ་པར་འགྱུར༔ ཞེས་གསུངས་པ་ལྟར། ཚུལ་བཞིན་སྒྲུབ་པ་ལ་ཞུགས་ན་འབྲས་བུ་འགྲུབ་པ་ལྟ་ཅི་སྨོས། སྒྲུབ་ཆེན་འདི་ལྟ་བུ་ལ་བཟང་ངན་གྱི་འབྲེལ་པ་ཅུང་ཟད་ཐོབ་པ་རྣམས་ཀྱང༌། བྱང་ཆུབ་ཀྱི་ས་བོན་ཐེབས་པར་འགྱུར་ཏེ། བྱང་གཏེར་དྲག་པོའི་ཐུགས་ཀྱི་སྒྲུབ་སྐོར་ལས། དད་ལྡན་སྣོད་ལྡན་གང་ཟག་ལ༔ རྩེ་གཅིག་སྒོམ་པའི་སྐལ་མེད་ན༔ མཐོང་ངམ་ཐོས་སམ་རེག་པ་ཡིས༔ བྱང་ཆུབ་ལམ་ལ་བགྲོད་པའི་ཐབས༔ འདི་ཉིད་ཡིན་ནོ་ཉམས་སུ་ལོངས༔ ཞེས་གསུངས་སོ། །གསང་སྔགས་སྤྱི་ལས་ཀྱང་སྙིགས་མའི་དུས་འདིར་གཏེར་ཆོས་ཟབ་མོ་རྣམས་བྱིན་རླབས་དང༌། འགྲོ་དོན་ཆེ་བར་གསུངས་ཏེ། བླ་མ་དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། ཇི་སྙེད་སངས་རྒྱས་བསྟན་པ་མ་རྫོགས་པ༔ དེ་སྲིད་གཏེར་གྱིས་འགྲོ་བ་དཔག་མེད་འདྲེན༔ དེ་ཕྱིར་གཏེར་ལ་དད་དང་གུས་པ་གྱིས༔ དེ་ཡང་དྲང་དོན་ཡིན་གྱི་དེ་ལས་གཞན༔ བླ་མེད་ཐེག་ཆེན་སྙིང་པོའི་དོན་རྣམས་དང་༔ གང་འབྲེལ་ཐམས་ཅད་སངས་རྒྱས་འགྲུབ་པའི་ཕྱིར༔ འདི་གྲོལ་འདི་མ་གྲོལ་གྱི་རྣམ་དབྱེ་བྲལ༔ འབྲེལ་ཚད་དོན་དང་ལྡན་ཞེས་དེ་ལ་བརྗོད། ཅེས་སོགས་ལུང་མཐའ་ཡས་པ་འབྱུང་བ་དང༌། གཏེར་ཆོས་ཟབ་མོ་རྣམས་ཀྱི་དབང་ལུང༌། ཕྱག་ལེན། བསྙེན་སྒྲུབ་སོགས་གཞུང་དང་མཐུན་པར་རང་གིས་བགྱིད་ཅིང༌། གཞན་ལ་སྤེལ་ནུས་པ་ནི་ཨོ་རྒྱན་ཉིད་ཀྱིས་བྱིན་གྱིས་བརླབས་པའི་སྤྲུལ་པ་ཡིན་པར་ལུང་གིས་བསྟན་ཏེ། དེ་ཉིད་ལས། ང་སྤྲུལ་གང་འཕྲད་ངན་སོང་སྐྱེ་སྒོ་གཅོད༔ བཀའ་ཤོག་འདི་འཛིན་སྔགས་ཀྱི་རྣལ་འབྱོར་པ༔ ང་སྤྲུལ་བསྟན་སྲུང་ཡིན་པ་ཤེས་པར་གྱིས༔ གང་བབས་རྒྱུད་རྣམས་འབྲེལ་ཚད་དོན་ལྡན་ཏེ༔ མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ༔ གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན༔ ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས༔ ཕྱི་རབས་ཀུན་གྱིས་ཡིད་གཉིས་ཐེ་ཚོམ་སྤངས༔ གུས་པས་བཀུར་སྟི་ཕུ་དུད་འབྲེལ་པ་ཐོག༔ ཅེས་གསུངས་པ་དང༌། གཏེར་ཆོས་ལ་མོས་ཤིང་དད་པ་སྐྱེ་བ་རྣམས་ཀྱང་ཨོ་རྒྱན་ཆེན་པོ་བོད་དུ་ཕེབས་པའི་སྐབས་སུ་སྨོན་ལམ་ཐེབས་པའི་ལས་འཕྲོ་ཅན་དུ་ལུང་གིས་བསྟན་ཏེ། ཡེ་ཤེས་ཌཱ་ཀི་མཚོ་རྒྱལ་གྱི་ཞལ་ནས། མ་འོངས་གཏེར་གྱི་ཆོས་ལ་མོས་པ་ཀུན༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམ༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན༔ ཞེས་གསུངས་པ་ལྟར། རྗེས་འབྲེལ་བདུད་རྩི་སྨན་སྒྲུབ་ཀྱི་ཕན་ཡོན་ཡང༌། གནས་སྐབས་སུ་སྦྱང་རྟོགས་སྤར་གསུམ་གྱི་བྱིན་གྱིས་བརླབས་པའི་རྫས་ཀྱི་བདུད་རྩི་རང་ལུས་ལ་གནས་པའི་བདུད་རྩི་ལྔ་དྭངས་མར་འགྱུར་བའི་གྲོགས་བྱེད་ཅིང༌། ཤ་ལྔས་དུག་ལྔ་སེལ། བདུད་རྩི་ལྔས་ཡེ་ཤེས་ལྔ་མངོན་དུ་བྱེད། དེའི་མཐུ་ལས་ལམ་ལྔའི་རྟོགས་པ་རྒྱུད་ལ་སྐྱེས་ཏེ། ཚེ་དང༌། ཏིང་ངེ་འཛིན་ལྷག་མེད་ཐར་པ་ལ་བར་དུ་གཅོད་པའི་བདུད་བཞི་འཇོམས་པར་འགྱུར་ཏེ། བམ་བརྒྱད་ལས། བདུད་རྩིའི་ཆོས་ཀྱི་དོན་འདི་ནི་དཔེར་ན་མེ་དང་འདྲ་སྟེ། ཆུང་སྟེ་རྡུལ་ཙམ་ནས། ཆེ་སྟེ་སྲིད་པའི་རི་བོ་ཡང་བསྲེག་གོ །དེ་བཞིན་དུ། ཆོས་ཀྱི་བདུད་རྩི་ཆེན་པོ་འདིས་ཀྱང༌། སེམས་ཅན་གྱི་ཉོན་མོངས་པའི་རྟོག་པ་ཕྲ་མོ་དང༌། དུག་ལྔའི་རྡུལ་དཔྱིས་ཕྱུངས་ཏེ། རིག་ལྔ་ཡེ་ཤེས་ལྔར་འཚང་རྒྱ་བར་བྱེད་དོ། །ཅེས་གསུངས་ཤིང་ཐབས་དང་ལྡན་པའི་ཆོ་གས་བཅུད་ལེན་དུ་བསྟེན་ན། མཐར་ཐུག་ཕུང་པོ་ལྔ་སངས་རྒྱས་ལྔར་སྦྱོང་ཞིང༌། དབང་བཞིའི་རྟོགས་པ་ཉམས་སུ་མྱོང༌། གྲུབ་མཐའ་བཞི་ལམ་དུ་སློང༌། སྐུ་བཞིའི་གོ་འཕང་མངོན་དུ་འགྱུར་བ་སོགས་ཕན་ཡོན་མཐའ་ཀླས་གསུངས་ཏེ། ཁྲག་འཐུང་འདུས་པ་རྩ་བའི་རྒྱུད་ལས༔ སྐད་ཅིག་ཐུག་འཕྲད་སྟོན་པ་ཡིས༔ ཚེ་རིང་ནད་མེད་བདེ་བ་དང་༔ ལང་ཚོ་ཁ་དོག་སྟོབས་དང་གཟི༔ འཕེལ་ཞིང་དབང་པོ་རིག་པ་གསལ༔ མཁའ་ལ་འགྲོ་ཞིང་ཕ་རོལ་གྱི༔ ནུས་སྟོབས་གནོད་པས་མི་ཚུགས་ཤིང་༔ ཀུན་གྱིས་བཀུར་སྟིའི་འོས་སུ་མཐོང་༔ ཁམས་ཀྱི་ཟས་དང་མ་འདྲེས་ཤིང་༔ གོས་མེད་མཁའ་ལ་གཅེར་བུར་སྤྱོད༔ སྔོན་གྱི་རྒྱལ་བ་ཆེ་རྣམས་ཀྱི༔ རིག་པ་འཛིན་པའི་གྲལ་ཐོབ་འགྱུར༔ དེ་ཉིད་མ་རིག་བར་དུ་ཡང་༔ ནད་དང་མུ་གེས་མི་ཚུགས་ཤིང་༔ བར་དུ་བསྐལ་པ་འཇིགས་ལས་ཐར༔ གཞན་ལ་ཕན་པ་བསྒྲུབ་ལ་སོགས༔ ཡོན་ཏན་ཆེན་པོ་དཔག་མེད་ཐོབ༔ ཅེས་སོགས་ལུང་བསྟན་ཆེན་པོ་མཐའ་ཡས་པ་ལས་རྒྱ་ཆེར་འབྱུང་བའི་དོན་བསྡུས། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། བདེ་གཤེགས་མ་ལུས་མཆོད་པའི་རྫས། །བླ་མ་ཡི་དམ་སྡུད་པའི་རྩི། །མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན། །ཐོས་པས་ཡོན་ཏན་བརྗོད་མི་ལང༌། །སངས་རྒྱས་སྐུ་ལྔའི་ཡོན་ཏན་འཐོབ། །ཕྱི་ལྟར་ལུས་ཀྱི་ནད་གདོན་འཇོམས། །ནང་དུ་ཉོན་མོངས་དུག་ལྔ་འདག །དམ་ཚིག་ཉམས་ཆགས་ཐམས་ཅད་བསྐང༌། །གསང་བ་རང་བྱུང་ཡེ་ཤེས་རྟོགས། །ཉན་ཐོས་རང་སངས་རྒྱས་རྣམས་ཀྱིས། །ཟོས་ན་ས་བཅུ་ཐོབ་ནས་ཀྱང༌། །ཐེག་ཆེན་བྱང་སེམས་ཆེན་པོར་འགྱུར། །བླ་མ་མཆོད་ན་བྱིན་རླབས་འཇུག །ཡི་དམ་མཆོད་ན་དངོས་གྲུབ་སྟེར། །བདེ་གཤེགས་མཆོད་ན་ཐུགས་རྗེ་འབྱུང༌། །མཁའ་འགྲོ་མཆོད་པས་ལུང་ཡང་སྟོན། །རྣལ་འབྱོར་པའམ་སུས་ཟོས་ཀྱང༌། །ཕྱི་ཡི་ནད་གདོན་སྡིག་སྒྲིབ་བྱང༌། །ནང་གི་བསྐྱེད་རིམ་ཏིང་འཛིན་གསལ། །གསང་བ་རང་རིག་ཆོས་སྐུར་རྟོགས། །ཉམས་དང་ལྷག་ཆད་མ་ལུས་སྐོང༌། །འཆང་བས་དུས་མིན་འཆི་བ་བཟློག །གདུག་པའི་དུག་ཀྱང་འཇིལ་བར་ནུས། །བྱུགས་པས་ནད་གདོན་མ་ལུས་སེལ། །བསྲེག་ན་ནད་གདོན་ཐམས་ཅད་སྐྲོད། །འདི་ཉིད་བསྒྲུབ་པའི་གནས་དེ་ཡང༌། །ཨོ་རྒྱན་བསིལ་བའི་ཚལ་དང་མཚུངས། །དཔའ་བོ་མཁའ་འགྲོ་ཐམས་ཅད་འདུ། །ས་ཕྱོགས་བྱིན་དང་ལྡན་པར་འགྱུར། །ཆར་ཆུ་འབེབས་ཤིང་ལོ་ཕྱུགས་ལེགས། །གང་བསྒྲུབ་པ་ཡི་གནས་དེ་རུ། །སུ་བསྡད་མི་རྣམས་ཏིང་འཛིན་འཆར། །ནམ་ཞིག་ཚེ་ཡི་དུས་བྱས་ནས། །ཕོ་མོ་བཟང་ངན་མེད་པ་རུ། །རིག་པ་འཛིན་པའི་ས་ལ་གནས། །དེ་ཕྱིར་མཆོག་གི་དམ་རྫས་སོ། །ཞེས་གསུངས་ཤིང༌། གཞན་ཡང་བམ་བརྒྱད་ལས། འཇམ་དཔལ་བསྐལ་པ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱས་པ་བས། བདུད་རྩི་ཆེན་པོ་འདིས་ལན་གཅིག་སེམས་ཅན་གྱི་དོན་བྱས་པ་བསོད་ནམས་ཆེ་སྟེ། སེམས་ཅན་ཐམས་ཅད་དམྱལ་ཁམས་བཅོ་བརྒྱད་ཀྱི་ནང་ནས་ཐར་པའི་ལམ་དུ་འདྲེན་པ་ཡིན་ནོ། །ཞེས་གསུངས་པས་མཚོན། རྡོ་རྗེའི་ལུང་མཐའ་ཡས་པར་འབྱུང་ཞིང༌། བྱིན་རླབས་ཀྱི་མཚན་མའང་མངོན་སུམ་གྱི་ཚད་མས་གྲུབ་པ་སྟེ། དེ་ལྟ་བུའི་ཕན་ཡོན་དང་ལྡན་པའི་སྒྲུབ་པ་ཆེན་པོ་ལེགས་པར་གྲུབ་པ་ནི། །ལས་འཕྲོ་སྐལ་བ་བཟང་པོ་དང་ལྡན་པས། གསང་སྔགས་གཉེན་པོའི་དཀྱིལ་འཁོར་གཅིག་ཏུ་འདུས་ཤིང༌། །སྣང་གསལ་མར་མེ་གཅིག་ལ་བལྟས་པ་ནི། ཤིན་ཏུ་འདྲེས་པའི་མཆེད་དུ་གྱུར་པ་ཡིན་པས། ཕྱིན་ཆད་ཀྱང་སློབ་དཔོན་ལ་ཡི་དམ་དངོས་སུ་འདུ་ཤེས་པ་དང༌། མཆེད་རྣམས་གཅིག་གིས་གཅིག་ལ་དག་སྣང་ཁོ་ན་སྦྱོང་བ་སོགས་བག་ཡོད་དྲན་ཤེས་དང་ལྡན་པས། གསང་བའི་དམ་ཚིག་སྲོག་ལྟར་བསྲུང་ཞིང༌། སྒོ་གསུམ་དཀྱིལ་འཁོར་གསུམ་ལྡན་མ་བྲལ་བར་མཛད་ན་སྐྱེ་བ་འདི་ཉིད་ལ་ཚོགས་སྦྱོར་གྱི་ལམ་བགྲོད་དེ། མཚན་ཉིད་གསུམ་ལྡན་གྱི་རྣམ་སྨིན་རིག་འཛིན་མངོན་དུ་བྱེད་ཅིང༌། རིམ་གྱིས་མཐོང་སྒོམ་མི་སློབ་པ་སྟེ། ལམ་གྱུར་གྱི་འབྲས་བུ་རིག་འཛིན་བཞི་མཐར་ཕྱིན་ནས། འབྲས་དུས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཕྲག་ལྔའི་བདག་ཉིད་ཅན་གདོད་མའི་མགོན་པོའི་གསང་བ་ལྷུན་གྱིས་གྲུབ་སྟེ། ནམ་མཁའི་ཇི་སྲིད་དེ་སྲིད་དུ། སངས་རྒྱས་ཀྱི་མཛད་པའི་རོལ་མོ་མཐའ་ཡས་པ་འཆར་བར་འགྱུར་བས། དེ་ལྟ་བུའི་ཚུལ་རྣམས་ཐུགས་ལ་ངེས་ཤིང༌། སྤྲོ་བ་དང་ལྡན་པའི་ངང་སྒྲུབ་པའི་མཐའ་རྒྱས་བྱེ་བྲག་རྟེན་འབྲེལ་ཁྱད་འཕགས་མར་མེའི་སྨོན་ལམ་གདབ་པའི་སྐབས་སུ་བབ་པ་སྟེ། དེའང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ཆེན་པོ་ལས། སྒྲོན་མེའི་སྣང་བ་མི་ཤེས་པ། །མཐོང་བྱ་ཀུན་ལ་མུན་པས་བསྒྲིབ། །ནམ་ཡང་སྣང་བ་མི་འགྱུར་ཏེ། །ལོང་བའི་གྲོང་ཁྱེར་ཆེན་པོར་འགྲོ། །སྒྲོན་མེ་འབར་བ་གང་བསྲེལ་བ། །ཀུན་ལ་མུན་པ་སངས་གསལ་བའི། །མ་ནོར་མ་བཅོས་དེ་བཞིན་ཉིད། །སྒྲོན་མ་དམིགས་བུས་མཐོང་བར་འགྱུར། །ཞེས་གསུངས་པ་ལྟར། མི་ཤེས་པའི་མུན་པ་སེལ་ཞིང་གནས་ལུགས་ཀྱི་སྣང་བ་མཚོན་པར་བྱེད་པ་ནི་སྒྲོན་མེའི་མིང་དུ་གྲགས་སྟཻ། དེའང་གསང་བའི་བདག་པོར། རིན་ཆེན་འབར་བའི་སྒྲོན་མེ་བསྲེལ་བར་བྱའོ། །ཞེས་བརྡའི་སྒོ་ནས་བསྟན་པ་ལྟར། གཞི་ཆོས་ཉིད་ཀྱི་ཀོང་བུར། ལམ་ཆོས་ཅན་གྱི་མར་ཁུས་གཏམས་ཏེ། འབྲས་བུ་རང་རིག་རང་གསལ་གྱི་མར་མེ་འབར་བ་བརྡའི་སྒྲོན་མེ་འདིས་མཚོན་བྱེད་དུ་བྱས་ནས། ཤེས་རབ་རང་བྱུང་གི་སྒྲོན་མ་ལུས་ཅན་ཀུན་གྱི་སྙིང་ལ་བཞུགས་པའི་རང་གདངས་རྒྱང་ཞགས་ཆུའི་སྒྲོན་མ་ལ་ཤར་སྟེ། དབྱིངས་རྣམ་དག་དང༌། ཐིག་ལེ་སྟོང་པའི་སྒྲོན་མ་ཚད་དུ་ཕེབས་པས། མཚོན་བྱ་རྟགས་ཀྱི་སྒྲོན་མ་སྣང་བ་བཞི་པོ་མཐར་ཕྱིན་ནས། འགྲོ་བ་ཐམས་ཅད་ལ་རང་བྱུང་ཡེ་ཤེས་ཆེན་པོའི་སྒྲོན་མ་རང་ཆས་སུ་བཞུགས་ཀྱང༌། ལྷན་སྐྱེས་དང༌། ཀུན་བརྟགས་ཀྱི་མ་རིག་པའི་མུན་པས་སྒྲིབ་པ་དེ་ཉིད། ས་རྣམ་པར་བཀོད་པ་ཉི་ཤུ་རྩ་གཅིག་གི་ཡེ་ཤེས་སྣང་བ་གོང་དུ་འཕེལ་བས་བཅོམ་སྟེ། རང་གནས་ཀྱི་སྐུ་དང༌། ཞིང་ཁམས་ཚད་མེད་པ། མཚན་གཞི་དོན་གྱི་སྒྲོན་མེ་མངོན་དུ་གསལ་བར་མཛད་པའི་ཐུགས་འདུན་རྩེ་གཅིག་པའི་ངང་ནས་སྨོན་ལམ་གྱི་རྗེས་ཟློས་གནང་བར་ཞུ། །ཞེས་པ་འདི་རྣམས་ནས་མ་ཏྲཾ་བསྐུལ་མནན་དང༌། དཔལ་ཆེན་གྱི་མངའ་གསོལ་གཏོང་ཐུན་ཟུང་འཇམ་མགོན་རྡོ་རྗེ་འཆང་ཆེན་པོའི་གསུང་གསང་ཉིད་དང༌། དེ་འཕྲོས་རྣམས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གསུང་རབ་ལས་བཏུས་ཤིང༌། སྐབས་ཐོབ་ཀྱི་ཚིག་སྤྲོས་འབྱིན་འཇུག་དང༌། གསར་བྲིས་སོགས་ཅི་རིགས་བགྱིས་པ་འདིའང༌། གནའ་བོའི་དུས་གངས་ཅན་མིའི་བདག་པོ་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེ་བའི་རྣམ་རྒྱལ་གྲྭ་ཚང་བན་གཙང་ཐུབ་བསྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་རྡོ་རྗེ་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་དབང་ཕྱུག་གི་གཙོས། དབུ་ཆོས་ལས་སྣེ་འདུས་གྲྭ་བཅས་ནས་ཁྱད་པར་འཕགས་པའི་རྟེན་གྱི་ཕྲེང་བ་བཅས་བསྐུལ་ངོར་བོད་ཡུལ་བསྟན་འགྲོའི་བདེ་སྐྱིད་ཀྱི་གཞི་མ་ཆོས་སྡེ་དེ་ཉིད་དུ། དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚོགས་སྒྲུབ་དང་འབྲེལ་བའི་སྨན་སྒྲུབ་གསར་དུ་ཕྱག་ལེན་བསྟར་རྒྱུའི་ཆ་རྐྱེན་དུ། སངས་རྒྱས་ཀརྨ་པའི་མཚན་གྱི་བྱིན་རླབས་ཐོབ་པའི་སྔགས་བཙུན་དཔལ་ལྡན་ཀུན་བཟང་ཆོས་ཀྱི་ཉི་མ་ཆེན་པོ་ཕྲིན་ལས་མཁའ་ཁྱབ་རྡོ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་གདན་ས་ཆེན་པོའི་ཡང་དབེན་ལྷུན་གྲུབ་ཕོ་བྲང་དུ་ས་རྟ་ས་ག་ཟླ་བའི་གྲལ་ཚེས་བཟང་པོར་བཀོད་པའི་ཡི་གེ་པ་ནི་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བཀོད་པ་དགེ་ལེགས་སུ་གྱུར་ཅིག། །།
[edit]

@#/__dpal bka' 'dus kyi tshogs sgrub sman sgrub sbrel ma'i skabs nyer mkho'i gtong thun rnams phyogs gcig tu bkod pa rin chen lha'i sil snyan zhes bya ba bzhugs so//__mi phyed rdo rje dbyings kyi mgon/__/spyi dpal che la btud nas 'dir/__/tshogs kyi sgrub pa'i phrin las sgo/__/'byed slad rnam gsal stong thun spel/__/de la ma traM bsgral chog gi gong du rdo rje slob dpon nam/__rgyal thebs kyi gtso bos 'di ltar brda' sprad par bya'o/__kyai/__rdo rje 'dus pa rgya mtsho'i tshom bu tshogs su bsgrub pa'i gsang ba'i 'du ba la mngon du phyogs pa gang zhig__/zung 'jug lha'i phyag rgyas phyi nang gsang ba'i mtshan 'dzin rtsad gcod pa la/__thog mar ma traM 'dul chog gi skabs su bab pa ste/__de yang ma traM zhes bya ba don du yid lhan skyes dang*/__kun brtags kyi ma rig pa'i rtsal las/__chos gnyis 'dzin du shar ba rnams te/__lus snang ba'i srid pa/__ngag phyed snang gi srid pa/__yid mi snang ba'i srid pas bsdus pa'i chos so cog la gzung byar 'khrul pa chos kyi bdag 'dzin ma tra~M ru dra sems can gyi lus la gnas/__smig rgyu'i phreng ba ltar rten 'brel du 'tshogs pa'i rnam par shes pa tshogs brgyad la nga dang bdag tu lta ba/__gang zag gi bdag 'dzin kha tra~M ka ru dra sems can gyi yid la gnas/__yod pa skur 'debs dang*/__med pa sgro 'dogs kyi mthar lhung bas las dang las kyi 'bras bu mtha' dag yongs su chad cing med par smra ba mi bden 'khrul pa'i bdag 'dzin a kar sha ru dra sems can gyi ngag la gnas pa ste/__mtha' lta dang*/__'jigs tshogs la mngon par zhen pas skye 'chi'i bde sdug spel mar 'byung ba'i ma rig 'khrul snang gi dur khrod dang*/__skye 'jug gi phreng ba bar ma chad pa'i phyi ma'i las kyi gzugs sgrub pa yid dang*/__rnam shes kyi rgya mtsho kun 'byung sems kyi dur khrod la bdag tu bzung ba'i dregs pa can de dag__/dbyings dang ye shes gnyis su med pa rtogs pa lha'i dur khrod/__chos kyi dbyings thams cad 'dus pa chen po'i klong du lta ba gyad du gyur pas bsgral zhing*/__rtsa rlung thig le'i rang bzhin phyi rol du gdod nas grub pa'i gnas dang*/__dur khrod chen por byin gyis brlab pa la/__gsang sngags thabs kyi che ba yin pas/__brda dang thabs kyis btul ba'i tshul yang*/__sngon byung ba 'das pa'i dus na/__bskal pa gdul dka' rab tu dga' ba la/__'jig rten gyi khams sbyangs dka' ba zhes bya bar/__de bzhin gshegs pa 'jig rten gyi sgron mer gyur pas/__mtha' drug gi tshul gyis chos ston pa la/__log par rtog pa'i sems can gang zhig gab pa'i gsang ba sgra ji bzhin du spyad pa'i las kyis ngan song gi sdug bsngal sna tshogs pa myong ba'i mthar/__rgyu mthun gyi 'bras bus 'jig rten bdag po dbang phyug yab yum gyi bu ma traM ru dra zhes bya ba/__shin tu 'jigs la gtum zhing ma rungs pa zhig tu skyes nas/__'bras bu che ba'i gnas ris kyi lha man chad dbang du bsdus nas/__khams gsum mtha' dag ngan 'gro'i las kyi lam mi bzod pa la gzhol ba de'i tshe/__rgyal ba ma lus shing lus pa med pa'i rdo rje gsum gyi gsang ba gcig tu bsdus pa/__dpal chen po he ru ka nyid 'bar ba chen po'i gzugs kyi skur bzhengs nas/__rdo rje khro bo'i sprin dang bcas pas/__dur khrod kyi bdag po ma traM ru tra bsgral zhing gnas spar te/__chos skyong ba'i srung ma ma hA kA lar dbang bskur/__ma 'ongs thal bas khebs pa'i zhing du bcom ldan 'das thal ba'i dbang por 'tshang rgya bar lung bstan/__chung ma kro d+hI shwa ri ma la ma chags thabs kyi rol pa mdzad de/__sras mchog badz+ra he ru kar sprul/__slas kyi 'khor bdud kyi bu mo myos byed ma la sogs pa brgyad la gau rI ma brgyad/__nang gi sgo srung ser mo la sogs pa brgyad la siM ha ma brgyad/__phyi'i sgo srung bzhi la rta gdong sgo ma bzhir sprul/__'khor gyi yi dwags chen po gdug pa can rnams dbang du bsdus shing bran du byas/__ru tra'i phung po dzam bu gling du bor ba las yul chen po brgyad dang*/__dur khrod chen po brgyad/__de dag rnams su rang byung gi ma mo/__/mchod rten/__zhing skyong*/__klu dang*/__srin po la sogs pas brgyan cing*/__skal ldan rnams nyams rtogs spor/__skal med rnams tshar gcod pa'i gnas su byin gyis brlabs pa/__de dag sngon byon ston pa'i rnam thar/__rjes 'jug gdul bya'i nyams len yin pas/__bsgral chog la 'jug pa 'di yang don dang ldan pa ste/__dpal chen po'i rnam thar gyi rjes su 'gyur ba dang*/__ma traM bsgral ba'i khog pa gzhal yas khang du byin gyis brlab pa'i nang du bsgrub na bkra shis pa dang*/__srid pa gsum gyi bgegs kyi rgyal po bsgral bas bgegs gzhan gyi bar chad mi nus zhing*/__dngos grub rnam gnyis myur du thob pa'i dgos pa yod la/__de yang dbang po rab kyis chos thams cad byang chub kyi sems las gud na med cing*/__sems nyid bdag med phyogs bral rang byung gi ye shes/__yul sems gnyis med skye 'gag las 'das par rtogs pas/__gnyis snang la dgag sgrub blang dor med par rang shar rang grol chos nyid kyi rol pa 'ba' zhig tu mthong ba'am/__dbang po 'bring gis snang srid lha dang lha mor rig pa/__tha mas kyang dam rdzas chen po lnga yi rang bzhin du shes pa ni/__don chos nyid kyi gdul ba zhes bya ba 'khrul pa'i rtsad chod pas bar chod kyi khung brtol ba ste/__rtsa rgyud las/__mthong dang rig dang shes dang spyad:__'di las 'da' bar ma gyur naH__log par lta ba 'dul nus shing :__sangs rgyas rnams dang nga nyid 'grub:__ces gsungs shing*/__de lta bu'i don mtshon pa'i phyir rtags cho gas 'dul ba la'ang*/__rgyud las/__shin tu khro zhing gtum pa la:__zhi bas phan par mi 'gyur te:__shes rab thabs kyi ngo bo las:__khro bo de bzhin gshegs sprul mdzad:__khro bo'i tshul 'chang khros pas kyang :__'jig rten gsum rnams bsreg byed na:__sangs rgyas thams cad khros pa yis:__khams gsum ma lus smos ci dgos:__zhes gsungs pa ltar/__rnal 'byor pa rnams dpal khrag 'thung rol pa'i lha sku phyag rgya'i gsal snang dang*/__nga rgyal rab tu 'bar bas ma traM bkug cing bsgral te/__khog pa gzhal yas khang du byin gyis brlabs pa'i nang du 'jug pa sogs gzhung las 'byung ba'i tshig gi sgom don gsal 'debs bzhin pas/__cho ga'i bya ba la 'jug par zhu/__!__/mched bsre bsnan ky-i skabs su dam tshig gi rnam bzhag mdo tsam spro na/__'o lags so/__/de yang rig 'dzin rtsa rgyud pad+ma'i snying po las/__rim pa dbang gi sgo nas 'jug:__grogs su dam tshig dag par bya:__zhes gsungs pa ltar/__thob pa dbang gis thob kyang*/__'dzin pa dam tshig gis 'dzin dgos pa'i gnad don shes pa gal che ste/__dam tshig gi rnam grangs ni/__rgyud las/__dbye na sa ya 'bum sde las/__/bsdu na nyi shu rtsa lnga ste/__/rtsa ba sku gsung thugs la 'dus/__/zhes gsungs pa ltar/__rtsa ba dang yan lag gnyis su 'du ba las/__rtsa ba sku gsung thugs gsum/__yan lag nyi shu rtsa lnga'o/__/dang po sku'i dam tshig tu slob dpon drug gang rung ngam/__bka' drin sum ldan/__gnyis ldan nam/__gcig ldan gyi bla ma thams cad dang*/__khyad par rtsa ba'i bla ma bka' drin sum ldan snying dang 'dra ba gces spras kyi dkyil 'khor gtso bo dang dbyer med du blta zhing*/__zhabs tog dgu phrug gi sgo nas mnyes pa bsgrub pa/__spyi'i mched dang*/__ring ba'i mched dang*/__nye ba'i mched dang*/__khyad par dam tshig nang 'dres kyi mched rnams la mig gi 'bras bu ltar dag snang brtse gdung rgyun mi chad par bya/__gsung gi dam tshig tu sngags gsum/__phyag rgya bzhi/__rab kyis chu+u bo'i rgyun bzhin/__'bring gi nyin mtshan thun drug__/tha mas kyang lo zla las mi 'da' bar bya/__thugs kyi dam tshig tu/__slob dpon sgeg pa'i rdo rjes/__dam tshig gsal bkra las/__lta zab spyod pa brlang po dang*/__/lha ming gzugs dang grub rtags gsang*/__zhes spyir gsang bzhi dang*/__sgrub pa'i gnas dus grogs rdzas bzhi/__/bar du gsang la sgrub par bya/__zhes bar gsang bzhi dang*/__gzhan yang gsang bar 'os pa dang*/__/gsang bar gnyer gtad de bcu'o/__/zhes gsungs pa bzhin/__rtsa ba'i dam tshig dang*/__yan lag gi dam tshig nyi shu rtsa lnga ni/__sbyor sgrol/__rdzun smras/__tshig brlang*/__ma byin len pa ste/__thabs kyis zin pa'i spyad bya lnga/__'dod chags/__zhe sdang*/__gti mug__/nga rgyal/__phrag dog ste/__rang bzhin ngo bo shes pa'i mi spang ba lnga/__dri chen/__dri chu/__dmar chen/__zil pa/__mdangs chen ste 'dzin rtog spangs bas dwangs du blang ba lnga/__phung po/__'byung ba/__dbang po/__yul lnga la sogs pa rigs kyi yab lnga/__yum lngar shes par bya ba lnga/__bde gshegs/__rdo rje/__rin chen/__pad+ma/__karma ste lam gyi rim pas sgrub par bya ba lnga bcas/__yongs dril nyer lnga po rnams dang*/__sgrub pa lung gi dam tshig nyi shu dang*/__khyad par sgrub pa chen po 'di'i skabs su ni/__ji skad du/__bla ma bkur zhing gsung mi bcag__/sems can rnams la snying rje skyong*/__/nga rgyal rloms sems zhe sdang spongs/__/'dod chags phrag dog khar mi btang*/__/gsang sngags lta spyod zung du 'brel/__/rdzogs bsnyen sgrub pa mtha' ru dbyung*/__/le lo gnyid dang chang dbang spangs*/__/zhes gsungs pa ltar/__mos gus dag snang la gzhi bca'/__lha sngags ting nge 'dzin gyi gzhung bsrang*/__sdom pa dam tshig gi rgyab brten/__ltung ba 'byung ba'i sgo rnams ring du spangs la/__dad spro brtson 'grus drag pos rtse gcig tu 'bad dgos pas/__mched lcam gsar rnying tshang mas thugs kyi dpal be'ur bstim par zhu/__!__/sgrub pa po rnams mnga' gsol zhing*/__gnas su dgod pa'i skabs/__rdo rje rgyal tshab bam/__rgyal thebs kyi gtso bo zhwa chos bcas phral gsham nas bzhengs la/__'o na/__bkra shis bde legs dang ldan par gyur cig__/deng phun sum tshogs pa'i dus kyi char/__rgyal ba thabs mkhas la thugs rje tshad med pa'i bdag nyid can des/__gdul bya so so'i khams dbang mos pa dang mtshungs pa'i/__theg pa'i sgo bsam yas thams cad kyi mchog gam bla mar gyur pa/__nyan thos la sogs pa'i dbang po dman 'bring rnams la/__gsang ba las kyang ches gsang ba'i rdo rje theg mchog snying po'i dkyil 'khor nam mkha' dang mnyam pa thams cad gcig tu bsdoms shing 'dus pa/__bka' 'dus chos kyi rgya mtsho'i tshom bu tshogs kyi sgrub pa chen po'am/__de dang 'brel ba/__snang srid bdud rtsi bde ba chen po'i dkyil 'khor du sbyor ba'i mthong tshor myong reg grol ba'i dam rdzas bdud rtsi'i sman la brten nas mchog gi dngos grub bsgrub pa dang*/__mngon spyod phrin las kyi gtso bo dmar chen gtor ma'i las rim la bsten pas/__thun mong las kyi kha tshar/__sangs rgyas bstan pa'i dgra bgegs tshar gcod pa/__smad las kyi sgrub pa rnams zung du 'brel ba'i sogs/__skabs thob kyi kha bsgyur 'dor len shes pas/__sgrub pa chen po nyams su bstar ba'i skabs su bab pa ste/__de yang rgyal ba sras dang bcas pa'i gsang gsum phrin las dang bcas pa gcig tu bsdoms te/__thub pa'i dbang po'i bstan pa la dus gsum du 'byon par dka' ba'i gsang sngags rdo rje theg pa'i ston par bzhengs pa/__o rgyan gyi slob dpon chen po pad+ma 'byung gnas nyid kyis gzhan snang gdul bya 'dul ba'i thabs la sngags kyi ston pa dang*/__rig 'dzin grub thob rnams las rdo rje theg pa'i rgyud lung man ngag yongs su rdzogs par gsan pa'i tshul bstan/__khyad par 'og min gyi bkod pa lhun grub tu rig 'dzin rgyal po kuny+dza ra las/__phyi nang sgrub gsang lta ba spyi 'byams bcas rtsa dbang lnga dang*/__sbas pa'i dbang lnga rnams gsan/__phyis za hor yul khams chos la bkod pa'i tshe/__rgyal po gtsug lag 'dzin pas rgyud lung ma bu bshad 'grel dang bcas pa/__sgom khog gnad gdams dang bcas pa/__phrin las phyag bzhes dang bcas pa/__las kha tshar dgos don dang bcas pa/__spyi gnad skor 'go dang bcas pa/__yid ches lo rgyus dang bcas pa/__rang gzhan kun gyi don myur du 'grub cing*/__dkyil 'khor rigs su gyur pa'i lha tshang pa/__theg pa gong 'og gang dang yang mi 'gal zhing*/__thams cad gcig tu 'dril ba'i chos zhig gnang bar gsol ba btab pa la brten/__mkha' 'gro 'khrigs pa'i yang dben dga' ba tshal du skal ldan rje 'bangs nyi shu la/__bka' 'dus chos kyi rgya mtsho'i skor chabs cig tu gnang nas thams cad smin grol la bkod/__de nas o rgyan yul du mi lo nyis brgyar bka' 'dus chos kyi rgya mtsho'i bshad sgrub btsugs nas/__rgyal po in+d+ra bo d+hi tshom bu lnga brgya dang bcas pa sangs rgyas kyi sa la bkod/__bod yul du zhabs bcag nas sangs rgyas kyi bstan pa rmangs nas btsugs te/__lho nub srin po'i kha gnon du gshegs par nye ba na/__lha sras mu tig btsad pos gsol ba btab pa'i ngor/__g.yo ru khra 'brug gi gtsug lag khang chen por/__chos rgyal mu tig btsad po dang*/__rgyal sras lha rje gtso bor gyur pa'i rje 'bangs 'dus pa nyer gcig__/de ba sam+b+ha sogs lo tsA nyer gcig__/btsun mo rnam gsum gtsos skal ldan du ma la bka' 'dus chos kyi rgya mtsho'i dkyil 'khor zhal phye nas sgrub pa'i dbang mo che nyer gcig gnang*/__rgyud lung man ngag thams cad rgyal sras lha rje'i skal bar gdams nas/__lta ba rdzogs chen pad+ma snying thig__/bla ma bstan gnyis skor gsum/__yi dam bka' 'dus chos kyi rgya mtsho rnams yar lung shel brag pad+ma brtsegs par gter du sbas pa/__rgyal sras lha rje nyid gter ston rkyang pa'i skye ba bcu gsum 'byon par lung bstan pa ltar/__sangs rgyas bla ma/__rgya lo tsA/__nyi ma seng ge rnams rim par byon cing*/__'gro don rgya cher mdzad pa'i phyi ma ni/__ji skad du/__yar lung mthil nas rnam smin skyed rgyal 'byung :__phag gis sa rlog dbus khams sa hor za:__btsan rdzong brgya dang rtsa brgyad phyogs su 'byung :__shel gyi brag phug sbas pa'i gter kha 'diH__mi bzhag 'don pa'i rtags de bstan nas byung :__gter ston o rgyan gling pa zhes bya 'byung :__zhes lung bstan pa ltar/__khyad 'phags gling pa rnam bzhi'i gtso bor byon pa/__de nyid kyis spyan drangs kyang*/__gangs can bsod nams kyi skal bar ma shong bas/__chos sde thams cad slar chos bdag ye shes kyi mkha' 'gro ma rnams kyis gsang ba'i mdzod du rgyas btab pa las/__yi dam bka' 'dus rgyun gyi rnal 'byor smin grol snying po/__las tshogs dang bcas pa'i zab mo'i bcud bsdus 'di ni/__mnga' bdag nyang rin po che'i gter lung las/__rtse sgang zhes bya'i ri yi 'og:__klu dbang 'khyil pa'i brag gi steng :__mnga' bdag 'jam pa'i dbyangs zhes 'gyuraH__bcu gsum zab mo'i gter la spyod:__ces pa gnas dang*/__mtshan sgras shin tu gsal bar bstan pa dang*/__gu ru chos dbang mnga' ri paN chen sogs kyi gter lung las gsal bar 'byung ba/__mnga' bdag khri lde'i sku/__rgyal sras lha rje'i gsung*/__nam mkha'i snying po'i thugs/__bi ma mi tra'i yon tan/__lang gro dkon 'byung gi phrin las rnam rol gcig tu bsdus pa/__snyigs ma shin tu mthar thug pa'i dus 'dir/__'jig rten gyi sgron me gcig pur gyur pa/__ngo mtshar bka' bab bdun dang ldan pa'i gangs can mkhas grub yongs kyi 'khor los sgyur ba/__sprul pa'i gter chen pad+ma 'od gsal mdo sngags gling pa la/__sngon byon gter rnying phal mo che'i smin grol dang*/__yang gter gyi bka' babs bzhugs pa'i nang tshan/__yar rje o rgyan gling pa'i bka' 'dus snying po'i skor 'di dag__/yang gter rnams kyi thog mar dus rtags dang mthun par bka' 'dus chen mo'i snying po mdor bsdus skor gyi phyag dpe dpe rnying dngos su babs pa dang*/__'ga' re mkha' 'gro brda yi yi ger snang ba las gtan la phab ste/__dpal gsang ba'i bdag po dang*/__rnam snang lo tsA ba chen po nyid/__rdo rje slob dpon chen po'i skur bzhengs pa/__bstan pa yongs rdzogs kyi shing rta/__'jam mgon chos kyi rgyal po rdo rje 'chang dpal o rgyan chen po'i zhal lung gis pad+ma gar dbang 'chi med bstan gnyis g.yung drung gling pa zhes pa'i mtshan gyi gdugs dkar 'jig rten gsum gyi bla na mngon par bres pa/__de nyid kyi phyag tu smin grol chig rdzogs su bstsal ba/__tshu rol mthong ba'i skye bo rnams kyi ngor/__nyams bzhes bsnyen sgrub tshad du phyin pa thugs nyams su bstar zhing*/__yig cha nyer mkho'i cha rkyen dang*/__smin grol rgyab brten dang bcas pa'i bka' srol/__rgyal bstan ji srid gnas kyi bar du rgyun mi 'chad pa'i phrin las bla na med pa'i bka' drin bstsal ba la brten/__nag phyogs bdud sde'i 'tshubs 'gyur chen po tsheg med du bzlog cing*/__bstan 'gro yongs la phan bde bla na med pa'i rten 'brel gyi sgo chen por phyes pa'i zab chos/__gzhan las kyang dgos gnad khyad par can dang ldan pa/__'di nyid kyi sgrub pa chen po gnang ba la/__mdzad pa cho 'phrul lha'i lung las/__lha zhes bya ba byang chub sems/__/de ni rgyud du rab tu brjod/__tha snyad tsam du phye ba na/__/gzhi lam 'bras bu gsum du brjod/__/ces sbyang gzhi 'gro ba thams cad rang bzhin gyis lha'i dkyil 'khor byang chub sems kyi bdag nyid du gnas kyang sbyang bya gnyis 'dzin chags sdang gi rnam pas bral bya'i tshul gyis bsgribs pa nyid/__sbyong byed zhi khro'i dkyil 'khor 'khor lo'i rnam pa lam du byas pas/__sbyangs 'bras ye nas bzhugs pa'i zung 'jug gi phyag rgya mngon du byed pa'i thabs khyad par can dang*/__dgos pa rjes su 'brel bas/__phun sum tshogs pa lngas sgrub pa'i gzhi bzung ba la/__sa brtags bslang sbyong zhing*/__phyi nang gsang ba'i mtshams gcod/__dkyil 'khor bri zhing rgyan 'god pa sogs sngon du song nas/__sgrub pa po rnams gnas su dgod pa'i skabs su bab pa ste/__de yang gnas phun sum tshogs pa/__spyir btang la/__grub pa'i dpa' bo rnams kyis dpal he ru ka'i gnas su byin gyis brlabs shing*/__gtsug lag gi gzhung nas bshad pa'i dpal kha dang*/__las bzhi sgrub pa'i mthun rkyen 'dzoms pas bkra shis dag pa'i gnas/__lhun grub yid 'ong gi gnas/__'phral rkyen sgrub pa'i gnas rnams kyi mtshan nyid kun ldan te phyi'i gnas dang*/__phyi nang snod bcud rang lus dang bcas la gdod nas gdan gsum tshang ba'i lha'i 'khor lor rnam par dag pa yin pa la/__yin par shes pa nang gi gnas dang*/__'khor 'das kyi chos thams cad chos nyid de kho na nyid du lhun gyis grub pas gang na gnas kyang*/__chos kyi dbyings 'gyur ba med pa'i klong du gnas par rtogs pa gsang ba'i gnas kyi mtshan nyid mtha' dag chod pa/__/zhes sam/__da lam ban gtsang rang la mtshon nas/__don dam gzigs pa'i 'phags mchog rnams kyi gzigs ngor/__chos kyi dbyings rgya chad phyogs lhung med par/__chos nyid rang snang gi gzhal yas mnyam rdzogs ye shes rol mo'i rgyan 'khor mtha' klas pa lhun stug por bkod pa/__'khor 'das kyi snang ba thams cad ma spangs gnas su dag pa'i rang byung lhun gyis grub pa'i dur khrod 'og min gsang ba mchog gi rang bzhin du/__dus rtag pa rgyun gyi 'khor lor gnas la/__kun rdzob gdul bya'i snang ba spyi mthun du'ang*/__sprul pa sku'i sgron ma rnam par bkod pa'i 'jig rten/__mi mjed 'dzam gling gi byang phyogs/__bod yul bkra shis 'byung ba'i yul gyi thog ma/__'phags mchog spyan ras gzigs dang*/__mtsho skyes pad+ma badz+ra sogs grub pa'i dpa' bo rnams kyis dpal he ru ka'i gnas su byin gyis brlabs pa'i gnas mchog du mas bskor zhing*/__gtsug lag gi gzhung nas bshad pa'i sa'i dpal kha dang*/__las bzhi sgrub pa'i rten 'brel tshang ba/__bkra shis dge ba'i gnas/__lhun grub yid 'ong gi gnas/__'phral rkyen 'dzoms pa'i gnas rnams kyi mtshan nyid kun dang ldan pa/__bkra shis pa'i gtsug lag khang 'di nyid du/__zhes pa lta bu skabs thob bsgyur/__gang ltar yang*/__dus phun sum tshogs pa don dam ltar na/__thog mtha' dbyer med dus bzhi mnyam pa chen po 'khor yug tu brdal ba'i klong du/__rgyal ba chos kyi sku dang*/__longs spyod rdzogs pa rigs lnga gangs chen mtsho yi rgyan gyi 'khor lo'i gsang ba bsam gyis mi khyab pa'i phrin las lhun rdzogs 'khor mo yug tu rtag cing brtan pa'i rnam thar bri gang med par 'char ba'i dus chen po dang*/__kun rdzob tsam du/__bdag cag gi ston mchog rgyal ba mi'i seng ge mnyam med shAkya'i dbang po de nyid/__mi mjed kyi zhing rgya mtshor rim dang gcig char gyi sgo nas mdzad pa chen po bcu gnyis la sogs rnams thar rgyun mi chad du ston pa las/__mdo rgyud mtha' yas pa'i lung gi dgongs pa bla na med pa'i nges par bstan pa dang*/__rgyal tshab kyi slob dpon chen po dpal he ru ka nyid kyang gdul bya'i snang ngor/__cho 'phrul chen po gsum la sogs pa'i sgo nas 'gro ba'i don rlabs po che 'gog med rgyun gyi phrin las su lhun gyis grub bzhin pa la/__khyad par zla ba bcu gnyis kyi dus chen yar ngo'i tshes bcu re la rmad du byung ba'i mdzad pa re bstan pa'i dus khyad par 'phags par grub la/__bye brag sgrub pa chen po la mkho ba'i yo byad/__ston 'khor la sogs pa thams cad tshang zhing*/__gtsug lag gi lugs dang bstun pa'i gza' skar sbyor byed tshes grangs dang bcas pa thams cad phun sum tshogs pa dang ldan pa/__ston pa phun sum tshogs pa rdo rje slob dpon lta ba gnyis su med pa'i gdengs dang ldan zhing*/__sgom pa bskyed rdzogs las su rung*/__spyod pa sa ya 'bum sde rnam par dag pa/__dbang dang man ngag gi bka' bab/__theg pa rim dgu'i don thugs su chud/__ngang rgyud ring zhing phan sems che ba/__tshogs kyi 'khor lo chen po'i mgon dang dpung gnyen du bzhugs pa dang*/__'khor phun sum tshogs pa bde chen rgyud la bskul zhing*/__dzab[¿] rgyun gyi phrin las mdzad pa'i gzungs ma lus ngag yid gsum gyi mtshan nyid ldan pa/__rigs lnga'i dngos grub dang*/__phrin las kyi mdzod 'dzin cing*/__man ngag ston pa'i 'khor rdo rje'i rgyal tshab/__rgyud bshad/__dngos grub/__dbang bskur/__phrin las kyi gnyer 'dzin pa'i 'khor rgyal thebs kyi ston pa bzhi/__phrin las kyi gzhung 'dzin cing*/__cho ga'i bya ba la mkhas pa'i 'khor dpa' bo rgyal thebs dang*/__karma las mkhan/__bar chad dgra bgegs sgrol ba'i 'khor mthong bzlog nus pa'i rdo rje spyan pa/__phyi nang gi mtshams gcod pa'i rdo rje 'tshams pa/__'gugs sgrol spor stobs kyi las la byan tshud pa'i rdo rje ging pa/__dus tshod dngos grub kyi drod 'dzin pa'i 'khor rdo rje drod 'dzin/__mchod pa'i zhal zas sbyor ba la g.yo sgyu med cing*/__gtsang sbra ldan pa'i 'khor rdo rje phyag tshang dang rdo rje byan pa pho mo/__dad pa gsum gyis 'dus shing*/__ston pa mchog gi thugs rjes bzung ba/__bsnyen sgrub kyi phrin las la brtson pa'i 'khor rdo rje mched dang lcam dral/__phyi nang brda sbyor la mkhas shing*/__yun gyi zhabs tog bsgrub pa'i 'khor rdo rje'i rdul phyag skyes bu ste/__thams cad kyang bsags pa sngon du 'gro ba'i skal ba can/__nga rgyal dang*/__phrag dog chung ba/__dad pa dang*/__brtson 'grus che ba/__lhag par rgyal thebs rnams kyang dbang dang dam tshig ldan zhing*/__thos bsam gyis rgyud dag pa/__de kho na nyid la blo sbyangs pa sha stag lags pa dang*/__yo byad phun sum tshogs pa/__'tsho ba zas/__nad bzlog sman/__dgra bzlog mtshon sogs phyi'i yo byad/_rten rdzas/__sgrub rdzas/__rgyan rdzas/__mchod rdzas/__dbang gi rdzas te nang gi yo byad/__ta na g+ha na/__shes rab snying rje ste gsang ba'i yo byad du bshad pa spyi dang*/__khyad par sku gsung thugs yon tan phrin dang bcas pa'i rten sgrub mchod rdzas gtsang la ma tshang ba med par 'du byas te/__dkyil 'khor gyi ri mo bkra yal le/__snang gsal mar me 'od lhag ge__/bdug spos kyi dri ngad thul le/__rdo rje mched lcam spro dga' dang*/__byin rlabs thebs se 'du ba'i skabs 'dir/__ston pa rdo rje slob dpon nyid bskyed rdzogs kyi dgongs pa mdzad cing*/__zab mo'i don ston te/__rnal 'byor yongs kyi mgon du 'dus pa rgya mtsho'i dbus su rdo rje'i khri chen po la bzhugs par gsol zhing*/__rgyal tshab/__gzungs ma/__rgyal thebs la sogs pas gtso bor mdzad/__mched lcam rin po che lta bu'i gang zag rnams rang rang gi gnas su 'khod cing*/__mnga' gsol ba thams cad kyang chos spyod la brtson 'grus chung ba lus kyi skyon dang*/__smra ba mang zhing bzlas pa la mi brtson pa ngag gi skyon dang*/__zhe sdang che zhing byams pa chung ba yid kyi skyon dang*/__brjed nges che zhing bag thon chung ba dam tshig gi skyon dang*/__chang la dga' zhing gnyid che ba ting nge 'dzin gyi skyon dang*/__g.yengs ba la dga' zhing*/__bsgom sgrub la skyo ba dad pa'i skyon dang*/__skyon drug po rnam pa thams cad du spangs zhing*/__rtogs pa che bas chos nyid dang mi phyed pa/__dad gus che bas bla ma dang mi phyed pa/__dam tshig che bas yi dam dang mi phyed pa/__brtse gdung che bas mched lcam dang mi phyed pa/__skyon dang bral bas 'bras bu sangs rgyas dang mi phyed pa ste/__yon tan dgu po la rnam pa kun tu brtson zhing*/__gzhan yang rtsa rgyud las/__snyigs ma'i dus kyi ston pa dang :__da lta'i sangs rgyas 'di dag la:__tha dad du ni cung mi brtag:__rdo rje gsang ba'i grogs dag kyang :__de dang rjes su 'dzin par blta:__sgo gsum gus pas brtson bya zhing :__dam pa'i tshig las 'da' mi bya:__zhes gsungs pa'i don la bslab pa sogs gang bsgo ba'i las rnams bde blag tu bsgrub par bgyi'o snyam pa'i thugs mdun dang ldan pas 'di'i rjes zlos gnang bar zhu/__!__/sgrub pa'i dngos gzhir bsnyen pa shub bur bzla ba'i skabs su/__rdo rje rgyal po'am/__rgyal tshab rang gral du bzhugs bzhin zhwa bcas 'di ltar brjod/__'o/__rdo rje 'dus pa rgya mtsho rnams kyis thugs ma yengs shing*/__bsnyen bzlas mi bcad par shub bur bzla bzhin pa'i ngang nas gsan 'tshal/__de'ang rang gzhan sems can thams cad thog ma med pa nas/__'khor bar sdug bsngal gyi rgya mtshor 'khyams te/__rnam par grol ba'i skabs mi phyed pa 'di sems yul la g.yengs pa gcig pus lan/__rang sems rang gi gnyer kha ma byas na/__rnam rtog gi g.yeng ba ni chu yi gnyer ma bzhin 'dzad pa'i dus mi srid pas/__rang sems 'tsho bskyang bya dgos/__khyad par gsang sngags sgrub chen gnyen po 'di dag gi skabs su/__lus ngag yid gsum dkyil 'khor gyi 'khor lo'i sku gsung thugs kyi ting nge 'dzin la rtse gcig tu bsgrim pa ma gtogs/__sgo gsum tha mal tu btang mi rung*/__ma yengs ting 'dzin brtan na/__zhag grangs dang*/__bzlas grangs mang po la mi ltos par myur du 'grub par gter chen sangs rgyas gling pa'i bla ma dgongs pa 'dus pa las gsungs te/__tshom bu tshogs kyi sgrub pa chen po zhag bdun du bgyis pa de la/__lo bdun bsgrub pa'i phan yon yod par gsungs pas/__mchog dman bar ma thams cad kyis dga' spro dang ldan pas/__dka' snang*/__sun snang*/__'tsher snang thams cad spongs la/__thugs bskyed snying po stobs kyis brtson pa'i go cha gyon/__rang rgyud la rnam dkar gyi dge ba sdud cing*/__gzhan phan gyi bsam sbyor kun slong rnam par dag pas brtson dgos shing*/__sku bskyed pa lha'i rnal 'byor gyi skabs su/__bka' brgyad rig 'dzin yongs 'dus las/__dang po lha'i rnam pa bsgom/__/rnam pa sems su shar tsa na/__/tha mal rtog pa 'jig par 'gyur/__/bar du lha'i nga rgyal bsgom/__/nga rgyal brtan por gyur tsam na/__/rang dbang rang gis thob pa yin/__/mthar ni lha yi byin brlabs bsgom/__/byin rlabs nus pas gzhan snang bsgyur/__/rang rig don dam mjal bar 'gyur/__/zhes gsungs pa ltar/__bsgom bya'i lha dang*/__dkyil 'khor gyi rnam pa gsal ba dang*/__nga rgyal brtan pa dang*/__rnam dag gnas gsum gyi sgo nas skad cig kyang ma yengs bar bsgoms pas/__snang nyams/__shes nyams/__mthong nyams te/__yul gsum gyad du gyur nas/__yi dam lha dngos su mjal bar 'gyur ro/__/gsung bzlas bsngags kyi rnal 'byor gyi skabs su/__ye shes rngams glog las/__g.yo dang bzlas dang 'phro 'du sngags/__ting 'dzin me dang 'dra ba la/__/bzlas brjod rlung dang 'dras bskyod nas/__/sgrib pa'i bud shing bsreg par bya/__/bzlas brjod sngags kyi brtul zhugs kyang*/__/sgra chen ma yin chung ba min/__/mgyogs pa ma yin bul ba min/__/drag par ma yin zhan par min/__/yig 'bru yan lag nyams pa min/__/yengs min glal sogs bar chad min/__/rgyu ba'i sems rnams spang ba dang*/__/bzlas pa'i skyon bcu spangs nas ni/__/grangs dang dus dang mtshan ma yis/__/bsnyen pa rab tu rdzogs par gces/__/zhes gsungs pa ltar/__bzlas pa'i skyon rnams spangs la/__sngags dbyangs sogs skabs su gang 'os sngags sgra mi bcad par bzlas pas/__yi dam gyis lung ston thob/__thugs rje nus pa'i rtsal rdzogs/__srung ma dam can bran du 'khol ba sogs phan yon mtha' yas pa dang*/__de las kyang khyad par bskyed rdzogs zung 'jug gi gnad gsang*/__lha snang rig pa'i rang rtsal/__rig pa stong gsal 'gyur med gnyug ma'i klong du/__rtog pa gang shar yang ka dag kun bzang gi dgongs pa las mi 'da' bar thag chod pas/__bzla bya'i sngags la'ang 'du shes dgu dang ldan dgos te/__lha dang*/__sngags kyi de kho na nyid mnyam pas sngags lhar shes pa dang*/__sngags gcig bzlas pas rgyal ba'i dkyil 'khor thams cad 'grub pas/__sngags dkyil 'khor du shes pa/__bzlas brjod 'phro 'dus rgyal ba thams cad mnyes pas sngags mchod par shes pa/__nyams dang rtogs pa bskyed pas sngags byin rlabs su shes pa/__mchog dang thun mong gi dngos grub 'grub pas sngags dngos grub tu shes pa/__las rab 'byams thams cad 'grub pas sngags phrin las su shes pa/__dngos 'dzin bcom zhing skye med du grol bas sngags chos nyid du shes pa/__nyams chags skong zhing*/__sdig sgrib sbyong bas/__sngags sgrib sbyong du shes pa/__'dod pa thams cad 'grub pas sngags yid bzhin gyi nor bur shes pa ste/__de lta bu'i rgyu mtshan shes pa'i sgo nas dzab[¿] dbyangs rgyun mi bcad par bzlas pa la brtson par gyis shig/__!__/dam rdzas bdud rtsi sman gyi sgrub pa dang 'brel ba'i dus su/__btags btsags kyi snga rol du/__mched lcam rnams la dur khrod drag po'i chas kyis mnga' gsol bgyi ba'i skabs kyi mtshams sbyor 'phel gtam gtong thun ni/__'o na/__da lam bka' gsang bla na med pa'i dkyil 'khor gnyen po 'dir 'dus shing*/__'tshogs pa'i rdo rje slob dpon mched lcam gyi tshom bu dang bcas pa rnams snang srid bdud rtsi 'chi med bde ba chen po'i dkyil 'khor du sgrub pa'i skabs 'dir/__phyi ma 'ju 'dul gyi phrin las la 'jug pa'i thog mar/__btags btsags spol zhing gzhal ba'i skabs su babs pa ste/__de la rdo rje theg pa'i rnal 'byor pa rnam sgo gsum/__phyag rgya gsum gyi ting nge 'dzin las 'da' bar mi byed pa'i mtshan nyid can yin pa la yin par gsal gdab cing*/__khyad par rtsa gsum rig 'dzin dpal chen po'i lha tshogs rnams kyis thugs dam bskul ba dang*/__DA ki dam can ma mo srung ma thams cad bran du bkol zhing*/__dbang du 'du ba'i ched/__me mchog khro bo rol pa'i dpal kyi chas dang*/__dur khrod bdag po bsgral ba'i rgyan rnams dpa' rtags su bzhes pa'i mtshan ma/__rU dra'i sde tshogs rnams dpa' bkong ba'i phyir du/__thugs kyi phyag rgyar bzhengs pa'i rten 'brel gyi che ba dang ldan pas/__ye shes sku lnga lhun rdzogs thod skam lnga'i dbu brgyan la sogs pa dpal dang*/__dus gsum dbyings sgrol bgo ba'i gos gsum la sogs pa dur khrod kyi chas rnams so so'i sku la bzhes shing*/__don gyi dag pa dran pa dang*/__dpal chen rdo rje khrag 'thung rnams dang gnyis su med pa'i nga rgyal gyi rdzong la zhugs te/__bskyed pa'i rim pa snang gsum gang yang rung ba brtan pa'i ngang nas/__don dam mi g.yo khyab bdag kun bzang rol pa'i dgongs spyod las mi 'da' ba'i ting 'dzin dang ldan pa'i sgo nas/__de dag gi brda don gsal 'debs pas/__rdo rje'i tshig 'di rnams kyi rjes zlos mdzad par zhu/__!__/sman gyi dngos grub len pa'i skabs gong gsal ltar/__skabs 'dir/__zhes pa'i 'phros su/__bsnyen sgrub yan lag bzhi ldan gyi dgongs pas khog dbub/__bdud rtsi'i dkyil 'khor chen po'i phrin las khrol bur sbyangs shing bsgrub pa dang*/__btags btsags spol zhing gzhal te mnga' gsol ba/__phyi ma 'ju 'dul/__bskyil dbab la sogs pa'i phrin las thams cad tshang la ma 'khrul ba/__rdo rje 'dzin pa chen po rnams kyis phyag len mthong ba brgyud pa'i pra khrid kyi gtan la phab ste/__tshul bzhin bsgrubs pa'i rnal 'byor dus dang*/__grangs kyi rim pa bar chad med par mthar phyin te/__dpal chen he ru ka'i sa thob/__grol ba drug ldan gyi phrin las rmad po ches/__mchog thun dngos grub len pa'i bya ba la 'jug pa'i skabs su bab pa ste/__zhes bsgyur ba'i khyad par bgyis na sa stong 'gog byed tsam du 'gyur ram snyam/__!__/mtha' rgyas mar me'i smon lam bya ba'i skabs su bab pa na/__rgyal thebs kyi gtso bos zhwa chos bcas gral gsham du bzhengs te/__de ltar phun sum tshogs pa lngas sgrub pa'i gzhi bzung*/__bsnyen sgrub yan lag bzhis gzhung bsrang ste/__tshom bu tshogs kyi sgrub pa dang 'brel ba/__snang srid sogs gong ltar kha bsgyur 'dor len byas nas/__sgrub pa chen po bar chad med par mthar phyin pa'i skabs 'dir/__mos ldan spro ba bskyed pa'i phyir du/__'bras bu rig 'dzin 'grub pa'i dus kyang cung zad brjod na/__spyir rgyu'i theg pa las khyad par du mas 'phags pa'i gsang sngags rdo rje theg pa la rtogs bya gzhi'i rgyud/__rtogs byed lam gyi rgyud/__mthar phyin 'bras bu'i rgyud bcas gsum gyis bsdus shing*/__lam thabs kyi rgyud la'ang dbye ba mtha' yas kyang*/__khyad par gyi dbang du byas te thabs kyi nges pa'i lam dang*/__shes rab rnam par grol ba'i lam gnyis/__grol lam la'ang gcig char ba dang*/__rim gyis pa gnyis las 'dir phyi ma'i dbang du byas te/__rgyud rgyal gsang ba'i snying po las/__shes bya mtshan nyid 'byor ba'i gzungs/__/'bras bu smin byed rgyu dang rkyen/__/nus mthu can du gang gyur pa/__/rig 'dzin rgyal ba'i zhing du grags/__zhes gsungs pa ltar/__rgyu shes pa'i mtshan nyid lta ba gtan la phab nas/__rkyen 'jug pa'i mtshan nyid ting nge 'dzin la mos sgom dang*/__nges rdzogs kyi tshul gnyis las/__skabs 'dir mos sgom tsam gyis tshom bur 'dus pa'i sgo nas spros bcas bskyed rim dang*/__phyogs mthun du sgrub pa'i 'bras bu'ang*/__dbang po yang rab tha ma dang*/__skal ba bzang ngan/__dad brtson sogs kyi rim pa ltar skye ba 'di'am/__bar do'am/__yang mtha' skye ba bdun tshun chad rig pa 'dzin pa'i sa la gnas par 'gyur te/__o rgyan chen po'i zhal nas/__sgrub chen 'di lta bu rab lo sgrub/__'bring zla sgrub/__tha ma zhag sgrub tsam byas na'ang sgo gsum gyi sgrib pa byang zhing*/__sku gsung thugs kyi dngos grub dang*/__mchog thun mong gi dngos grub sna re thob pa gdon mi za ste/__zhes gsungs/__de'ang lan gcig ma yin par yang yang bsgrub na/__shin tu skal ba dman pas kyang nges par 'grub par 'gyur ba sogs phan yon mtha' yas te/__byang gter las/__lan gsum sgrub na dngos grub rnam gnyis thob:__rig 'dzin gral la the tshom yod re kan:__mchog dang thun mong dngos grub 'thob par 'gyur:__zhes gsungs pa ltar/__tshul bzhin sgrub pa la zhugs na 'bras bu 'grub pa lta ci smos/__sgrub chen 'di lta bu la bzang ngan gyi 'brel pa cung zad thob pa rnams kyang*/__byang chub kyi sa bon thebs par 'gyur te/__byang gter drag po'i thugs kyi sgrub skor las/__dad ldan snod ldan gang zag la:__rtse gcig sgom pa'i skal med na:__mthong ngam thos sam reg pa yis:__byang chub lam la bgrod pa'i thabs:__'di nyid yin no nyams su longs:__zhes gsungs so/__/gsang sngags spyi las kyang snyigs ma'i dus 'dir gter chos zab mo rnams byin rlabs dang*/__'gro don che bar gsungs te/__bla ma dgongs 'dus lung bstan bka' rgya ma las/__ji snyed sangs rgyas bstan pa ma rdzogs pa:__de srid gter gyis 'gro ba dpag med 'dren:__de phyir gter la dad dang gus pa gyis:__de yang drang don yin gyi de las gzhan:__bla med theg chen snying po'i don rnams dang :__gang 'brel thams cad sangs rgyas 'grub pa'i phyir:__'di grol 'di ma grol gyi rnam dbye bral:__'brel tshad don dang ldan zhes de la brjod/__ces sogs lung mtha' yas pa 'byung ba dang*/__gter chos zab mo rnams kyi dbang lung*/__phyag len/__bsnyen sgrub sogs gzhung dang mthun par rang gis bgyid cing*/__gzhan la spel nus pa ni o rgyan nyid kyis byin gyis brlabs pa'i sprul pa yin par lung gis bstan te/__de nyid las/__nga sprul gang 'phrad ngan song skye sgo gcod:__bka' shog 'di 'dzin sngags kyi rnal 'byor pa:__nga sprul bstan srung yin pa shes par gyis:___gang babs rgyud rnams 'brel tshad don ldan te:__mdor na o rgyan ngas bstan chos rnams la:__gzhung bzhin su dang su yis spyod pa kun:__thams cad nga yi sprul pa yin par nges:__phyi rabs kun gyis yid gnyis the tshom spangs:__gus pas bkur sti phu dud 'brel pa thog:__ces gsungs pa dang*/__gter chos la mos shing dad pa skye ba rnams kyang o rgyan chen po bod du phebs pa'i skabs su smon lam thebs pa'i las 'phro can du lung gis bstan te/__ye shes DA ki mtsho rgyal gyi zhal nas/__ma 'ongs gter gyi chos la mos pa kun:__deng sang gu ru'i zhal mthong smon lam btab:__thams cad las can yin pas dga' ba bsgom:__kho mo'i tshig 'di rin chen gser bas dkon:__zhes gsungs pa ltar/__rjes 'brel bdud rtsi sman sgrub kyi phan yon yang*/__gnas skabs su sbyang rtogs spar gsum gyi byin gyis brlabs pa'i rdzas kyi bdud rtsi rang lus la gnas pa'i bdud rtsi lnga dwangs mar 'gyur ba'i grogs byed cing*/__sha lngas dug lnga sel/__bdud rtsi lngas ye shes lnga mngon du byed/__de'i mthu las lam lnga'i rtogs pa rgyud la skyes te/__tshe dang*/__ting nge 'dzin lhag med thar pa la bar du gcod pa'i bdud bzhi 'joms par 'gyur te/__bam brgyad las/__bdud rtsi'i chos kyi don 'di ni dper na me dang 'dra ste/__chung ste rdul tsam nas/__che ste srid pa'i ri bo yang bsreg go__/de bzhin du/__chos kyi bdud rtsi chen po 'dis kyang*/__sems can gyi nyon mongs pa'i rtog pa phra mo dang*/__dug lnga'i rdul dpyis phyungs te/__rig lnga ye shes lngar 'tshang rgya bar byed do/__/ces gsungs shing thabs dang ldan pa'i cho gas bcud len du bsten na/__mthar thug phung po lnga sangs rgyas lngar sbyong zhing*/__dbang bzhi'i rtogs pa nyams su myong*/__grub mtha' bzhi lam du slong*/__sku bzhi'i go 'phang mngon du 'gyur ba sogs phan yon mtha' klas gsungs te/__khrag 'thung 'dus pa rtsa ba'i rgyud las:__skad cig thug 'phrad ston pa yis:__tshe ring nad med bde ba dang :__lang tsho kha dog stobs dang gzi:__'phel zhing dbang po rig pa gsal:__mkha' la 'gro zhing pha rol gyi:__nus stobs gnod pas mi tshugs shing :__kun gyis bkur sti'i 'os su mthong :__khams kyi zas dang ma 'dres shing :__gos med mkha' la gcer bur spyod:__sngon gyi rgyal ba che rnams kyi:__rig pa 'dzin pa'i gral thob 'gyur:__de nyid ma rig bar du yang :__nad dang mu ges mi tshugs shing :__bar du bskal pa 'jigs las thar:__gzhan la phan pa bsgrub la sogs:__yon tan chen po dpag med thob:__ces sogs lung bstan chen po mtha' yas pa las rgya cher 'byung ba'i don bsdus/__o rgyan rin po che'i zhal nas/__bde gshegs ma lus mchod pa'i rdzas/__/bla ma yi dam sdud pa'i rtsi/__/mkha' 'gro kun gyi snying khrag yin/__/thos pas yon tan brjod mi lang*/__/sangs rgyas sku lnga'i yon tan 'thob/__/phyi ltar lus kyi nad gdon 'joms/__/nang du nyon mongs dug lnga 'dag__/dam tshig nyams chags thams cad bskang*/__/gsang ba rang byung ye shes rtogs/__/nyan thos rang sangs rgyas rnams kyis/__/zos na sa bcu thob nas kyang*/__/theg chen byang sems chen por 'gyur/__/bla ma mchod na byin rlabs 'jug__/yi dam mchod na dngos grub ster/__/bde gshegs mchod na thugs rje 'byung*/__/mkha' 'gro mchod pas lung yang ston/__/rnal 'byor pa'am sus zos kyang*/__/phyi yi nad gdon sdig sgrib byang*/__/nang gi bskyed rim ting 'dzin gsal/__/gsang ba rang rig chos skur rtogs/__/nyams dang lhag chad ma lus skong*/__/'chang bas dus min 'chi ba bzlog__/gdug pa'i dug kyang 'jil bar nus/__/byugs pas nad gdon ma lus sel/__/bsreg na nad gdon thams cad skrod/__/'di nyid bsgrub pa'i gnas de yang*/__/o rgyan bsil ba'i tshal dang mtshungs/__/dpa' bo mkha' 'gro thams cad 'du/__/sa phyogs byin dang ldan par 'gyur/__/char chu 'bebs shing lo phyugs legs/__/gang bsgrub pa yi gnas de ru/__/su bsdad mi rnams ting 'dzin 'char/__/nam zhig tshe yi dus byas nas/__/pho mo bzang ngan med pa ru/__/rig pa 'dzin pa'i sa la gnas/__/de phyir mchog gi dam rdzas so/__/zhes gsungs shing*/__gzhan yang bam brgyad las/__'jam dpal bskal pa stong gi bar du sems can gyi don byas pa bas/__bdud rtsi chen po 'dis lan gcig sems can gyi don byas pa bsod nams che ste/__sems can thams cad dmyal khams bco brgyad kyi nang nas thar pa'i lam du 'dren pa yin no/__/zhes gsungs pas mtshon/__rdo rje'i lung mtha' yas par 'byung zhing*/__byin rlabs kyi mtshan ma'ang mngon sum gyi tshad mas grub pa ste/__de lta bu'i phan yon dang ldan pa'i sgrub pa chen po legs par grub pa ni/__/las 'phro skal ba bzang po dang ldan pas/__gsang sngags gnyen po'i dkyil 'khor gcig tu 'dus shing*/__/snang gsal mar me gcig la bltas pa ni/__shin tu 'dres pa'i mched du gyur pa yin pas/__phyin chad kyang slob dpon la yi dam dngos su 'du shes pa dang*/__mched rnams gcig gis gcig la dag snang kho na sbyong ba sogs bag yod dran shes dang ldan pas/__gsang ba'i dam tshig srog ltar bsrung zhing*/__sgo gsum dkyil 'khor gsum ldan ma bral bar mdzad na skye ba 'di nyid la tshogs sbyor gyi lam bgrod de/__mtshan nyid gsum ldan gyi rnam smin rig 'dzin mngon du byed cing*/__rim gyis mthong sgom mi slob pa ste/__lam gyur gyi 'bras bu rig 'dzin bzhi mthar phyin nas/__'bras dus kyi sku gsung thugs yon tan phrin las lnga phrag lnga'i bdag nyid can gdod ma'i mgon po'i gsang ba lhun gyis grub ste/__nam mkha'i ji srid de srid du/__sangs rgyas kyi mdzad pa'i rol mo mtha' yas pa 'char bar 'gyur bas/__de lta bu'i tshul rnams thugs la nges shing*/__spro ba dang ldan pa'i ngang sgrub pa'i mtha' rgyas bye brag rten 'brel khyad 'phags mar me'i smon lam gdab pa'i skabs su bab pa ste/__de'ang sangs rgyas thams cad kyi dgongs pa 'dus pa'i mdo chen po las/__sgron me'i snang ba mi shes pa/__/mthong bya kun la mun pas bsgrib/__/nam yang snang ba mi 'gyur te/__/long ba'i grong khyer chen por 'gro/__/sgron me 'bar ba gang bsrel ba/__/kun la mun pa sangs gsal ba'i/__/ma nor ma bcos de bzhin nyid/__/sgron ma dmigs bus mthong bar 'gyur/__/zhes gsungs pa ltar/__mi shes pa'i mun pa sel zhing gnas lugs kyi snang ba mtshon par byed pa ni sgron me'i ming du grags stai/__de'ang gsang ba'i bdag por/__rin chen 'bar ba'i sgron me bsrel bar bya'o/__/zhes brda'i sgo nas bstan pa ltar/__gzhi chos nyid kyi kong bur/__lam chos can gyi mar khus gtams te/__'bras bu rang rig rang gsal gyi mar me 'bar ba brda'i sgron me 'dis mtshon byed du byas nas/__shes rab rang byung gi sgron ma lus can kun gyi snying la bzhugs pa'i rang gdangs rgyang zhags chu'i sgron ma la shar ste/__dbyings rnam dag dang*/__thig le stong pa'i sgron ma tshad du phebs pas/__mtshon bya rtags kyi sgron ma snang ba bzhi po mthar phyin nas/__'gro ba thams cad la rang byung ye shes chen po'i sgron ma rang chas su bzhugs kyang*/__lhan skyes dang*/__kun brtags kyi ma rig pa'i mun pas sgrib pa de nyid/__sa rnam par bkod pa nyi shu rtsa gcig gi ye shes snang ba gong du 'phel bas bcom ste/__rang gnas kyi sku dang*/__zhing khams tshad med pa/__mtshan gzhi don gyi sgron me mngon du gsal bar mdzad pa'i thugs 'dun rtse gcig pa'i ngang nas smon lam gyi rjes zlos gnang bar zhu/__/zhes pa 'di rnams nas ma traM bskul mnan dang*/__dpal chen gyi mnga' gsol gtong thun zung 'jam mgon rdo rje 'chang chen po'i gsung gsang nyid dang*/__de 'phros rnams 'jam mgon chos kyi rgyal po'i gsung rab las btus shing*/__skabs thob kyi tshig spros 'byin 'jug dang*/__gsar bris sogs ci rigs bgyis pa 'di'ang*/__gna' bo'i dus gangs can mi'i bdag po pho brang chen po sne'u gdong rtse ba'i rnam rgyal grwa tshang ban gtsang thub bstan bshad sgrub 'phel rgyas gling gi rdo rje slob dpon thub bstan rgyal mtshan dbang phyug gi gtsos/__dbu chos las sne 'dus grwa bcas nas khyad par 'phags pa'i rten gyi phreng ba bcas bskul ngor bod yul bstan 'gro'i bde skyid kyi gzhi ma chos sde de nyid du/__dpal bka' 'dus chos kyi rgya mtsho'i tshogs sgrub dang 'brel ba'i sman sgrub gsar du phyag len bstar rgyu'i cha rkyen du/__sangs rgyas karma pa'i mtshan gyi byin rlabs thob pa'i sngags btsun dpal ldan kun bzang chos kyi nyi ma chen po phrin las mkha' khyab rdo rje phyogs las rnam par rgyal ba'i sdes/__mkha' spyod thugs kyi 'khor lo'i gdan sa chen po'i yang dben lhun grub pho brang du sa rta sa ga zla ba'i gral tshes bzang por bkod pa'i yi ge pa ni 'jam dpal tshul khrims kyis bkod pa dge legs su gyur cig/__//_

Footnotes

Other Information