JKCL-KABUM-06-CHA-020

From Khyentse Lineage - A Tsadra Foundation Project
Revision as of 18:07, 17 November 2021 by WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
(diff) ← Older revision | Latest revision (diff) | Newer revision → (diff)

Wylie title JKCL-KABUM-06-CHA-020.pdf
Location chos kyi blo gros bka' 'bum
Volume Expression error: Unrecognized word "cha"., Text 20, Pages (Folios to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation
Genre "CHA" is not a number.

1 Texts in this Section (sde tshan or chos tshan)

"CHA" is not a number.

[edit]
༄༅། །ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་སྒྲུབ་ཁོག་གི་གསལ་བྱེད་འཆི་མེད་ཟིལ་ཐིག་ཅེས་བྱ་བ་བཞུགས་སོ། །

ཨོཾ་སྭཱསྟི། འཆི་མེད་རྩ་གསུམ་ཡི་དམ་ལྷར། །བརྒྱུད་ནས་འཆི་མེད་སྒྲུབ་པའི་ཐབས། །གནམ་ལྕགས་རྡོ་རྗེ་མཛེས་པའི་རྒྱན། །གསལ་བྱེད་ཟིན་ཐུན་ཉུང་ངུ་བྲི། །དེ་ལ་འཇའ་ཚོན་ཚེ་སྒྲུབ་གནམ་ལྕགས་རྡོ་རྗེའི་སྒྲུབ་ཆེན་ཁོག་དབུབ་ཞི་ཁྲོ་ལྟར་ལ། ཁྱད་པར་ནི་ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས། རང་གཞུང་གི་སྐྱབས་སེམས། མདུན་གྱི་ནམ་མཁར་ཚེ་ལྷ་དཀོན་མཆོག་རྩ་གསུམ་སོགས་ནས། མྱ་ངན་འདས་ལ་འགོད༔ ལན་གསུམ། ཛ་ཧཱུྃ་བྃ་ཧོཿཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། མཆོད་པ་བྱིན་རླབས། རྃ་ཡྃ་ཁྃ། ཨོཾ་ཨཱཿ ཧཱུྃ། རང་གི་གནས་གསུམ་སོགས་ནས། ཤབྡ་པཱུ་ཛ་ཧོཿམངོན་རྟོགས། ཧྲཱིཿརྣམ་སྣང་སྤྲུལ་པའི་འོད་ཟེར་སོགས་ནས། ཀུན་ཀྱང་སྣང་སྲིད་ཐམས་ཅད་ལྷ་རུ་གསལ༔ ཞེས་བརྗོད་པའི་དམ་ཡེ་གཟོད་ནས་དབྱེར་མེད་ལ་བློ་བཞག་སྟེ། ཨོཾ་ཨཱཿ ཧཱུྃ་ཧྲཱིཿཆོས་ཉིད་རྣམ་དག་སོགས་བཟླས་དམིགས་ལ་འཇུག་སྟེ། གཙོ་སྔགས་བརྒྱ་རྩ་དང་འཁོར་སྔགས་བཅུ་ཆ་བཟླ། གཟུངས་རིང་མི་དགོས། དམ་ཚིག་ལྷ་ཚོགས་སོགས་ནས། སྣོད་བཅུད་དཀྱིལ་འཁོར་དུ་ཤར། ཞེས་བསྡུ་ལྡང་བྱས་མཐར། ས་ཆོག་སྒྲུབ་ཁོག་ལྟར་བྱ། རྒྱལ་ཐོ་དང་། དམ་སྲི་མནན་པ་རྣམས་ཀྱང་ཁོག་དབུབ་ལྟར་ལ། མཚམས་གཅོད་ཀྱི་སྐབས། མ་ཊཾ་བསྒྲལ་ཆོག་དོར་ཞིང་ཁྲོ་བཅུའི་ཕུར་གདབ་བྱ། སྲུང་འཁོར་ཚེ་སྒྲུབ་རང་གཞུང་ལྟར། རང་ཉིད་དབང་ཆེན་རྟ་མགྲིན་སོགས་བརྗོད། ཆག་ཆག་གདབ་པ་བྱས་ནས། ལྷ་་རྟ་གོན་ལ། རྩ་སྔགས་དང་འཁོར་སྔགས་བརྗོད་བཞིན་དྲི་བཟང་གི་ཐིག་ལེ་དང་མེ་ཏོག་གི་ཚོམ་བུ་མངོན་རྟོགས་དང་མཐུན་པར་མཎྜལ་སྟེང་དུ་བཀོད་མཆོད་པ་སོགས་བསྒྲིགས་ནས། རྃ་ཡྃ་ཁྃ། ཨོཾ་ཨཱཿ ཧཱུྃ༔ རང་གི་གནས་གསུམ་ནས་བསྟོད་པ་རྫོགས་ཀྱི་བར་ཚེ་སྒྲུབ་ལས་བྱང་ལྟར་ན། སྙན་གསན་དབབ་པ་ནི་ཁོག་དབུབ་ལྟར་རོ། །བུམ་པ་རྟ་གོན་ལ་རྣམ་བུམ་ལྔ་དང་མགུལ་ཆིང་རིགས་ལྔའི་ཁ་དོག་བཅིངས་ཤིང་ཁ་རྒྱན་གསེབ་ཏུ་རིགས་ལྔའི་སྐུ་བཞག་པའམ། ཡང་ན་རྣམ་བུམ་གཅིག་ལ་མགུལ་ཆིང་དམར་པོ་དང་། ལས་བུམ་མགུལ་ཆིང་དཀར་པོ་བཅིང་། དུང་ཆོས་གཟུངས་རྡོར་བཅས་བསྐོར། ཨོཾ་ཨ་བིགྷྣན་ཏ་ཀྲི་ཏ་ཏ་ཧཱུྃ་ཕཊཿཀྱིས་བསངས། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་རིན་པོ་ཆེའི་བུམ་པའི་རྣམ་པ་ལ་ནང་གཞལ་ཡས་ཁང་བདུད་རྩིའི་རྒྱ་མཚོ་འཁྱིལ་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ། དེའི་ཕྱི་རོལ་དུ་འདབ་མ་བཞི་གྱེས་པའི་དབུས་ཀྱི་ལྟེ་བར་པད་ཟླའི་སྟེང་དུ་པདྨ་ཚེ་དཔག་མེད་ཡབ་ཡུམ། ཤར་དུ་རྡོ་རྗེ་ཚེ་དཔག་མེད། ལྷོར་རིན་འབྱུང་ཚེ་དཔག་མེད། ནུབ་ཏུ་རྣམ་སྣང་ཚེ་དཔག་མེད། བྱང་དུ་དོན་གྲུབ་ཚེ་དཔག་རྣམས་རང་རང་གི་ཡུམ་དང་སྦྱོར་བ། དེའི་ཕྱི་རིམ་པད་འདབས་བཞི་ལ་འཇམ་དབྱངས། སྤྱན་གཟིགས། ཕྱག་རྡོར། པད་འབྱུང་སོགས། རྒྱལ་སྲས་རིགས་བཞི། མཚམས་བཞིར་སྒོ་མ་བཞི། ཁྱམས་ལ་སྒོ་བ་ཡབ་ཡུམ་བརྒྱད་རྣམས་སྐད་ཅིག་གིས་གསལ་བར་གྱུར། ཨོཾ་ཨཱཿ ཧཱུྃ། བཛྲ་པཱུཥྤེ༴སོགས་སྔགས་ཙམ་གྱིས་མཆོད། ཧྲཱིཿམ་བཅོས་ལྷུན་གྲུབ་སོགས་ཤྭ་ལོ་ཀ་གཅིག་གིས་བསྟོད། རང་གི་ཐུགས་ཀ་ནས༴སོགས་སྒྲུབ་ཁོག་ལྟར་ལ། རྩ་སྔགས་དང་འཁོར་སྔགས་གཞུང་ལྟར་ཅི་ནུས་བཟླས་མཐར་འོད་ཞུ་བྱ། ལས་བུམ་དུ་རྡོ་སེམས་བསྐྱེད་པར་གསུངས་པའི། ལས་བུམ་ནང་དུ་པད་ཟླའི་སྟེང་། །རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར། །ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད། གཡོན་པས་དྲིལ་བུ་སྐུ་ལ་བརྟེན། །ལོངས་སྐུའི་ཆས་རྫོགས་སྐྱིལ་ཀྲུང་བཞུགས། །སྐུ་ལས་བདུད་རྩིའི་རྒྱུན་བབ་པས། །བུམ་པ་ཡོངས་སུ་གང་བར་གྱུར། །ཡིག་བརྒྱ་དང་ཡིག་དྲུག་ཅི་ནུས་བཟླས། ལྷ་་འོད་དུ་ཞུ་ནས་ཆུའི་རྡུལ་ཕྲ་རབ་ཏུ་གྱུར། རྒྱན་བཀོད་སྐབས་ལྡིང་ཁྲི་འོག་མར། དཀྱིལ་ཐང་སྟེང་མཉྫུ་ལྔའི་ཁར། བུམ་པ་ལྔའམ་ཡང་ན་གཅིག །རྒྱབ་ཕྱོགས་སུ་ཚེ་གཏོར་བུམ་གཟུགས་རྒྱན་ལྡན། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། ལྡིང་ཁྲི་གོང་མ་སྐུ་རྟེན་དང་ཙཀླི། ཚེ་སྙིང་མཚལ་བྲིས། ཕྲེང་བ་དམར་པོ། མདའ་དར། གསང་ཐོད། མེ་ལོང་དང་རྨ་བྱའི་མདོངས་རྣམས་བཤམས། གཞན་ཡང་དཀྱིལ་འཁོར་གྱི་ཡོ་བྱད་རྣམས་ཚོགས་པར་བྱས། སྒྲུབ་པོ་རྣམས་དཀྱིལ་འཁོར་གྱི་མདུན་ནས། ཚིག་བདུན་གསོལ་འདེབས་དང་། གཙོ་སྔགས་ལན་གསུམ་དང་ཛཔྲ་དབྱངས་མཐར། ཧཱུྃ། ཆོས་སྐུ་སྐྱེ་མེད༴སྒྲུབ་ཁོག་ལྟར་ལ། ཞི་ཁྲོ་ཞེས་པ། ཚེ་ལྷའི་ཞེས་བསྒྱུར། རྟེན་རྫས་རྣམས་སོ་སོར་བཀོད། སྟེགས་བུའི་མདུན་དུ་སྨན་རག་གཏོར་གསུམ། མཐའ་བསྐོར་དུ་ཉེར་སྤྱོད་ལྔ་བསྐོར་བཤམས་དང་ཕྲེང་ཚར། གཏོར་འབུལ་རྒྱུན་བཞག་དང་། ཉིན་བཞིན་འབུལ་རྒྱུའི་ཚོགས་གཏོར་ཚོགས་པར་བྱ། ཉུ་ལེའི་ལིང་ག་ཐུན་རྫས་དང་བཅས་དཀྱིལ་འཁོར་གྱི་བྱང་ཕྱོགས་སུ་འཇོག །མཆོད་པ་བྱིན་རླབས་ཚེ་གཞུང་ལྟར། རྃ་ཡྃ་ཁྃ། སོགས་ཀྱི་མངའ་གསོལ་དང་། བརྡའ་སྒོ་ཕྱག །སྒྲུབ་གཞུང་ལྟར་དང་། མཆེད་བསྲེ་བསྣན་སྐབས་བསྟུན། དམ་ཚིག་བསྒྲགས་པ། སྒྲུབ་ལུང་ཞུ་བ་སོགས་ནས་བྱིན་འབེབས་རྫོགས་ཀྱི་བར་ཁོག་དབུབ་ལྟར་བྱའོ། །ཉིན་དང་པོའི་བྱ་བ་འགྲུབ། ༈ཉིན་གཉིས་པར། བརྒྱུད་འདེབས་ནས་བདག་མདུན་བུམ་གསུམ་དབྱེར་མེད་ཀྱི་བསྐྱེད་བཟླས་དང་ཚེ་འགུགས། རྒྱས་གདབ། མཆོད་བསྟོད་གྲུབ་ཀྱི་བར་དང་། ཉུལ་ལེ་བསྐྲད་འདུལ་ནི་འགུགས་པ་ལ། ཁྱད་པར་དུ་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། ཅེས་ཁ་བསྒྱུར་ནས། དབང་ཆེན་ཐུགས་ཆེན་སྒྲུབ་ཟིན་ལྟར་བྱ་དགོས་སོ། །དེ་ནས་བྱིན་འབེབས་བྱས་པའི་ཐུན་གཅིག་གྲུབ། ཡང་མཆོད་པ་བྱིན་རླབས་ནས་བརྩམས་མཆོད་བསྟོད་གྲུབ་ཀྱི་བར་བྱས་པའི་ཐུན་གཉིས་དང་། ཐུན་གཉིས་ལས་མི་བྱེད་ན། ཐུན་རྗེས་མར། ཉུ་ལེ་འདུལ་བསྐྲད་བྱིན་འབེབས་སོགས་བསྡུ་ལྡང་གི་མཐར་བྱས་པས་ཆོག་ཕྱི་ཐུན་མཐར་གཏོར་འབུལ་སྤྱི་སྒེར་དང་། ཚོགས་འཁོར་སྐོར་བ་སོགས་ལས་བྱང་ལྟར་བྱའོ། །མཚན་ཐུན་ལ་སྐྱབས་སེམས། མཆོད་པ་བྱིན་རླབས་ནས་བཟླས་པ། མཆོད་བསྟོད་དང་། བསྡུ་ལྡང་། སྨོན་ཤིས། ཉུ་ལེ་འདུལ་བ། བྱིན་འབེབས། ཛབi་དབྱངས་བྱས་ནས་གྲོལ་ལོ། ༈ཉིན་གྲངས་ཐེམ་པའི་སང་ལྟ་བུར་དངོས་གྲུབ་བླང་རྒྱུ་ཡིན་ན་དེ་རིང་ཐུན་རྗེས་མའི་མཆོད་བསྟོད་མཐར་བདག་འཇུག་བླངས་པར་གསུངས་བའི། ཇི་ལྟར་བལྟམ་པ་སོགས། ཁྲུས་དང་། མཎྜལ་སྔོན་དུ་འགྲོ་བའི། དབང་ཆོག་ལས་ཚིག་ལྷུག་རྣམས་དོར་ནས། ཚིག་བཅད་རྣམས་འདོན་དགོས། མཐར་བཏོང་རག་མཎྜལ་དང་། གཙོ་བོས་ཇི་ལྟར་སོགས། དེང་ནས་བརྩམ་སྟེ་སོགས་བྱ། དཀྱུས་རྩམ་བདག་དབང་བླངས་ཀྱང་ཉེས་པ་ཆེར་མེད་དམ་སྙམ། དངོས་གྲུབ་བསྡུད་དམིགས་དང་། རང་སྔགས་མཐར་དངོས་གྲུབ་ཀྱི་སྔགས་ཤམ་བཏགས་པ་སུམ་བརྒྱ་རྩམ་བཟླ། ཕྱིར་ཉིན་ཐོ་རང་སྔ་བར་ལངས་ནས་དངོས་གྲུབ་བླངས་པའི་མགོ་བར་ཤར་འདོན་དང་། སྒྲུབ་ཁོག་ལྟར་བགེགས་བསྐྲད་སོགས་གྲུབ་ནས། ཧྲཱིཿའཇིག་རྟེན་འདས་དང་མ་འདས་སོགས་རང་གཞུང་ལྟར་བརྗོད་ཅིང་། རྟེན་རྣམས་གནས་གསུམ་དུ་འཇོགས་པ་དང་། དངོས་གྲུབ་ཀྱི་རྫས་ལ་རོལ། གཞན་ལ་དབང་རྒྱས་པར་བསྐུར་ནས་ཚོགས་དྲངས་བའི་མགོར་དངོས་གྲུབ་བླངས་ནས་སློབ་མ་རྗེས་སུ་བཟུང་བ་བྱའོ། །རྗེས་ཆོག་མཆོད་བསྟོད། ཨོཾ་ཨཱཿ ཧཱུྃ་བཛྲ་པུཥྤེ། སོགས། ཧྲཱིཿམ་བཅོས་ལྷུན་གྲུབ་རྒྱུ་རྐྱེན་སོགས། ཤཱོ་ལོ་ཀཱ་གཅིག་གིས་བསྟོད། ནོངས་བཤགས། མ་འབྱོར་ལྷག་ཆད་སོགས་དང་། ཡིག་བརྒྱ་བརྗོད། བསྡུ་ལྡང་། མདུན་བསྐྱེད་རྟེན་མེད་ན། ཡེ་ཤེས་ལྷ་ཚོགས་དབྱིངས་སུ་གཤེགས༔ ཞེས་དང་། རྟེན་ཡོད་ན། ཡེ་ཤེས་ལྷ་ཚོགས་རྟེན་ལ༴སོགས་ནས། སྣོད་བཅུད་དཀྱིལ་འཁོར་གསུམ་དུ་ཤར༔ ཅེས་ལྡང་སྟེ་རྒྱུན་སྤྱོད་ལ་འཇུག །སྒྲུབ་ཁོག་ལས་བྱུང་བའི་རྗེས་ཀྱི་བྱ་བ་རྣམས་དང་། བསྔོ་སྨོན་ཤིས་བརྗོད་ཚེ་ཡི་རང་གཞུང་། ཧཱུྃ་ཧྲཱིཿབདག་གཞན་དུས་གསུམ་སོགས་ནས། ཡེ་སངས་རྒྱས་པའི་བཀྲ་ཤིས་ཤོག༔ བར་བྱས་པས་འགྲུབ་བོ། །འདིར་དགེའི་མཐའ་ཡས་སེམས་ཅན་ཀུན། །ཚེ་སྲོག་གནམ་ལྕགས་རྡོ་རྗེ་ལྟར། །སྲ་བརྟན་འགྱུར་མེད་དཔལ་ཐོབ་ནས། །འཆི་མེད་གོ་འཕང་མྱུར་འགྲུབ་ཤོག །ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པ་ཤུ་བྷཾ་མ་སྟུ་སརྦ་ཛ་ག་ཏཾ། སརྦ་དཱ་ཀ་ལྱ་ཎཾ་བྷ་ཝནྟུ།། །།

༄༅། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཧཱུྃ་ཧྲཱིཿབཅོམ་ལྡན་མགོན་པོ་རིགས་ལྔ་ཚེ་དཔག་མེད། །སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྱོགས་བཞིའི་གནས་ནས་ཚེ་འགུགས་ལྷ་མོ་བཞི། །ཀུན་ཀྱང་རང་རྟགས་ཕྱག་མཚན་ཚེ་བུམ་བསྣམས། །བླ་ཚེ་ཆད་ཉམས་ཡར་བ་ཐམས་ཅད་ཁུག །བརྐུས་དང་འཕྲོག་དང་འཁྱམས་པ་ཐམས་ཅད་ཁུག །ཁམས་ལྔའི་ཚེ་བཅུད་ཉམས་པ་ཐམས་ཅད་གསོས། །དབྱིངས་ཕྱུག་ཡུམ་ལྔའི་ཀློང་དུ་རབ་བསྐྱིལ་ནས། །ཕྱག་རྒྱ་འབར་བ་རྣམ་ལྔས་རྒྱས་ཐོབ་ཅིག །རྩ་གསུམ་རྒྱལ་བའི་མཁྱེན་བརྩེ་ཡེ་ཤེས་དང་། །འཇིག་རྟེན་ཁམས་ཀྱི་ལྷ་ཀླུ་མི་གསུམ་གྱི། །ཚེ་བསོད་དཔལ་འབྱོར་ཐམས་ཅད་འདིར་ཁུག་ཅིགཚེ་ལ་དབང་བའི་དྲང་སྲོང་རིག་འཛིན་དང་། །གནས་གསུམ་ཌཱ་ཀི་བྱེ་བ་འབུམ་ཕྲག་གི། ཚེ་ནུས་སྟོབས་དཔལ་བྱིན་རླབས་འདིར་ཁུག་ཅིག །རྒྱུད་གསུམ་དམ་ཅན་དྲེགས་པའི་ཚོགས་རྣམས་དང་། །གནོད་སྦྱིན་གཏེར་འཆང་ནོར་ལྷ་བྱེ་བ་འབུམ། །ཁྱད་པར་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ། །བཀྲ་ཤིས་ཚེ་ཡི་ལྷ་མོ་མཆེད་ལྔ་པོས། །ཕྱོགས་བཞི་སྟེང་འོག་འཁོར་འདས་ཚེ་བཅུད་རྣམས། །ཡིག་འབྲུ་ལྔ་དང་ཨ་ནྲི་ཧྲཱི་གསུམ་དང་། །བཀྲ་ཤིས་རྫས་རྟགས་འཇའ་འོད་ཟེར་ཐིག་ཕྲེང་། །གྲུབ་པའི་དངུལ་ཆུ་གཡུང་དྲུང་དགའ་བ་འཁྱིལ། །བཀྲག་མདངས་རབ་འབར་མི་ཤིག་ཐིག་ལེར་བསྟིམ། །རིག་འཛིན་ཚེ་ཡི་རྣལ་འབྱོར་བདག་ཅག་གི། རྣམ་རྟོག་ཚེ་བདུད་བར་ཆད་དབྱིངས་སུ་སྒྲོལ། །སྒོ་གསུམ་རྡོ་རྗེ་གསུམ་དུ་མྱུར་འགྲུབ་ནས། །སྣང་སྲིད་དག་པ་ཚེ་ཡི་དཀྱིལ་འཁོར་མཆོག །ཇི་བཞིན་ཡེ་དག་ཆོས་ཉིད་གཤིས་ཆེན་པོར། །ཞེན་འཛིན་མཚན་མའི་རྟོག་པ་ཀུན་བྲལ་བའི། །འགྱུར་མེད་རྡོ་རྗེ་ཚེ་མཆོག་དངོས་གྲུབ་སྩོལ།། །།
[edit]

@#/__/tshe sgrub gnam lcags rdo rje'i sgrub khog gi gsal byed 'chi med zil thig ces bya ba bzhugs so/__/ oM swAsti/__'chi med rtsa gsum yi dam lhar/__/brgyud nas 'chi med sgrub pa'i thabs/__/gnam lcags rdo rje mdzes pa'i rgyan/__/gsal byed zin thun nyung ngu bri/__/de la 'ja' tshon tshe sgrub gnam lcags rdo rje'i sgrub chen khog dbub zhi khro ltar la/__khyad par ni tshig bdun gsol 'debs dang brgyud 'debs sngon du 'gro bas/__rang gzhung gi skyabs sems/__mdun gyi nam mkhar tshe lha dkon mchog rtsa gsum sogs nas/__mya ngan 'das la 'god:__lan gsum/__dza hU~M ba~M hoHtshogs zhing rnams rang la thim par gyur/__mchod pa byin rlabs/__ra~M ya~M kha~M/__oM AH_hU~M/__rang gi gnas gsum sogs nas/__shab+da pU dza hoHmngon rtogs/__hrIHrnam snang sprul pa'i 'od zer sogs nas/__kun kyang snang srid thams cad lha ru gsal:__zhes brjod pa'i dam ye gzod nas dbyer med la blo bzhag ste/__oM AH_hU~M hrIHchos nyid rnam dag sogs bzlas dmigs la 'jug ste/__gtso sngags brgya rtsa dang 'khor sngags bcu cha bzla/__gzungs ring mi dgos/__dam tshig lha tshogs sogs nas/__snod bcud dkyil 'khor du shar/__zhes bsdu ldang byas mthar/__sa chog sgrub khog ltar bya/__rgyal tho dang /__dam sri mnan pa rnams kyang khog dbub ltar la/__mtshams gcod kyi skabs/__ma TaM bsgral chog dor zhing khro bcu'i phur gdab bya/__srung 'khor tshe sgrub rang gzhung ltar/__rang nyid dbang chen rta mgrin sogs brjod/__chag chag gdab pa byas nas/__lha rta gon la/__rtsa sngags dang 'khor sngags brjod bzhin dri bzang gi thig le dang me tog gi tshom bu mngon rtogs dang mthun par maN+Dal steng du bkod mchod pa sogs bsgrigs nas/__ra~M ya~M kha~M/__oM AH_hU~M:__rang gi gnas gsum nas bstod pa rdzogs kyi bar tshe sgrub las byang ltar na/__snyan gsan dbab pa ni khog dbub ltar ro/__/bum pa rta gon la rnam bum lnga dang mgul ching rigs lnga'i kha dog bcings shing kha rgyan gseb tu rigs lnga'i sku bzhag pa'am/__yang na rnam bum gcig la mgul ching dmar po dang /__las bum mgul ching dkar po bcing /__dung chos gzungs rdor bcas bskor/__oM a big+h+nan ta kri ta ta hU~M phaTaHkyis bsangs/__swA b+hA was sbyangs/__stong pa'i ngang las b+h+rU~M las phyi rin po che'i bum pa'i rnam pa la nang gzhal yas khang bdud rtsi'i rgya mtsho 'khyil pa'i dbus su sna tshogs pad+ma 'dab ma brgyad pa/__de'i phyi rol du 'dab ma bzhi gyes pa'i dbus kyi lte bar pad zla'i steng du pad+ma tshe dpag med yab yum/__shar du rdo rje tshe dpag med/__lhor rin 'byung tshe dpag med/__nub tu rnam snang tshe dpag med/__byang du don grub tshe dpag rnams rang rang gi yum dang sbyor ba/__de'i phyi rim pad 'dabs bzhi la 'jam dbyangs/__spyan gzigs/__phyag rdor/__pad 'byung sogs/__rgyal sras rigs bzhi/__mtshams bzhir sgo ma bzhi/__khyams la sgo ba yab yum brgyad rnams skad cig gis gsal bar gyur/__oM AH_hU~M/__badz+ra pUSh+pe=sogs sngags tsam gyis mchod/__hrIHma bcos lhun grub sogs shwa lo ka gcig gis bstod/__rang gi thugs ka nas=sogs sgrub khog ltar la/__rtsa sngags dang 'khor sngags gzhung ltar ci nus bzlas mthar 'od zhu bya/__las bum du rdo sems bskyed par gsungs pa'i/__las bum nang du pad zla'i steng /__/rdo rje sems dpa' sku mdog dkar/__/phyag g.yas rdo rje thugs kar gtod/__g.yon pas dril bu sku la brten/__/longs sku'i chas rdzogs skyil krung bzhugs/__/sku las bdud rtsi'i rgyun bab pas/__/bum pa yongs su gang bar gyur/__/yig brgya dang yig drug ci nus bzlas/__lha 'od du zhu nas chu'i rdul phra rab tu gyur/__rgyan bkod skabs lding khri 'og mar/__dkyil thang steng many+dzu lnga'i khar/__bum pa lnga'am yang na gcig__/rgyab phyogs su tshe gtor bum gzugs rgyan ldan/__g.yas su tshe ril/__g.yon du tshe chang /__lding khri gong ma sku rten dang tsakli/__tshe snying mtshal bris/__phreng ba dmar po/__mda' dar/__gsang thod/__me long dang rma bya'i mdongs rnams bshams/__gzhan yang dkyil 'khor gyi yo byad rnams tshogs par byas/__sgrub po rnams dkyil 'khor gyi mdun nas/__tshig bdun gsol 'debs dang /__gtso sngags lan gsum dang dzapra dbyangs mthar/__hU~M/__chos sku skye med=sgrub khog ltar la/__zhi khro zhes pa/__tshe lha'i zhes bsgyur/__rten rdzas rnams so sor bkod/__stegs bu'i mdun du sman rag gtor gsum/__mtha' bskor du nyer spyod lnga bskor bshams dang phreng tshar/__gtor 'bul rgyun bzhag dang /__nyin bzhin 'bul rgyu'i tshogs gtor tshogs par bya/__nyu le'i ling ga thun rdzas dang bcas dkyil 'khor gyi byang phyogs su 'jog__/mchod pa byin rlabs tshe gzhung ltar/__ra~M ya~M kha~M/__sogs kyi mnga' gsol dang /__brda' sgo phyag__/sgrub gzhung ltar dang /__mched bsre bsnan skabs bstun/__dam tshig bsgrags pa/__sgrub lung zhu ba sogs nas byin 'bebs rdzogs kyi bar khog dbub ltar bya'o/__/nyin dang po'i bya ba 'grub/__!nyin gnyis par/__brgyud 'debs nas bdag mdun bum gsum dbyer med kyi bskyed bzlas dang tshe 'gugs/__rgyas gdab/__mchod bstod grub kyi bar dang /__nyul le bskrad 'dul ni 'gugs pa la/__khyad par du mgon po tshe dpag tu med pa'i dkyil 'khor gyi lha tshogs rnams kyi bden pa dang /__ces kha bsgyur nas/__dbang chen thugs chen sgrub zin ltar bya dgos so/__/de nas byin 'bebs byas pa'i thun gcig grub/__yang mchod pa byin rlabs nas brtsams mchod bstod grub kyi bar byas pa'i thun gnyis dang /__thun gnyis las mi byed na/__thun rjes mar/__nyu le 'dul bskrad byin 'bebs sogs bsdu ldang gi mthar byas pas chog phyi thun mthar gtor 'bul spyi sger dang /__tshogs 'khor skor ba sogs las byang ltar bya'o/__/mtshan thun la skyabs sems/__mchod pa byin rlabs nas bzlas pa/__mchod bstod dang /__bsdu ldang /__smon shis/__nyu le 'dul ba/__byin 'bebs/__dzab[i] dbyangs byas nas grol lo/__!nyin grangs them pa'i sang lta bur dngos grub blang rgyu yin na de ring thun rjes ma'i mchod bstod mthar bdag 'jug blangs par gsungs ba'i/__ji ltar bltam pa sogs/__khrus dang /__maN+Dal sngon du 'gro ba'i/__dbang chog las tshig lhug rnams dor nas/__tshig bcad rnams 'don dgos/__mthar btong rag maN+Dal dang /__gtso bos ji ltar sogs/__deng nas brtsam ste sogs bya/__dkyus rtsam bdag dbang blangs kyang nyes pa cher med dam snyam/__dngos grub bsdud dmigs dang /__rang sngags mthar dngos grub kyi sngags sham btags pa sum brgya rtsam bzla/__phyir nyin tho rang snga bar langs nas dngos grub blangs pa'i mgo bar shar 'don dang /__sgrub khog ltar bgegs bskrad sogs grub nas/__hrIH'jig rten 'das dang ma 'das sogs rang gzhung ltar brjod cing /__rten rnams gnas gsum du 'jogs pa dang /__dngos grub kyi rdzas la rol/__gzhan la dbang rgyas par bskur nas tshogs drangs ba'i mgor dngos grub blangs nas slob ma rjes su bzung ba bya'o/__/rjes chog mchod bstod/__oM AH_hU~M badz+ra puSh+pe/__sogs/__hrIHma bcos lhun grub rgyu rkyen sogs/__shA+o lo kA gcig gis bstod/__nongs bshags/__ma 'byor lhag chad sogs dang /__yig brgya brjod/__bsdu ldang /__mdun bskyed rten med na/__ye shes lha tshogs dbyings su gshegs:__zhes dang /__rten yod na/__ye shes lha tshogs rten la=sogs nas/__snod bcud dkyil 'khor gsum du shar:__ces ldang ste rgyun spyod la 'jug__/sgrub khog las byung ba'i rjes kyi bya ba rnams dang /__bsngo smon shis brjod tshe yi rang gzhung /__hU~M hrIHbdag gzhan dus gsum sogs nas/__ye sangs rgyas pa'i bkra shis shog:__bar byas pas 'grub bo/__/'dir dge'i mtha' yas sems can kun/__/tshe srog gnam lcags rdo rje ltar/__/sra brtan 'gyur med dpal thob nas/__/'chi med go 'phang myur 'grub shog__/ces pa'ang 'jam dbyangs chos kyi blo gros pas bris pa shu b+haM ma stu sarba dza ga taM/__sarba dA ka l+ya NaM b+ha wan+tu//___//

@#/__/oM a mA ra Ni dzI wan+ti ye swA hA/__hU~M hrIHbcom ldan mgon po rigs lnga tshe dpag med/__/sgyu 'phrul drwa ba'i dkyil 'khor lha tshogs dang /__/phyogs bzhi'i gnas nas tshe 'gugs lha mo bzhi/__/kun kyang rang rtags phyag mtshan tshe bum bsnams/__/bla tshe chad nyams yar ba thams cad khug__/brkus dang 'phrog dang 'khyams pa thams cad khug__/khams lnga'i tshe bcud nyams pa thams cad gsos/__/dbyings phyug yum lnga'i klong du rab bskyil nas/__/phyag rgya 'bar ba rnam lngas rgyas thob cig__/rtsa gsum rgyal ba'i mkhyen brtse ye shes dang /__/'jig rten khams kyi lha klu mi gsum gyi/__/tshe bsod dpal 'byor thams cad 'dir khug cigatshe la dbang ba'i drang srong rig 'dzin dang /__/gnas gsum DA ki bye ba 'bum phrag gi/__tshe nus stobs dpal byin rlabs 'dir khug cig__/rgyud gsum dam can dregs pa'i tshogs rnams dang /__/gnod sbyin gter 'chang nor lha bye ba 'bum/__/khyad par ye shes dbyings kyi mkha' 'gro ma/__/bkra shis tshe yi lha mo mched lnga pos/__/phyogs bzhi steng 'og 'khor 'das tshe bcud rnams/__/yig 'bru lnga dang a n+ri hrI gsum dang /__/bkra shis rdzas rtags 'ja' 'od zer thig phreng /__/grub pa'i dngul chu g.yung drung dga' ba 'khyil/__/bkrag mdangs rab 'bar mi shig thig ler bstim/__/rig 'dzin tshe yi rnal 'byor bdag cag gi/__rnam rtog tshe bdud bar chad dbyings su sgrol/__/sgo gsum rdo rje gsum du myur 'grub nas/__/snang srid dag pa tshe yi dkyil 'khor mchog__/ji bzhin ye dag chos nyid gshis chen por/__/zhen 'dzin mtshan ma'i rtog pa kun bral ba'i/__/'gyur med rdo rje tshe mchog dngos grub stsol//___//

Footnotes

Other Information