DKR-KABUM-05-CA-030

From Khyentse Lineage - A Tsadra Foundation Project
Revision as of 16:30, 11 November 2022 by Mort (talk | contribs)

Wylie title ' DKR-KABUM-05-CA-030.pdf
Location dil mgo mkhyen brtse bka' 'bum
Volume 5, Text 30, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle སྡིག་པའི་རྒྱ་ཅན་ (sdig pa'i rgya can)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
[edit]
༄༅། སྡིག་པའི་རྒྱ་ཅན་ལས། གུ་རུ་དྲག་པོ་བགེགས་དཔུང་ཀུན་འཇོམས་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་བཀླག་ཆོག་ཏུ་བཀོད་པ་དབང་དྲག་དགྱེས་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ།། ༄༅། མཆོག་ཏུ་མི་འགྱུར་ཡེ་ཤེས་ཐུགས་རྗེའི་རྩལ། །གར་དགུའི་རྣམ་འགྱུར་བསྐལ་མེའི་ཀླུབས་ལྟ་བུའི། །མི་སྲུན་ནག་པོའི་ཚང་ཚིང་བསྲེག་མཛད་ལྷར། །བཏུད་ནས་ཕྲིན་ལས་དབང་གི་ཆོ་ག་དབྱེ། །སྙིགས་མའི་གདུལ་བྱ་ནང་དུ་དུག་གསུམ་ཆེས་རགས་པས་ཕྱི་རུ་རྒྱལ་བསེན་དམ་སྲིའི་སྡེ་བརྒྱད་ཀྱི་གནོད་པ་ཀུན་ཐུབ་གུ་རུ་དྲག་པོ་བགེགས་དཔུང་ཀུན་འཇོམས་སྒྲུབ་པར་འདོད་པས། གནས་ཁང་རྒྱན་གྱིས་སྤྲས་པར་གཞུང་མཐུན་སྐུ་རྟེན་བཀྲམ་པའི་མདུན་དུ་སྟེགས་ཡངས་པར་སྟ་གོན་གྱི་ཐོག་མ་ས་ལྷའི་གཏོར་མ་བཤམ་བསྔོ་ནས་བཟུང་ལྷ་སྟ་གོན་བར་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལྟར་བྱ་ཞིང༌། ལྷ་སྟ་གོན་ལ་ཚོམ་བུ་ལྔ། །དེ་རྒྱབ་ཕྱོགས་བཞིར་བཞི་བཀོད་པ་དང༌། བུམ་པ་སྟ་གོན་ལ། རྣམ་བུམ་དང༌། ལས་བུམ་གཉིས་ཀྱིས་འཐུས། བུམ་ལྷ་བསྐྱེད་སྐབས། གུ་རུ་དྲག་པོ་བགེགས་དཔུང་ཀུན་འཇོམས་དབང་དྲག་པདྨ། རིགས་བཞིའི་ཁྲག་འཐུང་བཞི། སྒོ་མ་དང་བཅས་པ་མཚོ་རྫིང་དྭངས་པར་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། སྔགས་ཙམ་གྱིས་མཆོད། བསྟོད་པ་ནི། །ཆོས་སྐུ་སྐྱེ་བ་མེད་པ་ལས། །འགག་མེད་ཁྲོ་གཏུམ་གར་གྱིས་རོལ། །ཟིལ་གནོན་པདྨ་ཐོད་ཕྲེང་རྩལ། །འཁོར་དང་བཅས་ལ་གུས་པས་བསྟོད། །སྔགས། ཨོཾ་ཨཱཿཧཱུྃ་ཨརྩིཀ་ནིརྩིཀ་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ། ཨཿཧཱུྃ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་བཛྲ་ཡཀྴ་ཧཱུྃ་ཕཊ། ཞེས་བཟླ། ལས་བུམ་དུ། སྐད་ཅིག་གིས་ཁྲོ་བོ་རྟ་མགྲིན་དམར་ནག་ཞལ་གཅིག་ཕྱག་གཉིས་གཡས་བེ་ཅོན་དང་གཡོན་པདྨ་འཛིན་པ་གསལ་བའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབ་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླས་མཐར།ལས་ཀྱི་ལྷ་དཀྱིལ་འཁོར་གྱི་བྱ་བ་མཐར་མ་ཕྱིན་བར་བགེགས་བཟློག་པའི་ཕྲིན་ལས་མཛོད་ཅིག །ཅེས་བརྗོད་པས་ཆུ་དབང་དྲག་གི་རང་བཞིན་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་བར་བསམ། སློབ་མ་སྟ་གོན་ལ་སྤྱིར་བཀའ་བརྒྱད་ལྟར་ལ་ཆོས་བཤད་ཀྱི་ཁྱད་པར། འོག་མིན་པདྨོ་བཀོད་པའི་ཞིང་དུ་གར་གྱི་དབང་ཕྱུག་པདྨ་ཞི་ཁྲོའི་བཀོད་པ་བསམ་གྱིས་མི་ཁྱབ་པས་པདྨ་གསུང་གི་རྒྱུད་མན་ངག་དང་བཅས་པ་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པ་ནས་སྨུག་ནག་དབང་གི་མཁའ་འགྲོས་པདྨ་གསུང་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྒྱུད་ཕྱི་མ་ཕྱི་མའི་མན་ངག་གི་རྒྱུད་ལ་སོགས་པ་སློབ་དཔོན་ནཱ་གརྫུ་ན་དང༌། ཨོ་རྒྱན་སངས་རྒྱས་གཉིས་པ་ལ་གཏད་དེ་མན་ངག་གི་སྙིང་པོ་ཐམས་ཅད་པདྨ་གསུང་གི་བཀའ་བབ་ངན་ལམ་རྒྱལ་བ་མཆོག་དབྱངས་རྗེ་འབངས་གྲོགས་གསུམ་སོགས་ལ་བསྟན་ཏེ། དངོས་གྲུབ་བརྙེས་ཤིང་ཟབ་པའི་སྙིང་པོ་ཐམས་ཅད་བོད་ཡུལ་ཕྱི་མའི་གདུལ་བྱ་ལ་དགོངས་པས་གཏེར་དུ་སྦས་པ་སྨོན་ལམ་དང་ཕྲིན་ལས་དུས་ལ་བབ་པའི་ཚེ། ལས་ཅན་སོ་སོའི་སྐལ་པར་སྤྱན་དྲངས་ནས་སྣང་བར་མཛད་དེ་བསྟན་དང་འགྲོ་བའི་རྒུད་པ་སེལ་ཞིང་དངོས་གྲུབ་ཀྱི་དཔལ་ལ་སྤྱོད་པ་བར་མ་ཆད་པ་ལས་སྐབས་སུ་བབ་པ་འདི་ནི་རྒྱལ་མཆོག་པད་དཀར་འཛིན་པ་ཀུན་མཁྱེན་རྡོ་རྗེ་ཐོགས་མེད་ཀྱི་དག་སྣང་གི་གསང་མཛོད་ལས་བྱོན་པ་གུ་རུ་དྲག་པོ་བགེགས་དཔུང་ཀུན་འཇོམས་ཀྱི་དབང་བསྐུར་བ་ལ། སྔོན་འགྲོ་སྟ་གོན་གྱི་རིམ་པ་ཞུ་བའི་ཆེད་དུ་མཎྜལ་ཕུལ། དེ་ནས་བརྩམས་ལྷ་སྔགས་ཀྱི་རྣམ་པ་ཁ་བསྒྱུར་ཅུང་ཟད་ལས་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལྟར་བྱ། དངོས་གཞིའི་དབང་དེ་བཞིན་ལས། ལོ་རྒྱུས་ཀྱི་ཁྱད་པར། དེ་ལ་སྐབས་སུ་བབ་པའི་གསན་བྱའི་ཆོས་ཐེག་པ་ཆེ་ཆུང་གསར་རྙིང་བཀའ་གཏེར་གྱི་རིང་ལུགས་མཐའ་ཡས་པ་ལས་འདིར་གསང་སྔགས་རྡོ་རྗེ་ཐེག་པ་ཟབ་པ་གཏེར་གྱི་ཆོས་ཡིན། དེ་ལ་ཡང་རྩ་བ་གསུམ་སྤྱི་དང་བྱེ་བྲག་གི་མཆོག་ཐུན་དངོས་གྲུབ་སྒྲུབ་པའི་ཚུལ་མཐའ་ཡས་བཞུགས་པ་ལས། སྐབས་འདིར་བྱིན་རླབས་ཀྱི་རྩ་བ་བླ་མ་སྒྲུབ་པ་སྟེ། དེ་ལའང་ཕྱི་ནང་གསང་བ་ཡང་གསང་གི་སྒྲུབ་ཚུལ་བཞི་ལས། ཡང་གསང་བླ་མ་དྲག་པོར་སྒྲུབ་པ་སྟེ། དེ་ནི་གུ་རུ་ཉིད་ཀྱི་རྡོ་རྗེའི་གསུང་ལས། ཁྱད་པར་བྱིན་རླབས་དངོས་གྲུབ་མྱུར་འདོད་ན༔ པདྨ་ང་བསྒོམ་མཆོད་དང་སུས་བསྒྲུབ་པ༔ ཇི་ལྟར་ཡིད་བཞིན་ནོར་བུ་རིན་ཆེན་ལས༔ དགོས་འདོད་ཐམས་ཅད་ངང་གིས་འབྱུང་བ་བཞིན༔ རྒྱལ་བ་རྒྱ་མཚོས་བྱིན་རླབས་བུ་བཞིན་སྲུང༔ དམ་ཅན་མཁའ་འགྲོས་དངོས་གྲུབ་ཆར་ལྟར་འབེབས༔ སྣང་སྲིད་དྲེགས་པས་ཅི་བསྒོའི་ལས་རྣམས་སྒྲུབ༔ ཕྲིན་ལས་ལྷུན་གྲུབ་མཐའ་ཡས་སེམས་ཅན་སྒྲོལ༔ དེ་ལྟར་ཐམས་ཅད་བདག་ཉིད་བསྟེན་ལས་འབྱུང༔ ཞེས་དང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས། ནམ་ཞིག་དུས་ཀྱི་ཐ་མ་ལ༔ རྒྱལ་བསེན་རླུང་ལྟར་འཚུབས་དུས་སུ༔ ཧེ་རུ་ཀས་ཀྱང་གདུལ་བར་དཀའ༔ དེ་ཕྱིར་དྲག་པོའི་སྒྲུབ་པ་བརྩམ༔ ཞེས་གསུངས་པ་ལྟར་སྙིགས་མའི་གདུལ་བྱའི་རྒྱུད་ཉོན་མོངས་པ་དུག་གསུམ་རགས་པས་རང་རྟགས་ཕྱིར་རྒྱལ་ཁམས་ཀུན་ཏུ་ནད་མུག་མཚོན་གྱིས་ཆེས་སྡང་བའི་ཚེ་གཉེན་པོ་འགྲན་ཟླ་མེད་པ་གུ་རུ་དྲག་པོའི་སྒྲུབ་ཐབས་ཏེ། རྡོ་རྗེའི་གསུང་ལས། དེ་དུས་རྡོ་རྗེ་དྲག་པོ་རྩལ༔ ཨོ་རྒྱན་ང་ཡི་སྒྲུབ་ཐབས་འདི༔ སུས་འཆང་འཛིན་པ་ང་རང་དངོས༔ དེ་ལ་བར་གཅོད་ག་ལ་ཚུགས༔ རྡོ་རྗེ་ཕ་ལམ་རལ་གྲི་འདྲ༔ དཔལ་རི་འོད་ཀྱི་རྩེ་མོ་ནས༔ དེ་ལ་གཡེང་བ་མེད་པར་སྐྱོབ༔ ཅེས་བསྔགས་པ་ལྟར་ཀུན་མཁྱེན་རྡོ་རྗེ་ཐོགས་མེད་ཀྱི་དག་སྣང་སྡིག་པའི་རྒྱ་ཅན་ལས་བྱུང་བའི་དྲག་དམར་བགེགས་དཔུང་མཐར་བྱེད་ཀྱི་དངོས་གཞིའི་དབང་བསྐུར་ཞུ་བའི་ཆེད་དུ་མཎྜལ་ཕུལ། བྱིན་འབེབས་ཀྱི་སློབ་མ་ལྷར་བསྐྱེད་སྐབས། བསང་སྦྱང༌། སྟོང་པའི་ངང་ལས་ཆུ་ལས་ཆུ་བུར་བརྡོལ་བ་ལྟར་སློབ་མ་རྣམས་ཁྲག་འཐུང་ཡོངས་ཀྱི་རྗེ་བཙན་དབང་དྲག་རོལ་པའི་སྐུར་གྱུར་པ་ནི། སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་འབར་བ་ཞལ་གསུམ་གཡས་དཀར་གཡོན་སྔོ་དབུས་དམར་ནག །ཕྱག་དྲུག་གི་གཡས་གསུམ། རྡོ་རྗེ། རལ་གྲི། འཁོར་ལོ། གཡོན་གསུམ་བྷན་དམར། ཁ་ཊྭཱཾ། སྡིག་པ་བསྣམས་པ། ཞབས་བཞི་གཡས་བསྐུམ། གཡོན་བརྐྱང་བའི་དྲག་ཤུལ་ཆེན་པོའི་སྟབས་ཀྱིས་རྒྱལ་བསེན་ཕོ་མོའི་གདན་ལ་རོལ་པ། དཔལ་དང་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་གྱུར་པའི་དཔྲལ་བར་ཨོཾ་སོགས་བཀའ་བརྒྱད་ལྟར་རོ། །ཐུན་མོང་རིག་པའི་དབང་ལྔ་གྲུབ་པའི་རྗེས། སླར་ཡང་ཕྱིར་མི་ལྡོག་པ་འཁོར་ལོའི་དབང་གི་ཆེད་དུ་དབང་གི་ལྷ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རྣམ་པར་རྒྱལ་བའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ཤིག །རྣམ་རྒྱལ་བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃཿ བླ་མེད་བདུད་རྩིས་རབ་གང་ཆུ། །དུག་ལྔ་ཀུན་འཇོམས་བུམ་པ་ཡིས། །བུ་ཁྱོད་ལ་ནི་དབང་བསྐུར་བས། །ཡེ་ཤེས་ལྔ་རྫོགས་ལྷུན་གྲུབ་ཤོག །རྩ་སྔགས་མཇུག་ཏུ། ཨོཾ་ཧཱུྃ་སྭཱ་ཨྃ་ཧཱ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་བས་ལུས་ཐམས་ཅད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་འགྱུར་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་སྐལ་བ་ཅན་དུ་བྱས་སོ། །རིགས་ལྔའི་ཕྱག་མཚན་རིམ་པ་བཞིན་གཏད་ལ། ཧཱུྃ། གཏི་མུག་ཅན་གྱི་སེམས་ཅན་རྣམས། །འདུལ་བའི་ཕྱིར་དུ་འཁོར་ལོ་བྱིན། །ཞེ་སྡང་ཅན་གྱི་སེམས་ཅན་རྣམས། །འདུལ་བའི་ཕྱིར་དུ་རྡོ་རྗེ་བྱིན། །སེར་སྣ་ཅན་གྱི་སེམས་ཅན་རྣམས། །འདུལ་བའི་ཕྱིར་དུ་རིན་ཆེན་བྱིན། །འདོད་ཆགས་ཅན་གྱི་སེམས་ཅན་རྣམས། །འདུལ་བའི་ཕྱིར་དུ་པདྨ་བྱིན། །ཕྲག་དོག་ཅན་གྱི་སེམས་ཅན་རྣམས། །འདུལ་བའི་ཕྱིར་དུ་རྒྱ་གྲམ་བྱིན། །དེ་ལྟར་རིགས་ལྔའི་ཕྱག་མཚན་གཏད་པས་རིགས་ལྔའི་དཀྱིལ་འཁོར་རབ་འབྱམས་ཀྱིས་རང་གཞན་གྱི་དོན་གཉིས་སྒྲུབ་པ་ལ་དབང་ཐོབ་པའོ། །དབང་ཕྱི་མ་གསུམ་ཀ་ཡང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ཇི་ལྟ་བ་བཞིན་ཚིག་ཟུར་བསྒྱུར། སྨད་ལས་བསྒྲལ་དབང་ནི། སློབ་མའི་མདུན་དུ་བྲུབ་ཁུང་ལིངྒ་དང་བཅས་པ་བཞག །ལག་ཏུ་གཡབ་དར་གཏད་ལ། བདག་མདུན་གྱི་ལྷ་ཚོགས་ལ་མོས་གུས་དྲག་ཏུ་བསྐྱེད་པས་སོགས་ནས་བླ་མ་རིག་འཛིན་གྱི་བསྒྲལ་དབང་ལྟར་ལ། བདེན་བརྗོད་སྐབས། ཁྱད་པར་ཆེ་མཆོག་པདྨ་དམར་ནག་མེ་ཡི་ཕྲེང་བ་ཅན་ཞེས་བསྒྱུར། ཕུར་གདབ་ཀྱི་ཚིགས་བཅད། ཧཱུྃ། ཆེ་མཆོག་པདྨ་ཐོད་ཕྲེང་རྩལ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་གདེངས། །གཡོན་པ་ཕུར་བུས་དགྲ་སྙིང་གཟིར། །གདོན་བགེགས་སྙིང་ལ་མཱ་ར་ཡ༔ ཨོཾ་ཨཱཿཧཱུྃ། ཨརྩིཀ་ནིརྩིཀ་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ་ཨཿཧཱུྃ་ཧཱུྃ་ཕཊཿ ཨ་ཡ་མ་དུ་རུ་ཙ་ཤ་ན་བཛྲ་ཡཀྴ་ཧཱུྃ་ཕཊ། བཛྲ་ཀཱི་ལ་ཡ་གདོན་བགེགས་ཀྱི་སྲོག་ལ་མཱ་ར་ཡ་ཕཊ། མེ་ཧོཾ་མི་དགོས། དབང་དྲག་འབར་བའི་ལྷ་ཚོགས་འཁོར་དང་བཅས་པ་ཞལ་གནམ་ས་ཙམ་དུ་གདངས་ནས་བཞུགས་པ་ལ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བདུད་རྩིའི་རྒྱ་མཚོར་སྤར་བ་ཞལ་དུ་བསྟབས་པས་དགྱེས་པའི་བཞད་སྒྲ་དང་བཅས་ཏེ་ལྷག་མེད་དུ་རོལ་པར་གྱུར། ཧཱུྃ། དབང་དྲག་པདྨའི་ལྷ་ཚོགས་རྣམས། །གནམ་ས་ཙམ་གྱི་ཞལ་ནང་དུ། །གདོན་བགེགས་འབྱུང་པོའི་ཤ་ཁྲག་རྣམས། །ལྷག་མེད་བསྟབ་བོ་ཁ་རཾ་ཁཱ་ཧི། ཨོཾ་ཨཱཿཧཱུྃ། ཨརྩིཀ་ནིརྩིཀ་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊཿཨཿཧཱུྃ་ཧཱུྃ་ཕཊཿ ཨ་ཡ་མ་དུ་རུ་ཙ་ཤ་ན་བཛྲ་ཡཀྴ་ཧཱུྃ་ཕཊ། མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། དྲེགས་པའི་སྲོག་དབང་ནི། བཀའ་བརྒྱད་དྲེགས་འདུལ་གྱི་དྲེགས་པའི་སྲོག་དབང་སྐབས་ལྟར་ལ། སྔགས། ཨརྩིཀ་ནིརྩིཀ་སྦྱར་བའི་ཁྱད་པར་རོ། །དམ་ཚིག་ཁས་བླང༌། གཏང་རག །ལུས་འབུལ། དགེ་བསྔོ་བཅས་དབང་ཆོག་སྤྱི་ལྟར་བྱ་ཞིང༌། ཆོ་གའི་རྗེས་རིམ་གཤིན་རྗེ་ལྟར་རོ། །འགྱུརྃ་མེདྃ་ཞི་བའི་དབྱིངས་ལས་སྙིང་རྗེའི་རྩལ། །དབང་དྲག་པདྨ་དྲག་པོའི་སྨིན་བྱེད་བཅུད། །ཐེགྃ་མཆོགྃ་བསྟནྃ་པའིྃ་རྒྱལྃ་མཚནྃ་བསྒྲེངས་འདིས་ཀྱང༌། །ནག་ཕྱོགས་དཔུང་ལས་རྒྱལ་བའི་མཚན་རྟགས་རྨད། །གུ་རུ་དྲག་པོ་བགེགས་དཔུང་ཀུན་འཇོམས་ཀྱི་དབང་དང་སྒྲུབ་ཐབས་བཅས་ཀྱི་ལེའུ་ཚན་ནོ།། །།
[edit]

@#/_sdig pa'i rgya can las/_gu ru drag po bgegs dpung kun 'joms sgrub thabs dbang bskur dang bcas pa bklag chog tu bkod pa dbang drag dgyes pa'i rol mtsho zhes bya ba bzhugs so// @#/_mchog tu mi 'gyur ye shes thugs rje'i rtsal/_/gar dgu'i rnam 'gyur bskal me'i klubs lta bu'i/_/mi srun nag po'i tshang tshing bsreg mdzad lhar/_/btud nas phrin las dbang gi cho ga dbye/_/snyigs ma'i gdul bya nang du dug gsum ches rags pas phyi ru rgyal bsen dam sri'i sde brgyad kyi gnod pa kun thub gu ru drag po bgegs dpung kun 'joms sgrub par 'dod pas/_gnas khang rgyan gyis spras par gzhung mthun sku rten bkram pa'i mdun du stegs yangs par sta gon gyi thog ma sa lha'i gtor ma bsham bsngo nas bzung lha sta gon bar bka' brgyad rig 'dzin zhal lung ltar bya zhing*/_lha sta gon la tshom bu lnga/_/de rgyab phyogs bzhir bzhi bkod pa dang*/_bum pa sta gon la/_rnam bum dang*/_las bum gnyis kyis 'thus/_bum lha bskyed skabs/_gu ru drag po bgegs dpung kun 'joms dbang drag pad+ma/_rigs bzhi'i khrag 'thung bzhi/_sgo ma dang bcas pa mtsho rdzing dwangs par gza' skar shar ba bzhin skad cig gis gsal bar gyur/_sngags tsam gyis mchod/_bstod pa ni/_/chos sku skye ba med pa las/_/'gag med khro gtum gar gyis rol/_/zil gnon pad+ma thod phreng rtsal/_/'khor dang bcas la gus pas bstod/_/sngags/_oM AHhU~M artsika nirtsika na mo b+ha ga wa te hU~M hU~M phaT/_aHhU~M hU~M phaT:_a ya ma du ru tsa sha na badz+ra yak+sha hU~M phaT/_zhes bzla/_las bum du/_skad cig gis khro bo rta mgrin dmar nag zhal gcig phyag gnyis g.yas be con dang g.yon pad+ma 'dzin pa gsal ba'i sku las rdo rje bdud rtsi'i rgyun dpag tu med pa bab pas bum pa gang bar gyur/_oM badz+ra kro d+ha h+ya gr-I wa hu lu hu lu hU~M phaT/_ces ci nus bzlas mthar/las kyi lha dkyil 'khor gyi bya ba mthar ma phyin bar bgegs bzlog pa'i phrin las mdzod cig_/ces brjod pas chu dbang drag gi rang bzhin chu'i rdul phra rab tu gyur bar bsam/_slob ma sta gon la spyir bka' brgyad ltar la chos bshad kyi khyad par/_'og min pad+mo bkod pa'i zhing du gar gyi dbang phyug pad+ma zhi khro'i bkod pa bsam gyis mi khyab pas pad+ma gsung gi rgyud man ngag dang bcas pa mchod rten chen po bde byed brtsegs pa nas smug nag dbang gi mkha' 'gros pad+ma gsung gi sku gsung thugs yon tan phrin las kyi rgyud phyi ma phyi ma'i man ngag gi rgyud la sogs pa slob dpon nA gardzu na dang*/_o rgyan sangs rgyas gnyis pa la gtad de man ngag gi snying po thams cad pad+ma gsung gi bka' bab ngan lam rgyal ba mchog dbyangs rje 'bangs grogs gsum sogs la bstan te/_dngos grub brnyes shing zab pa'i snying po thams cad bod yul phyi ma'i gdul bya la dgongs pas gter du sbas pa smon lam dang phrin las dus la bab pa'i tshe/_las can so so'i skal par spyan drangs nas snang bar mdzad de bstan dang 'gro ba'i rgud pa sel zhing dngos grub kyi dpal la spyod pa bar ma chad pa las skabs su bab pa 'di ni rgyal mchog pad dkar 'dzin pa kun mkhyen rdo rje thogs med kyi dag snang gi gsang mdzod las byon pa gu ru drag po bgegs dpung kun 'joms kyi dbang bskur ba la/_sngon 'gro sta gon gyi rim pa zhu ba'i ched du maN+Dal phul/_de nas brtsams lha sngags kyi rnam pa kha bsgyur cung zad las bka' brgyad rig 'dzin zhal lung ltar bya/__dngos gzhi'i dbang de bzhin las/_lo rgyus kyi khyad par/_de la skabs su bab pa'i gsan bya'i chos theg pa che chung gsar rnying bka' gter gyi ring lugs mtha' yas pa las 'dir gsang sngags rdo rje theg pa zab pa gter gyi chos yin/__de la yang rtsa ba gsum spyi dang bye brag gi mchog thun dngos grub sgrub pa'i tshul mtha' yas bzhugs pa las/_skabs 'dir byin rlabs kyi rtsa ba bla ma sgrub pa ste/_de la'ang phyi nang gsang ba yang gsang gi sgrub tshul bzhi las/_yang gsang bla ma drag por sgrub pa ste/_de ni gu ru nyid kyi rdo rje'i gsung las/_khyad par byin rlabs dngos grub myur 'dod na:_pad+ma nga bsgom mchod dang sus bsgrub pa:_ji ltar yid bzhin nor bu rin chen las:_dgos 'dod thams cad ngang gis 'byung ba bzhin:_rgyal ba rgya mtshos byin rlabs bu bzhin srung:_dam can mkha' 'gros dngos grub char ltar 'bebs:_snang srid dregs pas ci bsgo'i las rnams sgrub:_phrin las lhun grub mtha' yas sems can sgrol:_de ltar thams cad bdag nyid bsten las 'byung:_zhes dang*/_mkha' 'gro ye shes mtsho rgyal gyi zhal nas/_nam zhig dus kyi tha ma la:_rgyal bsen rlung ltar 'tshubs dus su:_he ru kas kyang gdul bar dka':_de phyir drag po'i sgrub pa brtsam:_zhes gsungs pa ltar snyigs ma'i gdul bya'i rgyud nyon mongs pa dug gsum rags pas rang rtags phyir rgyal khams kun tu nad mug mtshon gyis ches sdang ba'i tshe gnyen po 'gran zla med pa gu ru drag po'i sgrub thabs te/_rdo rje'i gsung las/_de dus rdo rje drag po rtsal:_o rgyan nga yi sgrub thabs 'di:_sus 'chang 'dzin pa nga rang dngos:_de la bar gcod ga la tshugs:_rdo rje pha lam ral gri 'dra:_dpal ri 'od kyi rtse mo nas:_de la g.yeng ba med par skyob:_ces bsngags pa ltar kun mkhyen rdo rje thogs med kyi dag snang sdig pa'i rgya can las byung ba'i drag dmar bgegs dpung mthar byed kyi dngos gzhi'i dbang bskur zhu ba'i ched du maN+Dal phul/_byin 'bebs kyi slob ma lhar bskyed skabs/_bsang sbyang*/_stong pa'i ngang las chu las chu bur brdol ba ltar slob ma rnams khrag 'thung yongs kyi rje btsan dbang drag rol pa'i skur gyur pa ni/_sku mdog dmar nag dus mtha'i me ltar 'bar ba zhal gsum g.yas dkar g.yon sngo dbus dmar nag_/phyag drug gi g.yas gsum/_rdo rje/_ral gri/_'khor lo/_g.yon gsum b+han dmar/_kha T+wAM/_sdig pa bsnams pa/_zhabs bzhi g.yas bskum/_g.yon brkyang ba'i drag shul chen po'i stabs kyis rgyal bsen pho mo'i gdan la rol pa/_dpal dang dur khrod rol pa'i chas thams cad kyis brgyan pa/_che btsan 'gran zla dang bral ba'i skur gyur pa'i dpral bar oM sogs bka' brgyad ltar ro/__/thun mong rig pa'i dbang lnga grub pa'i rjes/_slar yang phyir mi ldog pa 'khor lo'i dbang gi ched du dbang gi lha rnams kyis bkra shis pa'i rnam pa du ma dang ldan pas rnam par rgyal ba'i bum pa bdud rtsi'i chu rgyun gyis gang bas dbang bskur bar mos shig_/rnam rgyal bum pa spyi bor bzhag ste/_hU~MH_bla med bdud rtsis rab gang chu/_/dug lnga kun 'joms bum pa yis/_/bu khyod la ni dbang bskur bas/_/ye shes lnga rdzogs lhun grub shog_/rtsa sngags mjug tu/_oM hU~M swA a~M hA a b+hi Shiny+tsa hU~M/_zhes dbang bskur bas lus thams cad bdud rtsi'i chu rgyun gyis gang bas nyon mongs pa lnga dag_/phung po lnga gnas 'gyur ye shes lnga mngon du gyur pa'i skal ba can du byas so/__/rigs lnga'i phyag mtshan rim pa bzhin gtad la/_hU~M/_gti mug can gyi sems can rnams/_/'dul ba'i phyir du 'khor lo byin/_/zhe sdang can gyi sems can rnams/_/'dul ba'i phyir du rdo rje byin/_/ser sna can gyi sems can rnams/_/'dul ba'i phyir du rin chen byin/_/'dod chags can gyi sems can rnams/_/'dul ba'i phyir du pad+ma byin/_/phrag dog can gyi sems can rnams/_/'dul ba'i phyir du rgya gram byin/_/de ltar rigs lnga'i phyag mtshan gtad pas rigs lnga'i dkyil 'khor rab 'byams kyis rang gzhan gyi don gnyis sgrub pa la dbang thob pa'o/__/dbang phyi ma gsum ka yang bka' brgyad rig 'dzin zhal lung ji lta ba bzhin tshig zur bsgyur/_smad las bsgral dbang ni/_slob ma'i mdun du brub khung ling+ga dang bcas pa bzhag_/lag tu g.yab dar gtad la/_bdag mdun gyi lha tshogs la mos gus drag tu bskyed pas sogs nas bla ma rig 'dzin gyi bsgral dbang ltar la/_bden brjod skabs/_khyad par che mchog pad+ma dmar nag me yi phreng ba can zhes bsgyur/_phur gdab kyi tshigs bcad/_hU~M/_che mchog pad+ma thod phreng rtsal/_/phyag g.yas rdo rje rtse lnga gdengs/_/g.yon pa phur bus dgra snying gzir/_/gdon bgegs snying la mA ra ya:_oM AHhU~M/_artsika nirtsika na mo b+ha ga wa te hU~M hU~M phaT aHhU~M hU~M phaTaH_a ya ma du ru tsa sha na badz+ra yak+sha hU~M phaT/_badz+ra kI la ya gdon bgegs kyi srog la mA ra ya phaT/_me hoM mi dgos/_dbang drag 'bar ba'i lha tshogs 'khor dang bcas pa zhal gnam sa tsam du gdangs nas bzhugs pa la/_dgra bgegs bsgral ba'i sha khrag bdud rtsi'i rgya mtshor spar ba zhal du bstabs pas dgyes pa'i bzhad sgra dang bcas te lhag med du rol par gyur/_hU~M/_dbang drag pad+ma'i lha tshogs rnams/_/gnam sa tsam gyi zhal nang du/_/gdon bgegs 'byung po'i sha khrag rnams/_/lhag med bstab bo kha raM khA hi/_oM AHhU~M/_artsika nirtsika na mo b+ha ga wa te hU~M hU~M phaTaHaHhU~M hU~M phaTaH_a ya ma du ru tsa sha na badz+ra yak+sha hU~M phaT/_ma hA maM sa la khA hi/_ma hA rak+ta la khA hi/_dregs pa'i srog dbang ni/_bka' brgyad dregs 'dul gyi dregs pa'i srog dbang skabs ltar la/_sngags/_artsika nirtsika sbyar ba'i khyad par ro/__/dam tshig khas blang*/_gtang rag_/lus 'bul/_dge bsngo bcas dbang chog spyi ltar bya zhing*/_cho ga'i rjes rim gshin rje ltar ro/__/'gyura~M meda~M zhi ba'i dbyings las snying rje'i rtsal/_/dbang drag pad+ma drag po'i smin byed bcud/_/thega~M mchoga~M bstana~M pa'i~M rgyala~M mtshana~M bsgrengs 'dis kyang*/_/nag phyogs dpung las rgyal ba'i mtshan rtags rmad/_/gu ru drag po bgegs dpung kun 'joms kyi dbang dang sgrub thabs bcas kyi le'u tshan no//__//

Footnotes

Other Information