JKW-KABAB-11-DA-021: Difference between revisions
From Khyentse Lineage - A Tsadra Foundation Project
JKW-KABAB-11-DA-021
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|citation=[['jam dbyangs mkhyen brtse'i dbang po]]. '' ''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 11: | |fulltitletib=དཔལ་རྟ་མགྲིན་བདེ་གཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ་གྱི་དྲག་བསྙེན་ལུགས་གསུམ་གྱི་གདམས་པ། | ||
|fulltitle=dpal rta mgrin bde gshegs 'dus pa dregs pa kun sgrol gyi drag bsnyen lugs gsum gyi gdams pa | |||
|citation=[['jam dbyangs mkhyen brtse'i dbang po]]. ''dpal rta mgrin bde gshegs 'dus pa dregs pa kun sgrol gyi drag bsnyen lugs gsum gyi gdams pa''. In ''Rdzong sar 'jam dbyangs mkhyen brtse'i dbang po'i bka' babs'', Vol. 11: 469-474. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |||
|collectiontitle=mkhyen brtse'i bka' babs | |collectiontitle=mkhyen brtse'i bka' babs | ||
|collectiontitletib=མཁྱེན་བརྩེའི་བཀའ་བབས་ | |collectiontitletib=མཁྱེན་བརྩེའི་བཀའ་བབས་ | ||
Line 11: | Line 13: | ||
|sourcerevealertib=གྲུ་གུ་ཡང་དབང་; འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |sourcerevealertib=གྲུ་གུ་ཡང་དབང་; འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | |editortib=རྫོང་སར་བློ་གྲོས་ཕུན་ཚོགས་ | ||
|tibgenre=Revelations - gter ma | |tibgenre=Recitation Manual - bsnyen yig, Revelations - gter ma | ||
|terma=Yes | |terma=Yes | ||
|transmissiontype=yang gter - Rediscovered Treasure | |transmissiontype=yang gter - Rediscovered Treasure | ||
Line 18: | Line 20: | ||
|cycletib=རྟ་མགྲིན་དྲེགས་པ་ཀུན་སྒྲོལ་ | |cycletib=རྟ་མགྲིན་དྲེགས་པ་ཀུན་སྒྲོལ་ | ||
|language=Tibetan | |language=Tibetan | ||
|rtzlink=Terdzo-RA- | |rtzlink=Terdzo-RA-045 | ||
|volumenumber=011 | |volumenumber=011 | ||
|volnumtib=༡༡ | |volnumtib=༡༡ | ||
Line 24: | Line 26: | ||
|totalvolumes=22 | |totalvolumes=22 | ||
|textnuminvol=021 | |textnuminvol=021 | ||
|pagenumbers=469-474 | |||
|totalpages=6 | |||
|beginfolioline=1a | |||
|endfolioline=3b4 | |||
|totalfolios=3 | |||
|multivolumework=No | |multivolumework=No | ||
|versonotes=mkhyen brtse'i bka' babs | |versonotes=mkhyen brtse'i bka' babs | ||
|colophontib=* '''Treasure colophon:''' ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མངའ་བདག་ཁྲི་སྲོང་དང་ལོ་ཆེན་བཻ་རོ་ཙ་ན་ལ་གདམས་པ་ཨྠིྀ༔ གཏེར་རྒྱ༔ གབ་རྒྱ༔ གཏད་བརྒྱ༔ | |||
* '''Revealer colophon:''' སྤ་གྲོ་དཔྱད་ཀར་སྟག་ཚང་གི་བྲག་དམར་པོ་མེ་ལྕེ་ཆད་པ་འདྲ་བ་ནས་དྲག་སྔགས་ཀྱི་གཏེར་སྟོན་གྲུ་གུ་ཡང་དབང་གཏེར་གྱིས་སྤྱན་དྲངས་པའོ།། | |||
|colophonwylie=* '''Treasure colophon:''' o rgyan pad+ma 'byung gnas kyis mnga' bdag khri srong dang lo chen bai ro tsa na la gdams pa a+thi+-i:__gter rgya:__gab rgya:__gtad brgya: | |||
* '''Revealer colophon:''' spa gro dpyad kar stag tshang gi brag dmar po me lce chad pa 'dra ba nas drag sngags kyi gter ston gru gu yang dbang gter gyis spyan drangs pa'o | |||
|pdflink=File:JKW-KABAB-11-DA-021.pdf | |pdflink=File:JKW-KABAB-11-DA-021.pdf | ||
}} | }} | ||
Line 31: | Line 42: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|དཔལ་རྟ་མགྲིན་བདེ་གཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ་གྱི་དྲག་སྔགས་བསྙེན་ལུགས་གསུམ་གྱི་གདམས་པ་བཞུགས་སོ༔ ༡༢༣༤༤༥༦ན་མོ་ཧ་ཡ་གྲཱི་བཱ་ཡ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དྲག་སྔགས་བསྙེན་ལུགས་གསུམ་དུ་བསྟན༔ འཇིག་རྟེན་ལས་ལ་གཟུད་པའི་ཕྱིར༔ དྲེགས་པ་གཅུན་པའི་བསྙེན་པ་དང་༔ ཏིང་འཛིན་ལས་སུ་རུང་བའི་ཕྱིར༔ གསང་བ་སྔགས་ཀྱི་བསྙེན་པ་དང་༔ རྟོགས་པ་མངོན་སུམ་བྱ་བའི་ཕྱིར༔ ལྟ་བ་སྐྱེ་མེད་བསྙེན་པའོ༔ རྒྱ་རྒྱ་རྒྱ༔ དྲེགས་པ་གཅུན་པའི་བསྙེན་པ་ནི༔ ཡི་དམ་སྔགས་ཀྱིས་མགོ་དྲངས་ཏེ༔ སྡེ་བརྒྱད་གནད་ལ་དབབ་པ་ཡི༔ དྲག་སྔགས་ཐེམས་སུ་བསྟན་པར་བྱ༔ ཨོཾ་ཧ་ཡ་གྲཱི་བ་པདྨ་ཀྲོ་དྷཱི་ཤྭ་རཱི༔ བཛྲ་པཱ་ཎི༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཀཱ་ལ་ཡཀྴ༔ ཡ་མཱནྟ་ཀ་ཀཱ་ལ་རཱུ་པ༔ ཀརྨ་རྃ་རྃ་ཛྭ་ལ་རྃ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨེ་ཛཿཧཱུྃ་བྃ་ཧོ༔ སརྦ་ཨེ་ཏྲིག་ནན༔ ཨེ་ཧུར་ཐུམ་ཛཿ ཨེ་མཱ་ར་ཡ་རྦད༔ ཡ་མ་ཡ༔ ༡གཤིན་རྗེ། མ་མ་རུ་ལུ་མ༔་་་་༢མ་མོ། མ་ཧཱ་དེ་ཝ་ཨཱ༔་་་་༣ལྷ་ཆེན། ཏཱིརྟི་ཀ་དུ༔་་་་་༤མུ་སྟེགས། ཡཀྴ་ཤྭ༔་་་་༥གནོད་སྦྱིན། རཱ་ཙ་ཙ༔་་་་་༦རྒྱལ་པོ། ཤུ་ལ་ཙ་ཙ༔་་་་་༧དྲེགས་པ་སྲོག་ཟན་དམར་པོ། ཧཾ་ཤཾ་ཏྲི༔་་་་་༨འགོང་པོ། རཀྴ་ར༔་་་་་༩སྲིན་པོ། རུ་དྲ་ཧཾ༔་་་་་་༡༠བདུད། བཛྲ་སཱ་དྷུ་ཏྲི༔་་་་་༡༡རྡོ་རྗེ་ལེགས་པ། རུ་དྲ་རུ༔་་་་་་༡༢དམ་སྲི། བིཥྞུ་ར༔་་་་༡༣གཟའ། མུན་མུན་པ༔་་་་་༡༤བདུད། བི་ནཱ་ཡ་ཀ་ཏྲི༔་་་་༡༥བགེགས། ཨ་བི་ཤཱུ་ལ་ཛ༔་་་་༡༦བཙན་ཡ་བ་རྐྱ་བདུན། ཏྲི་ནུ་ཤཱུ་ལ་ཏྲི༔་་་་་་༡༧ཐེའུ་རང༌། ནཱ་ག་ཕུ༔་་་་་་༡༨ཀླུ་བདུད་རྣམས་ཀྱི་སྲོག་སྙིང༌། ཨེ་སརྦ་སྙིང་གཟིར་ཕྲེང་ཤག་ཡཾ་རྦད༔་་་་་་གཟིར་སྔགས་སོ། གོང་དུ་བསྙེན་པ་སོང་བ་ཡིས༔ བདག་ཉིད་ཏིང་ངེ་འཛིན་རྩལ་ཤུགས་བསྐྱེད༔ བདག་གམ་གཞན་ལ་འཚེ་དུས་སུ༔ དྲེགས་པ་གང་ཡིན་ཤེས་པ་ན༔ དེ་ཉིད་ཁོ་ན་ཐེམས་སུ་གཞུག༔ ཤིས་ལ་ཚན་ཆེ་མྱུར་བ་ཡིན༔ དྲེགས་པ་གང་ཡིན་མ་ཤེས་ན༔ ཐམས་ཅད་དྲིལ་ཏེ་བཟླ་བ་ཡིན༔ བདག་གམ་གཞན་གྱི་དགྲ་བསད་ན༔ དྲེགས་པའི་གཟིར་སྔགས་མཇུག་ཉིད་དུ༔ དགྲ་བགེགས་མིང་ནས་གང་བླངས་པ༔ དེ་མ་ཐག་ཏུ་བརླག་པར་འགྱུར༔ དྲག་སྔགས་ཐེམ་ཡིག་བསྙེན་དུས་སུ༔ སྔགས་རྣམས་མཚོན་ཆའི་རང་བཞིན་ཅན༔ དྲེགས་པ་གང་གནོད་བསྒྲལ་བར་བསམ༔ དེ་ལས་ཡེ་ཤེས་མེ་ཕུང་དང་༔ དྲག་སྔགས་མཚོན་ཆའི་འཁོར་ལོ་འཕྲོས༔ ཕོ་རྒྱུད་མོ་རྒྱུད་ལྷ་སྲིན་དང་༔ འབྱུང་པོ་ཀླུ་རིགས་རྒྱལ་བསེན་སོགས༔ མེ་ལྕེའི་ཁ་ཡི་སྦྲང་མ་བཞིན༔ ཐམས་ཅད་མ་ལུས་བསྲེགས་པར་བསམ༔ འདི་ལྟར་བསྒྲུབས་པའི་དྲགས་སྔགས་ཀྱིས༔ གཟའ་ཀླུ་གནོད་སྦྱིན་གཏུམ་པོ་སོགས༔ དྲེགས་པ་མཐུ་སྟོབས་ཆེ་རྣམས་ཀྱང་༔ མེ་ལྕེའི་ཁ་ཡི་སྦྲང་མ་བཞིན༔ ཐལ་བ་རྡུལ་དུ་བརླག་འགྱུར་ན༔ ས་བདག་རྒྱལ་བསེན་ལ་སོགས་པ༔ འབྱུང་པོ་ཕྲ་མོ་སྨྲོས་ཅི་དགོས༔ བརྡར་བསྲེགས་སྟེང་གི་རྩ་སྦུར་བཞིན༔ ཐམས་ཅད་མ་ལུས་བསྲེག་པར་འགྱུར༔ དྲེགས་པ་བཅུན་པའི་བསྙེན་པའོ༔ རྒྱ་རྒྱ་རྒྱ༔ སྭགསནཱ་ཏྱ་ཐ༔ གསང་བ་དྲག་སྔགས་བསྙེན་པ་ནི༔ དཀྱིལ་འཁོར་དམ་པ་གཉིས་རྫོགས་ནས༔ ཧཱུྃ་ཧཱུྃ་ཧཱུྃ་གི་སྒྲ་བསྒྲགས་པས༔ རྒྱལ་བའི་དཀྱིལ་འཁོར་རང་ལ་རྫོགས༔ གསལ་ཞིང་བརྟན་པའི་གཟི་བརྗིད་དང་༔ སྔགས་ཀྱི་འོད་ཟེར་འཕྲོ་འདུ་ཡིས༔ རྒྱལ་བ་རྒྱ་མཚོར་མཉེས་མཆོད་ཕུལ༔ འགྲོ་དྲུག་སེམས་ཅན་ལོག་རྟོག་སྦྱངས༔ ཐམས་ཅད་སྔགས་ཀྱི་རང་སྒྲར་འུར༔ ཡང་དག་བསྐྱེད་རིམ་བརྟན་པོའི་ངང་༔ ཕཊ་ཕཊ་ཕཊ་ཀྱི་སྒྲ་བརྗོད་པས༔ སྣང་སྲིད་དྲེགས་པ་ཐམས་ཅད་ཀྱང་༔ འདར་ཞིང་བདག་ལ་འདུད་པར་བསམ༔ དངོས་པོ་འབྱུང་བ་ཐམས་ཅད་ཀུན༔ ལྷ་དང་སྔགས་སུ་བྱིན་གྱིས་བརླབ༔ སྣང་སྲིད་དཀྱིལ་འཁོར་ཆེན་པོར་ཤར༔ ལོངས་སྤྱོད་རྫོགས་སྐུ་ཆེན་པོ་ཐོབ༔ བྱིན་རླབས་ཐུགས་ཀའི་ཧཱུྃ་ལ་བསྡུ༔ དེ་ལ་སེམས་བཟུང་མ་ཡེངས་བཞག༔ རྒྱ་རྒྱ་རྒྱ༔ ༡༢༣༤༔ ལྟ་བ་ཆོས་ཉིད་བསྙེན་པ་ནི༔ གདོད་ནས་སྣང་སྲིད་འཁོར་འདས་ཀུན༔ སྐྱེ་མེད་བརྗོད་བྲལ་ཆོས་ཀྱི་སྐུ༔ ཆོས་སྐུ་དག་པའི་ངང་ཉིད་ལས༔ ལོངས་སྤྱོད་རྫོགས་སྐུ་ཆེན་པོར་བཞེངས༔ ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་རྣམས༔ མ་སྐྱེས་གདོད་ནས་རང་ལ་རྫོགས༔ སྣང་ལ་རང་བཞིན་མེད་པའི་ངང་༔ འགག་མེད་འོད་གསལ་ཕྱོགས་བཅུར་འབར༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་ཚུལ༔ སྟོང་གསལ་རང་བྱུང་དཀྱིལ་འཁོར་ཏེ༔ དམིགས་སུ་མེད་ལ་མངོན་སུམ་གསལ༔ བྱར་མེད་ངང་ནས་སྙིང་པོའི་སྔགས༔ གྲགས་སྟོང་བྲག་ཅའི་རང་སྒྲར་འུར༔ སྐྱེ་འགག་མེད་པའི་ཏིང་འཛིན་ལ༔ མ་ཡེངས་ངང་གིས་བཞག་པ་ནི༔ མཐར་ཐུག་དབང་ཆེན་སྒྲུབ་པའི་ཐབས༔ དམ་པའི་དོན་གྱི་མན་ངག་གོ༔ དེ་ལྟར་རང་སེམས་རྣལ་འབྱོར་པས༔ སྐད་ཅིག་འབྲས་བུ་ཆོས་སྐུ་ཐོབ༔ དམིགས་མེད་སྙིང་རྗེས་གཟུགས་སྐུར་བཞེངས༔ ཕྲིན་ལས་རྟ་མཆོག་ཉིད་དང་མཉམ༔ སྙིགས་མ་འབྲས་བུའི་དུས་ཚོད་དུ༔ གདམས་པ་འདི་ཉིད་དར་ནས་ཀྱང་༔ སྤྲུལ་པ་རིམ་ནས་རིམ་བརྒྱུད་པས༔ འགྲོ་བའི་དོན་ཆེན་བྱེད་པར་ཤོག༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མངའ་བདག་ཁྲི་སྲོང་དང་ལོ་ཆེན་བཻ་རོ་ཙ་ན་ལ་གདམས་པ་ཨྠིྀ༔ གཏེར་རྒྱ༔ གབ་རྒྱ༔ གཏད་བརྒྱ༔ སྤ་གྲོ་དཔྱད་ཀར་སྟག་ཚང་གི་བྲག་དམར་པོ་མེ་ལྕེ་ཆད་པ་འདྲ་བ་ནས་དྲག་སྔགས་ཀྱི་གཏེར་སྟོན་གྲུ་གུ་ཡང་དབང་གཏེར་གྱིས་སྤྱན་དྲངས་པའོ།། | {{TibP|དཔལ་རྟ་མགྲིན་བདེ་གཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ་གྱི་དྲག་སྔགས་བསྙེན་ལུགས་གསུམ་གྱི་གདམས་པ་བཞུགས་སོ༔ | ||
༡༢༣༤༤༥༦ན་མོ་ཧ་ཡ་གྲཱི་བཱ་ཡ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ དྲག་སྔགས་བསྙེན་ལུགས་གསུམ་དུ་བསྟན༔ འཇིག་རྟེན་ལས་ལ་གཟུད་པའི་ཕྱིར༔ དྲེགས་པ་གཅུན་པའི་བསྙེན་པ་དང་༔ ཏིང་འཛིན་ལས་སུ་རུང་བའི་ཕྱིར༔ གསང་བ་སྔགས་ཀྱི་བསྙེན་པ་དང་༔ རྟོགས་པ་མངོན་སུམ་བྱ་བའི་ཕྱིར༔ ལྟ་བ་སྐྱེ་མེད་བསྙེན་པའོ༔ རྒྱ་རྒྱ་རྒྱ༔ དྲེགས་པ་གཅུན་པའི་བསྙེན་པ་ནི༔ ཡི་དམ་སྔགས་ཀྱིས་མགོ་དྲངས་ཏེ༔ སྡེ་བརྒྱད་གནད་ལ་དབབ་པ་ཡི༔ དྲག་སྔགས་ཐེམས་སུ་བསྟན་པར་བྱ༔ ཨོཾ་ཧ་ཡ་གྲཱི་བ་པདྨ་ཀྲོ་དྷཱི་ཤྭ་རཱི༔ བཛྲ་པཱ་ཎི༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཀཱ་ལ་ཡཀྴ༔ ཡ་མཱནྟ་ཀ་ཀཱ་ལ་རཱུ་པ༔ ཀརྨ་རྃ་རྃ་ཛྭ་ལ་རྃ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཁྲོཾ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཨེ་ཛཿཧཱུྃ་བྃ་ཧོ༔ སརྦ་ཨེ་ཏྲིག་ནན༔ ཨེ་ཧུར་ཐུམ་ཛཿ ཨེ་མཱ་ར་ཡ་རྦད༔ ཡ་མ་ཡ༔ ༡གཤིན་རྗེ། མ་མ་རུ་ལུ་མ༔་་་་༢མ་མོ། མ་ཧཱ་དེ་ཝ་ཨཱ༔་་་་༣ལྷ་ཆེན། ཏཱིརྟི་ཀ་དུ༔་་་་་༤མུ་སྟེགས། ཡཀྴ་ཤྭ༔་་་་༥གནོད་སྦྱིན། རཱ་ཙ་ཙ༔་་་་་༦རྒྱལ་པོ། ཤུ་ལ་ཙ་ཙ༔་་་་་༧དྲེགས་པ་སྲོག་ཟན་དམར་པོ། ཧཾ་ཤཾ་ཏྲི༔་་་་་༨འགོང་པོ། རཀྴ་ར༔་་་་་༩སྲིན་པོ། རུ་དྲ་ཧཾ༔་་་་་་༡༠བདུད། བཛྲ་སཱ་དྷུ་ཏྲི༔་་་་་༡༡རྡོ་རྗེ་ལེགས་པ། རུ་དྲ་རུ༔་་་་་་༡༢དམ་སྲི། བིཥྞུ་ར༔་་་་༡༣གཟའ། མུན་མུན་པ༔་་་་་༡༤བདུད། བི་ནཱ་ཡ་ཀ་ཏྲི༔་་་་༡༥བགེགས། ཨ་བི་ཤཱུ་ལ་ཛ༔་་་་༡༦བཙན་ཡ་བ་རྐྱ་བདུན། ཏྲི་ནུ་ཤཱུ་ལ་ཏྲི༔་་་་་་༡༧ཐེའུ་རང༌། ནཱ་ག་ཕུ༔་་་་་་༡༨ཀླུ་བདུད་རྣམས་ཀྱི་སྲོག་སྙིང༌། ཨེ་སརྦ་སྙིང་གཟིར་ཕྲེང་ཤག་ཡཾ་རྦད༔་་་་་་གཟིར་སྔགས་སོ། གོང་དུ་བསྙེན་པ་སོང་བ་ཡིས༔ བདག་ཉིད་ཏིང་ངེ་འཛིན་རྩལ་ཤུགས་བསྐྱེད༔ བདག་གམ་གཞན་ལ་འཚེ་དུས་སུ༔ དྲེགས་པ་གང་ཡིན་ཤེས་པ་ན༔ དེ་ཉིད་ཁོ་ན་ཐེམས་སུ་གཞུག༔ ཤིས་ལ་ཚན་ཆེ་མྱུར་བ་ཡིན༔ དྲེགས་པ་གང་ཡིན་མ་ཤེས་ན༔ ཐམས་ཅད་དྲིལ་ཏེ་བཟླ་བ་ཡིན༔ བདག་གམ་གཞན་གྱི་དགྲ་བསད་ན༔ དྲེགས་པའི་གཟིར་སྔགས་མཇུག་ཉིད་དུ༔ དགྲ་བགེགས་མིང་ནས་གང་བླངས་པ༔ དེ་མ་ཐག་ཏུ་བརླག་པར་འགྱུར༔ དྲག་སྔགས་ཐེམ་ཡིག་བསྙེན་དུས་སུ༔ སྔགས་རྣམས་མཚོན་ཆའི་རང་བཞིན་ཅན༔ དྲེགས་པ་གང་གནོད་བསྒྲལ་བར་བསམ༔ དེ་ལས་ཡེ་ཤེས་མེ་ཕུང་དང་༔ དྲག་སྔགས་མཚོན་ཆའི་འཁོར་ལོ་འཕྲོས༔ ཕོ་རྒྱུད་མོ་རྒྱུད་ལྷ་སྲིན་དང་༔ འབྱུང་པོ་ཀླུ་རིགས་རྒྱལ་བསེན་སོགས༔ མེ་ལྕེའི་ཁ་ཡི་སྦྲང་མ་བཞིན༔ ཐམས་ཅད་མ་ལུས་བསྲེགས་པར་བསམ༔ འདི་ལྟར་བསྒྲུབས་པའི་དྲགས་སྔགས་ཀྱིས༔ གཟའ་ཀླུ་གནོད་སྦྱིན་གཏུམ་པོ་སོགས༔ དྲེགས་པ་མཐུ་སྟོབས་ཆེ་རྣམས་ཀྱང་༔ མེ་ལྕེའི་ཁ་ཡི་སྦྲང་མ་བཞིན༔ ཐལ་བ་རྡུལ་དུ་བརླག་འགྱུར་ན༔ ས་བདག་རྒྱལ་བསེན་ལ་སོགས་པ༔ འབྱུང་པོ་ཕྲ་མོ་སྨྲོས་ཅི་དགོས༔ བརྡར་བསྲེགས་སྟེང་གི་རྩ་སྦུར་བཞིན༔ ཐམས་ཅད་མ་ལུས་བསྲེག་པར་འགྱུར༔ དྲེགས་པ་བཅུན་པའི་བསྙེན་པའོ༔ རྒྱ་རྒྱ་རྒྱ༔ སྭགསནཱ་ཏྱ་ཐ༔ གསང་བ་དྲག་སྔགས་བསྙེན་པ་ནི༔ དཀྱིལ་འཁོར་དམ་པ་གཉིས་རྫོགས་ནས༔ ཧཱུྃ་ཧཱུྃ་ཧཱུྃ་གི་སྒྲ་བསྒྲགས་པས༔ རྒྱལ་བའི་དཀྱིལ་འཁོར་རང་ལ་རྫོགས༔ གསལ་ཞིང་བརྟན་པའི་གཟི་བརྗིད་དང་༔ སྔགས་ཀྱི་འོད་ཟེར་འཕྲོ་འདུ་ཡིས༔ རྒྱལ་བ་རྒྱ་མཚོར་མཉེས་མཆོད་ཕུལ༔ འགྲོ་དྲུག་སེམས་ཅན་ལོག་རྟོག་སྦྱངས༔ ཐམས་ཅད་སྔགས་ཀྱི་རང་སྒྲར་འུར༔ ཡང་དག་བསྐྱེད་རིམ་བརྟན་པོའི་ངང་༔ ཕཊ་ཕཊ་ཕཊ་ཀྱི་སྒྲ་བརྗོད་པས༔ སྣང་སྲིད་དྲེགས་པ་ཐམས་ཅད་ཀྱང་༔ འདར་ཞིང་བདག་ལ་འདུད་པར་བསམ༔ དངོས་པོ་འབྱུང་བ་ཐམས་ཅད་ཀུན༔ ལྷ་དང་སྔགས་སུ་བྱིན་གྱིས་བརླབ༔ སྣང་སྲིད་དཀྱིལ་འཁོར་ཆེན་པོར་ཤར༔ ལོངས་སྤྱོད་རྫོགས་སྐུ་ཆེན་པོ་ཐོབ༔ བྱིན་རླབས་ཐུགས་ཀའི་ཧཱུྃ་ལ་བསྡུ༔ དེ་ལ་སེམས་བཟུང་མ་ཡེངས་བཞག༔ རྒྱ་རྒྱ་རྒྱ༔ ༡༢༣༤༔ ལྟ་བ་ཆོས་ཉིད་བསྙེན་པ་ནི༔ གདོད་ནས་སྣང་སྲིད་འཁོར་འདས་ཀུན༔ སྐྱེ་མེད་བརྗོད་བྲལ་ཆོས་ཀྱི་སྐུ༔ ཆོས་སྐུ་དག་པའི་ངང་ཉིད་ལས༔ ལོངས་སྤྱོད་རྫོགས་སྐུ་ཆེན་པོར་བཞེངས༔ ཡེ་ཤེས་སྒྱུ་མའི་དཀྱིལ་འཁོར་རྣམས༔ མ་སྐྱེས་གདོད་ནས་རང་ལ་རྫོགས༔ སྣང་ལ་རང་བཞིན་མེད་པའི་ངང་༔ འགག་མེད་འོད་གསལ་ཕྱོགས་བཅུར་འབར༔ བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་ཚུལ༔ སྟོང་གསལ་རང་བྱུང་དཀྱིལ་འཁོར་ཏེ༔ དམིགས་སུ་མེད་ལ་མངོན་སུམ་གསལ༔ བྱར་མེད་ངང་ནས་སྙིང་པོའི་སྔགས༔ གྲགས་སྟོང་བྲག་ཅའི་རང་སྒྲར་འུར༔ སྐྱེ་འགག་མེད་པའི་ཏིང་འཛིན་ལ༔ མ་ཡེངས་ངང་གིས་བཞག་པ་ནི༔ མཐར་ཐུག་དབང་ཆེན་སྒྲུབ་པའི་ཐབས༔ དམ་པའི་དོན་གྱི་མན་ངག་གོ༔ དེ་ལྟར་རང་སེམས་རྣལ་འབྱོར་པས༔ སྐད་ཅིག་འབྲས་བུ་ཆོས་སྐུ་ཐོབ༔ དམིགས་མེད་སྙིང་རྗེས་གཟུགས་སྐུར་བཞེངས༔ ཕྲིན་ལས་རྟ་མཆོག་ཉིད་དང་མཉམ༔ སྙིགས་མ་འབྲས་བུའི་དུས་ཚོད་དུ༔ གདམས་པ་འདི་ཉིད་དར་ནས་ཀྱང་༔ སྤྲུལ་པ་རིམ་ནས་རིམ་བརྒྱུད་པས༔ འགྲོ་བའི་དོན་ཆེན་བྱེད་པར་ཤོག༔ རྒྱ་རྒྱ་རྒྱ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་མངའ་བདག་ཁྲི་སྲོང་དང་ལོ་ཆེན་བཻ་རོ་ཙ་ན་ལ་གདམས་པ་ཨྠིྀ༔ གཏེར་རྒྱ༔ གབ་རྒྱ༔ གཏད་བརྒྱ༔ སྤ་གྲོ་དཔྱད་ཀར་སྟག་ཚང་གི་བྲག་དམར་པོ་མེ་ལྕེ་ཆད་པ་འདྲ་བ་ནས་དྲག་སྔགས་ཀྱི་གཏེར་སྟོན་གྲུ་གུ་ཡང་དབང་གཏེར་གྱིས་སྤྱན་དྲངས་པའོ།། | |||
}} | }} |
Revision as of 12:15, 30 April 2021
🚧 This website is under continued development. We appreciate your patience!
དཔལ་རྟ་མགྲིན་བདེ་གཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ་གྱི་དྲག་བསྙེན་ལུགས་གསུམ་གྱི་གདམས་པ།
Wylie title | dpal rta mgrin bde gshegs 'dus pa dregs pa kun sgrol gyi drag bsnyen lugs gsum gyi gdams pa | |
---|---|---|
Location | mkhyen brtse'i bka' babs Volume 11, Text 21, Pages 469-474 (Folios 1a to 3b4) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Tertön | གྲུ་གུ་ཡང་དབང་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (gru gu yang dbang, 'jam dbyangs mkhyen brtse'i dbang po) | |
Citation | 'jam dbyangs mkhyen brtse'i dbang po. dpal rta mgrin bde gshegs 'dus pa dregs pa kun sgrol gyi drag bsnyen lugs gsum gyi gdams pa. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 11: 469-474. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013. | |
Genre | Recitation Manual - bsnyen yig · Revelations - gter ma | |
Cycle | རྟ་མགྲིན་དྲེགས་པ་ཀུན་སྒྲོལ་ (rta mgrin dregs pa kun sgrol) | |
Deity | rta mgrin | |
Karchag page | JKW-KABAB-Volume-11-DA-Karchag | |
RTZ | In the Rinchen Terdzö: https://rtz.tsadra.org/index.php/Terdzo-RA-045 | |
Colophon |
| |
|