DKR-KABUM-06-CHA-006: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-06-CHA-006
No edit summary
m (Text replacement - "Khyentse Metadata" to "Text")
 
Line 1: Line 1:
{{Khyentse Metadata
{{Text
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts

Latest revision as of 08:03, 1 June 2024

Wylie title bla ma drag po kI la ya'i/ 'chi med tshe sgrub zab mo DKR-KABUM-06-CHA-006.pdf
Location dil mgo mkhyen brtse bka' 'bum
Volume 6, Text 6, Pages 18-19 (Folios 1a1 to 2a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön པདྨ་དཀར་པོ་ (Drukchen, 4th)
Citation Khyentse, Dilgo. Bla ma drag po kI la ya'i 'chi med tshe sgrub zab mo. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 6: 18-19. Delhi: Shechen Publications, 1994.
Genre Longevity Rituals - tshe sgrub  ·  Sadhanas - Evocation Ritual - sgrub thabs
Cycle དག་སྣང་གུ་རུ་དྲག་པོ་ཀཱི་ལ་ཡ་ (dag snang gu ru drag po ki la ya)
Deity gu ru drag po
Colophon

།ཅེས་འཆི་མེད་པདྨ་རྒྱལ་པོས་བྱིན་རླབས་ཀྱི་བདུད་རྩིའི་ཟིལ་མངར་ཕྲ་མོ་ཐོབ་པའི་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ནག་ཟླའི་བཟང་པོ་དང་པོའི་ཉིན་འཆི་མེད་ཚེའི་སྨིན་བྱེད་དང་ཆབས་ཅིག་ཕུལ་བས་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ཚེ་དང་ཡེ་ཤེས་ཀྱི་སྣང་བ་དམ་པས་དབུགས་དབྱུང་བའི་རྒྱུར་གྱུར་ཅིག།

/ces 'chi med pad+ma rgyal pos byin rlabs kyi bdud rtsi'i zil mngar phra mo thob pa'i pad+ma gar dbang 'od gsal mdo sngags gling pas nag zla'i bzang po dang po'i nyin 'chi med tshe'i smin byed dang chabs cig phul bas mkha' khyab yid can rgya mtsho tshe dang ye shes kyi snang ba dam pas dbugs dbyung ba'i rgyur gyur cig/

[edit]
༄༅། བླ་མ་དྲག་པོ་ཀཱི་ལ་ཡའི། འཆི་མེད་ཚེ་སྒྲུབ་ཟབ་མོ་བཞུགས། ན་མོ་གུ་རུ་པདྨ་ཀྲོ་དྷ་ཡ། །ཚེ་སྒྲུབ་ཟབ་མོའི་དམིགས་གནད་ནི། །རང་ཉིད་དྲག་པོ་ཀཱི་ལ་ཡའི། །སྤྱི་བོར་ཐོད་ཕྲེང་རིགས་ལྔ་རྣམས། །ཕྱག་གཡས་མདའ་དར་རིགས་ལྔ་གཡོབ། །གཡོན་པས་འཆི་མེད་ཚེ་བུམ་འཛིན། །ཡབ་ཡུམ་རྒྱན་ཆས་ཡོངས་རྫོགས་གསལ། །ཀྱཻ། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་རྗེ། །འོད་གསལ་ལྷུན་གྲུབ་སྐྱེ་འགྲོ་ཡོངས་ཀྱི་མགོན། །སྐྱེ་འཆི་མེད་པ་རྡོ་རྗེ་ལྟ་བུའི་སྐུ། །མཉམ་པ་མེད་པའི་ཆེ་མཆོག་ཧེ་རུ་ཀ །འགྲོ་མགོན་བླ་མ་ཁྱོད་ལ་སྐྱབས་སུ་མཆི། །གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ། །ཐུགས་རྗེས་གཟིགས་ཤིག་ཨོ་རྒྱན་སྤྲུལ་པའི་སྐུ། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ། །མོས་གུས་དྲག་པོས་རྩེ་གཅིག་གསོལ་བཏབ་པས། །ཐོད་ཕྲེང་རིགས་ལྔའི་ཐུགས་རྒྱུད་དབང་མེད་བསྐུལ། །བདེ་བྱིན་ཉམས་རྒྱས་ཡབ་ཡུམ་སྙོམས་པར་ཞུགས། །སྐུ་ལས་འོད་ཟེར་འཆར་ཀའི་མདངས་ལྟར་འཕྲོས། །ལྷ་མོ་མགྱོགས་མའི་ཚོགས་དང་བཅས་པ་ཡིས། །ཕྱི་སྣོད་འབྱུང་ལྔའི་དཔལ་ཡོན་དྭངས་བཅུད་དང༌། །ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དབང་ཐང་སྟོབས། །རྒྱལ་བ་སྲས་བཅས་མཁྱེན་བརྩེའི་དབང་བཅུད་དཔལ། །ཁྱད་པར་བདག་གི་བླ་ཚེ་ཆད་ཉམས་ཡལ། །སྡེ་བརྒྱད་འབྱུང་པོས་བརྐུས་དང་བྱད་ཀྱིས་འཕྲོག །ཐམས་ཅད་མ་ལུས་འོད་ལྔའི་བདུད་རྩིའི་ཟེར། །འཇའ་འོད་ཐིག་ལེའི་རྣམ་པར་དབང་མེད་བསྡུས། །སྤྱི་བོའི་ལྷ་ཡི་སྐུར་ཐིམ་གཟི་བྱིན་རྒྱས། །བྱིན་བརླབས་བྱང་སེམས་བདུད་རྩིའི་ཆར་ཆེན་པོ། །སྦྱོར་མཚམས་ནས་བྱུང་རང་གི་སྤྱི་བོར་ཞུགས། །ལུས་གང་སྒོ་གསུམ་ཚེ་བཅུད་ཉམས་པ་གསོས། །དྭངས་མའི་སྟོབས་རྒྱས་རྩ་ཁམས་རླུང་ནུས་སྨིན། །སྐྱེ་འཆི་མེད་པ་ཡེ་ཤེས་རྡོ་རྗེའི་ཚེ། །མངོན་སུམ་གྲུབ་པའི་བྱིན་བརླབས་མཆོག་ཐོབ་གྱུར། །ཨོཾ་ཨཱཿཧཱུྃ་ཨརྩིཀ་ནིརྩིཀ་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཨཱཿ བརྒྱ་དང་ཁྲི་འབུམ་ཅི་ནུས་བཟླ། ཐུན་མཐར་ཚེ་འགུགས་སྦྱར་འདོད་ན། ཧཱུྃ་ཧྲཱིཿ ཐོད་ཕྲེང་རིགས་ལྔ་ཚེ་བདག་ཡབ་ཡུམ་སྲས། །སྤྲུལ་པའི་ཕོ་ཉ་ལྷ་མོ་མགྱོགས་མའི་ཚོགས། །ཐུགས་དམ་མ་གཡེལ་རྡོ་རྗེའི་ཚེ་མཆོག་ཁུག །རྒྱལ་བ་སྲས་བཅས་དྲང་སྲོང་རིག་པ་འཛིན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་མིའམ་ཅིའི། །དབང་ཐང་སྟོབས་རྩལ་ཚེ་དཔལ་ཡོན་ཏན་ཁུག །ཕྱོགས་བཅུར་བླ་ཚེ་ཆད་ཉམས་ཡལ་བ་ཁུག །སྡེ་བརྒྱད་འབྱུང་པོས་རྐུ་འཕྲོག་ཉམས་པ་ཁུག །སྔོན་ལས་འཕྲལ་རྐྱེན་བླ་ཚེ་ཉམས་པ་གསོས། །རྩ་རླུང་ཐིག་ལེ་ཡེ་ཤེས་སྟོབས་ནུས་བསྐྱེད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཚེ་མཆོག་སྩོལ། །ཨོཾ་ཧཱུྃ་ཏྲྃ་ཧྲཱིཿཨཿ བཛྲ་ཨཱ་ཡུརྫྙཱ་ན་ཛཿཛཿ ཧཱུྃ་ཧྲཱིཿ འཁོར་འདས་ཀུན་ཁྱབ་དྭངས་མ་འོད་ཀྱི་སྤྲིན། །གཉུག་མའི་ཡེ་ཤེས་ཐིག་ལེར་རོ་གཅིག་འདྲེས། །སྒོ་གསུམ་འཆི་མེད་རྡོ་རྗེའི་སྐུ་གསུང་ཐུགས། །གསང་བ་བསམ་མི་ཁྱབ་པའི་གནས་ཐོབ་གྱུར། །ཛྙཱ་ན་དྷརྨ་དྷཱཏུ་ཨ། ཞེས་གཤིས་ལ་མཉམ་པར་བཞག །དེས་ནི་རྡོ་རྗེའི་ཚེ་ཐོབ་འགྱུར། དེ་སྐད་དམ་པའི་ཡོན་ཏན་དཔལ། །རབ་མཛེས་ཆོས་ཀྱི་ཉི་མ་༼རྡོར་རྫོང་བརྒྱད་པ།༽ཆེས། །ཆེད་དུ་བཀའ་སྩལ་བཞེད་སྐོང་སླད། །རིགས་མཐུན་གཏེར་ཁའི་མན་ངག་ལྟར། །བྲིས་འདིས་སྐུ་ཚེའི་དཔལ་ཡོན་རྒྱས། །རྡོྃ་རྗེའི་གསང་བ་གསུམ་གྲུབ་ནས། །ཚེ་ཡི་རྫོངྃ་ཆེན་ཐོབ་པར་ཤོག །ཅེས་འཆི་མེད་པདྨ་རྒྱལ་པོས་བྱིན་རླབས་ཀྱི་བདུད་རྩིའི་ཟིལ་མངར་ཕྲ་མོ་ཐོབ་པའི་པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་ནག་ཟླའི་བཟང་པོ་དང་པོའི་ཉིན་འཆི་མེད་ཚེའི་སྨིན་བྱེད་དང་ཆབས་ཅིག་ཕུལ་བས་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་ཚེ་དང་ཡེ་ཤེས་ཀྱི་སྣང་བ་དམ་པས་དབུགས་དབྱུང་བའི་རྒྱུར་གྱུར་ཅིག། །།
[edit]

@#/_bla ma drag po kI la ya'i/_'chi med tshe sgrub zab mo bzhugs/_na mo gu ru pad+ma kro d+ha ya/_/tshe sgrub zab mo'i dmigs gnad ni/_/rang nyid drag po kI la ya'i/_/spyi bor thod phreng rigs lnga rnams/_/phyag g.yas mda' dar rigs lnga g.yob/_/g.yon pas 'chi med tshe bum 'dzin/_/yab yum rgyan chas yongs rdzogs gsal/_/kyai/_dus gsum sangs rgyas thams cad 'dus pa'i rje/_/'od gsal lhun grub skye 'gro yongs kyi mgon/_/skye 'chi med pa rdo rje lta bu'i sku/_/mnyam pa med pa'i che mchog he ru ka_/'gro mgon bla ma khyod la skyabs su mchi/_/gsol ba 'debs so gu ru rin po che/_/thugs rjes gzigs shig o rgyan sprul pa'i sku/_/'chi med tshe yi dngos grub bstsal du gsol/_/mos gus drag pos rtse gcig gsol btab pas/_/thod phreng rigs lnga'i thugs rgyud dbang med bskul/_/bde byin nyams rgyas yab yum snyoms par zhugs/_/sku las 'od zer 'char ka'i mdangs ltar 'phros/_/lha mo mgyogs ma'i tshogs dang bcas pa yis/_/phyi snod 'byung lnga'i dpal yon dwangs bcud dang*/_/nang bcud skye 'gro'i tshe bsod dbang thang stobs/_/rgyal ba sras bcas mkhyen brtse'i dbang bcud dpal/_/khyad par bdag gi bla tshe chad nyams yal/_/sde brgyad 'byung pos brkus dang byad kyis 'phrog_/thams cad ma lus 'od lnga'i bdud rtsi'i zer/_/'ja' 'od thig le'i rnam par dbang med bsdus/_/spyi bo'i lha yi skur thim gzi byin rgyas/_/byin brlabs byang sems bdud rtsi'i char chen po/_/sbyor mtshams nas byung rang gi spyi bor zhugs/_/lus gang sgo gsum tshe bcud nyams pa gsos/_/dwangs ma'i stobs rgyas rtsa khams rlung nus smin/_/skye 'chi med pa ye shes rdo rje'i tshe/_/mngon sum grub pa'i byin brlabs mchog thob gyur/_/oM AHhU~M artsika nirtsika na mo b+ha ga wa te badz+ra kI li kI la ya/_A yur+dz+nyA na tshe b+h+rU~M AH_brgya dang khri 'bum ci nus bzla/_thun mthar tshe 'gugs sbyar 'dod na/_hU~M hrIH_thod phreng rigs lnga tshe bdag yab yum sras/_/sprul pa'i pho nya lha mo mgyogs ma'i tshogs/_/thugs dam ma g.yel rdo rje'i tshe mchog khug_/rgyal ba sras bcas drang srong rig pa 'dzin/_/lha klu gnod sbyin dri za mi'am ci'i/_/dbang thang stobs rtsal tshe dpal yon tan khug_/phyogs bcur bla tshe chad nyams yal ba khug_/sde brgyad 'byung pos rku 'phrog nyams pa khug_/sngon las 'phral rkyen bla tshe nyams pa gsos/_/rtsa rlung thig le ye shes stobs nus bskyed/_/sku gsung thugs yon phrin las tshe mchog stsol/_/oM hU~M tra~M hrIHaH_badz+ra A yur+dz+nyA na dzaHdzaH_hU~M hrIH_'khor 'das kun khyab dwangs ma 'od kyi sprin/_/gnyug ma'i ye shes thig ler ro gcig 'dres/_/sgo gsum 'chi med rdo rje'i sku gsung thugs/_/gsang ba bsam mi khyab pa'i gnas thob gyur/_/dz+nyA na d+harma d+hAtu a/_zhes gshis la mnyam par bzhag_/des ni rdo rje'i tshe thob 'gyur/_de skad dam pa'i yon tan dpal/_/rab mdzes chos kyi nyi ma (rdor rdzong brgyad pa/)ches/_/ched du bka' stsal bzhed skong slad/_/rigs mthun gter kha'i man ngag ltar/_/bris 'dis sku tshe'i dpal yon rgyas/_/rdo~M rje'i gsang ba gsum grub nas/_/tshe yi rdzonga~M chen thob par shog_/ces 'chi med pad+ma rgyal pos byin rlabs kyi bdud rtsi'i zil mngar phra mo thob pa'i pad+ma gar dbang 'od gsal mdo sngags gling pas nag zla'i bzang po dang po'i nyin 'chi med tshe'i smin byed dang chabs cig phul bas mkha' khyab yid can rgya mtsho tshe dang ye shes kyi snang ba dam pas dbugs dbyung ba'i rgyur gyur cig/__//

Footnotes

Other Information