དཔལ་བཀའ་འདུས་ཀྱི་ཆ་ལག་རྣལ་འབྱོར་རྒྱུན་གྱི་ལས་སྦྱོར་ལས། རིམ་པ་གསུམ་པ་ཕྲིན་ལས་མྱུར་དུ་འགྲུབ་བྱེད་ལས་བཞིའི་མེ་མཆོད་ལག་ལེན་ངག་འདོན་ཁྲིགས་སུ་བསྡེབས་པ་རིན་ཆེན་འོད་ཀྱི་ཕྲེང་བ།

From Khyentse Lineage - A Tsadra Foundation Project
JKW-KABAB-05-CA-034
Wylie title dpal bka' 'dus kyi cha lag rnal 'byor rgyun gyi las sbyor las/_rim pa gsum pa phrin las myur du 'grub byed las bzhi'i me mchod lag len ngag 'don khrigs su bsdebs pa rin chen 'od kyi phreng ba JKW-KABAB-05-CA-034.pdf
Location mkhyen brtse'i bka' babs
Volume 5, Text 34, Pages 591-609 (Folios 1a to 10a3)
Author མཁའ་ཁྱབ་རྡོ་རྗེ་
Less details More details
Tertön ཨོ་རྒྱན་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (o rgyan gling pa, 'jam dbyangs mkhyen brtse'i dbang po)
Citation Karmapa, 15th. dpal bka' 'dus kyi cha lag rnal 'byor rgyun gyi las sbyor las/_rim pa gsum pa phrin las myur du 'grub byed las bzhi'i me mchod lag len ngag 'don khrigs su bsdebs pa rin chen 'od kyi phreng ba. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 5: 591-609. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Fire Offerings - sbyin sreg  ·  Revelations - gter ma  ·  Liturgy - ngag 'don
Cycle དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ (dpal bka' 'dus chos kyi rgya mtsho)
Karchag page JKW-KABAB-Volume-05-CA-Karchag
Colophon

།ཅེས་པའང་གནའ་བོའི་དུས་གངས་ཅན་པའི་མིའི་བདག་པོ། ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེ་ཞེས་པའི་རྣམ་རྒྱལ་གྲྭ་ཚང༌། བན་གཙང་ཐུབ་བསྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་རྡོར་སློབ་ཐུབ་བསྟན་རྒྱལ་མཚན་དབང་ཕྱུག་གི་གཙོས། དབུ་ཆོས་ལས་སྣཻ་འདུས་གྲྭ་བཅས་ནས་ཁྱད་པར་འཕགས་པའི་རྟེན་གྱི་ཕྲེང་བ་བཅས། བོད་ཡུལ་བསྟན་འགྲོའི་བདེ་སྐྱིད་ཀྱི་གཞི་མར་དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚོགས་སྒྲུབ་སྨན་སྒྲུབ་གསར་དུ་ཕྱག་ལེན་བསྟར་རྒྱུའི་ཆ་རྐྱེན་དུ་ཆེད་ཀྱིས་བསྐུལ་མ་ནན་ཏན་མཛད་པའི་གཡར་ངོ་མ་ལྕོག་ཙམ་དུ་གཏེར་གཞུང་དངོས་བསྟན་རྩ་བར་བཟུང༌། རིགས་མཐུན་གྱི་གཏེར་ཁ་གཞན་ནས་ཁ་བསྐང་ཞིང༌། རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་ཕྱག་བཞེས་ཀྱིས་ཟུར་བརྒྱན་ཏེ་འདུ་བགྱིད་པ་པོ་ནི། སངས་རྒྱས་ཀརྨ་པའི་མཚན་གྱི་བྱིན་རླབས་ཐོབ་པའི་སྔགས་བཙུན་རང་བྱུང་མཁའ་ཁྱབ་རྟག་པའི་རྡོ་རྗེས་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་གདན་ས་ཆེན་པོའི་ཡང་དབེན་གྱི་སྤོ་རུ་རབ་བྱུང་བཅོ་ལྔ་པའི་ནང་ཚན་དུས་ཀྱི་ཕོ་ཉ་ཞེས་པ། ས་རྟ་ནག་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཉིན་སྦྱོར་བའི་ཡི་གེ་པ་ནི་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།།

ces pa'ang gna' bo'i dus gangs can pa'i mi'i bdag po/__pho brang chen po sne'u gdong rtse zhes pa'i rnam rgyal grwa tshang*/__ban gtsang thub bstan bshad sgrub 'phel rgyas gling gi rdor slob thub bstan rgyal mtshan dbang phyug gi gtsos/__dbu chos las snai 'dus grwa bcas nas khyad par 'phags pa'i rten gyi phreng ba bcas/__bod yul bstan 'gro'i bde skyid kyi gzhi mar dpal bka' 'dus chos kyi rgya mtsho'i tshogs sgrub sman sgrub gsar du phyag len bstar rgyu'i cha rkyen du ched kyis bskul ma nan tan mdzad pa'i g.yar ngo ma lcog tsam du gter gzhung dngos bstan rtsa bar bzung*/__rigs mthun gyi gter kha gzhan nas kha bskang zhing*/__rdo rje 'dzin pa chen po rnams kyi phyag bzhes kyis zur brgyan te 'du bgyid pa po ni/__sangs rgyas karma pa'i mtshan gyi byin rlabs thob pa'i sngags btsun rang byung mkha' khyab rtag pa'i rdo rjes mkha' spyod thugs kyi 'khor lo'i gdan sa chen po'i yang dben gyi spo ru rab byung bco lnga pa'i nang tshan dus kyi pho nya zhes pa/__sa rta nag zla'i dmar phyogs kyi rgyal ba gsum pa'i nyin sbyor ba'i yi ge pa ni 'jam dpal tshul khrims kyis bgyis pa dge legs 'phel

[edit]
༄༅། །དཔལ་བཀའ་འདུས་ཀྱི་ཆ་ལག་རྣལ་འབྱོར་རྒྱུན་གྱི་ལས་སྦྱོར་ལས། རིམ་པ་གསུམ་པ་ཕྲིན་ལས་མྱུར་དུ་འགྲུབ་བྱེད་ལས་བཞིའི་མེ་མཆོད་ཀྱི་ལག་ལེན་ངག་འདོན་ཁྲིགས་སུ་བསྡེབས་པ་རིན་ཆེན་འོད་ཀྱི་ཕྲེང་བ་ཞེས་བྱ་བ་བཞུགས།། ཤྲཱི་ཧེ་རུ་ཀ་ཨུཏྟ་ར་བྷྱཿ རྟག་ཁྱབ་ཡེ་ཤེས་བདེ་བ་ཆེ། །སྲིད་པའི་ཚང་ཚིང་ཟ་བའི་ཞལ། །དཔལ་ཆེན་ལྷ་ལ་གུས་བཏུད་ནས། །ལས་བཞིའི་མེ་མཆོད་ཆོ་ག་བཤད། །འདིར་ཀུན་མཁྱེན་མ་ཧཱ་གུ་རུའི་ཐུགས་ཁྲག །ནམ་མཁའ་དང་མཉམ་པའི་དཀྱིལ་འཁོར་ཐམས་ཅད་རྫོགས་པ། དཔལ་བཀའ་འདུས་ཀྱི་རྣལ་འབྱོར་རྒྱུན་གྱི་ལས་སྦྱོར་ལས། ལས་ཐམས་ཅད་མྱུར་དུ་འགྲུབ་པར་བྱེད་པ། མེ་མཆོད་ཀྱི་ལག་ལེན་ངག་འདོན་ཁྲིགས་སུ་བསྡེབས་པ་ལ་ལྔ་སྟེ། ཞི་བ། རྒྱས་པ། དབང༌། དྲག་པོ། ཕན་ཡོན་ནོ། །དང་པོ་ཞི་བའི་མེ་མཆོད་ལ། བཤམ་བཀོད་དང༌། ཆོ་ག་དངོས་གཉིས་ལས། དང་པོ་ལ་གསུམ་ལས་དང་པོ་ས་སློང་ཞིང་སྦྱོང་བ་ནི། དམ་ཚིག་ལ་གནས་ཤིང་དབང་ཐོབ་བསྙེན་སྒྲུབ་དང་ལྡན་པའི་རྣལ་འབྱོར་པས། གང་དུ་བྱ་བའི་གནས་སུ་དཀར་གཏོར་དང་གསེར་སྐྱེམས་བཤམས་ཤིང༌། གཞི་གནས་ཀྱི་བདག་པོར་བསྔོས་ཏེ་ཕྲིན་ལས་བཅོལ། དཀྱིལ་འཁོར་གྱི་གཙོ་བོའི་ང་རྒྱལ་ལ་གནས་པས། ལག་གཡས་རྡོ་རྗེ་དང་བཅས་པ་ས་ལ་བཞག་སྟེ། ཞི་དྲག་གི་སྤྱི་དྲིལ་བརྒྱ་རྩ་བཟླ་ཞིང༌། བདུད་རྩི་ཆེན་པོ་འཐོར་བ་ཀུན་རྫོབ་དང༌། སྭ་བྷཱ་བའི་སྔགས་བརྗོད་པས། དོན་དམ་གྱིས་སྦྱོང་བ་ལས་བཞི་ཀར་མཚུངས་སོ། །གཉིས་པ་ཐབ་བཅའ་བ་ནི། བཀྲ་ཤིས་པའི་ས་དཀར་ཞིང་འཇམ་པས་སྟེགས་བུ་ཟླུམ་པོ་ཁྲུ་གང་བ་བྱས་ལ། ཚངས་ཟུར་གྱི་ཐིག་གདབ། ལྟེ་བ་ཟླུམ་པོ་མཐོ་གང་བ་ལ་པད་འདབ་ཉི་ཤུ། ལྟེ་བར་རྡོ་རྗེས་མཚན་པ། དེ་རྒྱབ་ཁ་ཁྱེར་དང༌། མུ་རན་སོར་བཞི་རེ་རྡོ་རྗེའི་ཕྲེང་བ་དང་བཅས་པའི་ཕྱིའི་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། ཁ་དོག་ཐམས་ཅད་དཀར་པོ་ལ་སེལ་མ་ཞུགས་པའི་ཚོན་གྱིས་བཅད་འཐེན། མེ་ཏོག་དཀར་པོའི་ཚོམ་བུ་ཉེར་གཅིག་བཀོད། བུད་ཤིང་འོ་མ་ཅན་གྱི་ཤིང་ངམ། བ་ལང་གི་ལྕི་བ་སྲོག་ཆག་མེད་པས་ཁ་ཁྱེར་སྟེང་ནས་ཟླུམ་པོར་བརྩིག་ཅིང༌། མེ་ཚང་དང་ལྡན་པ་ཀུ་ཤས་གཡོགས་པར་བྱའོ། །གསུམ་པ་རྫས་འགོད་པ་ནི། སློབ་དཔོན་གྱི་གཡོན་ངོས་སུ་འབུལ་གཏོར་དཀར་ཟླུམ་ཆེ་ཆུང་གསུམ་མམ། གཉིས་སྐབས་བསྟུན། སྨན་རཀ །ཐབས་ཤེས་ཀྱི་ཚོགས། ཆུ་གཉིས། ཉེར་སྤྱོད། གཡས་ངོས་སུ་བལ་བུའམ། ལྕང་དཀར་སོགས་ཀྱི་ཡམ་ཤིང་མཛུབ་གང་བ་འོ་མ་དང་མར་ཁུས་ཉུག་པ། མར་ཁུ། ཏིལ་དཀར། ཡུངས་དཀར་རྣམས་སོ་སོ་དང༌། མེ་ཏོག་དཀར་པོ། འབྲུ་སྣ། སྨན་སྣ། རིན་ཆེན། དར་གོས། ཤིང་ཏོག །ཟས་ཕུད་སོགས་ཁ་དོག་དཀར་ཞིང་འཇམ་པའི་རིགས་གཙོ་བོར་གྱུར་པའི་རྫས་སྤུངས། གོས་ཟུང་དཀར་པོ། སོ་རྩི། དཔལ་འབར་སོགས་འདུ་བྱ། སློབ་དཔོན་གྱི་མདུན་དུ། མེ་ཡོལ་དང༌། རྡོར་དྲིལ། ཌཱ་མ་རུ། དགང་བླུག །བསང་ཆུ། ནང་མཆོད། འཐོར་ནས། ཡུངས་ཐུན་རྣམས་བཞག་གོ །ཐོ་རངས་སོགས་སྔ་དྲོའི་དུས་སུ་སློབ་དཔོན་གོས་རྒྱན་དཀར་པོས་བརྒྱན་ཏེ། འཇམ་པའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་སེམས་སྐྱིལ་གྱིས་དྭངས་ཤིང་ཞི་དུལ་གྱི་སེམས་ཀྱིས་འཁོད་དོ། །གཉིས་པ་དངོས་གཞི་ལ་སྔོན་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ལ་གསུམ་གྱི། དང་པོ་བདག་གི་རྣལ་འབྱོར་ནི། སྲེག་རྐྱང་གི་སྐབས། བརྒྱུད་འདེབས་ནས་བདག་བསྐྱེད་བཟླས་པའི་མཐར་ཐུག་པའི་བར་བྱས་ནས། རྣལ་འབྱོར་བསྡུས་ཏེ་གཙོ་བོའི་ང་རྒྱལ་གྱིས་འཇུག་པ་དང་སྒྲུབ་ཆེན་སྐབས། སྤྱི་དྲིལ་སྔགས་མཐར། ཕཊ་ཛཿབཏགས་པ་བརྗོད་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་གཉིས་པར་བྱེ་སྟེ་ལས་རིམ་ལ་འཇུག་པར་མོས་ལ། ལས་བུམ་མམ་བསང་ཆུ་ལ་འཁྱིལ་པ་བསྐྱེད་བཟླས་བྱ། གཉིས་པ་དམ་ཚིག་གསུམ་བཟུང་བ་ནི། རྡོ་རྗེ་ཐུགས་ཀར་གཏོད་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་ས་མ་ཡ་ཧཱུྃ༔ དྲིལ་བུ་འཁྲོལ་ཞིང་དཀུར་བསྟེན་ལཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་གཎྜེ་ས་མ་ཡ་ཨཱཿ རྡོར་དྲིལ་ཐུགས་དཀར་འཁྱུད་རྒྱ་བྱས་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མུ་དྲ་ས་མ་ཡ་ཨོཾ༔ ཞེས་བརྗོད་ཅིང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བདག་ཉིད་ལས་ཀྱི་འཁོར་ལོས་སྒྱུར་བའོ། སྙམས་པའི་སྙེམས་པས་བཟུང༌། གསུམ་པ་མཆོད་སྲེག་གི་རྫས་རྣམས་བྱིན་བརླབ་ནི། ལས་སྔགས་ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ་ཀྱིས་བསང༌། སྭཱ་བྷ་ཝས་སྦྱངས། ཧཱུྃ༔ རིན་པོ་ཆེ་དང་ཐོད་པའི་སྣོད་ཡངས་སུ༔ མཆོད་རྫས་བསྲེག་རྫས་ཡེ་ཤེས་འོད་ཟེར་འཕྲོ༔ སྤྱི་དཔལ་ལྷ་ཚོགས་ཐུགས་དམ་བསྐུལ་བ་དང་༔ ཕྲིན་ལས་མྱུར་དུ་འགྲུབ་པའི་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ་པཱུ་ཛ་ཀུ་རུ་ཀུ་རུ་ཧཱུྃ༔ ཞེས་དང༌། ཨོཾ་ཨཱཿཧཱུྃ༔ ལན་བདུན་བརྗོད་པས་བྱིན་གྱིས་བརླབ་བོ། །གཉིས་པ་དངོས་གཞི་ལ་དྲུག་ལས། དང་པོ་མེ་སྦར་ཞིང་རླུང་གཡབ་པ་ནི། དགེ་འདུན་གྱི་མེ་ཡིས་དཔལ་འབར་ཐལ་མོ་སྦྱར་བའི་བར་དུ་བཟུང་ལ་ཐབ་ལ་ལན་གསུམ་བསྐོར་ཞིང༌། ཧཱུྃ༔ ཤར་ལྷོ་མཚམས་ལ་མངའ་མཛད་པའི༔ ཨགྣི་རཱ་ཛས་མེ་སྤོར་ལ༔ ནུབ་བྱང་རླུང་ལྷའི་མཁའ་འགྲོ་མས༔ ཡེ་ཤེས་ཆེན་པོའི་རླུང་གཡོབས་ཤིག༔ ཛྭ་ལ་རྃ༔ ཞེས་མེ་སྦར། ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་རླུང་གཡབ། གཉིས་པ་ཐབ་བསྐྱེད་པ་དངོས་ནི། ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། ཨཱཿ སྣོད་བཅུད་སྣང་སྲིད་ཆོས་སོ་ཅོག༔ གདོད་ནས་རྣམ་དག་སྟོང་པ་ཆེ༔ རྡུལ་བྲལ་འོད་གསལ་ཆེན་པོའི་ངང་༔ མི་འགྱུར་སངས་རྒྱས་སྤྱན་མའི་ཐབ༔ མཚན་ཉིད་ཡོངས་རྫོགས་བཀོད་པས་བརྗིད༔ དེ་དབུས་ཚ་ཞིང་བསྲེག་པའི་མེ༔ གོས་དཀར་ཡུམ་དུ་སྙོམས་ཞུགས་པ༔ དམ་ཚིག་སྒྲོལ་མའི་རླུང་གི་ཤུགས༔ རིག་པ་འབར་ཞིང་འཁྱིལ་བའི་ཀློང་༔ ཞེས་པས་ཐབ་གསལ། གསུམ་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྐྱེད་པ་རྗེས་འབྲེལ་དང་བཅས་པ་ནི། ཨེ་ལས་ཆོས་དབྱིངས་འབྱམས་ཀླས་ཡངས་པའི་སོགས་ཕྲིན་ལས་ནར་མ་རིན་ཆེན་སྙིང་པོ་བཞིན་ལ། སྲེག་རྐྱང་སྐབས། བསྐྱེད་དྲངས་བཞུགས་ཕྱག་མཆོད་བསྟོད་རྫོགས་པའི་བར་བཏང༌། སྒྲུབ་པ་དང་འབྲེལ་ན། གདན་བསྐྱེད་པའི། སཱུརྻ་རུ་དྲ་ཏི་ར་བྃ༔ ཞེས་པའི་མཚམས་སུ། ཧཱུྃ༔ དམིགས་མེད་མཁའ་ལྟར་སོགས་ཕྲིན་ལས་ནར་མའི་འོག་གི་སྤྱན་འདྲེན་བརྗོད་ཅིང༌། ཚོམ་བུ་སྤྱན་དྲངས། སློབ་དཔོན་གྱིས་མེ་ཏོག་ཐབ་ཏུ་དོར་ལ། ཞི་བ་སྤྱི་དྲིལ་དང་གཙོ་སྔགས་སྤེལ་བ་དང༌། ལྷ་ཉེར་གཅིག་གི་སྔགས་ཤམ་སོ་སོར། ས་མ་ཡ་ཛཿ ཞེས་བཏགས་པ་བརྗོད་ཅིང་མེ་ཏོག་ཐབ་ཏུ་འབུལ། ཧཱུྃ༔ རྒྱལ་བའི་སྐུ་ལ་སོགས་བཞུགས་གསོལ་བྱས་ལ། ལྷ་གསལ་གདབ་པ་ནི། སྔ་མའི་འཕྲོས་ཀྱི། ཧཱུྃ༔ དབུས་ཕྱོགས་དཀྱིལ་འཁོར་སོགས་ནས། བརྗིད་པའི་སྔགས་སྒྲ་འོད་གསལ་དགོངས་པར་ལྡན༔ ཞེས་པའི་འཕྲོས་སུ་ཧེ་རུ་ཀ་དཔལ་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཅེས་པས་གཙོ་འཁོར་ཡོངས་རྫོགས་བསྒོམས་ལ། ཧཱུྃ༔ དབྱིངས་ཉིད་ཞི་བའི་སོགས་ཕྱག་འཚལ། མཆོད་བསྟོད་མཐའ་བར་བཏང༌། གང་ལྟར་ཡང་ལྷ་བསྐྱེད་སྐབས་གཙོ་འཁོར་ཐམས་ཅད་ཞི་ཉམས་མཛེས་སྡུག་འོད་དུ་འབར་ཞིང༌། འོད་ཟེར་དཀར་པོའི་ཕྲེང་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་འཕྲོ་བས་ཞི་བའི་ཕྲིན་ལས་མཛད་པར་བསམ་མོ། །བཞི་པ་བྱོན་སྐྱེམས་འབུལ་བ་ནི། ཐབ་ཀྱི་དབུས་སུ་དཀྱིལ་འཁོར་གྱི་ལྷ་ཚོགས། རྩ་གསུམ་སྲུང་མ་སོགས་མགྲོན་རིགས་ཐམས་ཅད་ཡེ་ཤེས་ལྷའི་ཕྱག་རྒྱར་སད་པ་རྣམས། ལས་ཀྱི་དངོས་གྲུབ་སྩོལ་བ་ལ་དགྱེས་བཞིན་དུ་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་ལྗགས་དང༌། གཟར་བུ་གཉིས་ལ་རྃ་ཡིག་གིས་མཚན་པས་སྲེག་བླུག་གི་མཆོད་པ་ཕུལ་བས་མཉེས་ཤིང་ཕྲིན་ལས་བསྒྲུབ་པར་གྱུར་པར་དམིགས་ལ། ཧཱུྃ༔ ཐབ་ཀྱི་དགང་གཟར་བདེ་བ་ཆེ། །ཤེས་རབ་སྟོང་ཉིད་བླུགས་གཟར་གྱིས། །གཉིས་མེད་བྱང་ཆུབ་སེམས་ཀྱི་རྒྱུན། །དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་འབུལ། ཞི་ཁྲོ་ཡོངས་རྫོགས་འདུས་པའི་སྙིང་པོ། ཨོཾ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཞེས་ལན་བདུན་དང༌། མར་ཁུ་བླུགས་གཟར་བདུན་གྱིས་དགང་གཟར་བཀང་བའི་མཆུ་ལས་བབ་པའི་མར་ཁུ་བདུད་རྩིའི་དྭངས་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམས་པར་བསམས་ལ། ཨོཾ་ཨགྣ་ཡེ་ཛྙཱ་ན་ཨ་མྲྀ་ཏ་ཧཱུྃ༔ ཞེས་དང༌། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་བྱད་ཕུར་རྦོད་གཏོང་སྣང་སྲིད་གཡོ་འཁྲུགས་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་བཅས་དགང་བླུགས་ཁ་སྦྱར་བས་གཡས་བསྐོར་གྱིས་ལན་གསུམ་འབུལ་ལོ། །ལྔ་པ་བསྲེག་རྫས་འབུལ་བ་ལ་དངོས་དང༌། འཕྲོས་དོན་གཉིས་ཀྱི་དང་པོ་ནི། ཨོཾ་ཨཱཿཧཱུྃ༔ ཤེས་རབ་དགང་གཟར་ཨེ་ཡི་དབྱིངས༔ ཐབས་མཆོག་བདེ་ཆེན་ཝྃ་ཡིག་གིས༔ ཟུང་འཇུག་བསྲེག་རྫས་བདུད་རྩིར་བསྐྱིལ༔ བྱང་ཆུབ་སེམས་ཀྱི་མཆོད་པའི་སྤྲིན༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་ཐིམ༔ ཡུལ་དང་དབང་པོ་གཉིས་མེད་པའི༔ བདེ་བ་ཆེན་པོའི་ལོངས་སྤྱོད་ཀྱིས༔ ཧེ་རུ་ཀ་དཔལ་ལྷ་ཚོགས་རྣམས༔ ཐུགས་དམ་གཉེན་པོ་དགྱེས་པར་བསྐང་༔ ཕྱི་ནང་གསང་བའི་བར་ཆད་སོལ༔ དཔལ་ཆེན་བཀའ་འདུས་ལྷ་ཚོགས་ཀྱིས༔ བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི༔ ནད་གནོད་སྡིག་སྒྲིབ་གདོན་བགེགས་སོགས༔ མི་མཐུན་ཕྱོགས་ཀུན་ཞི་མཛད་གསོལ༔ ཐུགས་རྗེ་ཐུགས་དམ་མ་གཡེལ་བར༔ སྲེག་བླུགས་མཆོད་པས་དགྱེས་དགོངས་ཏེ༔ ཐུན་མཆོག་རིགས་ཀྱི་དངོས་གྲུབ་སྩོལ༔ ཞེས་པའི་ཕྲིན་བཅོལ་སྔོན་དུ་འགྲོ་བས། ཞི་བ་རིགས་འདུས་པའི་སྙིང་པོ་ནི། ཨོཾ་ཨཱ་ཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་བཛྲ་སཏྭ་ཧཱུྃ༔ ཞེས་དང༌། ཁྲོ་བོའི་སྤྱི་དྲིལ་ནི། ཨོཾ་བཛྲ་ཙཎྜ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་སརྦ་དུཥྟན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཅེས་པ་གཉིས་སྦྲེལ་བ་ལན་གཅིག་གིས་ཐོག་དྲངས། ཨོཾ་ཛྙཱ་ན་ཛྭ་ལ་ཧཱུྃ༔ ཞེས་བརྒྱ་སྟོང་སོགས་རྫས་སྔགས་གྲངས་མཉམ་གྱིས་ཡམ་ཤིང་འབུལ་ཞིང༌། རྣལ་འབྱོར་པ་བདག་ཅག་སོགས་གོང་བཞིན་སྤེལ་ཚིག་སྦྱར་སྤྲོ་ན། ལྷ་སྔགས་རྫས་སྔགས་སྤེལ་ཚིག་བཅས་སྦྲེལ་ལ་གྲངས་བཟུང་བ་ལེགས་པའི་ཡན་ལག་ཏུ་འགྱུར། དེ་བཞིན་ཕྲིན་བཅོལ་སྔོན་འགྲོས། སྤྱི་དྲིལ་དང༌། ཨོཾ་ཨགྣ་ཡེ་ཛྙཱ་ན་ཨ་མྲྀ་ཏ་ཧཱུྃ༔ མར་ཁུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ༔ ཏིལ། ཨོཾ་སརྦ་ཨརྠ་སིདྡྷི་ཡ་སྭཱ་ཧཱ༔ ཡུངས་ཀར། ཨོཾ་བཛྲ་སརྦ་པཱུ་ཛ་མེ་གྷ་ཛྙཱ་ན་ས་མ་ཡེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་པས་རྫས་སྤུངས་ཏེ། ཕྱི་མ་འདི་ལ་བུང་བསྐྱེད་པ་བཅས་སོ་སོར་འབུལ་ལོ། །གཉིས་པ་ནི། བསྙེན་པའི་ཁ་སྐོང་ལྟ་བུ་ཡིན་ན། ཞི་ཁྲོ་ཡོངས་རྫོགས་འདུས་པའི་སྙིང་པོ་ཁོ་ནས་ཏིལ་ནག་དང༌། རྫས་སྤུངས་བུང་བསྐྱེད་དེ་གྲངས་ཅི་ཙམ་དགོས་པ་འབུལ་ཞིང༌། སྐབས་སྐབས་སུ། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ། དམ་ཚིག་ཉམས་ཆགས་སྤྱི་དང༌། བྱེ་བྲག་ཏིང་ངེ་འཛིན་གཡེལ་ཞིང༌། གསང་སྔགས་ཀྱི་ལྷག་ཆད་ལ་སོགས་ཉེས་ལྟུང་སྒྲིབ་པའི་ཚོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྤེལ་ཚིག་གོང་འོག་རྣམས་པ་ཁ་བསྒྱུར་བའི་ཁྱད་པར་དབྱེ་ཤེས་པར་བྱའོ། །དྲུག་པ་ཏིང་ངེ་འཛིན་ནི། དེ་ལྟར་ཕུལ་བས་ལྷ་ཚོགས་རྣམས་ཀྱིས་བསྲེག་རྫས་བདུད་རྩིའི་དྭངས་བཅུད་དགྱེས་པ་ཆེན་པོས་བཞེས་ཏེ། ཟག་མེད་བདེ་བས་རབ་ཏུ་མཉེས་ཤིང་ཚིམས་ནས། ཡེ་ཤེས་འབར་བའི་འོད་ཟེར་དཀར་པོ་ཟླ་བའི་མདངས་ཅན་འཕྲོས་པས། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་ནད་གདོན་བར་ཆད་སྤྱི་དང༌། ཁྱད་པར་དམ་ཚིག་ཉམས་ཆག་ཉེས་ལྟུང་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་བྱང་ཞིང་དག་ནས། བདེ་སྟོང་གི་ཡེ་ཤེས་སྐྱེ་བ་ལ་སོགས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཡིད་བཞིན་དུ་སྩོལ་བར་གྱུར། པར་བསམ་པ་ནི་ཤིན་ཏུ་གལ་ཆེ་སྟེ། རྣོ་ལ་ངར་གྱིས་བཏགས་པ་ལྟ་བུའོ། །གསུམ་པ་རྗེས་རིམ་ལ་བརྒྱད་ལས། དང་པོ་གཤེགས་སྐྱེམས་འབུལ་བ་ནི། ཐབ་ཀྱི་དབུས་སུ་དཀྱིལ་འཁོར་གྱི་ལྷ་ཚོགས་སོགས་གོང་གི་བྱོན་སྐྱེམས་ཇི་ལྟ་བ་བཞིན་ཕུལ་ནས། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱཿས་མཆོད་ཡོན་སྦྲེང༌། ཨོཾ་བཛྲ་པྲོ་ཀྵ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱས་བསང་གཏོར་འཐོར། ཨོཾ་བཛྲ་ཝསྟྲ་ཡ་པྲ་ཏཱིཙྪ་སྭཱ་ཧཱས་གོས་ཟུང༌། ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱས་སོ་རྩི་རྣམས་འབུལ་ལོ། །གཉིས་པ་ཚོགས་གཏོར་གྱིས་མཆོད་པ་ནི། སྤྲོ་ན། ཕྲིན་ལས་ནར་མ་རིན་ཆེན་སྙིང་པོ་བཞིན་ཚོགས་བྱིན་རླབས་ནས་བཟུང༌། ཚོགས་ཕུད་རྣམས་རིམ་པར་ཐབ་ཏུ་འབུལ་ཏེ། བསྒྲལ་མཐའ་དངོས་གྲུབ་གསོལ་ཞིང་ཉམས་ཆག་བཤགས་པའི་རྗེས། འོག་ནས་འབྱུང་བ་ལྟར་གཏོར་འབུལ་དོར་བའི་སྨན་རཀ་འབུལ་ལ་འདོད་གསོལ་བྱ། འདིར་ནང་གསང་དེ་ཁོ་ན་ཉིད་ཀྱི་ཚོགས་རོལ་རྣམས་བགྱི་བའང་དེ་དང་དེའི་སྦྱིན་སྲེག་ཞར་བྱུང་དུ་འགྲུབ་པས་ལེགས་པར་འགྱུར་ཞིང༌། ལྷག་མ་བཏང་བ་ཐབ་ཟུར་དུ་སྤུངས། བསྡུ་ན། ཚོགས་དང་གཏོར་མ་ལས་ཆུ་དང་ལས་སྔགས་ཀྱིས་བསང༌། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབ། སྤྱི་དྲིལ་མཐར། མ་ཧཱ་ག་ཎ་ཙཀྲ་བ་ལིཾ་ཏ་ཁཱ་ཧི་བཏགས་པ་བདུན་ནམ་གསུམ་གྱིས་མར་ཁུས་སྦག་པའི་ཚོགས་གཏོར་དང༌། དེ་བཞིན་དུ་མ་ཧཱ་ཨ་མྲྀ་ཏ་ཁཱ་ཧིས་སྨན། མ་ཧཱ་རཀྟ་ཁཱ་ཧིས་རཀྟ་བཅས་སོ་སོར་བདུན་ནམ། གསུམ་གྱིས་མཐར། ཨོཾ་ཨཱཿཧཱུྃ༔ ཤེས་རབ་དགང་གཟར་སོགས་ཀྱིས་འདོད་དོན་གསོལ་ལོ། །གསུམ་པ་གཏང་རག་ལ་གཉིས་ཀྱི་དང་པོ་མཆོད་པ་ནི། ཧཱུྃཿ བླ་མེད་མཆོག་གི་མཆོད་པ་དམ་པ་ནི༔ ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ༔ འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ༔ དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ༔ ཨོཾ་ཤྲཱི་བཛྲ་རཱ་ག་ནཱིརྟི་ཧོ༔ ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱ་ཤབྡ་སརྦ་པཱུ་ཛ་ཧཱུྃ༔ ཨོཾ་ཤྲཱི་བཛྲ་ར་ག་མ་ཧཱ་ཛྙཱ་ན་ཧོ༔ ཨོཾ་ཤྲཱི་བཛྲ་རཱ་ག་ས་མནྟ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ སྟ་ན་ག་ཎ་མ་ཧཱ་སུ་ཁ་དྷཱ་ཏུ་ཨ་ཨཱཿ བསྟོད་པ་ནི། ཧཱུྃཿ ཞི་ཁྲོའི་སྐུ་ནི་གང་འདུལ་ཉམས་དང་ལྡན༔ རྡོ་རྗེ་དགྱེས་པ་སྔགས་ཀྱི་རང་སྒྲ་ཅན༔ ཡེ་ཤེས་ཀློང་ལས་ཡོན་ཏན་ཕྲིན་ལས་རྫོགས༔ དཔལ་ཆེན་བཀའ་འདུས་དཀྱིལ་འཁོར་ལྷ་ལ་བསྟོད༔ བཞི་པ་དངོས་གྲུབ་བླང་བ་ནི། ཨོཾ་ཨཱཿཧཱུྃཿ དཔལ་ཆེན་ཞི་ཁྲོ་རྡོ་རྗེའི་གཡར་དམ་ཅན༔ ཕྲིན་ལས་འབྲས་བུ་དུས་འདིར་སྩལ་ནས་ཀྱང་༔ ཐུན་མོང་མཆོག་གི་དངོས་གྲུབ་བླ་མེད་པས༔ སྐུ་གསུང་ཐུགས་དང་དབྱེར་མེད་མཛད་དུ་གསོལ༔ སྤྱི་དྲིལ་ཤམ་བུར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ལྔ་པ་ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་སོགས་དང༌། ཡིག་བརྒྱ་བཟླ། དྲུག་པ་གཤེགས་བསྡུ་ནི། སྲེག་རྐྱང་སྐབས། ཛཿཧཱུྃ་བྃ་ཧོཿས ཐབ་ཀྱི་ཡེ་ཤེས་པ་རང་ལ་ཐིམ་པར་བསམ་ཞིང༌། མ་ཧཱ་ཤྲཱི་ཧེ་རུ་ཀ་ཨཱཏྨ་ཀོ྅ཧྃཿ ཞེས་ང་རྒྱལ་བཟུང༌། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར་པར་བསམ། སྒྲུབ་མཆོད་སྐབས། ཨོཾ་སརྦ་ཛྙཱ་ན་མཎྜ་ལ་བཛྲ་མུཿ ཞེས་བརྗོད་ཅིང༌། ཡེ་ཤེས་པའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་བསམ་ཞིང༌། ཞི་ཁྲོ་ཡོངས་རྫོགས་ཀྱི་སྔགས་སོ་སོར། ས་མ་ཡ་སྟྭཱྃ ཞེས་བཏགས་པ་བརྗོད་ཅིང་མཎྜལ་ཚོམ་བུ་སྒྲུབ་དཀྱིལ་དུ་སྤྱན་དྲངས་ཏེ་སླར་བསྟིམ། དམ་ཚིག་རང་ལ་གཉིས་མེད་ཐིམ༔ བདེ་ཆེན་སྣང་བ་རྒྱས་པར་གྱུར༔ ཅེས་མོས་སོ། བདུན་པ་བསྔོ་སྨོན་ནི། དགེ་བ་འདི་ཡིས་མཐའ་ཡས་སེམས་ཅན་རྣམས༔ ཕྱི་ནང་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ༔ བསྐྱེད་རྫོགས་ལམ་གྱི་རིམ་པ་མཐར་ཕྱིན་ནས༔ སྤྱི་དཔལ་ཆེན་པོའི་གོ་འཕང་མྱུར་ཐོབ་ཤོག༔ བརྒྱད་པ་བཀྲ་ཤིས་ནི། བདེ་གཤེགས་ཞི་བ་རྡོ་རྗེ་དབྱིངས་ཀྱི་ངང་༔ ཁྲག་འཐུང་དཔལ་ཆེན་རིག་པའི་ཚོམ་བུ་བརྡལ༔ ཟུང་འཇུག་སྒྱུ་འཕྲུལ་དྲྭ་བའི་སྤྲིན་ཕྲུང་འཕྲོ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་དང༌། གཞན་ཡང་ཤིས་པའི་ཚིགས་བཅད་དང་མེ་ཏོག་ཆར་གྱིས་བདེ་ལེགས་སུ་སྤེལ། མེ་རང་ཞིར་འཇོག་པའམ། ལོངས་མེད་ན་འོ་ཆུས་གཞིལ་ཐལ་སོལ་ཆུ་ཀླུང་ཆེན་པོར་སྦྱང་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །སྤྱི་དོན་གཉིས་པ་རྒྱས་པའི་མེ་མཆོད་ལ་བཤམ་བཀོད་དང༌། ཆོ་ག་དངོས་གཉིས་ཀ་ཞི་བའི་སྐབས་ལྟར་ལ། མི་འདྲ་བའི་ཁྱད་པར། ཐབ་ཁུང་རྒྱལ་པོའི་བང་མཛོད་ཀྱི་འོག་དང༌། ཞིང་བཟང་པོ་སོགས་དཔལ་ཅན་གྱི་ས་ལ་སྟེགས་བུ་གྲུ་བཞིའི་སྟེང༌། ལྟེ་བ་སོགས་སྔར་ལྟར་ལ། དབྱིབས་གྲུ་བཞི། དབུས་སུ་རིན་པོ་ཆེ། ནོར་བུའི་ཕྲེང་བས་བསྐོར་ཞིང༌། ཁ་དོག་སེར་པོ་ཁོ་ན་བྱ། མེ་ཏོག་སེར་པོ་བཀྲམ། བུད་ཤིང་དྲི་དང་འབྲས་བུར་ལྡན་པས་གྲུ་བཞིར་བརྩིག་གོ །རྫས་ལ། གཏོར་འབུལ་གྲུ་བཞི་སེར་པོ། བུད་ཤིང་དང་མཐུན་པའི་ཡམ་ཤིང་ཁྲུ་གང་བ་བདུད་རྩི་དང་མངར་གསུམ་གྱིས་ཉུག་པ། མར་ཁུ། དཱུརྦ། དཀར་མངར་བསྲེས་པའི་ཟས་མཆོག་རྣམས་སོ་སོ་དང༌། མེ་ཏོག་སེར་པོ། དཀར་མངར་འབྲུ་སྨན་རིན་ཆེན་དར་གོས་ཤིང་ཏོག་ཟས་ཕུད་སོགས་ཁ་དོག་སེར་ཞིང་ཚེ་དང་ལུས་ཀྱི་བཅུད་ལེན་དུ་གྱུར་པའི་རིགས་གཙོ་བོར་གྱུར་པའི་རྫས་སྤུངས། གོས་ཟུང་སེར་པོ་སོགས་དང༌། ཉི་ཤར་རམ་གུང་གི་དུས་སུ་སློབ་དཔོན་གོས་རྒྱན་སེར་པོས་བརྒྱན་ཏེ། ཁ་བྱང་དུ་ཕྱོགས་པས་བཟང་པོའི་སྟབས་ཀྱིས་ངོམས་ཤིང་སྒེག་པའི་སེམས་ཀྱིས་འཁོད་པ་དང༌། དངོས་གཞིའི་སྐབས། རྒྱལ་པོའམ་བཙན་ཕྱུག་འཛོམས་པའི་མེ་དང༌། ལྷ་བསྐྱེད་སྐབས། གཙོ་འཁོར་ཐམས་ཅད་སྒེགས་ཅིང་ལྷུན་ཆགས་བརྗིད་པའི་ཉམས་དང་ལྡན་པ་འོད་ཟེར་གསེར་གཙོ་མའི་མདངས་ཅན། རྒྱལ་བའི་ཞིང་ཁམས་ཡོངས་སུ་འགེངས་པར་འཕྲོ་བས་རྒྱས་པའི་ཕྲིན་ལས་མཛད་པར་བསམ་པ་དང༌། བྱོན་སྐྱེམས་སོགས་ཀྱི་སྤེལ་ཚིག་ནི། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་ཤེས་རབ་འབྲུ་ནོར་ལོངས་སྤྱོད་དཔལ་འབྱོར་སྙན་གྲགས་བསོད་ནམས་རླུང་རྟ་འགྲོ་དོན་ཕྲིན་ལས་ཐམས་ཅད་པུཥྟིཾ་ཀུ་རུ་ཨོཾ། ཞེས་བསྒྱུར། ཨོཾ་ཨཱཿཧཱུྃ༔ ཤེས་རབ་དགང་གཟར་སོགས་ནས། སྒྲུབ་པ་པོའི༔ ཚེ་བསོད་དཔལ་འབྱོར་ཡེ་ཤེས་སོགས༔ མཐུན་རྐྱེན་ལེགས་ཚོགས་རྒྱས་པར་མཛོད༔ ཐུགས་རྗེའི་ཐུགས་དམ་སོགས། མར་ཁུ་ཕུལ་རྗེས། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱཿས་དཱུརྦ། ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱཿས་ཟས་མཆོག །ཨོཾ་བཛྲ་སརྦ་པཱུ་ཛ་མེ་གྷ་ཛྙཱ་ན་ས་མ་ཡེ་བྷྲཱུྃ་པུཥྟིཾ་ཀུ་རུ་ཨོཾ་གྱིས་རྫས་སྤུངས་འབུལ། ཏིང་འཛིན་ནི། དེ་ལྟར་ཕུལ་བས་ལྷ་ཚོགས་རྣམས་དགྱེས་པའི་དཔལ་དང་གཟི་བརྗིད་འབར་བ་ལས། འོད་ཟེར་སེར་པོ་གསེར་ཞུན་མའི་མདངས་ཅན་ཉི་མ་འཆར་ཀའི་ཟེར་ཐག་ལྟ་བུ་འཕྲོས་པས། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་སྙན་གྲགས་ཡོན་ཏན་ལོངས་སྤྱོད་ལ་སོགས་པ་ལེགས་ཚོགས་ཐམས་ཅད་རབ་ཏུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་ཅིང་དངོས་གྲུབ་ཐོགས་མེད་དུ་སྩོལ་བར་བསམ་པ་དང༌། རྗེས་རིམ་ལ། མེ་རང་ཞིར་འཇོག་པའམ། ལོངས་མེད་ན་དྲི་སེར་པོའི་ཆུས་གཞིལ། ཐལ་སོལ་མཛོད་དམ། ཁྱིམ་ཕུག་གམ། རི་བོ་འཕེན་བཟང་དུ་སྦ་བ་རྣམས་བསྒྱུར་ཤེས་པར་བྱའོ། །སྤྱི་དོན་གསུམ་པ་དབང་གི་མེ་མཆོད་ལ་བཤམ་བཀོད་དང༌། ཆོ་ག་དངོས་གཉིས་ཀ་ཞི་བའི་སྐབས་སུ་བཤད་པ་ལྟར་ལ། མི་འདྲ་བའི་ཁྱད་པར། ཐབ་ཁུང་སྨད་ཚོང་མ་ཉལ་པོ་བྱས་པའི་མལ་འོག་གམ། མགྲོན་ཁང་གི་ས་སོགས་ལ་སྟེགས་བུ་ཟླ་གམ་བྱས་པའི་སྟེང༌། ལྟེ་བ་སོགས་སྔར་ལྟར་ལ། དབྱིབས་ཟླ་གམ། དབུས་སུ་པདྨ། ལྕགས་ཀྱུས་ཕྲེང་བས་བསྐོར་ཞིང༌། ཁ་དོག་དམར་པོ་ཁོ་ན་བྱ། མེ་ཏོག་དམར་པོ་བཀྲམ། བུད་ཤིང་རོ་སྐྱུར་ཞིང་མདོག་དམར་བས་ཟླ་གམ་དུ་བརྩེགས། རྫས་ལ། གཏོར་འབུལ་ཟླ་གམ་དམར་པོ། བུད་ཤིང་དང་མཐུན་པའི་ཡམ་ཤིང་སོར་ལྔ་པ་ཆང་དང་བུ་རམ་གྱིས་ཉུག་པ། མར་ཁུ། མེ་ཏོག་གླང་སྣ་དམར་པོ་མྱོས་བྱེད་ཀྱིས་སྦགས་པ། སེ་འབྲུ་དང་ཆང་གླུམ་ལན་ཚྭ་གསུམ་བསྲེས་པའི་ཟས་མཆོག་རྣམས་སོ་སོ་དང༌། རྡོ་ཁབ་ལེན། མེ་ཏོག་དམར་པོ། སེ་འབྲུ། ཆང་གླུམ། སིནྡྷཱུ་ར། དཀར་མངར་འབྲུ་སྨན་རིན་ཆེན་དར་གོས་ཤིང་ཏོག་ཟས་ཕུད་སོགས་ཁ་དོག་དམར་པོ་རོ་མངར་ཞིང་སྐྱུར་བའི་རིགས་གཙོ་བོར་གྱུར་པའི་རྫས་སྦྱངས། གོས་ཟུང་དམར་པོ་སོགས་དང༌། ཕྱི་དྲོའམ། དགོངས་ཀའི་དུས་སུ་སློབ་དཔོན་གོས་རྒྱན་དམར་པོས་བརྒྱན་ཏེ་ཁ་ནུབ་ཏུ་ཕྱོགས་པས་པདྨའི་སྐྱིལ་ཀྲུང་གིས་ཆགས་ཤིང་གདུང་བའི་སེམས་ཀྱིས་འཁོད་པ་དང༌། དངོས་གཞིའི་སྐབས། བྲམ་ཟེའམ་སྨད་ཚོང་མའི་མེ་དང༌། ལྷ་བསྐྱེད་སྐབས། གཙོ་འཁོར་ཐམས་ཅད་དགྱེས་ཤིང་ཆགས་པའི་ཉམས་ཅན། པདྨ་རཱ་ག་ལྟ་བུའི་འོད་ཟེར་ཁམས་གསུམ་བརྟན་གཡོ་ཀུན་ལ་ཁྱབ་པས། གང་ལ་དམིགས་པ་དབང་དུ་བསྡུ་བའི་ཕྲིན་ལས་མཛད་པར་བསམ་པ་དང༌། བྱོན་སྐྱེམས་སོགས་ཀྱི་སྤེལ་ཚིག་ནི། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཐིག་རླུང་སེམས་གསུམ་མཁས་བཙུན་དགེ་འདུན་རྒྱལ་བློན་སྐྱེས་འགྲོ་ཕོ་མོ་ལྷ་འདྲེ་མི་གསུམ་བརྟན་གཡོ་སྣང་སྲིད་འཁོར་འདས་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོཿ ཞེས་བསྒྱུར། ཨོཾ་ཨཱཿཧཱུྃཿ ཤེས་རབ་དགང་གཟར་སོགས་ནས། སྒྲུབ་པ་པོའི༔ ཁམས་གསུམ་སྣོད་བཅུད་ཐམས་ཅད་ཀུན༔ དབང་འདུས་ཕྲིན་ལས་མཛད་དུ་གསོལ༔ ཐུགས་རྗེས་ཐུགས་དམ་སོགས། མར་ཁུ་ཕུལ་རྗེས། ཨོཾ་བཛྲ་རཱ་ག་ས་མ་ཡ་སྭཱ་ཧཱས་དབང་གི་མེ་ཏོག །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱས་ཟས་མཆོག །ཨོཾ་བཛྲ་སརྦ་པཱུ་ཛ་མེ་གྷ་ཛྙཱ་ན་ས་མ་ཡེ་ཧྲཱིཿཝ་ཤཾ་ཀུ་རུ་ཧོཿས་རྫས་སྤུངས་འབུལ། ཏིང་འཛིན་ནི། དེ་ལྟར་ཕུལ་བས་ལྷ་ཚོགས་རྣམས་ཐུགས་རྗེའི་ཤུགས་དང་ཆགས་པའི་གཟི་བྱིན་འབར་བ་ལས་འོད་ཟེར་དམར་པོ་གློག་གི་ཞགས་པ་ལྟ་བུ་འཕྲོས་པས། ལྷ་འདྲེ་མི་གསུམ། འཁོར་འདས་སྣང་སྲིད། རླུང་སེམས་སྣང་བ་ཐམས་ཅད་བདག་ཅག་རྣམས་ཀྱི་དབང་དུ་བྱེད་པའི་ཕྲིན་ལས་མཛད་ཅིང་དངོས་གྲུབ་ཐོགས་མེད་དུ་སྩོལ་བར་བསམ་པ་དང༌། རྗེས་རིམ་ལ། མེ་རང་ཞིར་འཇོག་པ་འམ། ལོངས་མེད་ན་ཆང་དང་སྦྱར་བའི་ཆུས་གཞིལ་ལ། ཐལ་སོལ་གང་དབང་དུ་བསྡུ་བར་འདོད་ཕྱོགས་མཐོན་པོའི་རྩེར་མཐུན་པའི་རླུང་ལ་བསྐུར་བ་རྣམས་ཤེས་པར་བྱའོ། །སྤྱི་དོན་བཞི་པ་དྲག་པོའི་མེ་མཆོད་ལ་བཤམ་བཀོད་དང༌། ཆོ་ག་གཉིས་ཀ་ཞི་པའི་སྐབས་སུ་བཤད་པ་ལྟར་ལ། མི་འདྲ་བའི་ཁྱད་པར། ཐབ་ཁུང་དུར་ཁྲོད་དང༌། ཕུང་ཤུལ་གྱི་ས་སོགས་ལས་སྟེགས་བུ་གྲུ་གསུམ་བྱས་པའི་སྟེང༌། གྲུ་གསུམ་མཐོ་གང་པ་ལ། གནམ་ལྕགས་ཀྱི་འཁོར་ལོ་རྩིབས་ཉི་ཤུ་པ། ལྟེ་བར་རལ་གྲི་འབར་བ། ཁ་ཁྱེར་དང་མུ་རན་སོར་བཞི་རེ། མཚོན་ཆའི་ཕྲེང་བ་དང་བཅས་པའི་ཕྱིར་མེ་རིས་བསྐོར་ཞིང༌། རོ་སོལ་སོགས་ཀྱིས་ཁ་དོག་ནག་ལ་རྔམས་པར་བྱ། མེ་ཏོག་ནག་པོ་བཀྲམ། བུད་ཤིང་དུག་དང༌། ཚེར་མ་ཅན་གྱི་ཤིང་གྲུ་གསུམ་དུ་བརྩེགས། སློབ་དཔོན་གྱི་གཡས་ངོས་སུ་གཏོར་འབུལ་གྲུ་གསུམ་ནག་པོ་ཆེ་ཆུང་གཉིས་སམ། གསུམ་སྐབས་བསྟུན། སྨན་རག །ཐབས་ཤེས་ཀྱི་ཚོགས། ཆུ་གཉིས་དང༌། དྲག་པོའི་ཉེར་སྤྱོད། གཡོན་ངོས་སུ། བུད་ཤིང་དང་མཐུན་པའི་ཡམ་ཤིང་སོར་བཞི་པ། དུག་ཁྲག་དང་ལན་ཚྭས་ཉུག་པ། མར་ནག་གམ་ཚིལ་ཞུན། དུག་ཁྲག་གིས་སྦགས་པའི་ཡུངས་ཀར། ལྕགས་ཟངས་ཕྱེ་མ་དང༌། ཀེ་ཚེ་ཤངས་ཚེ་སོགས་ཐུན་རྫས་སྣ་ཚོགས་དང་ཚྭ་བ་གསུམ་རྣམས་བསྲེས་ཤིང་དུག་ཁྲག་གིས་སྦྲུས་པའི་མཐེབ་ཀྱུ་བཅས་སོ་སོ་དང༌། མེ་ཏོག་སྔོན་པོ་དང་ནག་པོ། ཐུན་རྫས་འབྲུ་སྨན་རིན་ཆེན་དར་གོས་ཤིང་ཏོག་སོགས་ཁ་དོག་ནག་ཅིང༌། ཚ་ལ་རྩུབ་པ་དུག་རིགས་གཙོ་བོར་གྱུར་པའི་རྫས་སྤུངས། བསྲེག་ལིང་བྲིས་པ་ཡོད་ན་དེ་དང༌། ལིང་ཆུང་དྲུག་ཅུ་རེ་བཞི་བཅས་ལྕགས་ཧོམ་དུ་བཤམ། གོས་ཟུང་ནག་པོ། སོ་རྩི་སོགས་དང༌། གཞན་ཡང་གསེར་སྐྱེམས་ཆས། གཡབ་དར། ཕྱག་རྒྱ་བཞི། དབྱེ་སྒྲོ། སྨྱོ་ཁྲག །ཐུན་རྫས། གདབ་ཕུར། སྒྲོལ་གྲི། ཐོ་གཏུན་བཅས་གདབ་ཁའི་ཆས་རྣམས་ཚང་བར་བྱ། མུན་རུབ་བམ། སྲོད་ཀྱི་དུས་སུ་ཞྭ་གོས་དང་རྒྱན་ནག་པོས་བརྒྱན་ཏེ། ཁ་ལྷོར་ཕྱོགས་ལ་རུས་སྦལ་རྔམས་པའི་འདུག་སྟངས་དང་གདུག་ཅིང་གཏུམ་པའི་སེམས་དང་ལྡན་པས་འཁོད་པ་དང༌། དངོས་གཞིའི་སྐབས། གདོལ་པའམ་ཤན་པའི་མེ་དང༌། ལྷ་བསྐྱེད་སྐབས། གཙོ་འཁོར་ཐམས་ཅད་ཁྲོས་འཁྲུགས་རྔམས་པ་དུས་མཐའི་མེ་ལྟར་འབར་བ་ལས། ཚ་ཞིབ་རྩུབ་པའི་འོད་ཟེར་ལྗང་ནག་མཁའ་ཁྱབ་ཏུ་འཕྲོ་བས། ཚར་གཅོད་དྲག་པོའི་ཕྲིན་ལས་མཛད་པར་བསམ་པ་དང༌། བྱོན་སྐྱེམས་སོགས་ཀྱི་སྤེལ་ཚིག་ནི། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་དགྲ་བགེགས་བྱད་མ་རྦོད་གཏོང་ཆག་ཆེ་ཉམ་ང་རྨི་ལྟས་མཚན་ངན་ཀེག་དང་སྲི་ངན་གཟུང་འཛིན་རྟོག་ཚོགས་ཐམས་ཅད་མཱ་ར་ཡ་ཕཊ། ཅེས་བསྒྱུར་བ་དང༌། ཨོཾ་ཨཱཿཧཱུྃཿ ཤེས་རབ་དགང་གཟར་སོགས་ནས། སྒྲུབ་པ་པོའི༔ དགྲ་བགེགས་ནད་གདོན་བར་ཆད་ཀུན༔ ཚར་གཅོད་དྲག་པོའི་ཕྲིན་ལས་མཛོད༔ ཐུགས་རྗེའི་ཐུག་དམ་སོགས། མར་ནག་ཕུལ་རྗེས། ཨོཾ་སརྦ་ཨརྠ་སིདྡྷ་ཡ་སྭཱ་ཧཱཿས་དུག་ཁྲག་གིས་སྦག་པའི་ཡུངས་ཀར། ཨོཾ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧིས་མཐེབ་ཀྱུ། ཨོཾ་བཛྲ་སརྦ་པཱུ་ཛ་མེ་གྷ་ཛྙཱ་ན་ས་མ་ཡེ་ཧཱུྃ་མཱ་ར་ཡེ་ཕཊ་ཀྱིས་རྫས་སྤུངས་བཅས་འབུལ། སྐབས་འདིར་བསྲེག་ལིང་དང༌། ལིང་ཆུང་རྣམས་བཤམས་ཏེ། བཟློག་པའི་ལས་རིམ་རིན་ཆེན་རྩེ་མོ་བརྒྱ་པའི་རྡོ་རྗེ་ལྟར་གསེར་སྐྱེམས་འབུལ་ཞིང་སྟོང་གྲོགས་ཞུ་བ། རྃ་ཡྃ་ཁྃ། འདོད་ཡོན་ཟག་པ་མེད་པའི་སོགས་ནས། ཐབས་ཤེས་ཀྱི་ཐོ་གཏུན་དུ་བརྡུང་བའི་མཐའི་ཁ་ཐ་ཁ་ཐཾ་བར་གྱི་གདབ་ཁའི་ལས་རིམ་གྲུབ་པར་བཏང༌། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། ཧཱུྃ་བྷྱོ། ཧེ་རུ་ཀ་དཔལ་ལྷ་ཚོགས་རྣམས། །དྲག་པོའི་སྟོབས་ཀྱིས་གཟི་བྱིན་བསྐྱེད། །དགྲ་བགེགས་བདུན་རྒྱུད་བརླག་པའི་ཕྱིར། །མངོན་སྤྱོད་ཕྲིན་ལས་དུས་ལ་བབ། །དཔལ་ཆེན་བཀའ་འདུས་ལྷ་ཚོགས་ཀྱིས། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོའི། །དགྲ་བགེགས་ནད་གདོན་བར་ཆད་ཀུན། །ཚར་གཅོད་དྲག་པོའི་ཕྲིན་ལས་མཛོད། ཁྲོ་བོའི་སྤྱི་དྲིལ་ཤམ་དུ། ཧཱུྃ་མཱ་ར་ཡ་ཕཊཿ ཅེས་པ་གྲངས་རེ་བཞི་རྫོགས་པར་ཕུལ་ནས། རྣལ་འབྱོར་པ་བདག་ཅག་སོགས་གོང་ལྟར་སྤེལ་ཚིག་བརྗོད། ཏིང་འཛིན་ནི། དེ་ལྟར་ཕུལ་བས་ལྷ་ཚོགས་རྣམས་རྔམས་པའི་སྟོབས་དང༌། དྲག་ཤུལ་རོལ་པའི་གཟི་བྱིན་འབར་བ་ལས་དྲག་སྔགས་རྡོ་རྗེའི་ཐོག་སེར་ཕབ་པས། སྡང་དགྲ་གདོན་བགེགས་བྱད་མ་རྦོད་གཏོང་ལ་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཚར་བཅད། རྡུལ་དུ་བརླག་པའི་ཕྲིན་ལས་མཛད་ཅིང༌། དྲག་པོ་མངོན་སྤྱོད་མཐུའི་དངོས་གྲུབ་ཐོགས་མེད་དུ་སྩོལ་བར་བསམ་པ་དང༌། རྗེས་རིམ་ལ། མེ་དུག་ཁྲག་གིས་ཆུས་ཧུར་ཐུམ་དུ་བསད། ཐལ་སོལ་ལམ་གྱི་བཞི་མདོར་དོང་གྲུ་གསུམ་དུ་མནན་པའམ། དགྲ་ཕྱོགས་སུ་གཏོར་ཞིང་ལས་ཀྱི་རྗེས་མི་མངོན་པར་བྱ་བ་རྣམས་བསྒྱུར་ཤེས་པར་བྱའོ། །སྤྱི་དོན་ལྔ་པ་ཕན་ཡོན་བསྟན་པ་ནི། དུས་གསུམ་ཀུན་མཁྱེན་མ་ཧཱ་གུ་རུའི་ཞལ་ལུང་ལས། ལས་འདི་གང་གིས་བརྩམ་པའི་མོད། མི་མཐུན་གནོད་པའི་ཕྱོགས་རྣམས་ཀུན། སྐད་ཅིག་ཉིད་ལ་ཞི་བ་དང༌། བཀྲ་ཤིས་བདེ་ལེགས་ཕུན་ཚོགས་འགྱུར། ཞེས་དང༌། ལས་འདི་གང་གིས་བརྩམ་མ་ཐག །འཇིག་རྟེན་འཇིག་རྟེན་འདས་པ་ཡི། མཐུན་རྐྱེན་ལེགས་པའི་ཡོན་ཏན་ཀུན། རྒྱས་ཤིང་ཕུན་སུམ་ཚོགས་པར་འགྱུར། ཞེས་དང༌། འདིས་ནི་ཁམས་གསུམ་སྣོད་བཅུད་ཀྱི། ལེགས་ཚོགས་ཐམས་ཅད་དབང་དུ་འགྱུར། ཁྱད་པར་དམིགས་པའི་ལས་རྣམས་ཀུན། ཐོགས་པ་མེད་པར་མྱུར་འགྲུབ་བྱེད། ཅེས་དང༌། སྲིད་གསུམ་འཚེ་བའི་དགྲ་བགེགས་ཀྱང༌། །ཚར་གཅོད་གསོར་མི་རུང་བར་འགྱུར། །བར་ཆད་ཐམས་ཅད་ཞི་བ་དང༌། །དངོས་གྲུབ་རྣམ་གཉིས་མྱུར་དུ་འགྲུབ། ཞེས་དང༌། གཞུང་ལས། དེས་ནི་ལས་གང་བརྩམ་པ་མྱུར་དུ་འགྲུབ་བོཿ ཞེས་གསུངས་པ་དང༌། གཞན་ཡང་གསར་སྙིང་གི་རྒྱུད་སྡེ་རྣམས་ནས་རྒྱ་ཆེར་བསྔགས་པའི་ཡོན་ཏན་ངེས་པར་འབྱུང་བ་ཡིད་ཆེས་ཀྱི་ཚད་མས་གྲུབ་པའོ། །རྒྱལ་བའི་ཐུགས་རྗེའི་ནོར་བུའི་འོད། །འགྲོ་བའི་བློ་དང་འཚམས་འཇུག་པའི། །ནང་གི་མུན་པ་བཅིལ་ནས་སླར། །ཡེ་ཤེས་སྣང་བ་སྦྱིན་གྱུར་ཅིག །ཅེས་པའང་གནའ་བོའི་དུས་གངས་ཅན་པའི་མིའི་བདག་པོ། ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེ་ཞེས་པའི་རྣམ་རྒྱལ་གྲྭ་ཚང༌། བན་གཙང་ཐུབ་བསྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་རྡོར་སློབ་ཐུབ་བསྟན་རྒྱལ་མཚན་དབང་ཕྱུག་གི་གཙོས། དབུ་ཆོས་ལས་སྣཻ་འདུས་གྲྭ་བཅས་ནས་ཁྱད་པར་འཕགས་པའི་རྟེན་གྱི་ཕྲེང་བ་བཅས། བོད་ཡུལ་བསྟན་འགྲོའི་བདེ་སྐྱིད་ཀྱི་གཞི་མར་དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚོགས་སྒྲུབ་སྨན་སྒྲུབ་གསར་དུ་ཕྱག་ལེན་བསྟར་རྒྱུའི་ཆ་རྐྱེན་དུ་ཆེད་ཀྱིས་བསྐུལ་མ་ནན་ཏན་མཛད་པའི་གཡར་ངོ་མ་ལྕོག་ཙམ་དུ་གཏེར་གཞུང་དངོས་བསྟན་རྩ་བར་བཟུང༌། རིགས་མཐུན་གྱི་གཏེར་ཁ་གཞན་ནས་ཁ་བསྐང་ཞིང༌། རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་ཕྱག་བཞེས་ཀྱིས་ཟུར་བརྒྱན་ཏེ་འདུ་བགྱིད་པ་པོ་ནི། སངས་རྒྱས་ཀརྨ་པའི་མཚན་གྱི་བྱིན་རླབས་ཐོབ་པའི་སྔགས་བཙུན་རང་བྱུང་མཁའ་ཁྱབ་རྟག་པའི་རྡོ་རྗེས་མཁའ་སྤྱོད་ཐུགས་ཀྱི་འཁོར་ལོའི་གདན་ས་ཆེན་པོའི་ཡང་དབེན་གྱི་སྤོ་རུ་རབ་བྱུང་བཅོ་ལྔ་པའི་ནང་ཚན་དུས་ཀྱི་ཕོ་ཉ་ཞེས་པ། ས་རྟ་ནག་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཉིན་སྦྱོར་བའི་ཡི་གེ་པ་ནི་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།
[edit]

@#/__/dpal bka' 'dus kyi cha lag rnal 'byor rgyun gyi las sbyor las/__rim pa gsum pa phrin las myur du 'grub byed las bzhi'i me mchod kyi lag len ngag 'don khrigs su bsdebs pa rin chen 'od kyi phreng ba zhes bya ba bzhugs//_shrI he ru ka ut+ta ra b+h+yaH__rtag khyab ye shes bde ba che/__/srid pa'i tshang tshing za ba'i zhal/__/dpal chen lha la gus btud nas/__/las bzhi'i me mchod cho ga bshad/__/'dir kun mkhyen ma hA gu ru'i thugs khrag__/nam mkha' dang mnyam pa'i dkyil 'khor thams cad rdzogs pa/__dpal bka' 'dus kyi rnal 'byor rgyun gyi las sbyor las/__las thams cad myur du 'grub par byed pa/__me mchod kyi lag len ngag 'don khrigs su bsdebs pa la lnga ste/__zhi ba/__rgyas pa/__dbang*/__drag po/__phan yon no/__/dang po zhi ba'i me mchod la/__bsham bkod dang*/__cho ga dngos gnyis las/__dang po la gsum las dang po sa slong zhing sbyong ba ni/__dam tshig la gnas shing dbang thob bsnyen sgrub dang ldan pa'i rnal 'byor pas/__gang du bya ba'i gnas su dkar gtor dang gser skyems bshams shing*/__gzhi gnas kyi bdag por bsngos te phrin las bcol/__dkyil 'khor gyi gtso bo'i nga rgyal la gnas pas/__lag g.yas rdo rje dang bcas pa sa la bzhag ste/__zhi drag gi spyi dril brgya rtsa bzla zhing*/__bdud rtsi chen po 'thor ba kun rdzob dang*/__swa b+hA ba'i sngags brjod pas/__don dam gyis sbyong ba las bzhi kar mtshungs so/__/gnyis pa thab bca' ba ni/__bkra shis pa'i sa dkar zhing 'jam pas stegs bu zlum po khru gang ba byas la/__tshangs zur gyi thig gdab/__lte ba zlum po mtho gang ba la pad 'dab nyi shu/__lte bar rdo rjes mtshan pa/__de rgyab kha khyer dang*/__mu ran sor bzhi re rdo rje'i phreng ba dang bcas pa'i phyi'i grwa bzhir zla phyed rdo rjes mtshan pa/__kha dog thams cad dkar po la sel ma zhugs pa'i tshon gyis bcad 'then/__me tog dkar po'i tshom bu nyer gcig bkod/__bud shing 'o ma can gyi shing ngam/__ba lang gi lci ba srog chag med pas kha khyer steng nas zlum por brtsig cing*/__me tshang dang ldan pa ku shas g.yogs par bya'o/__/gsum pa rdzas 'god pa ni/__slob dpon gyi g.yon ngos su 'bul gtor dkar zlum che chung gsum mam/__gnyis skabs bstun/__sman raka__/thabs shes kyi tshogs/__chu gnyis/__nyer spyod/__g.yas ngos su bal bu'am/__lcang dkar sogs kyi yam shing mdzub gang ba 'o ma dang mar khus nyug pa/__mar khu/__til dkar/__yungs dkar rnams so so dang*/__me tog dkar po/__'bru sna/__sman sna/__rin chen/__dar gos/__shing tog__/zas phud sogs kha dog dkar zhing 'jam pa'i rigs gtso bor gyur pa'i rdzas spungs/__gos zung dkar po/__so rtsi/__dpal 'bar sogs 'du bya/__slob dpon gyi mdun du/__me yol dang*/__rdor dril/__DA ma ru/__dgang blug__/bsang chu/__nang mchod/__'thor nas/__yungs thun rnams bzhag go__/tho rangs sogs snga dro'i dus su slob dpon gos rgyan dkar pos brgyan te/__'jam pa'i stan la kha shar du phyogs pas sems skyil gyis dwangs shing zhi dul gyi sems kyis 'khod do/__/gnyis pa dngos gzhi la sngon dngos rjes gsum las/__dang po sngon 'gro la gsum gyi/__dang po bdag gi rnal 'byor ni/__sreg rkyang gi skabs/__brgyud 'debs nas bdag bskyed bzlas pa'i mthar thug pa'i bar byas nas/__rnal 'byor bsdus te gtso bo'i nga rgyal gyis 'jug pa dang sgrub chen skabs/__spyi dril sngags mthar/__phaT dzaHbtags pa brjod pas/__rang nyid dkyil 'khor gyi gtso bo las gnyis par bye ste las rim la 'jug par mos la/__las bum mam bsang chu la 'khyil pa bskyed bzlas bya/__gnyis pa dam tshig gsum bzung ba ni/__rdo rje thugs kar gtod la:__oM sarba ta thA ga ta tsit+ta badz+ra sa ma ya hU~M:__dril bu 'khrol zhing dkur bsten laH__oM sarba ta thA ga ta wA ka gaN+De sa ma ya AH__rdor dril thugs dkar 'khyud rgya byas la:__oM sarba ta thA ga ta dz+nyA na kA ya mu dra sa ma ya oM:__zhes brjod cing*/__de bzhin gshegs pa thams cad kyi sku gsung thugs kyi bdag nyid las kyi 'khor los sgyur ba'o/__snyams pa'i snyems pas bzung*/__gsum pa mchod sreg gi rdzas rnams byin brlab ni/__las sngags oM badz+ra kro d+ha a mr-i ta kuN+Da lI hU~M phaT kyis bsang*/__swA b+ha was sbyangs/__hU~M:__rin po che dang thod pa'i snod yangs su:__mchod rdzas bsreg rdzas ye shes 'od zer 'phro:__spyi dpal lha tshogs thugs dam bskul ba dang :__phrin las myur du 'grub pa'i rdzas su gyur:__oM AHhU~M pU dza ku ru ku ru hU~M:__zhes dang*/__oM AHhU~M:__lan bdun brjod pas byin gyis brlab bo/__/gnyis pa dngos gzhi la drug las/__dang po me sbar zhing rlung g.yab pa ni/__dge 'dun gyi me yis dpal 'bar thal mo sbyar ba'i bar du bzung la thab la lan gsum bskor zhing*/__hU~M:__shar lho mtshams la mnga' mdzad pa'i:__ag+ni rA dzas me spor la:__nub byang rlung lha'i mkha' 'gro mas:__ye shes chen po'i rlung g.yobs shig:__dz+wa la ra~M:__zhes me sbar/__hU~M hU~M hU~M:__zhes rlung g.yab/__gnyis pa thab bskyed pa dngos ni/__las sngags kyis bsang*/___swa b+hA was sbyang*/__AH__snod bcud snang srid chos so cog:__gdod nas rnam dag stong pa che:__rdul bral 'od gsal chen po'i ngang :__mi 'gyur sangs rgyas spyan ma'i thab:__mtshan nyid yongs rdzogs bkod pas brjid:__de dbus tsha zhing bsreg pa'i me:__gos dkar yum du snyoms zhugs pa:__dam tshig sgrol ma'i rlung gi shugs:__rig pa 'bar zhing 'khyil ba'i klong :__zhes pas thab gsal/__gsum pa rten dang brten pa'i dkyil 'khor bskyed pa rjes 'brel dang bcas pa ni/__e las chos dbyings 'byams klas yangs pa'i sogs phrin las nar ma rin chen snying po bzhin la/__sreg rkyang skabs/__bskyed drangs bzhugs phyag mchod bstod rdzogs pa'i bar btang*/__sgrub pa dang 'brel na/__gdan bskyed pa'i/__sUr+Ya ru dra ti ra ba~M:__zhes pa'i mtshams su/__hU~M:__dmigs med mkha' ltar sogs phrin las nar ma'i 'og gi spyan 'dren brjod cing*/__tshom bu spyan drangs/__slob dpon gyis me tog thab tu dor la/__zhi ba spyi dril dang gtso sngags spel ba dang*/__lha nyer gcig gi sngags sham so sor/__sa ma ya dzaH__zhes btags pa brjod cing me tog thab tu 'bul/__hU~M:__rgyal ba'i sku la sogs bzhugs gsol byas la/__lha gsal gdab pa ni/__snga ma'i 'phros kyi/__hU~M:__dbus phyogs dkyil 'khor sogs nas/__brjid pa'i sngags sgra 'od gsal dgongs par ldan:__zhes pa'i 'phros su he ru ka dpal dkyil 'khor lhun gyis grub:__ces pas gtso 'khor yongs rdzogs bsgoms la/__hU~M:__dbyings nyid zhi ba'i sogs phyag 'tshal/__mchod bstod mtha' bar btang*/__gang ltar yang lha bskyed skabs gtso 'khor thams cad zhi nyams mdzes sdug 'od du 'bar zhing*/__'od zer dkar po'i phreng bas sangs rgyas kyi zhing thams cad khyab par 'phro bas zhi ba'i phrin las mdzad par bsam mo/__/bzhi pa byon skyems 'bul ba ni/__thab kyi dbus su dkyil 'khor gyi lha tshogs/__rtsa gsum srung ma sogs mgron rigs thams cad ye shes lha'i phyag rgyar sad pa rnams/__las kyi dngos grub stsol ba la dgyes bzhin du bzhugs pa'i lha tshogs rnams kyi ljags dang*/__gzar bu gnyis la ra~M yig gis mtshan pas sreg blug gi mchod pa phul bas mnyes shing phrin las bsgrub par gyur par dmigs la/__hU~M:__thab kyi dgang gzar bde ba che/__/shes rab stong nyid blugs gzar gyis/__/gnyis med byang chub sems kyi rgyun/__/dkyil 'khor lha tshogs zhal du 'bul/__zhi khro yongs rdzogs 'dus pa'i snying po/__oM AHhU~M b+ho d+hi tsit+ta ma hA su kha ru lu ru lu hU~M b+h+yo hU~M:__zhes lan bdun dang*/__mar khu blugs gzar bdun gyis dgang gzar bkang ba'i mchu las bab pa'i mar khu bdud rtsi'i dwangs ma'i bcud drangs te gsol bas dgyes shing tshims par bsams la/__oM ag+na ye dz+nyA na a mr-i ta hU~M:__zhes dang*/__rnal 'byor pa bdag cag dpon slob 'khor dang bcas pa'i nad gdon sdig sgrib dam tshig nyams chag byad phur rbod gtong snang srid g.yo 'khrugs la sogs pa mi mthun pa'i phyogs thams cad shAn+tiM ku ru swA hA/__zhes spel tshig bcas dgang blugs kha sbyar bas g.yas bskor gyis lan gsum 'bul lo/__/lnga pa bsreg rdzas 'bul ba la dngos dang*/__'phros don gnyis kyi dang po ni/__oM AHhU~M:__shes rab dgang gzar e yi dbyings:__thabs mchog bde chen wa~M yig gis:__zung 'jug bsreg rdzas bdud rtsir bskyil:__byang chub sems kyi mchod pa'i sprin:__dkyil 'khor lha tshogs zhal du thim:__yul dang dbang po gnyis med pa'i:__bde ba chen po'i longs spyod kyis:__he ru ka dpal lha tshogs rnams:__thugs dam gnyen po dgyes par bskang :__phyi nang gsang ba'i bar chad sol:__dpal chen bka' 'dus lha tshogs kyis:__bdag cag rnal 'byor sgrub pa po'i:__nad gnod sdig sgrib gdon bgegs sogs:__mi mthun phyogs kun zhi mdzad gsol:__thugs rje thugs dam ma g.yel bar:__sreg blugs mchod pas dgyes dgongs te:__thun mchog rigs kyi dngos grub stsol:__zhes pa'i phrin bcol sngon du 'gro bas/__zhi ba rigs 'dus pa'i snying po ni/__oM A hU~M b+ho d+hi tsit+ta ma hA su kha badz+ra satwa hU~M:__zhes dang*/__khro bo'i spyi dril ni/__oM badz+ra tsaN+Da ma hA shrI he ru ka sarba kro d+ha sarba duSh+tan ta ka ha na da ha pa tsa hU~M b+h+yo hU~M phaT:__ces pa gnyis sbrel ba lan gcig gis thog drangs/__oM dz+nyA na dz+wa la hU~M:__zhes brgya stong sogs rdzas sngags grangs mnyam gyis yam shing 'bul zhing*/__rnal 'byor pa bdag cag sogs gong bzhin spel tshig sbyar spro na/__lha sngags rdzas sngags spel tshig bcas sbrel la grangs bzung ba legs pa'i yan lag tu 'gyur/__de bzhin phrin bcol sngon 'gros/__spyi dril dang*/__oM ag+na ye dz+nyA na a mr-i ta hU~M:__mar khu/__oM sarba pA paM da ha na badz+rA ya swA hA:__til/__oM sarba ar+tha sid+d+hi ya swA hA:__yungs kar/__oM badz+ra sarba pU dza me g+ha dz+nyA na sa ma ye shAn+tiM ku ru swA hA:__zhes pas rdzas spungs te/__phyi ma 'di la bung bskyed pa bcas so sor 'bul lo/__/gnyis pa ni/__bsnyen pa'i kha skong lta bu yin na/__zhi khro yongs rdzogs 'dus pa'i snying po kho nas til nag dang*/__rdzas spungs bung bskyed de grangs ci tsam dgos pa 'bul zhing*/__skabs skabs su/__bdag cag dpon slob 'khor dang bcas pa'i nad gdon sdig sgrib/__dam tshig nyams chags spyi dang*/__bye brag ting nge 'dzin g.yel zhing*/__gsang sngags kyi lhag chad la sogs nyes ltung sgrib pa'i tshogs thams cad shAn+tiM ku ru swA hA/__zhes pa'i spel tshig gong 'og rnams pa kha bsgyur ba'i khyad par dbye shes par bya'o/__/drug pa ting nge 'dzin ni/__de ltar phul bas lha tshogs rnams kyis bsreg rdzas bdud rtsi'i dwangs bcud dgyes pa chen pos bzhes te/__zag med bde bas rab tu mnyes shing tshims nas/__ye shes 'bar ba'i 'od zer dkar po zla ba'i mdangs can 'phros pas/__bdag cag dpon slob 'khor dang bcas pa'i sdig sgrib nad gdon bar chad spyi dang*/__khyad par dam tshig nyams chag nyes ltung sogs mi mthun pa'i phyogs thams cad byang zhing dag nas/__bde stong gi ye shes skye ba la sogs mchog dang thun mong gi dngos grub thams cad yid bzhin du stsol bar gyur/__par bsam pa ni shin tu gal che ste/__rno la ngar gyis btags pa lta bu'o/__/gsum pa rjes rim la brgyad las/__dang po gshegs skyems 'bul ba ni/__thab kyi dbus su dkyil 'khor gyi lha tshogs sogs gong gi byon skyems ji lta ba bzhin phul nas/__oM badz+ra ar+g+haM pra tIts+tsha swA hAHsa mchod yon sbreng*/__oM badz+ra pro k+Sha NaM pra tIts+tsha swA hAs bsang gtor 'thor/__oM badz+ra was+t+ra ya pra tIts+tsha swA hAs gos zung*/__oM badz+ra tam+bu lA ya swA hAs so rtsi rnams 'bul lo/__/gnyis pa tshogs gtor gyis mchod pa ni/__spro na/__phrin las nar ma rin chen snying po bzhin tshogs byin rlabs nas bzung*/__tshogs phud rnams rim par thab tu 'bul te/__bsgral mtha' dngos grub gsol zhing nyams chag bshags pa'i rjes/__'og nas 'byung ba ltar gtor 'bul dor ba'i sman raka 'bul la 'dod gsol bya/__'dir nang gsang de kho na nyid kyi tshogs rol rnams bgyi ba'ang de dang de'i sbyin sreg zhar byung du 'grub pas legs par 'gyur zhing*/__lhag ma btang ba thab zur du spungs/__bsdu na/__tshogs dang gtor ma las chu dang las sngags kyis bsang*/__oM AHhU~M lan gsum gyis byin gyis brlab/__spyi dril mthar/__ma hA ga Na tsakra ba liM ta khA hi btags pa bdun nam gsum gyis mar khus sbag pa'i tshogs gtor dang*/__de bzhin du ma hA a mr-i ta khA his sman/__ma hA rak+ta khA his rak+ta bcas so sor bdun nam/__gsum gyis mthar/__oM AHhU~M:__shes rab dgang gzar sogs kyis 'dod don gsol lo/__/gsum pa gtang rag la gnyis kyi dang po mchod pa ni/__hU~MH__bla med mchog gi mchod pa dam pa ni:__ye shes lnga yi 'od zer rnam par 'phro:__'dod pa'i yon tan lnga yis rab brgyan te:__dam tshig bzhin las ci bder bzhes su gsol:__oM shrI badz+ra rA ga nIrti ho:__oM shrI badz+ra rA ga puSh+pe d+hU pe A lo ke gan+d+he nai bid+ya shab+da sarba pU dza hU~M:__oM shrI badz+ra ra ga ma hA dz+nyA na ho:__oM shrI badz+ra rA ga sa man+ta pU dza ho:__ma hA pany+tsa a mr-i ta rak+ta ba liM ta khA hi:__sta na ga Na ma hA su kha d+hA tu a AH__bstod pa ni/__hU~MH__zhi khro'i sku ni gang 'dul nyams dang ldan:__rdo rje dgyes pa sngags kyi rang sgra can:__ye shes klong las yon tan phrin las rdzogs:__dpal chen bka' 'dus dkyil 'khor lha la bstod:__bzhi pa dngos grub blang ba ni/__oM AHhU~MH__dpal chen zhi khro rdo rje'i g.yar dam can:__phrin las 'bras bu dus 'dir stsal nas kyang :__thun mong mchog gi dngos grub bla med pas:__sku gsung thugs dang dbyer med mdzad du gsol:__spyi dril sham bur/__kA ya wA ka tsit+ta sarba sid+d+hi pha la hU~M hU~M:__lnga pa nongs bshags ni/__ma rnyed yongs su ma tshang sogs dang*/__yig brgya bzla/__drug pa gshegs bsdu ni/__sreg rkyang skabs/__dzaHhU~M ba~M hoHsa__thab kyi ye shes pa rang la thim par bsam zhing*/__ma hA shrI he ru ka At+ma ko\u0f85ha~MH__zhes nga rgyal bzung*/__dam tshig pa me 'bar ba'i rnam par gyur par bsam/__sgrub mchod skabs/__oM sarba dz+nyA na maN+Da la badz+ra muH__zhes brjod cing*/__ye shes pa'i lha tshogs rnams sgrub pa'i dkyil 'khor la gshegs par bsam zhing*/__zhi khro yongs rdzogs kyi sngags so sor/__sa ma ya s+t+wA~M__zhes btags pa brjod cing maN+Dal tshom bu sgrub dkyil du spyan drangs te slar bstim/__dam tshig rang la gnyis med thim:__bde chen snang ba rgyas par gyur:__ces mos so/__bdun pa bsngo smon ni/__dge ba 'di yis mtha' yas sems can rnams:__phyi nang bdud bzhi'i g.yul las rnam par rgyal:__bskyed rdzogs lam gyi rim pa mthar phyin nas:__spyi dpal chen po'i go 'phang myur thob shog:__brgyad pa bkra shis ni/__bde gshegs zhi ba rdo rje dbyings kyi ngang :__khrag 'thung dpal chen rig pa'i tshom bu brdal:__zung 'jug sgyu 'phrul drwa ba'i sprin phrung 'phro:__dkyil 'khor lha tshogs rnams kyi bkra shis shog:__ces dang*/__gzhan yang shis pa'i tshigs bcad dang me tog char gyis bde legs su spel/__me rang zhir 'jog pa'am/__longs med na 'o chus gzhil thal sol chu klung chen por sbyang zhing las kyi rjes mi mngon par bya'o/__/spyi don gnyis pa rgyas pa'i me mchod la bsham bkod dang*/__cho ga dngos gnyis ka zhi ba'i skabs ltar la/__mi 'dra ba'i khyad par/__thab khung rgyal po'i bang mdzod kyi 'og dang*/__zhing bzang po sogs dpal can gyi sa la stegs bu gru bzhi'i steng*/__lte ba sogs sngar ltar la/__dbyibs gru bzhi/__dbus su rin po che/__nor bu'i phreng bas bskor zhing*/__kha dog ser po kho na bya/__me tog ser po bkram/__bud shing dri dang 'bras bur ldan pas gru bzhir brtsig go__/rdzas la/__gtor 'bul gru bzhi ser po/__bud shing dang mthun pa'i yam shing khru gang ba bdud rtsi dang mngar gsum gyis nyug pa/__mar khu/__dUrba/__dkar mngar bsres pa'i zas mchog rnams so so dang*/__me tog ser po/__dkar mngar 'bru sman rin chen dar gos shing tog zas phud sogs kha dog ser zhing tshe dang lus kyi bcud len du gyur pa'i rigs gtso bor gyur pa'i rdzas spungs/__gos zung ser po sogs dang*/__nyi shar ram gung gi dus su slob dpon gos rgyan ser pos brgyan te/__kha byang du phyogs pas bzang po'i stabs kyis ngoms shing sgeg pa'i sems kyis 'khod pa dang*/__dngos gzhi'i skabs/__rgyal po'am btsan phyug 'dzoms pa'i me dang*/__lha bskyed skabs/__gtso 'khor thams cad sgegs cing lhun chags brjid pa'i nyams dang ldan pa 'od zer gser gtso ma'i mdangs can/__rgyal ba'i zhing khams yongs su 'gengs par 'phro bas rgyas pa'i phrin las mdzad par bsam pa dang*/__byon skyems sogs kyi spel tshig ni/__bdag cag dpon slob 'khor dang bcas pa'i tshe bsod shes rab 'bru nor longs spyod dpal 'byor snyan grags bsod nams rlung rta 'gro don phrin las thams cad puSh+tiM ku ru oM/__zhes bsgyur/__oM AHhU~M:__shes rab dgang gzar sogs nas/__sgrub pa po'i:__tshe bsod dpal 'byor ye shes sogs:__mthun rkyen legs tshogs rgyas par mdzod:__thugs rje'i thugs dam sogs/__mar khu phul rjes/__oM badz+ra A yu She swA hAHsa dUrba/__oM sarba saM pa de swA hAHsa zas mchog__/oM badz+ra sarba pU dza me g+ha dz+nyA na sa ma ye b+h+rU~M puSh+tiM ku ru oM gyis rdzas spungs 'bul/__ting 'dzin ni/__de ltar phul bas lha tshogs rnams dgyes pa'i dpal dang gzi brjid 'bar ba las/__'od zer ser po gser zhun ma'i mdangs can nyi ma 'char ka'i zer thag lta bu 'phros pas/__bdag cag dpon slob 'khor dang bcas pa'i tshe bsod dpal 'byor snyan grags yon tan longs spyod la sogs pa legs tshogs thams cad rab tu 'phel zhing rgyas pa'i phrin las mdzad cing dngos grub thogs med du stsol bar bsam pa dang*/__rjes rim la/__me rang zhir 'jog pa'am/__longs med na dri ser po'i chus gzhil/__thal sol mdzod dam/__khyim phug gam/__ri bo 'phen bzang du sba ba rnams bsgyur shes par bya'o/__/spyi don gsum pa dbang gi me mchod la bsham bkod dang*/__cho ga dngos gnyis ka zhi ba'i skabs su bshad pa ltar la/__mi 'dra ba'i khyad par/__thab khung smad tshong ma nyal po byas pa'i mal 'og gam/__mgron khang gi sa sogs la stegs bu zla gam byas pa'i steng*/__lte ba sogs sngar ltar la/__dbyibs zla gam/__dbus su pad+ma/__lcags kyus phreng bas bskor zhing*/__kha dog dmar po kho na bya/__me tog dmar po bkram/__bud shing ro skyur zhing mdog dmar bas zla gam du brtsegs/__rdzas la/__gtor 'bul zla gam dmar po/__bud shing dang mthun pa'i yam shing sor lnga pa chang dang bu ram gyis nyug pa/__mar khu/__me tog glang sna dmar po myos byed kyis sbags pa/__se 'bru dang chang glum lan tshwa gsum bsres pa'i zas mchog rnams so so dang*/__rdo khab len/__me tog dmar po/__se 'bru/__chang glum/__sin+d+hU ra/__dkar mngar 'bru sman rin chen dar gos shing tog zas phud sogs kha dog dmar po ro mngar zhing skyur ba'i rigs gtso bor gyur pa'i rdzas sbyangs/__gos zung dmar po sogs dang*/__phyi dro'am/__dgongs ka'i dus su slob dpon gos rgyan dmar pos brgyan te kha nub tu phyogs pas pad+ma'i skyil krung gis chags shing gdung ba'i sems kyis 'khod pa dang*/__dngos gzhi'i skabs/__bram ze'am smad tshong ma'i me dang*/__lha bskyed skabs/__gtso 'khor thams cad dgyes shing chags pa'i nyams can/__pad+ma rA ga lta bu'i 'od zer khams gsum brtan g.yo kun la khyab pas/__gang la dmigs pa dbang du bsdu ba'i phrin las mdzad par bsam pa dang*/__byon skyems sogs kyi spel tshig ni/__bdag cag dpon slob 'khor dang bcas pa'i thig rlung sems gsum mkhas btsun dge 'dun rgyal blon skyes 'gro pho mo lha 'dre mi gsum brtan g.yo snang srid 'khor 'das thams cad wA shaM ku ru hoH__zhes bsgyur/__oM AHhU~MH__shes rab dgang gzar sogs nas/__sgrub pa po'i:__khams gsum snod bcud thams cad kun:__dbang 'dus phrin las mdzad du gsol:__thugs rjes thugs dam sogs/__mar khu phul rjes/__oM badz+ra rA ga sa ma ya swA hAs dbang gi me tog__/oM sarba saM pa de swA hAs zas mchog__/oM badz+ra sarba pU dza me g+ha dz+nyA na sa ma ye hrIHwa shaM ku ru hoHsa rdzas spungs 'bul/__ting 'dzin ni/__de ltar phul bas lha tshogs rnams thugs rje'i shugs dang chags pa'i gzi byin 'bar ba las 'od zer dmar po glog gi zhags pa lta bu 'phros pas/__lha 'dre mi gsum/__'khor 'das snang srid/__rlung sems snang ba thams cad bdag cag rnams kyi dbang du byed pa'i phrin las mdzad cing dngos grub thogs med du stsol bar bsam pa dang*/__rjes rim la/__me rang zhir 'jog pa 'am/__longs med na chang dang sbyar ba'i chus gzhil la/__thal sol gang dbang du bsdu bar 'dod phyogs mthon po'i rtser mthun pa'i rlung la bskur ba rnams shes par bya'o/__/spyi don bzhi pa drag po'i me mchod la bsham bkod dang*/__cho ga gnyis ka zhi pa'i skabs su bshad pa ltar la/__mi 'dra ba'i khyad par/__thab khung dur khrod dang*/__phung shul gyi sa sogs las stegs bu gru gsum byas pa'i steng*/__gru gsum mtho gang pa la/__gnam lcags kyi 'khor lo rtsibs nyi shu pa/__lte bar ral gri 'bar ba/__kha khyer dang mu ran sor bzhi re/__mtshon cha'i phreng ba dang bcas pa'i phyir me ris bskor zhing*/__ro sol sogs kyis kha dog nag la rngams par bya/__me tog nag po bkram/__bud shing dug dang*/__tsher ma can gyi shing gru gsum du brtsegs/__slob dpon gyi g.yas ngos su gtor 'bul gru gsum nag po che chung gnyis sam/__gsum skabs bstun/__sman rag__/thabs shes kyi tshogs/__chu gnyis dang*/__drag po'i nyer spyod/__g.yon ngos su/__bud shing dang mthun pa'i yam shing sor bzhi pa/__dug khrag dang lan tshwas nyug pa/__mar nag gam tshil zhun/__dug khrag gis sbags pa'i yungs kar/__lcags zangs phye ma dang*/__ke tshe shangs tshe sogs thun rdzas sna tshogs dang tshwa ba gsum rnams bsres shing dug khrag gis sbrus pa'i mtheb kyu bcas so so dang*/__me tog sngon po dang nag po/__thun rdzas 'bru sman rin chen dar gos shing tog sogs kha dog nag cing*/__tsha la rtsub pa dug rigs gtso bor gyur pa'i rdzas spungs/__bsreg ling bris pa yod na de dang*/__ling chung drug cu re bzhi bcas lcags hom du bsham/__gos zung nag po/__so rtsi sogs dang*/__gzhan yang gser skyems chas/__g.yab dar/__phyag rgya bzhi/__dbye sgro/__smyo khrag__/thun rdzas/__gdab phur/__sgrol gri/__tho gtun bcas gdab kha'i chas rnams tshang bar bya/__mun rub bam/__srod kyi dus su zhwa gos dang rgyan nag pos brgyan te/__kha lhor phyogs la rus sbal rngams pa'i 'dug stangs dang gdug cing gtum pa'i sems dang ldan pas 'khod pa dang*/__dngos gzhi'i skabs/__gdol pa'am shan pa'i me dang*/__lha bskyed skabs/__gtso 'khor thams cad khros 'khrugs rngams pa dus mtha'i me ltar 'bar ba las/__tsha zhib rtsub pa'i 'od zer ljang nag mkha' khyab tu 'phro bas/__tshar gcod drag po'i phrin las mdzad par bsam pa dang*/__byon skyems sogs kyi spel tshig ni/__bdag cag dpon slob 'khor dang bcas pa'i dgra bgegs byad ma rbod gtong chag che nyam nga rmi ltas mtshan ngan keg dang sri ngan gzung 'dzin rtog tshogs thams cad mA ra ya phaT/__ces bsgyur ba dang*/__oM AHhU~MH__shes rab dgang gzar sogs nas/__sgrub pa po'i:__dgra bgegs nad gdon bar chad kun:__tshar gcod drag po'i phrin las mdzod:__thugs rje'i thug dam sogs/__mar nag phul rjes/__oM sarba ar+tha sid+d+ha ya swA hAHsa dug khrag gis sbag pa'i yungs kar/__oM sarba sha trUM mA ra ya kha kha khA hi khA his mtheb kyu/__oM badz+ra sarba pU dza me g+ha dz+nyA na sa ma ye hU~M mA ra ye phaT kyis rdzas spungs bcas 'bul/__skabs 'dir bsreg ling dang*/__ling chung rnams bshams te/__bzlog pa'i las rim rin chen rtse mo brgya pa'i rdo rje ltar gser skyems 'bul zhing stong grogs zhu ba/__ra~M ya~M kha~M/__'dod yon zag pa med pa'i sogs nas/__thabs shes kyi tho gtun du brdung ba'i mtha'i kha tha kha thaM bar gyi gdab kha'i las rim grub par btang*/__dgra bgegs bsgral ba'i sha khrag oM AHhU~M lan gsum brjod pas byin gyis brlab/__hU~M b+h+yo/__he ru ka dpal lha tshogs rnams/__/drag po'i stobs kyis gzi byin bskyed/__/dgra bgegs bdun rgyud brlag pa'i phyir/__/mngon spyod phrin las dus la bab/__/dpal chen bka' 'dus lha tshogs kyis/__/bdag cag rnal 'byor sgrub pa po'i/__/dgra bgegs nad gdon bar chad kun/__/tshar gcod drag po'i phrin las mdzod/__khro bo'i spyi dril sham du/__hU~M mA ra ya phaTaH__ces pa grangs re bzhi rdzogs par phul nas/__rnal 'byor pa bdag cag sogs gong ltar spel tshig brjod/__ting 'dzin ni/__de ltar phul bas lha tshogs rnams rngams pa'i stobs dang*/__drag shul rol pa'i gzi byin 'bar ba las drag sngags rdo rje'i thog ser phab pas/__sdang dgra gdon bgegs byad ma rbod gtong la sogs mi mthun pa'i phyogs thams cad tshar bcad/__rdul du brlag pa'i phrin las mdzad cing*/__drag po mngon spyod mthu'i dngos grub thogs med du stsol bar bsam pa dang*/__rjes rim la/__me dug khrag gis chus hur thum du bsad/__thal sol lam gyi bzhi mdor dong gru gsum du mnan pa'am/__dgra phyogs su gtor zhing las kyi rjes mi mngon par bya ba rnams bsgyur shes par bya'o/__/spyi don lnga pa phan yon bstan pa ni/__dus gsum kun mkhyen ma hA gu ru'i zhal lung las/__las 'di gang gis brtsam pa'i mod/__mi mthun gnod pa'i phyogs rnams kun/__skad cig nyid la zhi ba dang*/__bkra shis bde legs phun tshogs 'gyur/__zhes dang*/__las 'di gang gis brtsam ma thag__/'jig rten 'jig rten 'das pa yi/__mthun rkyen legs pa'i yon tan kun/__rgyas shing phun sum tshogs par 'gyur/__zhes dang*/__'dis ni khams gsum snod bcud kyi/__legs tshogs thams cad dbang du 'gyur/__khyad par dmigs pa'i las rnams kun/_thogs pa med par myur 'grub byed/__ces dang*/__srid gsum 'tshe ba'i dgra bgegs kyang*/__/tshar gcod gsor mi rung bar 'gyur/__/bar chad thams cad zhi ba dang*/__/dngos grub rnam gnyis myur du 'grub/__zhes dang*/__gzhung las/__des ni las gang brtsam pa myur du 'grub boH__zhes gsungs pa dang*/__gzhan yang gsar snying gi rgyud sde rnams nas rgya cher bsngags pa'i yon tan nges par 'byung ba yid ches kyi tshad mas grub pa'o/__/rgyal ba'i thugs rje'i nor bu'i 'od/__/'gro ba'i blo dang 'tshams 'jug pa'i/__/nang gi mun pa bcil nas slar/__/ye shes snang ba sbyin gyur cig__/ces pa'ang gna' bo'i dus gangs can pa'i mi'i bdag po/__pho brang chen po sne'u gdong rtse zhes pa'i rnam rgyal grwa tshang*/__ban gtsang thub bstan bshad sgrub 'phel rgyas gling gi rdor slob thub bstan rgyal mtshan dbang phyug gi gtsos/__dbu chos las snai 'dus grwa bcas nas khyad par 'phags pa'i rten gyi phreng ba bcas/__bod yul bstan 'gro'i bde skyid kyi gzhi mar dpal bka' 'dus chos kyi rgya mtsho'i tshogs sgrub sman sgrub gsar du phyag len bstar rgyu'i cha rkyen du ched kyis bskul ma nan tan mdzad pa'i g.yar ngo ma lcog tsam du gter gzhung dngos bstan rtsa bar bzung*/__rigs mthun gyi gter kha gzhan nas kha bskang zhing*/__rdo rje 'dzin pa chen po rnams kyi phyag bzhes kyis zur brgyan te 'du bgyid pa po ni/__sangs rgyas karma pa'i mtshan gyi byin rlabs thob pa'i sngags btsun rang byung mkha' khyab rtag pa'i rdo rjes mkha' spyod thugs kyi 'khor lo'i gdan sa chen po'i yang dben gyi spo ru rab byung bco lnga pa'i nang tshan dus kyi pho nya zhes pa/__sa rta nag zla'i dmar phyogs kyi rgyal ba gsum pa'i nyin sbyor ba'i yi ge pa ni 'jam dpal tshul khrims kyis bgyis pa dge legs 'phel//__//

Footnotes

Other Information