DKR-KABUM-18-TSHA-011

From Khyentse Lineage - A Tsadra Foundation Project
Revision as of 11:58, 8 December 2022 by Mort (talk | contribs)

ཤྲཱི་ཧེ་རུ་ཀ་མཆེད་ལྔའི་ཐུགས་ཏིག༔
Wylie title shrI he ru ka mched lnga'i thugs tig DKR-KABUM-18-TSHA-011.pdf
Location dil mgo mkhyen brtse bka' 'bum
Volume 18, Text 11, Pages 53-62 (Folios 1a to 10b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. ShrI he ru ka mched lnga'i thugs tig. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 53-62. Delhi: Shechen Publications, 1994.
Genre Root Treasure - gter gzhung
Cycle ཤྲཱི་ཧེ་རུ་ཀ་མཆེད་ལྔའི་ཐུགས་ཏིག་ (shri he ru ka mched lnga'i thugs tig)
Colophon

ཞེས་རང་བྱུང་ཧེ་རུ་ཀ་མཆེད་ལྔའི་རྡོ་རྗེའི་གསང་བ་ཆེན་པོས་བཀོད་པའི་ཆོ་འཕྲུལ་ཐམས་ཅད་མཁྱེན་གཟིགས་རྗེ་བཙུན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་དག་ཆེན་འོད་གསལ་སྒྱུ་མའི་གཟིགས་སྣང་དང་མཐུན་པའི་རིག་འཛིན་བླ་མའི་ཀུན་བཟང་དོན་གྱི་ཕྲིན་ལས་འདི་ཉིད་མདོ་ཁམས་བོད་ཆེན་པོའི་ཤར་ཕྱོགས་ཀྱི་ཆ་རྫོང་གསར་བཀྲ་ཤིས་ལྷ་རྩེ་ནས་བྲིས་ཏེ་འཇམ་དཔའི་རྡོ་རྗེ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང༌། ཀཿཐོག་སི་ཏུ་མཆོག་སྤྲུལ་བྱམས་ཆེན་ཆོས་ཀྱི་ཉི་མ་སོགས་ལ་རང་གཏེར་སྨིན་བྱེད་ཐམས་ཅད་ཀྱི་ཐོག་མར་དགྱེས་བསྐྱེད་ཆོས་ཀྱི་མཆོད་སྤྲིན་དུ་ཕུལ་བས་ལེགས་པའི་རྟེན་འབྱུང་གི་སྒོ་འཕར་ཡངས་པོར་ཕྱེ་སྟེ་མདོ་སྨད་གསར་རྙིང་གི་མཁས་གྲུབ་སྐྱེས་ཆེན་དུ་མས་སྨིན་གྲོལ་བཞེས་ཤིང༌། རྫོགས་རིམ་རྡོ་རྗེའི་ཚིག་རྐང་གི་ཁྲིད་ཡིག་བཅས་བྲིས་ཀྱང་དུས་ཀྱི་འགྱུར་བ་ཆེན་པོས་དཔེ་མི་མངོན་དབྱིངས་སུ་རྒྱས་ཐེབས་པ། རང་ལོ་དྲུག་ཅུ་རྩ་བདུན་ལ་མཐའ་ཡི་རྒྱལ་ཁབ་ཨ་རིའི་ཞིང་ཆེན་ཀ་ལི་ཕོར་ནི་ཡའི་བྷེར་ཀི་ལེར་དབོ་ཟླའི༢དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་ཉེར་ལྔ་དགེ་བར་ལྗོན་བཟང་མེ་ཏོག་གི་འཁྲི་ཤིང་གིས་བསྐོར་བའི་ལྡུམ་རར་དྷརྨ་དྷཱ་ཏུའི་ཆོས་སྒར་དུ་གཉུག་མའི་ཆོས་ཀྱི་རང་སྒྲ་སྒྲོག་བཞིན་པར་བྲིས་པ་ཟབ་གསང་རྡོ་རྗེའི་གསང་བས་འགྲོ་ཀུན་ཟུང་འཇུག་གི་རྒྱལ་ཐབས་ལ་དབུགས་དབྱུང་བའི་རྒྱུ་ཁོ་ནར་གྱུར་ཅིག །མངྒ་ལཾ། དགེའོ།།

zhes rang byung he ru ka mched lnga'i rdo rje'i gsang ba chen pos bkod pa'i cho 'phrul thams cad mkhyen gzigs rje btsun bla ma 'od gsal sprul pa'i rdo rje'i dag chen 'od gsal sgyu ma'i gzigs snang dang mthun pa'i rig 'dzin bla ma'i kun bzang don gyi phrin las 'di nyid mdo khams bod chen po'i shar phyogs kyi cha rdzong gsar bkra shis lha rtse nas bris te 'jam dpa'i rdo rje kun gzigs chos kyi blo gros rin po che dang*/_kaHthog si tu mchog sprul byams chen chos kyi nyi ma sogs la rang gter smin byed thams cad kyi thog mar dgyes bskyed chos kyi mchod sprin du phul bas legs pa'i rten 'byung gi sgo 'phar yangs por phye ste mdo smad gsar rnying gi mkhas grub skyes chen du mas smin grol bzhes shing*/_rdzogs rim rdo rje'i tshig rkang gi khrid yig bcas bris kyang dus kyi 'gyur ba chen pos dpe mi mngon dbyings su rgyas thebs pa/_rang lo drug cu rtsa bdun la mtha' yi rgyal khab a ri'i zhing chen ka li phor ni ya'i b+her ki ler dbo zla'i2dmar phyogs mkha' 'gro 'du ba'i dus tshes nyer lnga dge bar ljon bzang me tog gi 'khri shing gis bskor ba'i ldum rar d+harma d+hA tu'i chos sgar du gnyug ma'i chos kyi rang sgra sgrog bzhin par bris pa zab gsang rdo rje'i gsang bas 'gro kun zung 'jug gi rgyal thabs la dbugs dbyung ba'i rgyu kho nar gyur cig_/mang+ga laM/_dge'o//

[edit]
ཤྲཱི་ཧེ་རུ་ཀ་མཆེད་ལྔའི་ཐུགས་ཏིག་བཞུགས་སོ༔

རང་རིག་གཉུག་མ་ཆོས་ཀྱི་དབྱིངས༔ དོན་གྱི་ཧེ་རུ་ཀ་ཆེན་པོ༔ རོ་གཅིག་རྟོགས་པས་ཕྱག་འཚལ་ནས༔ དེ་ཉིད་སྒྲུབ་པའི་ཐབས་མཆོག་བསྟན༔ ས་མ་ཡ༔ དུར་ཁྲོད་གངས་ལྗོངས་དབེན་པའི་སར༔ ངེས་འབྱུང་དད་དང་བློ་གྲོས་ཀྱིས༔ རྩེ་གཅིག་ཏིང་འཛིན་གནད་གཅུན་པས༔ སྔོན་དངོས་རྗེས་ཀྱི་ཉམས་སུ་ལེན༔ ན་མོ༔ འཁོར་འདས་ཆོས་རྣམས་མ་ལུས་ཀུན༔ རིག་སྟོང་གཉུག་མ་ཆོས་ཀྱི་དབྱིངས༔ རང་རིག་བླ་མ་ཧེ་རུ་ཀ༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཧོཿ གདོད་ནས་དག་པའི་དེ་བཞིན་ཉིད༔ མ་རྟོགས་གློ་བུར་འཁྲུལ་པའི་འགྲོ༔ ཡེ་ཤེས་དབྱིངས་སུ་སྒྲོལ་བའི་ཕྱིར༔ གཉིས་མེད་མཉམ་པར་སེམས་བསྐྱེད་དོ༔ ཨཿ སྐུ་གསུམ་འདུ་འབྲལ་མེད་པའི་ལྷར༔ ཕྱག་འཚལ་ཅིར་སྣང་ཡེ་ཤེས་སུ༔ དག་པའི་མཆོད་འབུལ་བློས་བྱས་བཤགས༔ ཟག་མེད་རང་རིག་རྗེས་ཡི་རང༔ ཟབ་གསལ་གཉིས་མེད་ཆོས་འཁོར་བསྐོར༔ འཕོ་མེད་རྟག་པར་བཞུགས་གསོལ་འདེབས༔ དགེ་ཚོགས་འོད་གསལ་ཆོས་ཀྱི་དབྱིངས༔ མཉམ་པ་ཆེན་པོར་ཡོངས་སུ་བསྔོ༔ སྐུ་གསུམ་ཡེ་རྫོགས་ཐོབ་པར་ཤོག༔ ཧཱུྃ༔ ཁྱབ་བརྡལ་ཆོས་སྐུའི་ཕོ་བྲང་དུ༔ རང་རིག་དཔལ་གྱི་བཀའ་བྱུང་བས༔ གཉིས་སྣང་བགེགས་ཚོགས་ཕྱིར་དེངས་ཤིག༔ ཡེ་ཤེས་རྡོ་རྗེས་མཚམས་བཅད་དོ༔ བཛྲ་ཛྙཱ་ན་རཀྵ་བྷྲཱུྃ༔ ཧཱུྃ་ཧྲཱིཿ ངོ་བོ་ཆོས་སྐུའི་ཕོ་བྲང་ནས༔ སྐྱེ་མེད་བླ་མ་གཤེགས་སུ་གསོལ༔ རང་གྲོལ་ཆེན་པོར་བྱིན་ཕོབ་ལ༔ འོད་གསལ་མཆོག་གི་དངོས་གྲུབ་སྩོལ༔ རང་བཞིན་ལོངས་སྐུའི་ཕོ་བྲང་ནས༔ འགག་མེད་བླ་མ་གཤེགས་སུ་གསོལ༔ ཁྱབ་བརྡལ་ཆེན་པོའི་བྱིན་ཕོབ་ལ༔ འཁོར་འདས་མཉམ་པའི་དངོས་གྲུབ་སྩོལ༔ ཐུགས་རྗེ་སྤྲུལ་སྐུའི་ཕོ་བྲང་ནས༔ འགྲོ་འདུལ་བླ་མ་གཤེགས་སུ་གསོལ༔ གཉིས་སུ་མེད་པར་བྱིན་ཕོབ་ལ༔ དགོངས་བརྒྱུད་རྟོགས་པའི་དངོས་གྲུབ་སྩོལ༔ ཅིར་སྣང་བླ་མའི་ཡེ་ཤེས་དལ༔ རྡོ་རྗེ་གསུམ་གྱི་འཁོར་ལོར་རྫོགས༔ བར་ཆད་བདུད་ཚོགས་དབྱིངས་སུ་སྒྲོལ༔ རང་རྩལ་མཆོག་ཐུན་དངོས་གྲུབ་སྩོལ༔ མཉམ་ཡངས་བརྡལ་བ་ཆེན་པོ་ཡི༔ བྱིན་ཕོབ་དབང་བསྐུར་ཀློང་གྲོལ་ཤོག༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཛྙཱ་ན་མཎྜ་ལ་ཨ་བེ་ཤ་ཡ་ཨ་ཨཿ ཕེཾ་ཕེཾཿ ཧྲཱིཾ་ཧྲཱིཾཿ ཛཿཧཱུྃ་བྃ་ཧོཿ ཨོཾ་ཨཱཿཧཱུྃ༔ སྣང་སྲིད་ཀུན་བཟང་རྒྱན་གྱི་ཞིང༔ ཡེ་ཤེས་བཀོད་པ་བློ་ལས་འདས༔ བསམ་མི་ཁྱབ་པའི་མཆོད་པ་ཆེ༔ གདོད་ནས་འདུ་འབྲལ་མེད་པར་རྫོགས༔ ཨོཾ་ཨཱཿཧཱུྃ་སརྦ་ཛྙཱ་ན་པཱུ་ཛ་ས་མ་ཡ་ཧོཿ ཨཿ ཤིན་ཏུ་རྣམ་དག་ཆོས་ཀྱི་དབྱིངས༔ མཐའ་དབུས་ཀུན་བྲལ་དེ་བཞིན་ཉིད༔ བློ་ལས་འདས་པའི་ཡེ་ཤེས་ནི༔ སྟོང་གསལ་བསམ་མི་ཁྱབ་པའོ༔ དྷརྨ་དྷཱ་ཏུ་ཨ༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡི༔ རང་བྱུང་ཐུགས་རྗེ་ཀུན་ལ་ཁྱབ༔ འགག་མེད་སྙིང་རྗེའི་སྤྲིན་ཆེན་པོ༔ མཐའ་དབུས་མེད་པར་ཀུན་ཏུ་བརྡལ༔ མ་ཧཱ་ཀ་རུ་ཎཱི་ཀ་ཧོ༔ ཟུང་འཇུག་ཡེ་ཤེས་རྡོ་རྗེ་སེམས༔ མ་ལུས་དཀྱིལ་འཁོར་འབྱུང་བའི་གནས༔ རབ་འབྱམས་རིགས་རྣམས་ཀུན་གྱི་བདག༔ ཐོག་མ་ཐ་མ་མེད་པའོ༔ ཛྙཱ་ན་སཏྭ་གྷརྦྷ་ཧཱུྃ༔ ཡེ་ཤེས་དེ་ཡི་ཆོ་འཕྲུལ་ལས༔ སྣོད་བཅུད་ཅིར་སྣང་རྒྱན་གྱི་ཞིང༔ ཡེ་ཤེས་རང་སྣང་གཞལ་མེད་ཁང༔ འཇའ་ཟེར་ཐིག་ལེའི་སྤྲིན་ཆེན་པོ༔ ཟང་ཐལ་འཕེལ་འགྲིབ་བྲལ་བར་ཤར༔ དག་པའི་སྣོད་བཅུད་རྡོ་རྗེ་དབྱིངས༔ ཡེ་ཤེས་སྒྱུ་འཕྲུལ་དྲྭ་བ་ཡི༔ སྣང་བ་ཆེན་པོར་ལྷུན་སྟུག་པ༔ རྟག་ཏུ་འཕེལ་འགྲིབ་མེད་པར་ཤར༔ རང་བཞིན་སྤྲུལ་པའི་སྐྱེད་མོས་ཚལ༔ ལྟ་ན་ལྷུན་སྟུག་དཀྱིལ་འཁོར་དབུས༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ འོད་གསལ་སྤྲུལ་པའི་རྡོ་རྗེ་ནི༔ ཡེ་ཤེས་གཟི་བྱིན་མཚུངས་པ་མེད༔ ཕྱག་གཡས་ཤེས་རབ་རལ་གྲི་འཕྱར༔ གཡོན་པས་འཆི་མེད་ཚེ་བུམ་བསྣམས༔ ཡེ་ཤེས་ལྟ་སྟངས་དབྱིངས་ལ་གཟིར༔ མ་ཧཱ་གསེར་གྱི་རུས་སྦལ་སྟེང༔ རྒྱལ་པོ་རོལ་པའི་སྟབས་སུ་འགྱིངས༔ ཤར་དུ་མི་བསྐྱོད་རྡོ་རྗེ་སེམས༔ རིག་པའི་རྡོ་རྗེ་དཀར་གསལ་མཛེས༔ ཕྱག་གཡས་ཌཱ་རུ་གཡོན་ཐོད་ཆང༔ གླང་ཆེན་ཐལ་དཀར་སྟེང་དུ་བརྗིད༔ ལྷོ་རུ་བློ་གསལ་བསྟན་པ་སྐྱོང༔ སེར་གསལ་དུས་ཀྱི་འཁོར་ལོ་དང༔ གཉིས་མེད་གྲི་གུག་ཐོད་ཁྲག་བསྣམས༔ སེང་གེའི་ཁྲི་ལ་རོལ་སྟབས་བཞུགས༔ ནུབ་དུ་བདེ་ཆེན་འཁོར་ལོ་སྡོམ༔ པདྨ་གར་གྱི་དབང་ཕྱུག་རྩལ༔ དམར་གསལ་རྡོ་རྗེ་དྲིལ་བུ་བསྣམས༔ གཡུ་འབྲུག་འཁྱིལ་པ་ཆིབས་སུ་རོལ༔ བྱང་དུ་འཆོལ་བའི་ཁྲོ་རྒྱལ་ཆེ༔ མཆོག་གྱུར་བདེ་ཆེན་གླིང་པ་ནི༔ ལྗང་ནག་གཏུམ་ཁྲོ་རྡོ་རྗེ་དང༔ ཕུར་པའི་མཚོན་འཆང་སྟག་ལ་ཆིབས༔ ཀུན་ཀྱང་ཧེ་རུ་ཀ་ཡི་ཆས༔ རུས་རྒྱན་སྟག་ཤམ་དར་དཔྱང་འཕྱང༔ ཁྲོ་འཛུམ་རྡོ་རྗེའི་ལྟ་སྟངས་གཟིར༔ ལྷན་སྐྱེས་ཡེ་ཤེས་ཟིལ་གྱིས་བརྗིད༔ བརྟུལ་ཞུགས་རོལ་པའི་གར་དང་བཅས༔ འཇའ་ཟེར་འོད་ཀྱི་ཐིག་ལེའི་ཀློང༔ རིག་རྩལ་སྤྲུལ་སྐུ་བསམ་མི་ཁྱབ༔ བར་མཚམས་མཁའ་སྤྱོད་ས་སྤྱོད་དང༔ ས་འོག་སྤྱོད་པའི་མཁའ་འགྲོ་མ༔ དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ མཐིང་དམར་དཀར་སེར་ལྗང་གུའི་མདོག༔ ཌཱ་དྲིལ་འཁྲོལ་ཞིང་རུས་རྒྱན་དང༔ སྟག་ཤམ་ཞིང་ལྤགས་གོས་སུ་གྱོན༔ ཞི་ཆགས་མཁའ་འགྲོའི་ཉམས་དང་བཅས༔ མ་ངེས་བཀོད་པ་ཅིར་ཡང་སྟོན༔ སྟེང་མཁར་རིག་འཛིན་བླ་མ་དང༔ ཡི་དམ་རྒྱུད་སྡེ་བཞི་དྲུག་གི༔ ཚོམ་བུའི་འཁོར་ལོ་བསམ་ཡས་དང༔ མཐའ་སྐོར་རྡོ་རྗེའི་ཆོས་སྲུང་ཚོགས༔ ཏིལ་གོང་ཁ་བྱེ་ལྟ་བུ་ཡི༔ ཚོམ་བུའི་བཀོད་པ་བསམ་མི་ཁྱབ༔ ཀུན་ཀྱང་སྣང་སྟོང་རོལ་པའི་ངང༔ རྡོ་རྗེའི་རྒྱུད་དང་སྔགས་ཀྱི་སྒྲ༔ བདེ་སྟོང་ཆོ་འཕྲུལ་ཅིར་ཡང་སྟོན༔ སྣང་སྲིད་ལྷ་དང་བླ་མ་ཡི༔ ཡེ་ཤེས་གཅིག་ཏུ་ལྷུན་གྱིས་གྲུབ༔ མི་ཕྱེད་རྡོ་རྗེ་གསུམ་གྱི་ངང༔ ཡེ་ཤེས་རིགས་ཀྱི་དབང་བསྐུར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱ༔ ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ དཔལ་མགོན་བླ་མ་གཤེགས་སུ་གསོལ༔ ཡེ་ཤེས་དགོངས་ཉམས་ཆེར་བསྐྱེད་ལ༔ བརྒྱུད་གསུམ་ཆིག་རྫོགས་བྱིན་གྱིས་རློབས༔ མཐའ་དབུས་བྲལ་བའི་ཕོ་བྲང་ནས༔ ཡི་དམ་ལྷ་ཚོགས་གཤེགས་སུ་གསོལ༔ བཀོད་པ་བསམ་ཡས་ཆོ་འཕྲུལ་གྱིས༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ༔ ཐུགས་གསུང་སྐུ་ཡི་ཕོ་བྲང་ནས༔ གནས་གསུམ་མཁའ་འགྲོ་གཤེགས་སུ་གསོལ༔ བདེ་སྟོང་འདུ་འབྲལ་མེད་པ་ཡིས༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་མཛོད༔ རིག་རྩལ་ཐོགས་མེད་ཕོ་བྲང་ནས༔ བརྒྱུད་གསུམ་ཆོས་སྲུང་གཤེགས་སུ་གསོལ༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་ཀྱིས༔ དོན་གཉིས་འབད་མེད་གྲུབ་པར་མཛོད༔ དབྱིངས་ནས་སྤྱན་དྲངས་རྩ་གསུམ་ལྷས༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནི་མཎྜ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ས་མ་ཡ་ཧོཿ ས་མ་ཡ་སྟྭྃ༔ ཧཱུྃ་ཧཱུྃ་ཧཱུྃཿ ཧཱུྃ་ཧྲཱིཿ སྣང་བཅས་དམ་ཚིག་དཀྱིལ་འཁོར་ལྷར༔ ཡེ་ཤེས་དབྱིངས་ཀྱི་སེམས་དཔའ་རྣམས༔ འདུ་འབྲལ་མེད་པར་དགྱེས་བཞུགས་ཤིང༔ གཉིས་མེད་མཉམ་པའི་ཕྱག་གིས་འདུད༔ ས་མ་ཡ་ཏིཥྛ་ལྷན༔ ན་མོ་ན་མ་མི༔ ཧཱུྃ་ཧྲཱིཿ ཡུལ་དབང་ཐ་མལ་གཟུང་འཛིན་ལས༔ རྣམ་གྲོལ་ཡེ་ཤེས་གཅིག་གི་མདངས༔ རྡོ་རྗེའི་ལོངས་སྤྱོད་མཆོད་པའི་སྤྲིན༔ ཀུན་བཟང་སྒྱུ་འཕྲུལ་དྲ་བར་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་བ་ཌཱ་ཀི་ནི་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་ནས། ཤབྡ་སརྦ་པཱུ་ཛ་ས་མ་ཡ་ཧོཿ ཧཱུྃ་ཧྲཱིཿ སྣང་སྟོང་བདེ་གསལ་སྒྱུ་མའི་གཟུགས༔ གཞོམ་མེད་རྡོ་རྗེའི་སྒྲ་དང་དྲི༔ དགའ་བཞིའི་རོ་དང་ཞུ་བདེའི་རེག༔ ཆོས་དབྱིངས་རྒྱས་པར་བཀང་སྟེ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ས་པ་རི་ཝཱ་ར་བཛྲ་རཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་དྷརྨ་དྷཱ་ཏུ་ཨཱཿཧཱུྃ༔ ཧཱུྃ་ཧྲཱིཿ ལོག་རྟོག་དངོས་པོར་ཞེན་པའི་བདུད༔ ཡེ་ཤེས་བཅུད་ཀྱི་རྩི་ཡིས་སྦྱངས༔ སྡུག་བསྔལ་བདེ་ཆེན་ཤར་བ་ཡི༔ འཆི་མེད་བདུད་རྩི་སྨན་གྱིས་མཆོད༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ ཧཱུྃ་ཧྲཱིཿ དབྱིངས་ཀྱི་རང་རྩལ་ལོག་རྟོག་གིས༔ འཁྲུལ་པ་རང་རྒྱུད་བཟུང་བའི་དགྲ༔ ཆོས་ཉིད་འཕོ་མེད་དབྱིངས་བསྒྲལ་ཏེ༔ འཁོར་བའི་རྒྱུད་གཅོད་རཀྟ་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ་ཧྲཱིཿ ཚོགས་དྲུག་རྟོག་པའི་འགྱུ་བ་ཀུན༔ ཡེ་ཤེས་ཕྱག་རྒྱར་ཤར་བ་ལས༔ ལྔ་ལྡན་རྡོ་རྗེའི་འདོད་ཡོན་གཏེར༔ མི་ཟད་གཏོར་མའི་ཚོགས་ཀྱིས་མཆོད༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧིཿ ཧཱུྃ་ཧྲཱིཿ རྡོ་རྗེ་ཆགས་པ་ཀུནྡུ་རུས༔ ཤེས་རབ་པདྨར་མཉམ་སྦྱོར་བའི༔ གཉིས་མེད་ཡེ་ཤེས་ནམ་མཁའི་དཀྱིལ༔ མངོན་སུམ་གྱུར་པའི་ཚུལ་གྱིས་མཆོད༔ མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱིཿ ཧེ་རུ་ཀ་དཔལ་འབར་བ་ཆེ༔ རྡོ་རྗེའི་ཞེ་སྡང་མཚོན་ཆེན་པོས༔ གཟུང་འཛིན་རཱུ་དྲ་བསྒྲལ་བ་ཡི༔ ཤ་ཁྲག་རུས་པའི་ཚོགས་ཀྱིས་མཆོད༔ མ་ཧཱ་ཀྲོ་དྷ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ གཉིས་སྣང་རྟོག་པའི་བློ་ལས་འདས༔ ཡེ་ཤེས་ཟང་ཐལ་ཀུན་ལ་ཁྱབ༔ མཆོད་བྱ་མཆོད་བྱེད་བྲལ་བ་ཡི༔ རོལ་པའི་དམ་ཚིག་བླ་ན་མེད༔ དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱིཿ རྡོ་རྗེའི་ཡེ་ཤེས་སྣང་བ་ཆེ༔ འཕེལ་འགྲིབ་བྲལ་བའི་ཀློང་ཡངས་སུ༔ བྱིན་རླབས་གཟི་བརྗིད་དཔལ་དུ་འབར༔ འོད་གསལ་ཆོས་སྐུའི་བླ་མར་བསྟོད༔ བདེ་བ་ཆེན་པོ་རྡོ་རྗེ་སེམས༔ ལྔ་ལྡན་ཡེ་ཤེས་ཀུན་ཏུ་འཕྲོ༔ བདེ་ཆེན་ཁ་སྦྱོར་བདུན་གྱི་བདག༔ ལོངས་སྤྱོད་ལྷུན་རྫོགས་བླ་མར་བསྟོད༔ ཀུན་ཁྱབ་ཐུགས་རྗེའི་ཡེ་གདངས་ལས༔ རིག་རྩལ་དབང་བསྒྱུར་འཁོར་འདས་ཁྱབ༔ མི་ཟད་ཕན་བདེའི་སྤྲིན་སྤྲོ་བའི༔ འགྲོ་འདུལ་བླ་མའི་འཁོར་ལོར་བསྟོད༔ ཟབ་ཅིང་ཡངས་པའི་ཡོན་ཏན་གྱི༔ དཔལ་ཀུན་ལྷུན་གྱིས་གྲུབ་པའི་དབྱིངས༔ གཉིས་སུ་མེད་པར་ཡེ་སངས་རྒྱས༔ མི་འགྱུར་རྡོ་རྗེའི་བླ་མར་བསྟོད༔ སྐུ་གསུམ་ཡེ་ཤེས་རྒྱ་མཚོའི་དཔལ༔ གཉིས་སུ་མེད་པའི་ངོ་བོ་རུ༔ ཚོམ་བུའི་འཁོར་ལོ་བསམ་ཡས་སྤྲོ༔ རིག་འཛིན་རྒྱ་མཚོའི་ཚོགས་ལ་བསྟོད༔ གཙོ་བོའི་ཐུགས་ཀར་ཡེ་ཤེས་སེམས༔ འཇམ་དཔལ་གསེར་མདོག་ཕྱག་བཞི་པ༔ རལ་གྲི་པུསྟི་མདའ་གཞུ་འཛིན༔ གཉིས་མེད་ཡུམ་དང་སྦྱོར་བའི་ཐུགས༔ ཙིཏྟ་རིན་ཆེན་ཟུར་བརྒྱད་པའི༔ དབུས་སུ་དྷཱིཿཡིག་འཆར་ཀའི་མདངས༔ རྡོ་རྗེའི་ཡི་གེ་དྲུག་པས་མཚན༔ རང་བྱུང་སྔགས་ཀྱི་སྒྲ་ཆེན་པོ༔ སྐུ་གསུང་ཐུགས་གསུམ་དབྱེར་མེད་པའི༔ ཡེ་ཤེས་གཅིག་གི་ཆོ་འཕྲུལ་རྫོགས༔ ཨོཾ་གུ་རུ་ཛྙཱ་ན་ཨ་ར་པ་ཙ་ན་དྷཱིཿ རིག་པའི་རྡོ་རྗེའི་ཐུགས་ཀར་ཧཱུྃཿ ཡི་གེ་སྤྲིན་གྱི་འཁོར་ལོ་ཡིས༔ སྣོད་བཅུད་རྒྱུད་གསུམ་དག་མཉམ་གྱི༔ ཡེ་ཤེས་བཀོད་པ་ལྷུན་གྱིས་གྲུབ༔ ཨོཾ་གུ་རུ་ཛྙཱ་ན་བཛྲ་སཏྭ་ཧཱུྃཿ བློ་གསལ་བསྟན་སྐྱོང་ཐུགས་ཀ་རུ༔ ཨོཾ་ཨཱཿཧཱུྃ་ཧོ་ ཧཾཀྵམལཝརཡ ་སྭཱ་ཧཱཿ རྣམ་བཅུ་དབང་ལྡན་ཆེ་བ་པོ༔ ཕྱི་ནང་གཞན་གསུམ་གཅིག་ཏུ་དག༔ ཨོཾ་གུ་རུ་ཛྙཱ་ན་ཨོཾ་ཨཱཿཧཱུྃ་ཧོ་ ཧཾཀྵམལཝརཡ ་སྭཱ་ཧཱ་ཧཱུྃཿ པདྨ་གར་དབང་ཐུགས་ཀར་ཧཱུྃཿ རྡོ་རྗེ་སེམས་དཔའི་སྔགས་ཀྱིས་མཚན༔ ཆོས་ཀུན་འཕོ་མེད་བདེ་བ་ཆེའི༔ དཀྱིལ་འཁོར་ཉིད་ཀློང་ལྷུན་གྱིས་གྲུབ༔ ཨོཾ་གུ་རུ་ཛྙཱ་ན་ཧྲཱི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ྄༔ བདེ་ཆེན་གླིང་པའི་ཐུགས་ཀར་ཧཱུྃཿ དམར་གསལ་འབར་བའི་སྔགས་སྤྲིན་སྤྲོ༔ སྣང་སྲིད་ཁྲོ་བོ་འཆོལ་བ་ཆེའི༔ ཡེ་ཤེས་དཀྱིལ་འཁོར་གཅིག་ཏུ་དག༔ ཨོཾ་གུ་རུ་ཛྙཱ་ན་ཀྲོ་དྷ་ལོ་ཀོཏྟཱ་ར་ཧཱུྃ༔ བསྙེན་སྒྲུབ་ལས་གསུམ་དབྱེར་མེད་པ༔ རྡོ་རྗེའི་སྔགས་ཀྱི་སྒྲ་ཆེན་པོ༔ བཟླས་པས་བྱིན་རླབས་མཚན་མ་མཐོང༔ དངོས་གྲུབ་སྒོ་རྙེད་གདོན་མི་ཟ༔ ས་མ་ཡ༔ སྐབས་སུ་རྡོ་རྗེའི་ཕྱག་གིས་བསྟོད༔ ཧཱུྃཿ རྡོ་རྗེ་ཡེ་ཤེས་སྣང་བ་ཆེ༔ ཀུན་ཏུ་མཐའ་དབུས་མེད་པར་བརྡལ༔ རང་བྱུང་སངས་རྒྱས་ཐོག་མའི་མགོན༔ ཕྱག་འཚལ་རྡོ་རྗེ་གཟི་བརྗིད་ལའོ༔ ཧཱུྃཿ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ མཐའ་དབུས་མེད་པའི་དེ་བཞིན་ཉིད༔ ཀུན་ཏུ་རྡོ་རྗེའི་སྤྲིན་སྤྲོ་བའི༔ ཕྱག་འཚལ་རིག་པའི་རྡོ་རྗེ་ལའོ༔ ཧཱུྃཿ དང་པོའི་སངས་རྒྱས་ནམ་མཁའི་སྐུ༔ རིས་མེད་ཀུན་འཕྲོ་དུས་འཁོར་ལོ༔ རྡུལ་དང་དངོས་པོའི་ཆོས་ལས་འདས༔ ཕྱག་འཚལ་བློ་གསལ་བསྟན་སྐྱོང་ལའོ༔ ཧཱུྃཿ འཕོ་མེད་རྡོ་རྗེ་སྡོམ་པའི་དཔྱིད༔ ཨེ་ཝཾ་རྡོ་རྗེའི་སྒྲ་ཆེན་པོ༔ ཀུན་ཏུ་དགའ་བཞིའི་ཉམས་ཀྱིས་དགྱེས༔ ཕྱག་འཚལ་གར་གྱི་དབང་ཕྱུག་ལའོ༔ ཧཱུྃཿ རྡོ་རྗེའི་ཡེ་ཤེས་མཚོན་ཆེན་པོས༔ ཉོན་མོངས་བདུད་དགྲ་བདུད་འདུལ་བ༔ དཔལ་ཆེན་ཁྲོ་རྒྱལ་འཆོལ་བ་ཆེ༔ ཕྱག་འཚལ་བདེ་ཆེན་གླིང་པ་ལའོ༔ ཟབ་པ་ཆོས་ཀྱི་བླ་མ་ལ༔ རྡོ་རྗེའི་དབྱངས་ཀྱི་གླུས་བསྟོད་པས༔ ཡེ་ཤེས་དགོངས་པར་ལོངས་སྤྱོད་པའི༔ དངོས་གྲུབ་མཆོག་གིས་དགྱེས་པར་མཛོད༔ བཛྲ་མ་ཧཱ་གུ་རུ་མ་ཧཱ་ཛྙཱ་ན་དྷཱ་ཏུ་ཧཱུྃཿ ཧཱུྃ་ཧྲཱིཿ རྡོ་རྗེ་ཐབས་ཀྱི་དམ་ཚིག་རྫས༔ ཤེས་རབ་ཨེ་ཡི་བྷཉྫར་བསྐྱིལ༔ ཟུང་འཇུག་སེམས་སྤྲིན་མཁའ་ཁྱབ་པའི༔ ཡེ་ཤེས་ཚོགས་ཀྱི་འཁོར་ལོར་ཤར༔ ཨོཾ་ཨཱཿཧཱུྃཿ ཧཱུྃ་ཧྲཱིཿ ཀུན་བཟང་ཡངས་པ་དབྱིངས་ཀྱི་ཀློང༔ ཐུགས་རྗེ་རང་རྩལ་འགག་མེད་གཟུགས༔ སྐུ་གསུམ་བླ་མའི་འཁོར་ལོའི་སྤྲིན༔ བདེ་ཆེན་ཚོགས་ཀྱི་འདུ་བར་སྤྱོན༔ ཡེ་ཤེས་དབྱིངས་ནས་འདིར་གཤེགས་ལ༔ ཐབས་ཤེས་རྡོ་རྗེའི་དམ་ཚིག་རྫས༔ བཟའ་བཅའ་བཏུང་བའི་ཚོགས་ཆེན་པོ༔ ཀུན་ཏུ་ཟད་མི་ཤེས་པའི་མགྲོན༔ སྐུ་ནི་བདེ་སྟོང་རྡོ་རྗེའི་གར༔ བསྒྱུར་ཞིང་སྔགས་སྒྲ་སྒྲོག་པའི་གསུང༔ བདེ་བ་ཆེན་པོའི་ཡེ་ཤེས་ཐུགས༔ གཉིས་མེད་ཚོགས་ཀྱི་དགའ་སྟོན་བཞེས༔ སྣང་བ་བདེན་མེད་སྒྱུ་མའི་ཀློང༔ རིག་པ་གཏད་མེད་ཆོས་ཀྱི་སྐུར༔ འདུ་འབྲལ་མེད་པར་དགྱེས་ཚིམ་པའི༔ རྡོ་རྗེའི་དམ་ཚིག་ཆེན་པོར་རྫོགས༔ བཛྲ་མ་ཧཱ་གུ་རུ་ཛྙཱ་ན་མཎྜལ་ས་མ་ཡ་ཛ་ཛཿ ཨོཾ༔ སྣང་བཅས་འདོད་ཁམས་བྷཉྫ་རུ༔ ཕུང་ཁམས་ཚོགས་ཀྱི་དམ་རྫས་བཤམས༔ རྡོ་རྗེ་གདན་གསུམ་དཀྱིལ་འཁོར་དུ༔ འཆར་བའི་ཚོགས་ཀྱི་མཆོད་པ་བཞེས༔ སྐུ་ཡི་དམ་ཚིག་ཉམས་པ་བཤགས༔ ཟག་བཅས་རུ་ཏྲ་བདུད་བགེགས་བསྒྲལ༔ རྡོ་རྗེའི་སྐུ་ཡི་དངོས་གྲུབ་སྩོལ༔ བཛྲ་ཀཱ་ཡ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཨཱཿ ཕྱེད་སྣང་གཟུགས་ཁམས་བྷནྡྷ་རུ༔ རླུང་བཅུའི་ཚོགས་ཀྱི་དམ་རྫས་བཤམས༔ རྡོ་རྗེ་གཞོམ་མེད་གསུང་དཀྱིལ་དུ༔ འཆར་བའི་ཚོགས་ཀྱི་མཆོད་པ་བཞེས༔ གསུང་གི་དམ་ཚིག་ཉམས་པ་བཤགས༔ ལས་རླུང་གཟུང་འཛིན་རུ་ཏྲ་བསྒྲལ༔ རྡོ་རྗེའི་གསུང་གི་དངོས་གྲུབ་སྩོལ༔ བཛྲ་ཝཱཀ྄་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧཱུྃཿ མི་སྣང་གཟུགས་མེད་བྷཉྫ་རུ༔ དཀར་དམར་ཚོགས་ཀྱི་དམ་རྫས་བཤམས༔ ཞུ་བདེ་མི་རྟོག་ཐུགས་དཀྱིལ་དུ༔ འཆར་བ་ཚོགས་ཀྱི་མཆོད་པ་བཞེས༔ ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ འཕོ་འཛག་སྲེད་ལེན་རུ་ཏྲ་བསྒྲལ༔ རྡོ་རྗེའི་ཐུགས་ཀྱི་དངོས་གྲུབ་སྩོལ༔ བཛྲ་ཙིཏྟ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོཿ མི་ཕྱེད་རྡོ་རྗེའི་བྷཉྫ་རུ༔ སྲིད་དག་ཚོགས་ཀྱི་དམ་རྫས་བཤམས༔ ཡེ་ཤེས་འཁོར་ལོའི་རྒྱན་ཆེན་པོར༔ འཆར་བའི་ཚོགས་ཀྱི་མཆོད་པ་བཞེས༔ ཡེ་ཤེས་དམ་ཚིག་ཉམས་པ་བཤགས༔ སྣང་མཆེད་ཐོབ་པའི་རུ་ཏྲ་བསྒྲལ༔ མཆོག་གི་དངོས་གྲུབ་ཆེན་པོ་སྩོལ༔ བཛྲ་དྷཱ་ཏུ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཧོཿ མཚོན་བྱ་རྡོ་རྗེ་བཞི་ཡི་དབྱིངས༔ མཚོན་བྱེད་བཟའ་བཅའི་དམ་རྫས་བཤམས༔ ལྷག་པའི་བདེན་གཉིས་དབྱེར་མེད་པའི༔ ཡེ་ཤེས་ཆེན་པོའི་མཆོད་པ་བཞེས༔ གསང་གསུམ་དམ་ཚིག་ཉམས་པ་བཤགས༔ གཉིས་སྣང་བདག་རྟོག་རུ་ཏྲ་བསྒྲལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ བཛྲ་སུ་ཁ་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ དམ་ཚིག་ཚོགས་ཀྱི་རྫས་ལ་རོལ༔ བདེ་སྟོང་ཉམས་སྐྱོང་བརྟུལ་ཞུགས་ཀྱིས༔ རྟོགས་པའི་རྩལ་བསྐྱེད་ལྷ་ཚོགས་དགྱེས༔ དངོས་གྲུབ་དགའ་སྟོན་གླུ་ཡང་བླང༔ ཨོཾ་ཨཱཿཧཱུྃ༔ ཐབས་ཤེས་རྫས་ཀྱི་ལྷག་མ་འདི༔ དཀྱིལ་འཁོར་མུ་རན་སྐྱོང་ལ་འབུལ༔ སྣ་ཚོགས་སྣང་བའི་ལྷག་མ་འདི༔ སྐྱེ་མེད་དབྱིངས་ཀྱི་ཌཱ་ཀིར་འབུལ༔ ལས་རླུང་ཟད་པའི་ལྷག་མ་འདི༔ སྐྱེ་འཇུག་གཉིས་མེད་ཌཱ་ཀིར་འབུལ༔ འཕོ་བཅས་ཐིག་ལེའི་ལྷག་མ་འདི༔ འཕོ་མེད་ལྷན་སྐྱེས་ཌཱ་ཀིར་འབུལ༔ ཟག་པ་རང་ཟད་ཆོས་ཀྱི་སྐུར༔ བློ་བྲལ་རྡོ་རྗེའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་བྷ་ལིཾ་ཏ་ཁཱ་ཧིཿ ཧཱུྃ་ཧྲཱིཿ དབྱིངས་ལ་རྩོལ་རྟོག་མི་མངའ་ཡང༔ ཐུགས་རྗེ་ཡུལ་ལ་འཇུག་པའི་རྩལ༔ རིག་འཛིན་བླ་མའི་དཀྱིལ་འཁོར་རྣམས༔ ཡེ་ཤེས་དགོངས་པས་རྩལ་ཕྱུང་མཛོད༔ འཁོར་འདས་ཐིག་ལེ་གཅིག་བརྡལ་བའི༔ ཡེ་ཤེས་སྲོག་གི་སྙིང་པོའི་བཅུད༔ རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ནས༔ རིག་པ་རྩལ་གྱི་དབང་སྐུར་ཅིག༔ མི་མཐུན་དབྱིངས་ཞི་ཡོན་ཏན་རྒྱས༔ སྣང་སེམས་དབང་སྡུས་དགྲ་བགེགས་སྒྲོལ༔ མཆོག་ཐུན་དངོས་གྲུབ་མ་ལུས་པ༔ སྟན་ཐོག་གཅིག་ཏུ་སྩོལ་བར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནི་མཎྜལ་སརྦ་སིདྡྷི་ཕ་ལ་ཧོ༔ ཧཱུྃ་ཧྲཱིཿ ཐོག་མཐའ་མེད་པ་རྡོ་རྗེའི་དུས༔ སྐུ་གསུམ་ཡོན་ཏན་རྒྱ་མཚོ་ཡིས༔ ཡེ་ཤེས་རང་སྣང་ཞིང་ཁམས་སུ༔ གསང་ཆེན་རྡོ་རྗེའི་ཆོས་བསྟན་ཚེ༔ རིག་རྩལ་དྲེགས་ཚོགས་རྒྱུད་གསུམ་གྱིས༔ བསྟན་པ་སྲུང་བར་ཁས་བླངས་བཞིན༔ ཟག་མེད་རྒྱན་གྱི་མཆོད་གཏོར་བཞེས༔ ཐ་ཚིག་ཕོག་བཞིན་ཕྲིན་ལས་མཛོད༔ ཤྲཱི་དྷརྨཱ་པ་ལ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ་ཧྲཱིཿ འཕོ་བ་བཅུ་གཉིས་རྟེན་འབྲེལ་དུས༔ ཨ་ཝ་དྷཱུ་ཏིར་དག་པའི་གདངས༔ མ་མོ་རྟེན་འབྲེལ་བཅུ་གཉིས་རྣམས༔ དགའ་བཞིའི་བཤལ་ཆུ་འདི་བཞེས་ལ༔ ལུགས་འབྱུང་ཀླ་ཀློའི་གནོད་པ་བཟློག༔ བསྟན་པ་དར་བའི་ཕྲིན་ལས་མཛོད༔ མ་མ་ཧྲཱིཾ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧིཿ ཧཱུྃ་ཧྲཱིཿ ཡེ་ཤེས་ལྔ་ལྡན་ཧེ་རུ་ཀ༔ གཏུམ་ཆེན་རྔམ་པའི་བྲོ་བརྡུངས་པས༔ ལོག་རྟོག་དམ་སྲི་དཔུང་བཅས་ཀུན༔ རྣམ་ཐར་གསུམ་གྱི་དབྱིངས་སུ་མནན༔ སྟྭྃ་བྷ་ཡ་ནན༔ ཧཱུྃ་ཧྲཱིཿ ཀ་དག་ཆོས་སྐུའི་བླ་མ་རྗེའི༔ འཁྲུལ་པ་གཞིར་གྲོལ་དངོས་གྲུབ་སྩོལ༔ ལྷུན་གྲུབ་ལོངས་སྐུའི་བླ་མ་ཡིས༔ སྣང་བཞི་མཐར་ཕྱིན་དངོས་གྲུབ་སྩོལ༔ ཟུང་འཇུག་ཐུགས་རྗེའི་བླ་མ་ཡིས༔ འགྲོ་འདུལ་ཕྲིན་ལས་དངོས་གྲུབ་སྩོལ༔ དབྱེར་མེད་དོན་གྱི་བླ་མ་ཡིས༔ དབང་དང་དངོས་གྲུབ་ཀུན་སྩོལ་ཅིག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿསརྦ་སིདྡྷི་ཕ་ལ་ཧོཿ ཧཱུྃ་ཧྲཱིཿ དོན་ལ་འཁྲུལ་པ་མི་མངའ་ཡང༔ ལོག་རྟོག་འཁྲུལ་པ་བློས་བྱས་ཀྱི༔ ནོངས་པ་སྐྱེ་མེད་དབྱིངས་སུ་བཤགས༔ དག་ཅིང་ཚངས་པའི་དངོས་གྲུབ་སྩོལ༔ ཤུདྡྷེ་ཨ་ཨ་ཨཿ ཧཱུྃ་ཧྲཱིཿ ཡེ་ཤེས་ཕྱིར་གསལ་དཀྱིལ་འཁོར་ལྷ༔ ནང་དབྱིངས་གཞོན་ནུ་བུམ་སྐུར་ཐིམ༔ རིག་རྩལ་རྡོ་རྗེ་གསུམ་གྱི་དལ༔ དག་པ་ཆེན་པོའི་འཁོར་ལོར་ཤར༔ ཨོཾ་ཨཱཿཧཱུྃཿ བསོད་ནམས་ཡེ་ཤེས་ཚོགས་ཆེན་པོ༔ ཟུང་འཇུག་བླ་མའི་སྐུ་གསུང་ཐུགས༔ ལམ་དུ་བྱས་པའི་ལེགས་བྱས་དཔལ༔ ཆོས་དབྱིངས་ཀློང་དུ་བསྔོ་བར་བགྱི༔ སྐྱེ་ཀུན་བླ་མས་རྗེས་བཟུང་ཞིང༔ རྡོ་རྗེ་བཞི་ཡི་སྨིན་གྲོལ་གྱིས༔ གནས་སྐབས་རྣམ་བཞིའི་སྒྲིབ་བྱང་ནས༔ སྐུ་བཞིའི་དབྱིངས་སུ་སངས་རྒྱས་ཤོག༔ ཨོཾཿ རྡོ་རྗེའི་ཡེ་ཤེས་སྣང་བ་ཆེ༔ རིག་འཛིན་བླ་མའི་བྱིན་རླབས་ཀྱིས༔ སྐལ་ལྡན་སྙིང་ལ་སད་པ་ཡི༔ དགོངས་བརྒྱུད་ཐོབ་པའི་བཀྲ་ཤིས་ཤོག༔ རབ་འབྱམས་དངོས་གྲུབ་འདོད་དགུའི་དཔལ༔ ཡི་དམ་དཀྱིལ་འཁོར་རྒྱ་མཚོ་ཡིས༔ མི་ཟད་ཆར་དུ་བསྙིལ་ནས་ཀྱང༔ དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག༔ རྨད་བྱུང་ཕྲིན་ལས་ནུས་མཐུའི་རྩལ༔ མཁའ་འགྲོ་དམ་ཅན་ཆོས་སྲུང་གིས༔ ཐོགས་མེད་སྒྲུབ་པའི་ཕྲིན་ལས་ཀྱིས༔ བསྟན་འགྲོའི་དཔལ་འཕེལ་བཀྲ་ཤིས་ཤོག༔ གནས་སྐབས་དགེ་ལེགས་དཔལ་ཀུན་རྒྱས༔ མཐར་ཐུག་མི་སློབ་རྡོ་རྗེའི་སར༔ ཕྱམ་གཅིག་མངོན་སངས་རྒྱས་ནས་ཀྱང༔ དབྱེར་མེད་བྱང་ཆུབ་བཀྲ་ཤིས་ཤོག༔ ཕྱི་ལྟར་རིག་འཛིན་བླ་མ་ལྔ༔ ནང་ལྟར་དཀྱིལ་འཁོར་འཁོར་ལོས་སྒྱུར༔ ངེས་དོན་ཡེ་ཤེས་གཅིག་པུའི་གཟུགས༔ སྒྲུབ་པའི་ཐབས་ཚུལ་རྨད་བྱུང་བ༔ ཟབ་འདྲིལ་སྙིང་པོའི་ལམ་འདི་ནི༔ མཆོག་གི་རིག་འཛིན་མདོ་སྔགས་གླིང༔ ཡེ་ཤེས་ཆེན་པོས་བྱིན་བརླབས་པའི༔ རིག་པ་འཛིན་པའི་རྒྱུད་ལ་འཕོ༔ བརྡ་ཐབས་རྟེན་འབྲེལ་རྨད་བྱུང་བའི༔ སྒོ་འཕར་རྩོལ་མེད་ཕྱེ་བའི་ཚེ༔ གཏན་ལ་ཕབ་པས་དོན་ཡོད་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་རང་བྱུང་ཧེ་རུ་ཀ་མཆེད་ལྔའི་རྡོ་རྗེའི་གསང་བ་ཆེན་པོས་བཀོད་པའི་ཆོ་འཕྲུལ་ཐམས་ཅད་མཁྱེན་གཟིགས་རྗེ་བཙུན་བླ་མ་འོད་གསལ་སྤྲུལ་པའི་རྡོ་རྗེའི་དག་ཆེན་འོད་གསལ་སྒྱུ་མའི་གཟིགས་སྣང་དང་མཐུན་པའི་རིག་འཛིན་བླ་མའི་ཀུན་བཟང་དོན་གྱི་ཕྲིན་ལས་འདི་ཉིད་མདོ་ཁམས་བོད་ཆེན་པོའི་ཤར་ཕྱོགས་ཀྱི་ཆ་རྫོང་གསར་བཀྲ་ཤིས་ལྷ་རྩེ་ནས་བྲིས་ཏེ་འཇམ་དཔའི་རྡོ་རྗེ་ཀུན་གཟིགས་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང༌། ཀཿཐོག་སི་ཏུ་མཆོག་སྤྲུལ་བྱམས་ཆེན་ཆོས་ཀྱི་ཉི་མ་སོགས་ལ་རང་གཏེར་སྨིན་བྱེད་ཐམས་ཅད་ཀྱི་ཐོག་མར་དགྱེས་བསྐྱེད་ཆོས་ཀྱི་མཆོད་སྤྲིན་དུ་ཕུལ་བས་ལེགས་པའི་རྟེན་འབྱུང་གི་སྒོ་འཕར་ཡངས་པོར་ཕྱེ་སྟེ་མདོ་སྨད་གསར་རྙིང་གི་མཁས་གྲུབ་སྐྱེས་ཆེན་དུ་མས་སྨིན་གྲོལ་བཞེས་ཤིང༌། རྫོགས་རིམ་རྡོ་རྗེའི་ཚིག་རྐང་གི་ཁྲིད་ཡིག་བཅས་བྲིས་ཀྱང་དུས་ཀྱི་འགྱུར་བ་ཆེན་པོས་དཔེ་མི་མངོན་དབྱིངས་སུ་རྒྱས་ཐེབས་པ། རང་ལོ་དྲུག་ཅུ་རྩ་བདུན་ལ་མཐའ་ཡི་རྒྱལ་ཁབ་ཨ་རིའི་ཞིང་ཆེན་ཀ་ལི་ཕོར་ནི་ཡའི་བྷེར་ཀི་ལེར་དབོ་ཟླའི༢དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཚེས་ཉེར་ལྔ་དགེ་བར་ལྗོན་བཟང་མེ་ཏོག་གི་འཁྲི་ཤིང་གིས་བསྐོར་བའི་ལྡུམ་རར་དྷརྨ་དྷཱ་ཏུའི་ཆོས་སྒར་དུ་གཉུག་མའི་ཆོས་ཀྱི་རང་སྒྲ་སྒྲོག་བཞིན་པར་བྲིས་པ་ཟབ་གསང་རྡོ་རྗེའི་གསང་བས་འགྲོ་ཀུན་ཟུང་འཇུག་གི་རྒྱལ་ཐབས་ལ་དབུགས་དབྱུང་བའི་རྒྱུ་ཁོ་ནར་གྱུར་ཅིག །མངྒ་ལཾ། དགེའོ།། །།
[edit]

skya__shrI he ru ka mched lnga'i thugs tig bzhugs so: skya__rang rig gnyug ma chos kyi dbyings:_don gyi he ru ka chen po:_ro gcig rtogs pas phyag 'tshal nas:_de nyid sgrub pa'i thabs mchog bstan:_sa ma ya:_dur khrod gangs ljongs dben pa'i sar:_nges 'byung dad dang blo gros kyis:_rtse gcig ting 'dzin gnad gcun pas:_sngon dngos rjes kyi nyams su len:_na mo:_'khor 'das chos rnams ma lus kun:_rig stong gnyug ma chos kyi dbyings:_rang rig bla ma he ru ka:_rang ngo shes pas skyabs su mchi:_hoH_gdod nas dag pa'i de bzhin nyid:_ma rtogs glo bur 'khrul pa'i 'gro:_ye shes dbyings su sgrol ba'i phyir:_gnyis med mnyam par sems bskyed do:_aH_sku gsum 'du 'bral med pa'i lhar:_phyag 'tshal cir snang ye shes su:_dag pa'i mchod 'bul blos byas bshags:_zag med rang rig rjes yi rang:_zab gsal gnyis med chos 'khor bskor:_'pho med rtag par bzhugs gsol 'debs:_dge tshogs 'od gsal chos kyi dbyings:_mnyam pa chen por yongs su bsngo:_sku gsum ye rdzogs thob par shog:_hU~M:_khyab brdal chos sku'i pho brang du:_rang rig dpal gyi bka' byung bas:_gnyis snang bgegs tshogs phyir dengs shig:_ye shes rdo rjes mtshams bcad do:_badz+ra dz+nyA na rak+Sha b+h+rU~M:_hU~M hrIH_ngo bo chos sku'i pho brang nas:_skye med bla ma gshegs su gsol:_rang grol chen por byin phob la:_'od gsal mchog gi dngos grub stsol:_rang bzhin longs sku'i pho brang nas:_'gag med bla ma gshegs su gsol:_khyab brdal chen po'i byin phob la:_'khor 'das mnyam pa'i dngos grub stsol:_thugs rje sprul sku'i pho brang nas:_'gro 'dul bla ma gshegs su gsol:_gnyis su med par byin phob la:_dgongs brgyud rtogs pa'i dngos grub stsol:_cir snang bla ma'i ye shes dal:_rdo rje gsum gyi 'khor lor rdzogs:_bar chad bdud tshogs dbyings su sgrol:_rang rtsal mchog thun dngos grub stsol:_mnyam yangs brdal ba chen po yi:_byin phob dbang bskur klong grol shog:_oM AHhU~M badz+ra ma hA gu ru dz+nyA na maN+Da la a be sha ya a aH_pheM pheMH_hrIM hrIMH_dzaHhU~M ba~M hoH_oM AHhU~M:_snang srid kun bzang rgyan gyi zhing:_ye shes bkod pa blo las 'das:_bsam mi khyab pa'i mchod pa che:_gdod nas 'du 'bral med par rdzogs:_oM AHhU~M sarba dz+nyA na pU dza sa ma ya hoH_aH_shin tu rnam dag chos kyi dbyings:_mtha' dbus kun bral de bzhin nyid:_blo las 'das pa'i ye shes ni:_stong gsal bsam mi khyab pa'o:_d+harma d+hA tu a:_rgya chad phyogs lhung bral ba yi:_rang byung thugs rje kun la khyab:_'gag med snying rje'i sprin chen po:_mtha' dbus med par kun tu brdal:_ma hA ka ru NI ka ho:_zung 'jug ye shes rdo rje sems:_ma lus dkyil 'khor 'byung ba'i gnas:_rab 'byams rigs rnams kun gyi bdag:_thog ma tha ma med pa'o:_dz+nyA na satwa g+har+b+ha hU~M:_ye shes de yi cho 'phrul las:_snod bcud cir snang rgyan gyi zhing:_ye shes rang snang gzhal med khang:_'ja' zer thig le'i sprin chen po:_zang thal 'phel 'grib bral bar shar:_dag pa'i snod bcud rdo rje dbyings:_ye shes sgyu 'phrul drwa ba yi:_snang ba chen por lhun stug pa:_rtag tu 'phel 'grib med par shar:_rang bzhin sprul pa'i skyed mos tshal:_lta na lhun stug dkyil 'khor dbus:_sangs rgyas kun gyi ye shes sku:_'od gsal sprul pa'i rdo rje ni:_ye shes gzi byin mtshungs pa med:_phyag g.yas shes rab ral gri 'phyar:_g.yon pas 'chi med tshe bum bsnams:_ye shes lta stangs dbyings la gzir:_ma hA gser gyi rus sbal steng:_rgyal po rol pa'i stabs su 'gyings:_shar du mi bskyod rdo rje sems:_rig pa'i rdo rje dkar gsal mdzes:_phyag g.yas DA ru g.yon thod chang:_glang chen thal dkar steng du brjid:_lho ru blo gsal bstan pa skyong:_ser gsal dus kyi 'khor lo dang:_gnyis med gri gug thod khrag bsnams:_seng ge'i khri la rol stabs bzhugs:_nub du bde chen 'khor lo sdom:_pad+ma gar gyi dbang phyug rtsal:_dmar gsal rdo rje dril bu bsnams:_g.yu 'brug 'khyil pa chibs su rol:_byang du 'chol ba'i khro rgyal che:_mchog gyur bde chen gling pa ni:_ljang nag gtum khro rdo rje dang:_phur pa'i mtshon 'chang stag la chibs:_kun kyang he ru ka yi chas:_rus rgyan stag sham dar dpyang 'phyang:_khro 'dzum rdo rje'i lta stangs gzir:_lhan skyes ye shes zil gyis brjid:_brtul zhugs rol pa'i gar dang bcas:_'ja' zer 'od kyi thig le'i klong:_rig rtsal sprul sku bsam mi khyab:_bar mtshams mkha' spyod sa spyod dang:_sa 'og spyod pa'i mkha' 'gro ma:_dpa' bo mkha' 'gro'i tshogs dang bcas:_mthing dmar dkar ser ljang gu'i mdog:_DA dril 'khrol zhing rus rgyan dang:_stag sham zhing lpags gos su gyon:_zhi chags mkha' 'gro'i nyams dang bcas:_ma nges bkod pa cir yang ston:_steng mkhar rig 'dzin bla ma dang:_yi dam rgyud sde bzhi drug gi:_tshom bu'i 'khor lo bsam yas dang:_mtha' skor rdo rje'i chos srung tshogs:_til gong kha bye lta bu yi:_tshom bu'i bkod pa bsam mi khyab:_kun kyang snang stong rol pa'i ngang:_rdo rje'i rgyud dang sngags kyi sgra:_bde stong cho 'phrul cir yang ston:_snang srid lha dang bla ma yi:_ye shes gcig tu lhun gyis grub:_mi phyed rdo rje gsum gyi ngang:_ye shes rigs kyi dbang bskur rdzogs:_oM AHhU~M:_hU~M oM trAM hrIHA:_hU~M hrIH_'og min chos dbyings pho brang nas:_dpal mgon bla ma gshegs su gsol:_ye shes dgongs nyams cher bskyed la:_brgyud gsum chig rdzogs byin gyis rlobs:_mtha' dbus bral ba'i pho brang nas:_yi dam lha tshogs gshegs su gsol:_bkod pa bsam yas cho 'phrul gyis:_mchog thun dngos grub ma lus stsol:_thugs gsung sku yi pho brang nas:_gnas gsum mkha' 'gro gshegs su gsol:_bde stong 'du 'bral med pa yis:_phrin las lhun gyis grub par mdzod:_rig rtsal thogs med pho brang nas:_brgyud gsum chos srung gshegs su gsol:_tshar gcod rjes 'dzin phrin las kyis:_don gnyis 'bad med grub par mdzod:_dbyings nas spyan drangs rtsa gsum lhas:_sgrub mchog bdag la dbang bzhi bskur:_bgegs dang log 'dren bar chad sol:_mchog dang thun mong dngos grub stsol:_oM AHhU~M badz+ra gu ru d+he wa DA ki ni maN+Da la sa pa ri wA ra e h+ye hi:_sa ma ya hoH_sa ma ya s+t+wa~M:_hU~M hU~M hU~MH_hU~M hrIH_snang bcas dam tshig dkyil 'khor lhar:_ye shes dbyings kyi sems dpa' rnams:_'du 'bral med par dgyes bzhugs shing:_gnyis med mnyam pa'i phyag gis 'dud:_sa ma ya tiSh+Tha lhan:_na mo na ma mi:_hU~M hrIH_yul dbang tha mal gzung 'dzin las:_rnam grol ye shes gcig gi mdangs:_rdo rje'i longs spyod mchod pa'i sprin:_kun bzang sgyu 'phrul dra bar 'bul:_oM AHhU~M badz+ra gu ru d+he ba DA ki ni sa pa ri wA ra badz+ra ar+g+haM nas/_shab+da sarba pU dza sa ma ya hoH_hU~M hrIH_snang stong bde gsal sgyu ma'i gzugs:_gzhom med rdo rje'i sgra dang dri:_dga' bzhi'i ro dang zhu bde'i reg:_chos dbyings rgyas par bkang ste 'bul:_oM AHhU~M badz+ra gu ru d+he wa DA ki ni sa pa ri wA ra badz+ra rU pa shab+da gan+d+he rA sa spar+she d+harma d+hA tu AHhU~M:_hU~M hrIH_log rtog dngos por zhen pa'i bdud:_ye shes bcud kyi rtsi yis sbyangs:_sdug bsngal bde chen shar ba yi:_'chi med bdud rtsi sman gyis mchod:_ma hA a mr-i ta khA hi:_hU~M hrIH_dbyings kyi rang rtsal log rtog gis:_'khrul pa rang rgyud bzung ba'i dgra:_chos nyid 'pho med dbyings bsgral te:_'khor ba'i rgyud gcod rak+ta 'bul:_ma hA rak+ta khA hi:_hU~M hrIH_tshogs drug rtog pa'i 'gyu ba kun:_ye shes phyag rgyar shar ba las:_lnga ldan rdo rje'i 'dod yon gter:_mi zad gtor ma'i tshogs kyis mchod:_ma hA ba liM ta khA hiH_hU~M hrIH_rdo rje chags pa kun+du rus:_shes rab pad+mar mnyam sbyor ba'i:_gnyis med ye shes nam mkha'i dkyil:_mngon sum gyur pa'i tshul gyis mchod:_ma hA su kha pU dza ho:_hU~M hrIH_he ru ka dpal 'bar ba che:_rdo rje'i zhe sdang mtshon chen pos:_gzung 'dzin rU dra bsgral ba yi:_sha khrag rus pa'i tshogs kyis mchod:_ma hA kro d+ha pU dza hoH_hU~M hrIH_gnyis snang rtog pa'i blo las 'das:_ye shes zang thal kun la khyab:_mchod bya mchod byed bral ba yi:_rol pa'i dam tshig bla na med:_d+harma d+hA tu pU dza ho:_hU~M hrIH_rdo rje'i ye shes snang ba che:_'phel 'grib bral ba'i klong yangs su:_byin rlabs gzi brjid dpal du 'bar:_'od gsal chos sku'i bla mar bstod:_bde ba chen po rdo rje sems:_lnga ldan ye shes kun tu 'phro:_bde chen kha sbyor bdun gyi bdag:_longs spyod lhun rdzogs bla mar bstod:_kun khyab thugs rje'i ye gdangs las:_rig rtsal dbang bsgyur 'khor 'das khyab:_mi zad phan bde'i sprin spro ba'i:_'gro 'dul bla ma'i 'khor lor bstod:_zab cing yangs pa'i yon tan gyi:_dpal kun lhun gyis grub pa'i dbyings:_gnyis su med par ye sangs rgyas:_mi 'gyur rdo rje'i bla mar bstod:_sku gsum ye shes rgya mtsho'i dpal:_gnyis su med pa'i ngo bo ru:_tshom bu'i 'khor lo bsam yas spro:_rig 'dzin rgya mtsho'i tshogs la bstod:_gtso bo'i thugs kar ye shes sems:_'jam dpal gser mdog phyag bzhi pa:_ral gri pusti mda' gzhu 'dzin:_gnyis med yum dang sbyor ba'i thugs:_tsit+ta rin chen zur brgyad pa'i:_dbus su d+hIHyig 'char ka'i mdangs:_rdo rje'i yi ge drug pas mtshan:_rang byung sngags kyi sgra chen po:_sku gsung thugs gsum dbyer med pa'i:_ye shes gcig gi cho 'phrul rdzogs:_oM gu ru dz+nyA na a ra pa tsa na d+hIH_rig pa'i rdo rje'i thugs kar hU~MH_yi ge sprin gyi 'khor lo yis:_snod bcud rgyud gsum dag mnyam gyi:_ye shes bkod pa lhun gyis grub:_oM gu ru dz+nyA na badz+ra satwa hU~MH_blo gsal bstan skyong thugs ka ru:_oM AHhU~M ho ha[1$0000240]k+Shamalawaraya[1$0000300\u0f83] swA hAH_rnam bcu dbang ldan che ba po:_phyi nang gzhan gsum gcig tu dag:_oM gu ru dz+nyA na oM AHhU~M ho ha[1$0000240]k+Shamalawaraya[1$0000300\u0f83] swA hA hU~MH_pad+ma gar dbang thugs kar hU~MH_rdo rje sems dpa'i sngags kyis mtshan:_chos kun 'pho med bde ba che'i:_dkyil 'khor nyid klong lhun gyis grub:_oM gu ru dz+nyA na hrI ha ha hU~M hU~M phaTa?:_bde chen gling pa'i thugs kar hU~MH_dmar gsal 'bar ba'i sngags sprin spro:_snang srid khro bo 'chol ba che'i:_ye shes dkyil 'khor gcig tu dag:_oM gu ru dz+nyA na kro d+ha lo kot+tA ra hU~M:_bsnyen sgrub las gsum dbyer med pa:_rdo rje'i sngags kyi sgra chen po:_bzlas pas byin rlabs mtshan ma mthong:_dngos grub sgo rnyed gdon mi za:_sa ma ya:_skabs su rdo rje'i phyag gis bstod:_hU~MH_rdo rje ye shes snang ba che:_kun tu mtha' dbus med par brdal:_rang byung sangs rgyas thog ma'i mgon:_phyag 'tshal rdo rje gzi brjid la'o:_hU~MH_rdo rje sems dpa' nam mkha' che:_mtha' dbus med pa'i de bzhin nyid:_kun tu rdo rje'i sprin spro ba'i:_phyag 'tshal rig pa'i rdo rje la'o:_hU~MH_dang po'i sangs rgyas nam mkha'i sku:_ris med kun 'phro dus 'khor lo:_rdul dang dngos po'i chos las 'das:_phyag 'tshal blo gsal bstan skyong la'o:_hU~MH_'pho med rdo rje sdom pa'i dpyid:_e waM rdo rje'i sgra chen po:_kun tu dga' bzhi'i nyams kyis dgyes:_phyag 'tshal gar gyi dbang phyug la'o:_hU~MH_rdo rje'i ye shes mtshon chen pos:_nyon mongs bdud dgra bdud 'dul ba:_dpal chen khro rgyal 'chol ba che:_phyag 'tshal bde chen gling pa la'o:_zab pa chos kyi bla ma la:_rdo rje'i dbyangs kyi glus bstod pas:_ye shes dgongs par longs spyod pa'i:_dngos grub mchog gis dgyes par mdzod:_badz+ra ma hA gu ru ma hA dz+nyA na d+hA tu hU~MH_hU~M hrIH_rdo rje thabs kyi dam tshig rdzas:_shes rab e yi b+hany+dzar bskyil:_zung 'jug sems sprin mkha' khyab pa'i:_ye shes tshogs kyi 'khor lor shar:_oM AHhU~MH_hU~M hrIH_kun bzang yangs pa dbyings kyi klong:_thugs rje rang rtsal 'gag med gzugs:_sku gsum bla ma'i 'khor lo'i sprin:_bde chen tshogs kyi 'du bar spyon:_ye shes dbyings nas 'dir gshegs la:_thabs shes rdo rje'i dam tshig rdzas:_bza' bca' btung ba'i tshogs chen po:_kun tu zad mi shes pa'i mgron:_sku ni bde stong rdo rje'i gar:_bsgyur zhing sngags sgra sgrog pa'i gsung:_bde ba chen po'i ye shes thugs:_gnyis med tshogs kyi dga' ston bzhes:_snang ba bden med sgyu ma'i klong:_rig pa gtad med chos kyi skur:_'du 'bral med par dgyes tshim pa'i:_rdo rje'i dam tshig chen por rdzogs:_badz+ra ma hA gu ru dz+nyA na maN+Dal sa ma ya dza dzaH_oM:_snang bcas 'dod khams b+hany+dza ru:_phung khams tshogs kyi dam rdzas bshams:_rdo rje gdan gsum dkyil 'khor du:_'char ba'i tshogs kyi mchod pa bzhes:_sku yi dam tshig nyams pa bshags:_zag bcas ru tra bdud bgegs bsgral:_rdo rje'i sku yi dngos grub stsol:_badz+ra kA ya ga Na tsakra pU dza ho:_AH_phyed snang gzugs khams b+han+d+ha ru:_rlung bcu'i tshogs kyi dam rdzas bshams:_rdo rje gzhom med gsung dkyil du:_'char ba'i tshogs kyi mchod pa bzhes:_gsung gi dam tshig nyams pa bshags:_las rlung gzung 'dzin ru tra bsgral:_rdo rje'i gsung gi dngos grub stsol:_badz+ra wAka? ga Na tsakra pU dza ho:_hU~MH_mi snang gzugs med b+hany+dza ru:_dkar dmar tshogs kyi dam rdzas bshams:_zhu bde mi rtog thugs dkyil du:_'char ba tshogs kyi mchod pa bzhes:_thugs kyi dam tshig nyams pa bshags:_'pho 'dzag sred len ru tra bsgral:_rdo rje'i thugs kyi dngos grub stsol:_badz+ra tsit+ta ga Na tsakra pU dza ho:_hoH_mi phyed rdo rje'i b+hany+dza ru:_srid dag tshogs kyi dam rdzas bshams:_ye shes 'khor lo'i rgyan chen por:_'char ba'i tshogs kyi mchod pa bzhes:_ye shes dam tshig nyams pa bshags:_snang mched thob pa'i ru tra bsgral:_mchog gi dngos grub chen po stsol:_badz+ra d+hA tu ga Na tsakra pU dza ho:_hoH_mtshon bya rdo rje bzhi yi dbyings:_mtshon byed bza' bca'i dam rdzas bshams:_lhag pa'i bden gnyis dbyer med pa'i:_ye shes chen po'i mchod pa bzhes:_gsang gsum dam tshig nyams pa bshags:_gnyis snang bdag rtog ru tra bsgral:_mchog dang thun mong dngos grub stsol:_badz+ra su kha ma hA ga Na tsakra pU dza ho:_dam tshig tshogs kyi rdzas la rol:_bde stong nyams skyong brtul zhugs kyis:_rtogs pa'i rtsal bskyed lha tshogs dgyes:_dngos grub dga' ston glu yang blang:_oM AHhU~M:_thabs shes rdzas kyi lhag ma 'di:_dkyil 'khor mu ran skyong la 'bul:_sna tshogs snang ba'i lhag ma 'di:_skye med dbyings kyi DA kir 'bul:_las rlung zad pa'i lhag ma 'di:_skye 'jug gnyis med DA kir 'bul:_'pho bcas thig le'i lhag ma 'di:_'pho med lhan skyes DA kir 'bul:_zag pa rang zad chos kyi skur:_blo bral rdo rje'i phrin las mdzod:_oM uts+tshiSh+Ta b+ha liM ta khA hiH_hU~M hrIH_dbyings la rtsol rtog mi mnga' yang:_thugs rje yul la 'jug pa'i rtsal:_rig 'dzin bla ma'i dkyil 'khor rnams:_ye shes dgongs pas rtsal phyung mdzod:_'khor 'das thig le gcig brdal ba'i:_ye shes srog gi snying po'i bcud:_rdo rje gsum gyi dkyil 'khor nas:_rig pa rtsal gyi dbang skur cig:_mi mthun dbyings zhi yon tan rgyas:_snang sems dbang sdus dgra bgegs sgrol:_mchog thun dngos grub ma lus pa:_stan thog gcig tu stsol bar mdzod:_oM AHhU~M badz+ra gu ru d+he wa DA ki ni maN+Dal sarba sid+d+hi pha la ho:_hU~M hrIH_thog mtha' med pa rdo rje'i dus:_sku gsum yon tan rgya mtsho yis:_ye shes rang snang zhing khams su:_gsang chen rdo rje'i chos bstan tshe:_rig rtsal dregs tshogs rgyud gsum gyis:_bstan pa srung bar khas blangs bzhin:_zag med rgyan gyi mchod gtor bzhes:_tha tshig phog bzhin phrin las mdzod:_shrI d+harmA pa la ba liM ta khA hi:_hU~M hrIH_'pho ba bcu gnyis rten 'brel dus:_a wa d+hU tir dag pa'i gdangs:_ma mo rten 'brel bcu gnyis rnams:_dga' bzhi'i bshal chu 'di bzhes la:_lugs 'byung kla klo'i gnod pa bzlog:_bstan pa dar ba'i phrin las mdzod:_ma ma hrIM hrIM ba liM ta khA hiH_hU~M hrIH_ye shes lnga ldan he ru ka:_gtum chen rngam pa'i bro brdungs pas:_log rtog dam sri dpung bcas kun:_rnam thar gsum gyi dbyings su mnan:_s+t+wa~M b+ha ya nan:_hU~M hrIH_ka dag chos sku'i bla ma rje'i:_'khrul pa gzhir grol dngos grub stsol:_lhun grub longs sku'i bla ma yis:_snang bzhi mthar phyin dngos grub stsol:_zung 'jug thugs rje'i bla ma yis:_'gro 'dul phrin las dngos grub stsol:_dbyer med don gyi bla ma yis:_dbang dang dngos grub kun stsol cig:_oM AHhU~M hrIHsarba sid+d+hi pha la hoH_hU~M hrIH_don la 'khrul pa mi mnga' yang:_log rtog 'khrul pa blos byas kyi:_nongs pa skye med dbyings su bshags:_dag cing tshangs pa'i dngos grub stsol:_shud+d+he a a aH_hU~M hrIH_ye shes phyir gsal dkyil 'khor lha:_nang dbyings gzhon nu bum skur thim:_rig rtsal rdo rje gsum gyi dal:_dag pa chen po'i 'khor lor shar:_oM AHhU~MH_bsod nams ye shes tshogs chen po:_zung 'jug bla ma'i sku gsung thugs:_lam du byas pa'i legs byas dpal:_chos dbyings klong du bsngo bar bgyi:_skye kun bla mas rjes bzung zhing:_rdo rje bzhi yi smin grol gyis:_gnas skabs rnam bzhi'i sgrib byang nas:_sku bzhi'i dbyings su sangs rgyas shog:_oMH_rdo rje'i ye shes snang ba che:_rig 'dzin bla ma'i byin rlabs kyis:_skal ldan snying la sad pa yi:_dgongs brgyud thob pa'i bkra shis shog:_rab 'byams dngos grub 'dod dgu'i dpal:_yi dam dkyil 'khor rgya mtsho yis:_mi zad char du bsnyil nas kyang:_don gnyis lhun grub bkra shis shog:_rmad byung phrin las nus mthu'i rtsal:_mkha' 'gro dam can chos srung gis:_thogs med sgrub pa'i phrin las kyis:_bstan 'gro'i dpal 'phel bkra shis shog:_gnas skabs dge legs dpal kun rgyas:_mthar thug mi slob rdo rje'i sar:_phyam gcig mngon sangs rgyas nas kyang:_dbyer med byang chub bkra shis shog:_phyi ltar rig 'dzin bla ma lnga:_nang ltar dkyil 'khor 'khor los sgyur:_nges don ye shes gcig pu'i gzugs:_sgrub pa'i thabs tshul rmad byung ba:_zab 'dril snying po'i lam 'di ni:_mchog gi rig 'dzin mdo sngags gling:_ye shes chen pos byin brlabs pa'i:_rig pa 'dzin pa'i rgyud la 'pho:_brda thabs rten 'brel rmad byung ba'i:_sgo 'phar rtsol med phye ba'i tshe:_gtan la phab pas don yod 'gyur:_sa ma ya:_rgya rgya rgya:_brda thim:_zhes rang byung he ru ka mched lnga'i rdo rje'i gsang ba chen pos bkod pa'i cho 'phrul thams cad mkhyen gzigs rje btsun bla ma 'od gsal sprul pa'i rdo rje'i dag chen 'od gsal sgyu ma'i gzigs snang dang mthun pa'i rig 'dzin bla ma'i kun bzang don gyi phrin las 'di nyid mdo khams bod chen po'i shar phyogs kyi cha rdzong gsar bkra shis lha rtse nas bris te 'jam dpa'i rdo rje kun gzigs chos kyi blo gros rin po che dang*/_kaHthog si tu mchog sprul byams chen chos kyi nyi ma sogs la rang gter smin byed thams cad kyi thog mar dgyes bskyed chos kyi mchod sprin du phul bas legs pa'i rten 'byung gi sgo 'phar yangs por phye ste mdo smad gsar rnying gi mkhas grub skyes chen du mas smin grol bzhes shing*/_rdzogs rim rdo rje'i tshig rkang gi khrid yig bcas bris kyang dus kyi 'gyur ba chen pos dpe mi mngon dbyings su rgyas thebs pa/_rang lo drug cu rtsa bdun la mtha' yi rgyal khab a ri'i zhing chen ka li phor ni ya'i b+her ki ler dbo zla'i2dmar phyogs mkha' 'gro 'du ba'i dus tshes nyer lnga dge bar ljon bzang me tog gi 'khri shing gis bskor ba'i ldum rar d+harma d+hA tu'i chos sgar du gnyug ma'i chos kyi rang sgra sgrog bzhin par bris pa zab gsang rdo rje'i gsang bas 'gro kun zung 'jug gi rgyal thabs la dbugs dbyung ba'i rgyu kho nar gyur cig_/mang+ga laM/_dge'o//__//

Footnotes

Other Information