གླང་ཆེན་བཅས་ཆོག་རབ་ཏུ་ཟབ་པ།

From Khyentse Lineage - A Tsadra Foundation Project
Revision as of 15:44, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKW-KABAB-09-TA-012
Wylie title glang chen bcas chog rab tu zab pa JKW-KABAB-09-TA-012.pdf
Location mkhyen brtse'i bka' babs
Volume 9, Text 12, Pages 241-247 (Folios 1a to 4a6)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön བལ་པོ་ཨ་ཧཱུྃ་འབར་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (bal po a hU~M 'bar, 'jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse'i dbang po. glang chen bcas chog rab tu zab pa. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 9: 241-247. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Revelations - gter ma  ·  Root Treasure - gter gzhung  ·  Prosperity Rituals - gyang 'gugs  ·  Wealth Rituals - nor sgrub
Deity glang chen
Karchag page JKW-KABAB-Volume-09-TA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-WI-030
Colophon
  • Revealer colophon: གཏེར་སྟོན་བལ་པོ་ཨ་ཧཱུྃ་གིས་སྤ་གྲོ་ཅལ་གྱི་བྲག་དམར་ནས་འབྲུག་གི་ལོ་སྟོན་ཟླ་ར་བའི་ཉ་ལ་སྤྱན་དྲངས་པའི་གདམས་ངག་ཁྱད་པར་ཅན་ནོ། །ཤུ་བྷཾ།
  • Author colophon: འདིར་ཕུར་པ་ཡང་གསང་བླ་མེད་ཀྱི་ས་དཔྱད་ལས་གསུངས་པའི་གླང་ཆེན་བཀྲ་ཤིས་འབྱུང་བའི་གཅས་དང་ལྷན་ཅིག་ཏུ་བྱས་ན་ལེགས་ཅེས་རྗེ་པདྨ་གར་དབང་གིས་གསུངས་སོ།།
  • Revealer colophon: gter ston bal po a hU~M gis spa gro cal gyi brag dmar nas 'brug gi lo ston zla ra ba'i nya la spyan drangs pa'i gdams ngag khyad par can no/__/shu b+haM/
  • Author colophon:'dir phur pa yang gsang bla med kyi sa dpyad las gsungs pa'i glang chen bkra shis 'byung ba'i gcas dang lhan cig tu byas na legs ces rje pad+ma gar dbang gis gsungs so
[edit]
༄༅། །གླང་ཆེན་བཅས་ཆོག་རབ་ཏུ་ཟབ་པ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཧསྟི་རཏྣ་དྷ་ན་མེ་དྷི་ཧི་ཨུ་པ་དེ་ཤ་ནཱ་མ༔ བོད་སྐད་དུ༔ གླང་པོ་རིན་པོ་ཆེ་ལས་ནོར་བླང་བའི་མན་ངག་ཅེས་བྱ་བ༔ དགོས་འདོད་མ་ལུས་ཀུན་འབྱུང་བའི༔ ཡིད་བཞིན་ནོར་མཆོག་རིན་པོ་ཆེ༔ རིན་ཆེན་བདུན་ཡང་ཁྱད་པར་འཕགས༔ གཏེར་མཛོད་ཁྱེད་ལ་ཕྱག་འཚལ་ལོ༔ དབུལ་བའི་སྡུག་བསྔལ་སེལ་འདོད་ཅིང་༔ གང་འདོད་ནོར་རྫས་བསྒྲུབ་འདོད་ན༔ གཏེར་མཛོད་འདི་ལ་འབད་པར་བྱ༔ གླང་པོ་གཏེར་མཛོད་ཅེས་བྱ་བའི༔ ནོར་སྒྲུབ་གང་ཞིག་བྱེད་འདོད་ན༔ བསྲེག་ཐུབ་རྫ་ས་བཟང་པོ་ལ༔ རིན་ཆེན་སྣ་ལྔ་བརྡར་བྱས་ཏེ༔ རྒྱ་གར་གླང་པོ་ཆེ་ཡི་གཟུགས༔ ཉམས་བག་ཆེ་ཞིང་ལྟ་ན་མཛེས༔ མཁས་པས་ནང་དང་ལྡན་བྱས་ཏེ༔ དེ་ཉིད་མེ་ཡིས་སྨིན་པར་བྱ༔ དེ་ཡི་ནང་དུ་གཞུག་པ་ནི༔ སྔགས་དང་རྫས་སུ་ཤེས་པར་བྱ༔ དང་པོ་སྔགས་ཀྱི་མཚན་ཉིད་ནི༔ འགྲུབ་ན་གསེར་གྱིས་བྲི་བར་བྱ༔ མ་འགྲུབ་རྒྱ་ཤོག་དཀར་པོ་ལ༔ རྒྱ་སྣག་དག་གིས་བྲིས་བྱས་ལ༔ དྲི་བཟང་ལྔ་ཡིས་རྩ་བ་མནན༔ དེ་ཡི་སྔགས་ནི་འདི་ལྟ་སྟེ༔ ཨོཾ་མ་ཧཱ་ཧསྟི་རཏྣ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ རཏྣ་པུཎྱེ་སིདྡྷི་སིདྡྷི་ཧཱུྃ༔ རིན་པོ་ཆེ་གཏེར་གྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག༔ དྷ་ནཾ་མེ་དྷཱིཿཧི་སིདྡྷི་སིདྡྷི་ཧཱུྃ༔ ནོར་རྫས་དང་ལོངས་སྤྱོད་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག༔ ནཱ་ནཱ་ཁ་དྷེ་སིདྡྷི་སིདྡྷི་ཧཱུྃ༔ ཁ་ཟས་ཀྱི་མཆོག་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག༔ དྷ་ལ་སཾ་བྷོ་སིདྡྷི་སིདྡྷི་ཧཱུྃ་ཛཿཛཿ འཁོར་དང་ལོངས་སྤྱོད་ཀྱི་དངོས་གྲུབ་ཆེན་པོ་ཐོབ་པར་གྱུར་ཅིག༔ བཀྲ་ཤིས་པར་གྱུར་ཅིག༔ སྱཱད་ཡ་ཐེ་དན༔ བི་ཛ་ཡེ་བི་ཛ་ཡེ༔ ཨུག་གེ་ཨུག་གེ༔ སྭ་སྟི་ཏྲ་ས་ནི༔ ཨ་མུ་ཁེ་ཨ་མུ་ཁེ༔ པྲ་ས་ར་དྷ་པྲ་ས་ར་དྷ༔ སྭ་སྟི་བྲ་ཧ་གེ་མུ་ནེ་མུ་ནེ༔ གུ་ར་ཎེ་གུ་ར་ཎེ༔ ཨ་ཁེ་མུ་ཁེ༔ མུ་ར་གེ་མུ་ར་གེ༔ སྭ་སྟི་གུ་ཎཱ་ཡ༔ སརྦ་སྭ་སྟི༔ བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ སྭ་སྟི་སྭ་སྟི༔ མུ་ལེ་མུ་ལེ་ཀེ་ཤེ་ཀེ་ཤེ༔ ཙུརྞ་ཙུརྞ༔ བིར་མ་ལེ་སྭཱ་ཧཱ༔ ཨོཾ་ཀང་ཀཱ་ར་ཀང་ཀཱ་ར༔ ནིར་གད་ཙ་ཏ་ནིར་གད་ཙ་ཏ་སྭ་སྟི༔ བདག་ཆེ་གེ་ཞེས་བྱ་བའི་ཁྱིམ་ཕོ་བྲང་འདི་རུ་རིན་པོ་ཆེ་གཏེར་གྱིས་གང་བར་གྱུར་ཅིག༔ འབྲུ་དང་ལོངས་སྤྱོད་ཀྱི་ཆར་འབབ་པར་གྱུར་ཅིག༔ ཟད་མི་ཤེས་པའི་གཏེར་ཆེན་པོ་བརྡོལ་བར་གྱུར་ཅིག༔ འབྱོར་པ་དམུ་གཡང་ཀྱི་མཚོ་དང་འཕྲད་པར་གྱུར་ཅིག༔ འཁོར་དང་ལོངས་སྤྱོད་སྤྲིན་ལྟར་འདུ་བར་གྱུར་ཅིག༔ བུ་ཚའི་རིགས་བརྒྱུད་ཐམས་ཅད་དར་ཞིང་རྒྱས་པར་གྱུར་ཅིག༔ སྙན་པ་གྲགས་པ་ནམ་མཁའ་དང་མཉམ་པར་གྱུར་ཅིག༔ རྐྱེན་དང་བར་གཅོད་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག༔ ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག༔ ཚེ་སྲོག་བྲག་བས་སྲ་བར་གྱུར་ཅིག༔ ལོངས་སྤྱོད་འཕྲུལ་དགའི་ལྷ་དང་མཉམ་པར་གྱུར་ཅིག༔ ནོར་རྫས་ཐམས་ཅད་སྤྱད་ཅིང་འཕེལ་བར་གྱུར་ཅིག༔ ཟས་ནོར་གྱི་དབྱིག་ཆེན་པོ་ཐོབ་པར་གྱུར་ཅིག༔ མི་ནོར་ཟས་གསུམ་ལུད་ཅིང་གང་བར་གྱུར་ཅིག༔ འབྲུ་དང་བང་མཛོད་ཐམས་ཅད་ཀྱང་ཏིལ་གྱི་གང་བུ་བཞིན་དུ་གང་བར་གྱུར་ཅིག༔ འཐོར་བ་ཐམས་ཅད་སྡུས་ཤིག༔ ཉམས་པ་ཐམས་ཅད་གསོས་ཤིག༔ ཟད་པ་ཐམས་ཅད་སྣོན་ཅིག༔ དམའ་བ་ཐམས་ཅད་ཁོངས་ཤིག༔ ཁེངས་པ་ཐམས་ཅད་ལུད་ཅིག༔ དམུ་གཡང་ཀྱི་ཞག་ཆེན་པོ་ཕོབ་ཅིག༔ བདེ་ལེགས་ཕུན་སུམ་ཚོགས་པར་འབྱུང་བར་གྱུར་ཅིག༔ དེ་ནས་རྒྱ་ཤོག་དཀར་པོ་ལ༔ རིན་ཆེན་སྣ་བདུན་བྲིས་བྱས་ཏེ༔ རང་རང་རྒྱབ་ཏུ་སྔགས་འདི་བྲི༔ ཨོཾ་ཙཀྲ་་་་་འཁོར་ལོ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་མ་ཎི་་་་ནོར་བུ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་བསྟྲི་་་་་་བཙུན་མོ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་མ་ཧཱ་ཏ་་་་་་བློན་པོ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཧསྟི་་་་་་གླང་པོ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་ཏུ་རཾ་ག་་་་་་་རྟ་མཆོག ཨ་ཤྭ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ ཨོཾ་གྷ་ཏི་་་་་དམག་དཔོན་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ གཞན་ཡང་རྒྱ་ཤོག་དཀར་པོ་ལ༔ བཀྲ་ཤིས་རྫས་བརྒྱད་ཚང་བར་བྲི༔ དེ་རྣམས་གླང་ཆེན་ཁོག་པར་གཞུག་་་་་་ཡེ་དྷརྨཱ་བྲིས་ལ༔ གཉིས་པ་རྫས་ཀྱི་རིམ་པ་ནི༔ བྲེ་དགུ་་་་་་ཕྱུག་པོ་ཆེན་པོའི་བྲེ་སྲང་ཡུལ་ཆེན་པོའི་སྤྱི་བྲེ་སྤྱི་སྲང་ སྲང་དགུའི་དྲེག་པ་དང་༔ ཕྱུག་དགུའི་ཞིང་ས་དང་ཁང་ས་དང་༔ འཕན་པོ་་་་་་་་མི་དང་པོའི་རྣམས་ཀྱི་ཁང་ས་དང་༔ གསེར་དངུལ་ཟངས་ལྕགས་དུང་དང་ནི༔ མན་ཤེལ་བྱུ་རུ་མུ་ཏིག་དང་༔ འབྲུ་སྣ་་་་་་་་འབྲས་ནས་གྲོ་ཏིལ་དཀར་ནག་གཉིས་ ལྔ་དང་དར་ཟབ་དང་༔ ཟས་སྣ་་་་་བཟང་པོ་ མང་པོ་དག་དང་ནི༔ དཀར་གསུམ་་་་་་འོ་མ་ཞོ་ དང་ནི་མངར་གསུམ་་་་ཀ་ར་བུར་སྦྲང་ དང་༔ མཛོ་དང་དྲེའུ་མ་ཡིན་པའི༔ ཕྱུགས་ནི་ཞགས་ཆགས་དགུ་ཡི་་་་སྣ་ཚོགས་ སྤུ༔ རྟ་དང་ར་ལུག་སྤུ་རྣམས་དང་༔ འབྲི་གཡག་རྣམ་གཉིས་སྤུ་དང་ནི༔ བཟང་དྲུག་སྨན་དང་མེ་ཏོག་དང་༔ ཕྱུག་པོ་བདུན་གྱི་ནས་འབྲུ་དང་༔ བཀྲ་ཤིས་འཛོམས་པའི་ནོར་རྫས་རྣམས༔ མ་ལུས་་་་་་་་་གོང་གི་རྫས་སྔགས་དེ་རྣམས་ གླང་ཆེན་ཁོག་པར་བཅུག༔ རྟེན་འབྲེལ་སྙིང་པོ་བརྒྱ་རྩ་་་་་་ཡེ་དྷར་ བརྒྱད༔ བཟླས་པ་་་་་་འབྲུ་ལ་ གོང་གི་རྫས་ལ་འདེབས༔ དེ་ནས་ཞབས་སྡོམ་ལེགས་པར་བྱ༔ སུམ་ཅུ་རྩ་གསུམ་་་་་་་ཏིང་འཛིན་ ལྷ་ཡུལ་ནས༔ དགོས་འདོད་མ་ལུས་འབྱུང་བ་ཡི༔ གླང་པོ་་་་་་་་ཧསྟི་རཏྣ་ས་མ་ཡ་ཧཱུྃ་ཛ༔ ཞེས་འོད་ཟེར་ལྕགས་ཀྱུ་ལྟ་བུས་ རིན་ཆེན་སྤྱན་དྲངས་ལ༔ དེ་ལ་གཉིས་སུ་མེད་པར་བསྟིམ༔ བསྟིམས་པས་རྫས་ཀྱི་གླང་པོ་ཆེ༔ གླང་པོ་རིན་ཆེན་ཉིད་དུ་གྱུར༔ གྱུར་པས་བདག་གི་དགོས་འདོད་ཀུན༔ གླང་པོ་དེ་ལས་འབྱུང་བར་བསམ༔ དགོས་འདོད་འབྱུང་བའི་གླང་པོ་ཆེ༔ རང་གི་མཛོད་ཀྱི་ཕུགས་སུ་ཡང་༔ ནས་ཚུགས་སམ་ནི་བང་མཛོད་དུ༔ བཞག་པའི་ཐབས་ནི་འདི་ལྟ་སྟེ༔ དར་སྣ་ལྔ་ཡིས་དར་ཐག་ཀྱང་༔ ཀླང་ཆེན་སྣ་ལ་བཏགས་བྱས་ལ༔ སེང་ལྡེང་ཕུར་བུ་སོར་བཞི་ལ༔ གླང་པོ་རིན་ཆེན་བརྟོད་ལ་བཞག༔ དེ་ལ་རབ་གནས་གོང་ལྟར་བྱ༔ འབྲང་རྒྱས་བྱས་ལ་བཀྲ་ཤིས་གསོལ༔ དེ་ཚེ་དེ་ཡི་ཉིན་་་་་་་གླང་པོ་རིན་ཆེན་གྱི་བཅའ་གཞི་རབ་གནས་བྱེད་པའི་ཚེ་ པར་ལ༔ ནོར་རྫས་སྟེར་བ་བྱུང་གྱུར་ན༔ ཤིན་ཏུ་རྟེན་འབྲེལ་བཟང་འགྱུར་ཏེ༔ དངོས་གྲུབ་ཆེན་པོ་འབྱུང་བའི་རྟགས༔ དེ་ནས་རྫས་ཀྱི་གླང་པོ་ཆེ༔ མི་ཡིས་མཐོང་བར་མི་བྱ་ཞིང་༔ འགོམ་ཞིང་འཐུར་ཡུགས་མི་གཏོང་བར༔ ཤིན་ཏུ་གཅེས་སྤྲས་ལྡན་བྱས་ལ༔ མི་ལག་འགྲིམ་པར་མི་བྱའོ༔ དེ་ལྟར་བྱས་པའི་ཡོན་ཏན་ནི༔ བདག་ཉིད་ཤིན་ཏུ་མངའ་ཕྱུག་ཅིང་༔ ལོངས་སྤྱོད་འཕྲུལ་དགའི་ལྷ་དང་མཉམ༔ ཅི་བསམ་ལྷུན་གྱིས་འགྲུབ་འགྱུར་ཏེ༔ སེམས་ཅན་ཀུན་གྱིས་སྨོན་པར་འགྱུར༔ ནོར་རྫས་འབྱོར་པ་སྤྲིན་ལྟར་འདུ༔ མི་བརྒྱུད་ནགས་ཚལ་བཞིན་དུ་རྒྱས༔ ནད་དང་གདོན་ལས་གྲོལ་འགྱུར་ཏེ༔ བདེ་ལེགས་ཕུན་སུམ་ཚོགས་པ་ཐོབ༔ མདོར་ན་ཡོན་ཏན་མ་ལུས་ཀུན༔ གླང་པོ་རིན་ཆེན་ཉིད་དང་མཚུངས༔ དེ་ཕྱིར་འདི་ལ་འབད་པར་བྱ༔ དེ་ལས་དགོས་འདོད་ཐམས་ཅད་འབྱུང་༔ གླང་པོ་རིན་ཆེན་ནོར་གྱི་ཆར་ཆེན་པོ་འབེབས་པ་ཞེས་བྱ་བ༔ ཟས་ནོར་སྤྲིན་ལྟར་སྡུད་པའི་མན་ངག༔ འབྱོར་པ་དམུུ་གཡང་ཀྱི་མཚོ་དང་འཕྲད་པར་བྱེད་པ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ གཏེར་སྟོན་བལ་པོ་ཨ་ཧཱུྃ་གིས་སྤ་གྲོ་ཅལ་གྱི་བྲག་དམར་ནས་འབྲུག་གི་ལོ་སྟོན་ཟླ་ར་བའི་ཉ་ལ་སྤྱན་དྲངས་པའི་གདམས་ངག་ཁྱད་པར་ཅན་ནོ། །ཤུ་བྷཾ། འདིར་ཕུར་པ་ཡང་གསང་བླ་མེད་ཀྱི་ས་དཔྱད་ལས་གསུངས་པའི་གླང་ཆེན་བཀྲ་ཤིས་འབྱུང་བའི་གཅས་དང་ལྷན་ཅིག་ཏུ་བྱས་ན་ལེགས་ཅེས་རྗེ་པདྨ་གར་དབང་གིས་གསུངས་སོ།། །།

Footnotes

Other Information