JKCL-KABUM-11-DA-045

From Khyentse Lineage - A Tsadra Foundation Project
Revision as of 18:10, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-11-DA-045.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "da"., Text 45, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "DA" is not a number.

1 Texts in this Section (sde tshan or chos tshan)

"DA" is not a number.

[edit]
སྔགས་བདག་ཚེ་འཛིན་རྒྱལ་མོའི་སྐོང་བ་སྔགས་བདག་དགྱེས་རོལ་ཅེས་བྱ་བ་བཞུགས་སོ། །བསྐང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབ། བཛྲ་སྥ་ར་ཎ་ཁཾ། གིས་རྒྱས་པར་སྤེལ། ཧྲཱི་མ་བྷྱོ་ཛཿཡེ་ཤེས་དབྱིངས་ཀྱི་རོལ་པ་ལས། །མ་མོ་ཡོངས་ཀྱི་རྫི་མོ་ཆེ། །རྣམ་འཕྲུལ་ཅིར་ཡང་སྟོན་མཛད་མ། །སྔགས་ཀྱི་བདག་མོ་དབང་མཛད་རྒྱལ། །སྒྲུབ་ལ་ཚེ་ཡི་མཆོག་སྩོལ་མ། །དབང་མཛད་ཌཱ་ཀི་འབུམ་སྡེའི་ཚོགས། །དར་གྱི་ཅོད་པན་པུ་རུ་རུ། །རིན་ཆེན་རྒྱན་ཆ་སི་ལི་ལི། །གདུ་བུ་མང་པོ་ཁྲོ་ལོ་ལོ། །ཅང་ཏེ་དྲིལ་གཡེར་སྙན་པར་སྒྲོགས། །སྣ་ཚོགས་རོལ་མོའི་སྒྲ་དང་བཅས། །མ་ཐོགས་མྱུར་དུ་གནས་འདིར་གཤེགས། །སྣ་ཚོགས་པད་ཉི་བཾ་རོ་དང་། །རིན་ཆེན་ཁྲི་རྐང་དར་འབོལ་དང་། །རང་རང་དགྱེས་པའི་གདན་ལ་བཞུགས། ཧཱུྃ། ཁྱེད་ལ་ཐུགས་དམ་བསྐང་བའི་རྫས། །སྲིད་པར་གཏོགས་པའི་ཉེར་སྤྱོད་རིགས། །དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །རྒྱལ་སྲིད་བདུན་དང་བཀྲ་ཤིས་རྫས། །རྟགས་བརྒྱད་ཉེ་བའི་རིན་ཆེན་སོགས། །འཁོར་ལོས་སྒྱུར་རྒྱལ་ལ་འོས་པའི། །རྒྱལ་ཐབས་ཆེ་དགུས་སྲིད་ཆས་དང་། །གོས་བེར་དར་ཟབ་གོ་མཚོན་སོགས། །འཇིག་རྟེན་དཀོར་ནོར་ཇི་སྙེད་དང་། །རི་དྭགས་གཡུངས་དྭགས་བྱ་རིགས་ཆོགས། །སྤུ་སྡུག་མཛེས་ཤིང་སྐད་སྙན་སྒྲོགས། །རིན་ཆེན་གཏེར་བུམ་དཔག་བསམ་ཤིང་། །འདོད་འཇོའི་བ་དང་རྟ་མཆོག་དང་། །དྲེའུ་བོང་བུ་གཡག་ལུག་ར། །དུད་འགྲོ་རྣམ་པ་སྣ་ཚོགས་སོགས། །སྤྱན་གཟིགས་དཀོར་ཆ་རྣམ་མང་དང་། །ཁྱད་པར་བྲིས་སྐུ་སྲོག་འཁོར་དང་། །བླ་རྡོ་མདའ་དར་ནང་གསང་རྟེན། །སྦྱོར་སྒྲོལ་བརྟུལ་ཞུགས་བླ་ན་མེད། །ཕྱག་མཚན་འོད་ཟེར་འབར་འཕྲོ་ལྡན། །རྔ་དུང་ཆ་ལང་ཅང་ཏེའུ། །སིལ་སྙན་གླིང་བུ་དྲག་པོ་ཡིས། །འཇིགས་རུང་འདོད་ཡོན་རྣམ་ལྔ་དང་། །སྨན་དང་རཀྟའི་རྦ་རླབས་འཕྱུར། །ཇ་ཆང་འོ་ཞོ་མཚོ་ལྟར་བསྐྱིལ། །བ་ལིཾ་འདོད་ཡོན་རི་ལྟར་སྤུངས། །སྲིད་ཞིའི་ཁམས་ན་ཅི་མཆིས་པའི། །དངོས་འབྱོར་ཡིད་སྤྲུལ་བསྐང་རྫས་ཀྱིས། །སྔགས་བདག་དབང་མོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་དགྱེས་པར་བསྐངས། །ཐུགས་དང་འགལ་བ་ཐམས་ཅད་བཤགས། །བདག་ཅག་མ་རིག་གཏི་མུག་གིས། །སྡོམ་གསུམ་དམ་ཚིག་ཉམས་པ་དང་། །ཁྱད་པར་བླ་མའི་གསང་གསུམ་གྱི། །དམ་ཚིག་ཉམས་པ་ཐམས་ཅད་བཤགས། །བསྙེན་སྒྲུབ་ཏིང་འཛིན་གཡེལ་བ་དང་། །མཆོད་གཏོར་ཆགས་ཤིང་སྤངས་ལེན་སོགས། །ཁྱེད་ཀྱི་ཐུགས་དང་འགལ་བ་རྣམས། །སྙིང་ནས་བཤགས་སོ་ཚངས་པར་སྩོལ། །ཆོས་སྐྱོང་ལུས་དང་གྲིབ་བཞིན་འགྲོགས། །ཞི་རྒྱས་དབང་དྲག་ལས་རྣམས་སྒྲུབ། །ཁྱད་པར་རྩ་རླུང་ཐིག་ལེ་ཡི། །གེགས་དང་འཕྲང་ལས་རྣམ་པར་གྲོལ། །བདེ་ཆེན་མཆོག་ཏུ་མི་འགྱུར་བའི། །ཡེ་ཤེས་ཆེན་པོ་བསྐྱེད་དུ་གསོལ། །ཇི་ལྟར་བརྟན་གཡོའི་སྣང་བ་ཀུན། །གྲུབ་པའི་ཕྱག་རྒྱའི་རྒྱས་བཏབ་པས། །རང་རིག་ཐིག་ལེ་ཉག་གཅིག་ཀློངས། །གསང་འཛིན་སྔགས་བདག་དབང་མོ་དང་། །དབྱེར་མེད་མངོན་པར་བྱང་ཆུབ་ཤོག །དེ་ལྟར་ཚེ་འཛིན་རྒྱལ་མོ་ཡི། །བསྐང་བ་འདི་ནི་ནུས་ལྡན་པའི། །ཐུགས་དགོངས་རྫོགས་པར་བྱ་བའི་ཕྱིར། །པདྨ་ཡེ་ཤེས་རྡོ་རྗེ་ཡི། །ས་ཁྱི་སྣྲོན་ཟླའི་ཚེས་བཟང་པོར། །རྒྱ་གར་རྡོ་རྗེ་གླིང་དུ་བྲིས། མངྒ་ལཾ། ཤུ་བྷཾ།། །།
[edit]

sngags bdag tshe 'dzin rgyal mo'i skong ba sngags bdag dgyes rol ces bya ba bzhugs so/__/bskang rdzas rnams nam mkha' mdzod kyi sngags rgya lan gsum gyis brlab/__badz+ra s+pha ra Na khaM/__gis rgyas par spel/__hrI ma b+h+yo dzaHye shes dbyings kyi rol pa las/__/ma mo yongs kyi rdzi mo che/__/rnam 'phrul cir yang ston mdzad ma/__/sngags kyi bdag mo dbang mdzad rgyal/__/sgrub la tshe yi mchog stsol ma/__/dbang mdzad DA ki 'bum sde'i tshogs/__/dar gyi cod pan pu ru ru/__/rin chen rgyan cha si li li/__/gdu bu mang po khro lo lo/__/cang te dril g.yer snyan par sgrogs/__/sna tshogs rol mo'i sgra dang bcas/__/ma thogs myur du gnas 'dir gshegs/__/sna tshogs pad nyi baM ro dang /__/rin chen khri rkang dar 'bol dang /__/rang rang dgyes pa'i gdan la bzhugs/__hU~M/__khyed la thugs dam bskang ba'i rdzas/__/srid par gtogs pa'i nyer spyod rigs/__/dngos su bshams dang yid kyis sprul/__/rgyal srid bdun dang bkra shis rdzas/__/rtags brgyad nye ba'i rin chen sogs/__/'khor los sgyur rgyal la 'os pa'i/__/rgyal thabs che dgus srid chas dang /__/gos ber dar zab go mtshon sogs/__/'jig rten dkor nor ji snyed dang /__/ri dwags g.yungs dwags bya rigs chogs/__/spu sdug mdzes shing skad snyan sgrogs/__/rin chen gter bum dpag bsam shing /__/'dod 'jo'i ba dang rta mchog dang /__/dre'u bong bu g.yag lug ra/__/dud 'gro rnam pa sna tshogs sogs/__/spyan gzigs dkor cha rnam mang dang /__/khyad par bris sku srog 'khor dang /__/bla rdo mda' dar nang gsang rten/__/sbyor sgrol brtul zhugs bla na med/__/phyag mtshan 'od zer 'bar 'phro ldan/__/rnga dung cha lang cang te'u/__/sil snyan gling bu drag po yis/__/'jigs rung 'dod yon rnam lnga dang /__/sman dang rak+ta'i rba rlabs 'phyur/__/ja chang 'o zho mtsho ltar bskyil/__/ba liM 'dod yon ri ltar spungs/__/srid zhi'i khams na ci mchis pa'i/__/dngos 'byor yid sprul bskang rdzas kyis/__/sngags bdag dbang mo 'khor bcas kyi/__/thugs dam gnyan po dgyes par bskangs/__/thugs dang 'gal ba thams cad bshags/__/bdag cag ma rig gti mug gis/__/sdom gsum dam tshig nyams pa dang /__/khyad par bla ma'i gsang gsum gyi/__/dam tshig nyams pa thams cad bshags/__/bsnyen sgrub ting 'dzin g.yel ba dang /__/mchod gtor chags shing spangs len sogs/__/khyed kyi thugs dang 'gal ba rnams/__/snying nas bshags so tshangs par stsol/__/chos skyong lus dang grib bzhin 'grogs/__/zhi rgyas dbang drag las rnams sgrub/__/khyad par rtsa rlung thig le yi/__/gegs dang 'phrang las rnam par grol/__/bde chen mchog tu mi 'gyur ba'i/__/ye shes chen po bskyed du gsol/__/ji ltar brtan g.yo'i snang ba kun/__/grub pa'i phyag rgya'i rgyas btab pas/__/rang rig thig le nyag gcig klongs/__/gsang 'dzin sngags bdag dbang mo dang /__/dbyer med mngon par byang chub shog__/de ltar tshe 'dzin rgyal mo yi/__/bskang ba 'di ni nus ldan pa'i/__/thugs dgongs rdzogs par bya ba'i phyir/__/pad+ma ye shes rdo rje yi/__/sa khyi snron zla'i tshes bzang por/__/rgya gar rdo rje gling du bris/__mang+ga laM/__shu b+haM//__//

Footnotes

Other Information