DKR-KABUM-21-ZHA-014

From Khyentse Lineage - A Tsadra Foundation Project
Revision as of 13:48, 12 December 2022 by Mort (talk | contribs)

Wylie title ' DKR-KABUM-21-ZHA-014.pdf
Location dil mgo mkhyen brtse bka' 'bum
Volume 21, Text 14, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje phur pa
[edit]
༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། བཀའ་གཏེར་སྲུང་མའི་གཏོར་འབུལ་ཕྲིན་ལས་ཐོགས་མེད་བཞུགས།། ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་ཀཱི་ལ་ཡེ། གཙང་མའི་སྣོད་དུ་དམར་གཏོར་དཔུང་རོང་མཐེབ་ཀྱུ་བཅུ་གཉིས་ཅན། དཀར་གཏོར་འཁོར་ལྔས་བསྐོར་བ་བཤམ། རྃ་ཡྃ་ཁྃ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་རྃ་ཡྃ་ཁྃ་འཕྲོས་པས༔ མཆོད་རྫས་ཀྱི་དངོས་འཛིན་བསྲེག་གཏོར་བཀྲུས༔ བྷྲཱུཾ་ལས་བྷཉྫ་འབར་བའི་སྣོད་རྣམས་སུ་ཨོཾ་ཨཱཿ་ཧཱུྃ་ལས་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་སྨན་རཀ་གཏོར་གསུམ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་སྤྱན་གཟིགས་མཐུན་རྫས་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཀྱི་ཟེར་ཐག་ལྕགས་ཀྱུ་ལྟ་བུ་འཕྲོས་པས་འོག་མིན་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས། ཕྱོགས་བཞི་འཇིགས་པའི་དུར་ཁྲོད། སྟེང་འོག་བར་གྱི་གནས་ཡུལ་ལ་སོགས་པ་ནས་དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་སིཾ་ཧ་མུ་ཁ། ཕུར་སྲུང་དམ་ཅན་བཅུ་གཉིས་ལྕམ་དྲལ། བཀའ་སྡོད་ཕོ་ཉ་སྡེ་བརྒྱད་གཏེར་སྲུང་དྲེགས་པ་སྡེ་ལྔ་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་གྱུར། ཧཱུྃ་བྷྱོ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ རིག་པ་རང་སྣང་དཔལ་ཆེན་པོ༔ རྡོ་རྗེ་ཁྲོས་པ་བསྟན་སྲུང་ཚུལ༔ མ་ཧཱ་ཀཱ་ལ་གཤེགས་སུ་གསོལ༔ དེ་ཡི་ཡུམ་མཆོག་དཔལ་ལྷ་མོ༔ འདོད་པའི་ཁམས་ལ་དབང་བསྒྱུར་བའི༔ མ་གཅིག་གཉན་གྱི་རེ་མ་ཏི༔ བྱང་ཤར་མཚོ་ལས་གཤེགས་སུ་གསོལ༔ ལྕམ་དྲལ་ཁྲོས་པའི་རང་མདངས་ལས༔ དཔལ་ཆེན་བཛྲ་ཀཱི་ལ་ཡའི༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཤྭ་ན་བདག་ཉིད་ས་བདག་མ༔ བསེ་ལྕགས་དུང་ཤེལ་སྐྱེས་བུ་དང༔ དགེ་བསྙེན་བརྟན་མ་ཁྱི་སྤྱང་སོགས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་མ་ཧཱ་ཀཱ་ལ་སིཾ་ཧ་མུ་ཁ་ས་པ་རི་ཝ་ར་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས་པའི་མགྲོན་རྣམས། ས་མ་ཡ་ཏིཥྛ་ལྷན་གྱིས་མདུན་དུ་བཞུགས་སུ་གསོལ་བར། ས་མ་ཡ་ཨི་དཾ་ཨ་མྲྀ་ཏོ་ད་ཀ་ཋ་ཧཱུྃ༔ ཞེས་དམ་ལ་བཞག །ཧཱུྃ་བྷྱོ༔ ཕྱི་ནང་གསང་བ་བླ་མེད་ཀྱི༔ མཆོད་པ་དངོས་འབྱོར་ཡིད་ལས་བྱུང༔ དམ་ཅན་འཁོར་དང་བཅས་པ་ཀུན༔ དགྱེས་པར་རོལ་ལ་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ མགོན་པོ་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སིཾ་ཧ་མུ་ཁ་དྷརྨ་པཱ་ལ་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་དང༌། ནཱི་དྷི་པ་ཏི་ཏྲི་ཨ་དུཿ་ནཾ་བཻ་ས་པ་རི་ཝ་ར་ཨི་དཾ་བ་ལིཾ་ཏ་ཁ་རཾ་ཁ་ཧི༔ ཞེས་སོ་སོར་ལན་གསུམ་རེས་གཏོར་མ་བྱེ་བྲག་ཏུ་ཕུལ་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་བདུད་འདུལ་སིཾ་ཧ་མུ་ཁ་ཡབ་ཡུམ། ཕུར་སྲུང་དམ་ཅན་བཅུ་གཉིས་ལྕམ་དྲལ། གཏེར་སྲུང་དྲེགས་པ་སྡེ་ལྔ་འཁོར་དང་བཅས་པས་ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། སྡང་བའི་དགྲ་སོད༔ གནོད་པའི་བགེགས་ཐུལ༔ དགྲ་ལ་རྟགས་ཐོངས༔ གྲོགས་ལ་དར་ཕྱོར༔ སངས་རྒྱས་ཀྱི་བསྟན་དགྲ་ཆམས་ལ་ཕོབ༔ བླ་མའི་སྐུ་དགྲ་རྡུལ་དུ་རློག༔ རྣལ་འབྱོར་པ་བདག་ལ་སྡང་བའི་དགྲ་བོ་ད་ལྟ་ཉིད་དུ་བསྒྲལ་བའི་ཕྲིན་ལས་མཛོད་ཅིག༔ ཅེས་ལས་ཀྱི་གཉེར་གཏད་ལ། བསྟོད་པ་ནི། ཧཱུྃ་བྷྱོ༔ ཡེ་ཤེས་དབྱིངས་སུ་ཆོས་ཉིད་རྟོག་བྲལ་ཡང༔ ཆོས་ཅན་རོལ་པ་མི་སྡུག་སྲིན་པོ་གཟུགས༔ རྒྱལ་བའི་བསྟན་སྲུང་ཕྲིན་ལས་མགོན་པོ་ཆེ༔ དྲག་ཤུལ་རོལ་པའི་སྐུ་ལ་ཕྱག་འཚལ་བསྟོད༔ གསང་བའི་དགྱེས་སྡེ་མ་གཅིག་གཉན་གྱི་ལྷ༔ ཟ་བྱེད་རྔམས་བྱེད་འཇིགས་བྱེད་མི་བསྲུན་པ༔ སྣང་སྲིད་མ་མོ་ཡོངས་ལ་མངའ་དབང་བསྒྱུར༔ ནད་ཡམས་རིམ་གྱི་བདག་མོ་ཆེན་མོར་བསྟོད༔ ཕྲ་མེན་ཆེན་མོ་ཤྭ་ན་མ་བཞི་དང༔ བདག་ཉིད་ཆེན་མོ་རེ་ཏི་མཆེད་སྡེ་བཞི༔ གཟའ་བཙན་ས་བདག་ཀླུ་ཡི་བུ་མོ་བཞི༔ ལྕམ་དྲལ་མིང་སྲིང་འཁོར་དང་བཅས་ལ་བསྟོད༔ ཁྱེད་རྣམས་དོན་གྱི་ཡེ་ཤེས་དབྱེར་མེད་ཀྱང༔ རྣམ་པ་སྒྲུབ་མཆོག་རྗེས་སུ་སྐྱོང་བ་དང༔ གདུག་ཅན་རྩད་གཅོད་རྣམ་འཕྲུལ་ཅིར་ཡང་སྟོན༔ ཕྲིན་ལས་ཐོགས་པ་མེད་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ བཀའ་ཡི་བསྟན་སྲུང་རྡོ་རྗེ་ནག་པོ་ཆེ༔ སངས་རྒྱས་ཀུན་གྱི་དམ་ཚིག་དུས་འདིར་དགོངས༔ རྡོ་རྗེ་ཐེག་པ་སྙིང་པོའི་དཀྱིལ་འཁོར་འདིའི༔ མིང་ཙམ་འཛིན་ཀྱང་སྲུང་སྐྱོབ་ལས་སྒྲུབ་པའི༔ ཞལ་བཞེས་དཔལ་ཆེན་སྤྱན་སྔར་བྲོ་བོར་ལྟར༔ སྙིང་ནས་བསྐུལ་བའི་ལས་ལ་མ་གཡེལ་ཅིག༔ ཡང་དག་བསྟན་པའི་སྙིང་པོ་རིན་ཆེན་འདི༔ ཕྱོགས་དུས་གནས་སྐབས་ཀུན་ཏུ་འཕེལ་རྒྱས་ཤིང༔ དེ་འཛིན་སྐྱེས་བུ་བར་ཆད་ལས་རྒྱལ་ཞིང༔ སྐུ་ཚེ་ཕྲིན་ལས་མཐའ་རྒྱས་བརྟན་པར་མཛོད༔ མ་ལུས་འགྲོ་ཀུན་བདེ་སྐྱིད་དཔལ་གྱིས་འབྱོར༔ དཀོན་མཆོག་གསུམ་གྱི་བསྟན་ལ་ཚུལ་བཞིན་གུས༔ མཐར་ཐུག་བྱང་ཆུབ་སྙིང་པོ་མངོན་གྱུར་བར༔ ཚེ་དཔལ་མཐོ་རིས་ཡོན་ཏན་རྒྱས་པར་མཛོད༔ བསྟན་ལ་འཚེ་དང་ཡོངས་ལ་གནོད་བྱེད་རིགས༔ ཕྲིན་ལས་དྲག་པོའི་རྣོ་མྱུར་དུས་སུ་སྟོན༔ ཕྱོགས་ལས་རྣམ་རྒྱལ་སྙན་པའི་རུ་མཚོན་ཕྱོར༔ མི་མཐུན་བདུད་བཞིའི་བར་ཆད་དབྱིངས་སུ་སྒྲོལ༔ བདག་ཅག་དཔོན་སློབ་བསམ་དོན་ཆོས་བཞིན་འགྲུབ༔ དངོས་གྲུབ་རྒྱ་མཚོ་དཀའ་བ་མེད་པར་ཐོབ༔ བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པ་ཡི༔ ཧེ་རུ་ཀ་དཔལ་གོ་འཕང་མྱུར་ཐོབ་མཛོད༔ ཅེས་དང༌། འདི་ཉིད་ཁོ་ནའི་སྐབས་ནོངས་བཤགས། རྟེན་བཞུགས་སོགས་སྤྱི་ལྟར་བྱའོ། །ཞེས་པའང་ལུང་ཟིན་ཆོས་ཀྱི་བདག་པོ་གཏེར་ཆེན་རོལ་པའི་རྡོ་རྗེ་དང་སྐྱབས་རྗེ་དྲུང་རིན་པོ་ཆེའི་མཆོག་སྤྲུལ་རྣམ་གཉིས། བླ་བྲོ་ནོར་བུ་མཆོག་སྤྲུལ་དཔོན་སློབ་ནས་བཀའ་ཡི་བསྐུལ་མ་གནང་བ་ལྟར། ཟབ་གཏེར་གྱི་བདག་པོ་ཀློང་ཆེན་ནམ་མཁའ་འོད་གསལ་པདྨ་བདེ་ཆེན་མདོ་སྔགས་གླིང་པས་བཀྲ་ཤིས་ཟུར་མང་བདུད་རྩི་དིལ་གྱི་ཆོས་སྡེ་རུ་སྦྱར་བ་འདིས་ཀྱང་ཟབ་ཏིག་གི་ཕྲིན་ལས་མཁའ་ཁྱབ་ཏུ་འཕེལ་ཞིང་རྒྱས་པའི་དཔལ་དུ་གྱུར་ཅིག། །།
[edit]

@#/__/snyan brgyud snying gi gsang mdzod las/_bka' gter srung ma'i gtor 'bul phrin las thogs med bzhugs// na mo gu ru shrI he ru ka kI la ye/_gtsang ma'i snod du dmar gtor dpung rong mtheb kyu bcu gnyis can/_dkar gtor 'khor lngas bskor ba bsham/_ra~M ya~M kha~M/_rang nyid dpal chen por gsal ba'i thugs ka'i hU~M las ra~M ya~M kha~M 'phros pas:_mchod rdzas kyi dngos 'dzin bsreg gtor bkrus:_b+h+rUM las b+hany+dza 'bar ba'i snod rnams su oM AH hU~M las ngo bo ye shes kyi bdud rtsi la rnam pa sman raka gtor gsum dgra bgegs bsgral ba'i sha khrag spyan gzigs mthun rdzas nam mkha'i khams gang bar gyur/_oM AHhU~M gis byin gyis brlab/_rang gi snying ga'i hU~M las 'od kyi zer thag lcags kyu lta bu 'phros pas 'og min byang phyogs las rab rdzogs pa'i zhing khams/_phyogs bzhi 'jigs pa'i dur khrod/_steng 'og bar gyi gnas yul la sogs pa nas dpal ldan ye shes kyi mgon po siM ha mu kha/_phur srung dam can bcu gnyis lcam dral/_bka' sdod pho nya sde brgyad gter srung dregs pa sde lnga dang bcas pa skad cig gis spyan drangs par gyur/_hU~M b+h+yo:_'og min chos dbyings pho brang nas:_rig pa rang snang dpal chen po:_rdo rje khros pa bstan srung tshul:_ma hA kA la gshegs su gsol:_de yi yum mchog dpal lha mo:_'dod pa'i khams la dbang bsgyur ba'i:_ma gcig gnyan gyi re ma ti:_byang shar mtsho las gshegs su gsol:_lcam dral khros pa'i rang mdangs las:_dpal chen badz+ra kI la ya'i:_bran dang bka' nyan pho nya'i tshogs:_shwa na bdag nyid sa bdag ma:_bse lcags dung shel skyes bu dang:_dge bsnyen brtan ma khyi spyang sogs:_ma lus 'khor bcas gshegs su gsol:_oM badz+ra kI li kI la ya d+harma pA la ma hA kA la siM ha mu kha sa pa ri wa ra badz+ra sa mA dzaH_zhes spyan drangs pa'i mgron rnams/_sa ma ya tiSh+Tha lhan gyis mdun du bzhugs su gsol bar/_sa ma ya i daM a mr-i to da ka Tha hU~M:_zhes dam la bzhag_/hU~M b+h+yo:_phyi nang gsang ba bla med kyi:_mchod pa dngos 'byor yid las byung:_dam can 'khor dang bcas pa kun:_dgyes par rol la phrin las mdzod:_oM badz+ra ar+g+haM nas/_shab+da a mr-i ta rak+ta ba liM ta d+harma d+hA tu pU dza hoH_mgon po 'khor dang bcas pa'i ljags rdo rje'i sbu gus gtor ma'i bcud drangs te gsol bar gyur/_oM badz+ra kI li kI la ya siM ha mu kha d+harma pA la sa pa ri wa ra i daM ba liM ta kha raM khA hi:_zhes dang*/_nI d+hi pa ti tri a duH naM bai sa pa ri wa ra i daM ba liM ta kha raM kha hi:_zhes so sor lan gsum res gtor ma bye brag tu phul la/_dpal ye shes kyi mgon po bdud 'dul siM ha mu kha yab yum/_phur srung dam can bcu gnyis lcam dral/_gter srung dregs pa sde lnga 'khor dang bcas pas sha khrag dmar gyi gtor ma 'di bzhes la/_sdang ba'i dgra sod:_gnod pa'i bgegs thul:_dgra la rtags thongs:_grogs la dar phyor:_sangs rgyas kyi bstan dgra chams la phob:_bla ma'i sku dgra rdul du rlog:_rnal 'byor pa bdag la sdang ba'i dgra bo da lta nyid du bsgral ba'i phrin las mdzod cig:_ces las kyi gnyer gtad la/_bstod pa ni/_hU~M b+h+yo:_ye shes dbyings su chos nyid rtog bral yang:_chos can rol pa mi sdug srin po gzugs:_rgyal ba'i bstan srung phrin las mgon po che:_drag shul rol pa'i sku la phyag 'tshal bstod:_gsang ba'i dgyes sde ma gcig gnyan gyi lha:_za byed rngams byed 'jigs byed mi bsrun pa:_snang srid ma mo yongs la mnga' dbang bsgyur:_nad yams rim gyi bdag mo chen mor bstod:_phra men chen mo shwa na ma bzhi dang:_bdag nyid chen mo re ti mched sde bzhi:_gza' btsan sa bdag klu yi bu mo bzhi:_lcam dral ming sring 'khor dang bcas la bstod:_khyed rnams don gyi ye shes dbyer med kyang:_rnam pa sgrub mchog rjes su skyong ba dang:_gdug can rtsad gcod rnam 'phrul cir yang ston:_phrin las thogs pa med la phyag 'tshal bstod:_hU~M b+h+yo:_bka' yi bstan srung rdo rje nag po che:_sangs rgyas kun gyi dam tshig dus 'dir dgongs:_rdo rje theg pa snying po'i dkyil 'khor 'di'i:_ming tsam 'dzin kyang srung skyob las sgrub pa'i:_zhal bzhes dpal chen spyan sngar bro bor ltar:_snying nas bskul ba'i las la ma g.yel cig:_yang dag bstan pa'i snying po rin chen 'di:_phyogs dus gnas skabs kun tu 'phel rgyas shing:_de 'dzin skyes bu bar chad las rgyal zhing:_sku tshe phrin las mtha' rgyas brtan par mdzod:_ma lus 'gro kun bde skyid dpal gyis 'byor:_dkon mchog gsum gyi bstan la tshul bzhin gus:_mthar thug byang chub snying po mngon gyur bar:_tshe dpal mtho ris yon tan rgyas par mdzod:_bstan la 'tshe dang yongs la gnod byed rigs:_phrin las drag po'i rno myur dus su ston:_phyogs las rnam rgyal snyan pa'i ru mtshon phyor:_mi mthun bdud bzhi'i bar chad dbyings su sgrol:_bdag cag dpon slob bsam don chos bzhin 'grub:_dngos grub rgya mtsho dka' ba med par thob:_bsam pa'i don kun yid bzhin 'grub pa yi:_he ru ka dpal go 'phang myur thob mdzod:_ces dang*/_'di nyid kho na'i skabs nongs bshags/_rten bzhugs sogs spyi ltar bya'o/__/zhes pa'ang lung zin chos kyi bdag po gter chen rol pa'i rdo rje dang skyabs rje drung rin po che'i mchog sprul rnam gnyis/_bla bro nor bu mchog sprul dpon slob nas bka' yi bskul ma gnang ba ltar/_zab gter gyi bdag po klong chen nam mkha' 'od gsal pad+ma bde chen mdo sngags gling pas bkra shis zur mang bdud rtsi dil gyi chos sde ru sbyar ba 'dis kyang zab tig gi phrin las mkha' khyab tu 'phel zhing rgyas pa'i dpal du gyur cig/__//

Footnotes

Other Information