DKR-KABUM-21-ZHA-023: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=སྙན་བརྒྱུད་སྙིང་གི་གསང་མཛོད་ལས། མཁའ་འགྲོ་གདུགས་སེང་སྦྲགས་སྒྲུབ་ཀྱི་སྲུང་བཟློག་བསད་པ་མཐའ་སྡུད་དང་བཅས་པའི་ལས་རིམ་ཁྲིགས་སུ་བསྡེབས་པ་ཕས་རྒོལ་ཀུན་འཇོམས་ཚངས་པའི་འཁོར་ལོ། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 21: . Delhi: Shechen Publications, 1994. | |fulltitle=snyan brgyud snying gi gsang mdzod las/ mkha' 'gro gdugs seng sbrags sgrub kyi srung bzlog bsad pa mtha' sdud dang bcas pa'i las rim khrigs su bsdebs pa phas rgol kun 'joms tshangs pa'i 'khor lo | ||
|citation=[[Khyentse, Dilgo]]. ''Snyan brgyud snying gi gsang mdzod las mkha' 'gro gdugs seng sbrags sgrub kyi srung bzlog bsad pa mtha' sdud dang bcas pa'i las rim khrigs su bsdebs pa phas rgol kun 'joms tshangs pa'i 'khor lo''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 21: 205-217. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=gnyags dz+nyA na ku mA ra | |associatedpeople=gnyags dz+nyA na ku mA ra | ||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | ||
|tibgenre= | |tibgenre=Averting or Dispelling Rites- zlog pa | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
|deity= | |deity=rje mo siM ha'i zhal | ||
|cycle=snyan brgyud snying gi gsang mdzod | |cycle=snyan brgyud snying gi gsang mdzod | ||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | ||
|volumenumber=021 | |volumenumber=021 | ||
|volnumtib=༢༡ | |volnumtib=༢༡ | ||
|volyigtib=ཞ་ | |volyigtib=ཞ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=023 | |||
|pagenumbers=205-217 | |||
|totalpages=26 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=13b6 | ||
|totalfolios=13 | |||
|multivolumework=No | |||
|rectonotes=srung bzlog | |||
|versonotes=gnyags lugs phur pa | |versonotes=gnyags lugs phur pa | ||
| | |colophontib=།ཅེས་ཟབ་གཉན་རྣོ་སོ་དང་ལྡན་པའི་ལས་རིམ་འདི་ཡང་སྔགས་ནག་རལ་པ་ཅན་གྱི་མཚོན་ཆ་རུ་བསྡེབས་པ་པོ་ལམ་འདིའི་བཀའ་བབ་ཁྲག་འཐུང་ཀློང་ཆེན་ནམ་མཁའ་འོད་གསལ་གར་དབང་མདོ་སྔགས་གླིང་པས་ས་ལ་སྤྱོད་པའི་དུར་ཁྲོད་མེ་རི་འབར་བ་བདེ་ཆེན་པདྨ་ཤེལ་ཕུག་ཏུ་སྨིན་ཟླའི་རྫོགས་པ་ཐ་མའི་ཉིན་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་བཙུན་པ་བཀྲ་ཤིས་རྣམ་རྒྱལ་གྱི་བགྱིས་པ་འདིས་ཀྱང་ནག་པོའི་རྩ་ལག་སྡེ་དང་བཅས་པའི་སྟོབས་མཐུ་རྩད་ནས་ཞི་སྟེ་ཐུབ་བསྟན་རིན་པོ་ཆེའི་དབུ་འཕང་སྲིད་རྩེར་སྙེགས་པའི་དཔལ་དུ་གྱུར་ཅིག །སརྦ་ཛག་ཏཾ།། | ||
|colophonwylie=/ces zab gnyan rno so dang ldan pa'i las rim 'di yang sngags nag ral pa can gyi mtshon cha ru bsdebs pa po lam 'di'i bka' bab khrag 'thung klong chen nam mkha' 'od gsal gar dbang mdo sngags gling pas sa la spyod pa'i dur khrod me ri 'bar ba bde chen pad+ma shel phug tu smin zla'i rdzogs pa tha ma'i nyin grub par sbyar ba'i yi ge pa ni btsun pa bkra shis rnam rgyal gyi bgyis pa 'dis kyang nag po'i rtsa lag sde dang bcas pa'i stobs mthu rtsad nas zhi ste thub bstan rin po che'i dbu 'phang srid rtser snyegs pa'i dpal du gyur cig_/sarba dzag taM// | |||
|pdflink=File:DKR-KABUM-21-ZHA-023.pdf | |pdflink=File:DKR-KABUM-21-ZHA-023.pdf | ||
}} | }} | ||
Line 36: | Line 40: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། མཁའ་འགྲོ་གདུགས་སེང་སྦྲགས་སྒྲུབ་ཀྱི་སྲུང་བཟློག་བསད་པ་མཐའ་སྡུད་དང་བཅས་པའི་ལས་རིམ་ཁྲིགས་སུ་བསྡེབས་པ་ཕས་རྒོལ་ཀུན་འཇོམས་ཚངས་པའི་འཁོར་ལོ་ཞེས་བྱ་བ་བཞུགས། ན་མཿཤྲཱི་ཛྙཱ་ན་ཌཱ་ཀི་ནི་ཡེ། སྟོང་ཆེན་སྲོག་གི་ཐིག་ལེ་སྙིང་རྗེས་བཞད། །བདུད་འདུལ་གར་དགུའི་གཟི་བྱིན་མེ་ལྟར་འཁྲུགས། །རྒོལ་འཇོམས་ལྷ་དབང་མཚོན་གྱི་སྟོབས་འཆང་བའི། །བླ་མ་ཡེ་ཤེས་ཌཱ་ཀི་རྒྱལ་གྱུར་ཅིག །མཆོག་གི་གསང་གསུམ་ནུས་པའི་སྟོབས། །བསྐུལ་བྱེད་ལས་ཀྱི་འཕྲུལ་འཁོར་ཆེ། །དུས་ཀྱི་ཞགས་པ་འདི་གདེང་ན། །བརླང་པོར་སྤྱོད་ཀུན་བག་ཡོད་མཛོད། །ཡེ་ཤེས་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་བསྙེན་སྒྲུབ་ཀྱི་ནུས་པ་ཐོན་པས་དྲག་ཤུལ་གྱི་ལས་བརྩམ་པའི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་གསུམ་ལས། ཐོག་མར་གཤམས་བཀོད་ནི། དྲག་པོར་བསྔགས་པའི་གནས་སུ་ལོ་ཟླའི་ཟད་མཚམས་སོགས་དུས་གདུག་པ་དང་སྦྱར་ཏེ་གུང་དུ་གཞུང་མཐུན་གྱི་གཏོར་མ། བཀའ་སྲུང་དང་ཆད་བརྟན་གཏོར་འབུལ། སྨན་རཀ །ཉེར་སྤྱོད་ཚོགས་མཆོད་སྔོན་གཏོར་སོགས་ལས་བྱང་ལྟར་དང༌། དེ་ཉིད་ཀྱི་མདུན་དུ་ཟོར་སྟེགས་ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་ལྕགས་སྣོད་དུ་འབྲུ་ནག་ངར་ཕྱེའི་གཏོར་ནག་གྲུ་གསུམ་སེང་ཞལ་ཕྱུངས་པ་ལ། འཁོར་བརྒྱད། བར་རྣམས་ཐེབ་ཀྱུ་བཅད་ཁ་ཕྱིར་བསྟན་ཁྲག་གིས་སྦགས་པ་གྲངས་མེད་པས་བསྐོར་བ་ལ་མཚེ་རྩང༌། སྐུ་ཙཀ དར་གདུགས་མེ་རི་སོགས་དྲག་རྒྱན་རྔམས་པར་བྱ། ཀློང་ལྔའི་ཟོར་གྱི་རྣོ་སོ་སྦྱར་ན་ཤར་དུ་དུར་ཁྲོད་དང་ཕུང་སའི་ཀོང་བུ་ཟུར་གསུམ་དུག་ཁྲག་རློན་པས་བཀང་བ། ལྷོར་ལྷ་སྲིན་གདུག་པ་གནས་པའི་རིའི་རྦབ་ཀྱིས་མི་བསད་པའི་རྡོ་ཟོར་དུག་ཁྲག་གིས་བྷྱོ་ཟློག་བྲིས་པ། ནུབ་ཏུ་རོ་རས་མི་ཞུན་དང་སྦྱར་བའི་མེ་སྒྲོན་བཙུགས་པའི་ཟོར་ཀོང༌། བྱང་དུ་ཁྲ་འུག་བྱ་རོག་སོགས་བྱ་ཤ་ཟན་གྱི་སྒྲོ་བཙུགས་པའི་ཀོང་བུ་དང༌། དབུགས་ཀྱི་བཀང་བའི་ཀྱལ་པ་ལ་ཁྲག་གིས་བྷྱོ་ཟློག་བྲིས་པ་རྣམས་དགུ་ཚན་དུ་བྱས་ལ་བསྒྲིགས། ཟོར་ཆེན་གྱི་སྟེང་དུ་ཆོས་འབྱུང་བསྣོལ་མ་དཀྲིས་པའི་ནམ་མཁའ་ཡང་འཛུགས། མཐའ་སྐོར་དུ་དྲག་པོའི་ཉེར་སྤྱོད་ཀྱིས་བསྐོར། གཞན་ཡང་ལྕགས་ཧོམ་དུ་སྒྲོལ་ལིང༌། བསྒྲལ་ཆས་སོགས་མདོར་ན་འོག་ཏུ་དགོས་པའི་ཡོ་བྱད་རིགས་དང༌། མཐའ་སྡུད་གསུམ་ཀ་སྦྱར་ན་མནན་ལིང་དུག་ཤོག་ལ་དགྲ་གཟུགས་ལིངྒ་སྤྱི་ལྟར་བྲིས་པའི་ཚིགས་ཆེན་བཞི་ལ་ཛཿཧཱུྃ་བཾ་ཧོ། སྤྱི་བོར་ཏྲིག་ནན༔ དཔྲལ་བར་ཇི་འུ་ཀུང་ཀེག་ཤངས་ཁུག་ཛཿ མིག་ལ་ལོང༌། རྣ་བར་འོན། ཁ་ནང་དུ་བདུད་པོ་ང་ལོང༌། སྙིང་གར་ཛཿཁ་སྤྲོད་བར་ནྲྀ་ཏྲིཿ ཕྱོགས་བཞིར་ཨེ་ཧུར་ཐུམ་ཛཿ མགྲིན་པ་ནས་ཡིག་མགོ་ཕྱིར་བསྟན་གྱིས་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་ལངས་པའི་གནོད་བྱེད་དགྲ་བགེགས་བྱད་མ་བསམ་ངན་སྦྱོར་རྩུབ་འཆང་བ་སྤྱི་དང༌། ཁྱད་པར་བྱད་མ་ཆེ་གེ་མོའི་ཚེ་བླ་སྲོག་གསུམ་མཐུ་སྟོབས་ནུས་པ་ཐམས་ཅད་ཁུག་ཛཿཛཿ ཨ་ཀརྵ་ཡ་ཛཿཧཱུྃ་བཾ་ཧོཿ བརླ་གཡོན་པར་ཡི་གེ་ཚ་ལ། ཏྲོཾ་ཏྲི་ཤཾ་ཏྲི་ཛཿཁཾཤ་གྷ་ཛ་ཏྲཾ་ཐུམ་ཛཿ ཞེས་སྔགས་མགོ་ནང་བསྟན་གྱིས་བསྐོར། རྐང་མཐིལ་དུ་ཡཾ་ཡཾ་དང༌། སྤྱི་བོ་ནས་གཞུང་གི་བཟློག་སྔགས་དང་ཛཿཁྲོཾ་གྱིས་བསྐོར། ལིང་ཁྲུས་བྱས་པ་ཚུལ་བཞིན་ལྟེབ་ནས་ཤི་སྐྲ་དང་སྐུད་པ་སྔོ་དམར་གྱིས་བཅིང་འདུ་བྱས་ལ། གཉིས་པ་དངོས་གཞི་ལ་བདུན་ལས། དང་པོ་སྲུང་བ་ནི། རང་ཉིད་མཁའ་འགྲོ་བདུད་འདུལ་མའི༔ ཐུགས་ཀར་གསེར་སྦྱངས་མཆོད་རྟེན་གྱི༔ བུམ་པར་སྲུང་བྱ་གསལ་བ་ལ༔ སྲས་བཅས་རྒྱལ་བའི་ཡེ་ཤེས་ཀྱི༔ འོད་ཟེར་བསྡུས་པས་ཕ་ལམ་ལྟར༔ མི་འཇིག་རྡོ་རྗེའི་རེ་ཁཱས་གདབ༔ ནམ་ཡང་གནོད་པས་མི་ཚུགས་པའི༔ ཆོས་སྐུའི་ཡེ་ཤེས་རོལ་པར་ཤར༔ ཞེས་དམིགས་ཏེ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ྄ཿ ཨོཾ་སི་ཏ་ཏ་པ་ཧྲེཿ ཨ་ན་ལེ་ཨ་ན་ལེ༔ བི་ཤུདྡྷེ་བི་ཤུདྡྷེ༔ བཻ་ར་བཻ་ར༔ བཛྲ་དྷཱ་ར་ནི༔ བཛྲ་པ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄༔ མ་མ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ༔ གཉིས་པ་བཟློག་དམིགས་ནི། བདག་མདུན་དཀྱིལ་འཁོར་ཕྱི་རོལ་དུ༔ གནམ་ལྕགས་འཁོར་ལོ་རྩིབ་བཅུ་འབར༔ རྩེ་རྣོ་སྤུ་གྲི་ངར་མ་ལྟར༔ ཤུགས་དྲག་གཡས་སུ་དྲག་ཏུ་འཁོར༔ མཆན་ལ་སྤྲུལ་པའི་ཕྲ་མེན་འཕྱོ༔ མེ་ཆུ་རླུང་གི་བུ་ཡུག་འཚུབས༔ ལས་བྱེད་ཕོ་ཉ་བསམ་ཡས་པས༔ བྱད་མ་སྡེར་བཅས་བཀུག་པའི་མོད༔ ལྷ་ཚོགས་ཞལ་ཀུན་ཕྱིར་བསྟན་ཏེ༔ བཟློག་སྔགས་སྟོང་གསུམ་གང་བའི་སྒྲས༔ སྣོད་བཅུད་འུར་འུར་ཤིག་ཤིག་བརྡེག༔ རྩིབ་ཀྱིས་བྱད་མ་སྡེ་བཅས་བཅོམ༔ ཕྱེ་མའང་དམིགས་མེད་རྒྱས་གདབ་བསམ༔ རྩ་སྔགས་སྔ་མ་ལྟར། མ་ཧཱ་ཤཱ་རི་ཨེ་ས་བྷྱོ་བཟློག༔ ཅེས་སྦྱར། གསུམ་པ་བསད་དམིགས་ནི། བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཆེར་ཁྲོས་ཤིང་འཁྲུགས་པས་རྡོ་རྗེའི་ཕོ་ཉ་ནམ་མཁའ་གང་བར་སྤྲོས༔ མ་རུངས་པ་གདུག་ཅིང་གཏུམ་པ་ཐམས་ཅད་ཕྱག་རྒྱ་བཞིས་རྟེན་ལ་དགུག་བཅིང་མྱོས་པར་བྱས༔ ལྷ་དང་ཕྲལ༔ གཟུགས་ལ་དབབ༔ སྐུ་སྨད་ཕུར་པའི་དབལ་གྱིས་གཟིར་བས་ཚེ་བསོད་རང་ལ་ཐིམ༔ རྣམ་ཤེས་དབྱིངས་སུ་སྤར༔ ཕུང་པོ་ཉལ་ཉལ་གཏུབ་པའི་ཤ་ཁྲག་ལས་ཀྱི་མཁའ་འགྲོ་འཁོར་དང་བཅས་པ་རྔམས་པའི་གད་མོ་དང་བཅས་ཚོགས་སུ་བཞེས་པར་བསམས་ལ༔ རྩ་སྔགས་སྲུང་བའི་སྐབས་ལྟར་ལ། དགྲ་བགེགས་བྱད་མ་མཱ་ར་ཡ་རྦད་བྷྱོ་ཕཊ྄༔ ཅེས་སྦྱར། ཐུན་མཐར་མཆོད་བསྟོད། གསོལ་ཁ། ཚོགས་བྱིན་བརླབ་ནས་བརྩམས་བསྐང་བཤགས་བར་ལས་བྱང་ལྟར་བཏང་ལ། གསུམ་པ་བསྒྲལ་བའི་ལས་རིམ་དངོས་ལ་བདུན་ལས། དང་པོ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་དབྱིངས༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ བདུད་འདུལ་ཡེ་ཤེས་དྷཱ་ཀི་སེང་གེའི་གདོང༔ འཁོར་འདས་ཀུན་གྱི་སྤྱི་དཔལ་དབྱིངས་ནས་བཞེངས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ གཉིས་པ་གསེར་སྐྱེམས་དང་གཟུ་དཔང་ནི། ཨོཾ་ཨཱཿཧཱུྃ༔ རྩ་གསུམ་རྒྱལ་བ་ལས་ཀྱི་དྷཱ་ཀི་ནི༔ རབ་འབྱམས་མཁའ་འགྲོ་འདུས་པའི་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་གཟུ་དང་དཔང་མཛོད་ཅིག༔ དྲག་པོ་སྔགས་ཀྱི་གཟི་བྱིན་བསྐྱེད་དུ་གསོལ༔ མངོན་སྤྱོད་ལས་ཀྱི་བརྟུལ་ཞུགས་གྲུབ་པར་མཛོད༔ ཕོ་རྒྱུད་མོ་རྒྱུད་གཉིས་མེད་དྲེགས་པའི་སྡེ༔ རྡོ་རྗེའི་ཆོས་སྲུང་དམ་ཚིག་འཆང་བ་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་གཟུ་དང་དཔང་མཛོད་ཅིག༔ དྲག་པོ་སྔགས་ཀྱི་གཟི་བྱིན་བསྐྱེད་དུ་གསོལ༔ མངོན་སྤྱོད་ལས་ཀྱི་བརྟུལ་ཞུགས་གྲུབ་པར་མཛོད༔ ས་བདག་ལྷ་ཀླུ་འབྱུང་པོ་མཐུ་བོ་ཆེ༔ མགོན་སྐྱབས་རྒྱབ་རྟེན་དཔུང་གཉེན་གྱུར་པ་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་གཟུ་དང་དཔང་མཛོད་ཅིག༔ དྲག་པོ་སྔགས་ཀྱི་གཟི་བྱིན་བསྐྱེད་དུ་གསོལ༔ མངོན་སྤྱོད་ལས་ཀྱི་བརྟུལ་ཞུགས་གྲུབ་པར་མཛོད༔ གསུམ་པ་ཧོམ་བསྐྱེད་ནི། ཨེ་ཡྃ་རྃ་སྥ་ར་ཎ་ཕཊ྄༔ སཾ་ཧ་ར་ཎ་ཧཱུྃ༔ ཨེ་ལས་ཐར་མེད་གནམ་ལྕགས་གཤིན་རྗེའི་སྒྲོམ༔ ཟུར་གསུམ་མེ་འབར་ལས་ཀྱི་རླུང་ཤུགས་གཡོ༔ དེ་དབུས་གནོད་བྱེད་དགྲ་དང་འགལ་རྐྱེན་བགེགས༔ ཉམ་ཐག་སྐྱབས་བྲལ་མངོན་སུམ་གསལ་བར་གྱུར༔ བཞི་པ་འགུགས་པ་ནི། ན་མོ། རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོ་དང་༔ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས༔ སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན༔ དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུས༔ བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད༔ ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས༔ ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས༔ ཁ་འཇམ་གཏིང་རྩུབ་ཞེ་ནས་སྨོད་པ་དང༔ དོ་བརྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད༔ མཐུ་དང་ནུས་པ་བུ་ལོན་བཞིན་དུ་བསྙགས༔ དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང༔ བར་ཆད་བྱེད་པའི་བདུད་དང་དམ་སྲིའི་རིགས༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི་རྣམས་ཀྱི༔ རྣམ་ཤེས་བླ་ཚེ་སྲོག་དབུགས་བཅས་པ་ཀུན༔ གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང༔ ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས༔ གང་ན་ཡོད་ཀྱང་རཱུ་པ་འདི་ཉིད་ལ༔ ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ རྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾཿ མྱོས་པར་གྱིས་ཤིག་བཛྲ་གཎྜེ་ཧོཿ ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊ྄༔ དབྱེར་མེད་སྟིམས་ཤིག་ཨ་བེ་ཤ་ཡ་ཨ༔ སརྦ་ཤ་ཏྲཱུན་བིགྷྣཱན་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བཛྲ་གཎྜེ་ཧོ༔ བཛྲ་པྲ་བེ་ཤ་ཡ་ཕཊ྄༔ བཛྲ་ཨ་བེ་ཤ་ཡ་ཨ་ཨཿ ཞེས་མཚོན་ཆ་དངོས་སམ་ཕྱག་རྒྱས་གཟིར། ལྔ་པ་བསྒྲལ་བ་ནི། རང་ཉིད་བདུད་འདུལ་དྲག་མོའི་ཐ་མའི་ཕྱག་གཉིས་ཀྱིས་ཕུར་པ་གསོད་བྱེད་ལས་ཀྱི་མཁའ་འགྲོ་ཕྱག་གཉིས་གནམ་ལྕགས་ཀྱི་ཕུར་པ་བསྣམས་པ་སྐུ་སྨད་ཕུར་པའི་དབལ་ཅན་གྱུར་པར་བསམས་ལ༔ ཧཱུྃ༔ སངས་རྒྱས་ཕྲིན་ལས་ཡོངས་རྫོགས་པ༔ དྲག་ཤུལ་གསོད་བྱེད་དྷཱ་ཀི་ནཱི༔ ཐོགས་མེད་བཛྲ་ཀཱི་ལ་ཡ༔ སྟེང་དུ་གདེངས་པས་ལྷ་རྣམས་བསྐུལ༔ བར་དུ་བསྐོར་བས་འཇིག་རྟེན་གཡོ༔ གཡས་སུ་བསྒྲིལ་བས་ཕོ་རྒྱུད་གཟིར༔ གཡོན་དུ་བསྒྲིལ་བས་མོ་རྒྱུད་འདར༔ དབུས་སུ་བསྒྲིལ་བས་གཉིས་མེད་ཐུལ༔ བཏབ་ན་ལྷ་ཡང་བརླག་བྱེད་ན༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ ཡེ་ཤེས་དྲག་མོས་སྟོབས་སྐྱེད་ཅིག༔ དགྲ་བགེགས་ཚེ་བསོད་དྭངས་མ་ཀུན༔ སྒྲུབ་ལ་སྟིམས་ཤིག་ཀཱི་ལ་ཡ༔ རྣམ་ཤེས་རྡོ་རྗེ་བཙུན་མོ་ཡི༔ སྲས་སུ་སྤོར་ཅིག་ཀཱི་ལ་ཡ༔ དུག་གསུམ་ཕུང་ཁམས་སྐྱེ་མཆེད་རྟེན༔ དུམ་བུར་གཏུབས་ཤིག་ཀཱི་ལ་ཡ༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་རཱུ་པ་ཀརྨ་རྃ་རྃ་ཛྭ་ལ་རྃ་རྃ༔ ཨཱ་ཡུར་བིནྡུ་བྷྲཱུྃ༔ ཨ་ཡཾ་སྥ་ར་ཎ་ཕཊ྄༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཕཊ྄༔ ཞེས་གདབ་ཁའི་ལས་ཀྱིས་གཟས་པོའི་ཚེ་བསོད་རང་ལ་བསྟིམ། རྣམ་ཤེས་དབྱིངས་སུ་སྤར། ཕུང་པོ་དུམ་བུར་གཏུབས་ལ། དྲུག་པ་ཞལ་བསྟབ་ནི། ཧོམ་གཟར་གྱིས་ལིང་རོ་ཟོར་དུ་ཕུལ་ཏེ། ཧཱུྃ་བྷྱོ༔ དུག་གསུམ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ འཇིགས་བྱེད་ཁྲག་འཐུང་ཆེན་མོའི་ཞལ་དུ་སྦྱོར༔ འཁོར་གྱི་མཁའ་འགྲོའི་ཚོགས་རྣམས་དགྱེས་པར་རོལ༔ དགྲ་བགེགས་འབྱུང་པོའི་བདུན་རྒྱུད་རྩད་ནས་ཆོད༔ སརྦ་ཤཱ་ཏྲཱུན་བིགྷྣཱན་མཱ་ར་ཡ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ་བས༔ ཧ་ཧ་ཧེ་ཧེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄༔ ཅེས་དགྱེས་པའི་བཞད་སྒྲ་དང་བཅས་ལྷག་མེད་དུ་བཞེས་ནས་ཟག་མེད་བདེ་ཆེན་དྲག་ཤུལ་གྱི་ཡེ་ཤེས་ལྷག་པར་རྒྱས་ཤིང་ངོ་མཐོན་དུ་བཞུགས་པར་བསམ་ལ། སྐབས་འདིར་ཚོགས་ལ་རོལ་ཞིང་ལྷག་མ་བཏང་ལ་སྨོན་ལམ་བཅས་བྱ། བདུན་པ་བཟློག་པའི་ཕྲིན་ལས་གསོལ་བ་ལ། སྤྱི་དང༌། ཁྱད་པར་གཉིས་ཀྱི་དང་པོ་ནི། གཏོར་ཆུང་ལིང་རོ་ཁྲག་སྐྱེམས་རྣམས་རིམ་གྱིས་གཙོ་འཁོར་ལྟར་ཕུལ་ཏེ། ཧཱུྃ་བྷྱོ༔ བདེ་སྟོང་རྡོ་རྗེ་བཙུན་མོའི་མཁའ་ཀློང་ནས༔ བདེ་གཤེགས་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་སིང་ཧ་མུ་ཁ་དབྱིངས་ནས་བཞེངས༔ རིག་སྟོང་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ མ་རིག་གཏི་མུག་གདོན་གྱི་གནོད་པ་བཟློག༔ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་དག་པ་ཡིས༔ སྟེང་གདོན་གཟའ་གདོན་རྒྱུ་སྐར་གདོན་ཚོགས་དང༔ ཐོག་སེར་འབྱུང་བའི་གནོད་པ་མ་ལུས་བཟློག༔ ཆོས་དབྱིངས་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ སྣང་སྟོང་སྐུ་ཡི་ཌཱ་ཀིའི་མཁའ་ཀློང་ནས༔ རྡོ་རྗེའི་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་སིངྷ་མུ་ཁ་དབྱིངས་ནས་བཞེངས༔ འགྱུར་མེད་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ཞེ་སྡང་གཤིན་རྗེའི་གདོན་གྱི་གནོད་པ་བཟློག༔ ཆུ་ཁམས་མ་ཀི་ཡུམ་དུ་དག་པ་ཡིས༔ འོག་གདོན་གཤིན་རྗེ་ཀླུ་ཡི་གདོན་ཚོགས་དང༔ འབྱུང་བ་ཆུ་ཡི་གནོད་པ་མ་ལུས་བཟློག༔ མེ་ལོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ ཚོར་སྟོང་ཡོན་ཏན་ཌཱ་ཀིའི་མཁའ་ཀློང་ནས༔ རིན་ཆེན་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་སིངྷ་མུ་ཁ་དབྱིངས་ནས་བཞེངས༔ གཟུགས་སྟོང་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ང་རྒྱལ་རྒྱལ་བསེན་གནོད་པ་མ་ལུས་བཟློག༔ ས་ཁམས་སྤྱན་མ་ཡུམ་དུ་དག་པ་ཡིས༔ ས་བདག་རྒྱལ་བསེན་གདོན་གྱི་ཉེས་པ་དང༔ འབྱུང་བ་ས་ཡི་གནོད་པ་མ་ལུས་བཟློག༔ མཉམ་ཉིད་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ གྲགས་སྟོང་གསུང་གི་ཌཱ་ཀིའི་མཁའ་ཀློང་ནས༔ པདྨའི་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་སེངྷ་མུ་ཁ་དབྱིངས་ནས་བཞེངས༔ གྲགས་སྟོང་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ འདོད་ཆགས་མོ་གདོན་གདོན་གྱི་གནོད་པ་བཟློག༔ མེ་ཁམས་གོས་དཀར་ཡུམ་དུ་དག་པ་ཡིས༔ དམ་སྲི་ཉུལ་ལེའི་གདོན་གྱི་ཉེས་པ་དང༔ འབྱུང་བ་མེ་ཡི་གནོད་པ་མ་ལུས་བཟློག༔ སོར་རྟོག་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ རིག་སྟོང་ལས་ཀྱི་ཌཱ་ཀིའི་མཁའ་ཀློང་ནས༔ ལས་ཀྱི་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་སེངྷ་མུ་ཁ་དབྱིངས་ནས་བཞེངས༔ ཁྱབ་བདག་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ཕྲག་དོག་ཤི་འདྲེ་བཙན་བདུད་གནོད་པ་བཟློག༔ རླུང་ཁམས་སྒྲོལ་མ་ཡུམ་དུ་དག་པ་ཡིས༔ བར་གདོན་ཤི་འདྲེ་བཙན་དུད་གནོད་པ་དང༔ འབྱུང་བ་རླུང་གི་གནོད་པ་མ་ལུས་བཟློག༔ བྱ་གྲུབ་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ བརྟན་བྱེད་འབྱུང་བ་རྡོ་རྗེའི་རི་རབ་ནས༔ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་རྡོ་རྗེ་གདུགས་དཀར་དབྱིངས་ནས་བཞེངས༔ ཀློང་གྱུར་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ཕྱོགས་མཚམས་སྐྱོང་བའི་གདོན་གྱི་གནོད་པ་བཟློག༔ བརྟན་པའི་དབྱིངས་ཀྱི་ཡུམ་དུ་དག་པ་ཡིས༔ ཤར་དང་ཤར་ལྷོའི་གདོན་གྱི་གནོད་པ་དང༔ འབྱུང་བ་སྒང་གཤོང་འཁྲུགས་པའི་ཉེས་པ་ཀུན༔ བདེ་སྟོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ གཤེར་བྱེད་འབྱུང་བ་ཁྲག་གི་རྒྱ་མཚོ་ནས༔ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་རིན་ཆེན་གདུགས་སེར་དབྱིངས་ནས་བཞེངས༔ འདའ་ཀ་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ཕྱོགས་མཚམས་སྐྱོང་བའི་གདོན་གྱི་གནོད་པ་བཟློག༔ གཤེར་བའི་དབྱིངས་ཀྱི་ཡུམ་དུ་དག་པ་ཡིས༔ ལྷོ་དང་ལྷོ་ནུབ་གདོན་གྱི་གནོད་པ་དང༔ འབྱུང་བ་སྒང་གཤོང་འཁྲུགས་པའི་ཉེས་པ་ཀུན༔ བདེ་སྟོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ སྲེག་བྱེད་འབྱུང་བ་བསྐལ་པའི་མེ་དཔུང་ནས༔ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་པདྨའི་གདུགས་དམར་དབྱིངས་ནས་བཞེངས༔ དབྱིངས་གྲོལ་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ཕྱོགས་མཚམས་སྐྱོང་བའི་གདོན་གྱི་གནོད་པ་བཟློག༔ དྲོ་བའི་དབྱིངས་ཀྱི་ཡུམ་དུ་དག་པ་ཡིས༔ ནུབ་དང་ནུབ་བྱང་གདོན་གྱི་གནོད་པ་དང༔ འབྱུང་བ་སྒང་གཤོང་འཁྲུགས་པའི་ཉེས་པ་ཀུན༔ བདེ་སྟོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ སྐྱོད་བྱེད་འབྱུང་བ་རླུང་ནག་འཚུབས་མ་ནས༔ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་ལས་ཀྱི་གདུགས་ལྗང་དབྱིངས་ནས་བཞེངས༔ མཐའ་གྲོལ་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ཕྱོགས་མཚམས་སྐྱོང་བའི་གདོན་གྱི་གནོད་པ་བཟློག༔ གཡོ་བའི་དབྱིངས་ཀྱི་ཡུམ་དུ་དག་པ་ཡིས༔ བྱང་དང་བྱང་ཤར་གདོན་གྱི་གནོད་པ་དང༔ འབྱུང་བ་སྒང་གཤོང་འཁྲུགས་པའི་ཉེས་པ་ཀུན༔ བདེ་སྟོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ འཁོར་ཡུག་གསེར་གྱི་ས་གཞི་བརྡལ་བ་ནས༔ ཁྲག་འཐུང་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་གནས་ཡུལ་མ་མོ་དབྱིངས་ནས་བཞེངས༔ ལྷན་སྐྱེས་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ གནས་ཡུལ་གདོན་དང་འབྱུང་པོའི་གནོད་པ་བཟློག༔ སྣང་སྲིད་མཁའ་ཀློང་གཅིག་ཏུ་དག་པ་ཡིས༔ སྣོད་བཅུད་མི་མཐུན་རྟེན་འབྲེལ་ལོག་པ་དང༔ དེ་ལས་བྱུང་བའི་ཆག་ཆེ་ཉམ་ང་བཟློག༔ བདེ་སྟོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ ཕྱོགས་མཚམས་ཁྲག་གི་རྒྱ་མཚོ་འཁྱིལ་བ་ནས༔ དཔལ་གྱི་བཀའ་སྡོད་དབང་ཕྱུག་ཉི་ཤུ་བརྒྱད༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་མ་སྲིང་མཁའ་འགྲོ་དབྱིངས་ནས་བཞེངས༔ མ་འགག་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ལྷ་སྲིན་སྡེ་བརྒྱད་འཁྲུགས་པའི་གནོད་པ་བཟློག༔ ཁམས་གསུམ་ཡུམ་གྱི་མཁའ་ཀློང་དག་པ་ཡིས༔ ཕྱི་ནང་རྩ་རླུང་ཐིག་ལེ་འཁྲུགས་པ་དང༔ དེ་ལས་བྱུང་བའི་ཆག་ཆེ་ཉམ་ང་བཟློག༔ བདེ་སྟོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་ཕྱི་རོལ་པདྨ་དུར་ཁྲོད་ནས༔ བཀའ་ཡི་སྲུང་མ་མཁའ་འགྲོ་གིང་ལངྐ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་སྣང་སྲིད་མ་མོ་དབྱིངས་ནས་བཞེངས༔ ཡེ་ཤེས་རོལ་པ་ཆེན་པོའི་ཆོ་འཕྲུལ་གྱིས༔ སྟེང་འོག་བར་གྱི་ལྷ་འདྲེའི་གནོད་པ་བཟློག༔ ཆོས་ཀུན་བདེ་ཆེན་གཅིག་ཏུ་དག་པ་ཡིས༔ བྱད་ཕུར་རྦོད་གཏོང་གདོན་གྱི་གནོད་པ་དང༔ མི་མཐུན་འགལ་རྐྱེན་ངན་པ་མཐའ་དག་བཟློག༔ ཀ་དག་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ སྔགས་ལ་ཤམ་བུ་འདི་ཡང་སྦྱར༔ སརྦ་ས་མ་ཡ་བྷྱོ་བྷྱོ༔ བཟློག་བཟློག༔ མཱ་ར་ཡ་ཕཊ྄་བྷྱོ༔ གཉིས་པ་ནི། ཤར་གྱི་ཁྲག་ཀོང་ལ་རཀྟས་བྲན་ཏེ། ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་སྐྱེ་བ་མེད་པ་ལས༔ རོལ་པའི་ཆོ་འཕྲུལ་འགག་པ་མེད་པའི་གདང༔ རྣམ་པ་དམར་ནག་དུག་གི་རྒྱ་མཚོ་འཁྱིལ༔ ངོ་བོ་རྡོ་རྗེའི་ཡུམ་ཆེན་མ་མ་ཀཱི༔ དྲག་པོའི་རྦ་རླབས་ནམ་མཁའི་དབྱིངས་སུ་འཕྱོ༔ ཐོག་སེར་མཚོན་ཆའི་མེ་ཟེར་ཐོ་རོ་རོ༔ དུག་གི་རླངས་པས་བརྒྱལ་ཞིང་སྨྱོ་འབོག་བྱེད༔ རེག་ཕུང་མུན་ལྟར་འཐིབས་པའི་ཟོར་ཆེན་འདིས༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཕྱི་རོལ་འབྱུང་བ་ཆུ་ཡི་སྒང་གཤོང་ལས༔ བྱུང་བའི་སད་སེར་ཤྭ་འུད་ལ་སོགས་པ༔ སྣོད་བཅུད་ལེགས་པའི་དཔལ་ལ་འཚེ་བ་ཡི༔ མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་ཀུན་བཟློག༔ ནང་འབྱུང་ཁྲག་ནད་ཚ་གྲང་འཁྲུགས་པའི་མཐུས༔ ལུས་སྲོག་སེམས་ལ་བར་དུ་གཅོད་པ་ཡི༔ ནད་གདོན་འགལ་རྐྱེན་ཆག་ཆེ་ཡེ་འདྲོག་གི༔ རྒྱུ་རྐྱེན་འབྲས་བུ་ཐམས་ཅད་དབྱིངས་སུ་བཟློག༔ གསང་འབྱུང་ཞེ་སྡང་ཆུ་ལྟར་འཁྲུགས་པ་ལས༔ མོ་གདོན་རྒྱལ་བཙན་གནོད་པ་བྱད་ཕུར་གཏད༔ ཆོས་དབྱིངས་ཞི་བའི་བར་དུ་གཅོད་པའི་རིགས༔ ཆོས་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཟློག༔ རྟེན་འབྲེལ་རྫས་ཀྱི་ནུས་པ་རྨད་བྱུང་ཞིང༔ ཀློང་ཆེན་ཡུམ་གྱི་ཕྱག་རྒྱ་རྡོ་རྗེའི་མཚོན༔ ཀུན་རྫོབ་འཁྲུལ་པའི་དགྲ་གདོན་བརླག་བྱེད་པའི༔ དཔལ་ཆེན་ཡུམ་གྱི་དམ་ལས་མ་འདའ་ཤིག༔ སརྦ་ཨ་པ་ཀ་ར་རྦད་འདྲེ་རྦད་ཟོར་ཐམས་ཅད་བྷྱོ་བྷྱོ་བཟློག་བཟློག༔ ལྷོ་ཡི་རྡོ་ཟོར་ལ་ལྕགས་ཕྱེས་བྲབ་སྟེ། ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་སྐྱེ་བ་མེད་པ་ལས༔ རོལ་པའི་ཆོ་འཕྲུལ་འགག་པ་མེད་པའི་གདང༔ རྣམ་པ་རྡོ་རྗེའི་བྲག་གི་རི་རབ་ཆེ༔ ངོ་བོ་རིན་ཆེན་ཡུམ་ཆེན་སངས་རྒྱས་སྤྱན༔ མཚོན་ཆའི་ནགས་ཚལ་བརླག་བྱེད་ལོ་འདབ་གཡོ༔ བསྐལ་པའི་མེ་རླུང་དུག་གི་བུ་ཡུག་འཚུབས༔ ཤ་ཟ་ལས་བྱེད་ཕོ་ཉ་བྱེ་བ་དང༔ ཕྲ་མེན་བྱ་གཅན་འཚུབས་པའི་ཟོར་ཆེན་འདིས༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཕྱི་རོལ་འབྱུང་བ་ས་ཡི་སྒང་གཤོང་ལས༔ བྱུང་བའི་ས་གཡོ་རི་ཉིལ་ལ་སོགས་པ༔ སྣོད་བཅུད་ལེགས་པའི་དཔལ་ལ་འཚེ་བ་ཡི༔ མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་ཀུན་བཟློག༔ ནང་འབྱུང་བད་ཀན་ཚ་གྲང་འཁྲུགས་པའི་མཐུས༔ ལུས་སྲོག་སེམས་ལ་བར་དུ་གཅོད་པ་ཡི༔ ནད་གདོན་འགལ་རྐྱེན་ཆག་ཆེ་ཡེ་འདྲོག་གི༔ རྒྱུ་རྐྱེན་འབྲས་བུ་ཐམས་ཅད་དབྱིངས་སུ་བཟློག༔ གསང་འབྱུང་ང་རྒྱལ་ས་ལྟར་ནོན་པ་ཡི༔ ཀླུ་གདོན་ས་བདག་གདོན་དང་བྱད་ཕུར་གཏད༔ ཆོས་དབྱིངས་ཞི་བའི་བར་དུ་གཅོད་པའི་རིགས༔ ཆོས་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཟློག༔ རྟེན་འབྲེལ་རྫས་ཀྱི་ནུས་པ་རྨད་བྱུང་ཞིང༔ ཀློང་ཆེན་ཡུམ་གྱི་ཕྱག་རྒྱ་རྡོ་རྗེའི་མཚོན༔ ཀུན་རྫོབ་འཁྲུལ་པའི་དགྲ་གདོན་བརླག་བྱེད་པའི༔ དཔལ་ཆེན་ཡུམ་གྱི་དམ་ལས་མ་འདའ་ཤིག༔ སརྦ་ཨ་པ་ཀ་ར་རྦད་འདྲེ་རྦད་ཟོར་ཐམས་ཅད་བྷྱོ་བྷྱོ་བཟློག་བཟློག༔ ནུབ་ཀྱི་ཟོར་ཀོང་ལ་མེ་སྒྲོན་བཙུགས་ཏེ། ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་སྐྱེ་བ་མེད་པ་ལས༔ རོལ་པའི་ཆོ་འཕྲུལ་འགག་པ་མེད་པའི་གདང༔ རྣམ་པ་འཇིགས་རུང་བསྐལ་པའི་མེ་དཔུང་འབར༔ ངོ་བོ་པདྨའི་ཡུམ་ཆེན་ན་བཟའ་དཀར༔ བརླག་བྱེད་མེ་ལྕེའི་ལག་པ་ཕྱོགས་ཀུན་གཡོ༔ རྡོ་རྗེའི་མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ འབར་བའི་དུད་སྤྲིན་ཁྱབ་ཅིང་འཁྲིགས་པ་ཡིས༔ རི་ཡང་བསྲེགས་ཤིང་རྒྱ་མཚོ་སྐེམ་པ་འདིས༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཕྱི་རོལ་འབྱུང་བ་མེ་ཡི་སྒང་གཤོང་ལས༔ བྱུང་བའི་ཐན་པ་མེ་དགྲའི་འཇིགས་པ་སོགས༔ སྣོད་བཅུད་ལེགས་པའི་དཔལ་ལ་འཚེ་བ་ཡི༔ མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་ཀུན་བཟློག༔ ནང་འབྱུང་གཉན་རིམ་ཚད་པ་འཐབས་པའི་མཐུས༔ ལུས་སྲོག་སེམས་ལ་བར་དུ་གཅོད་པ་ཡི༔ ནད་གདོན་འགལ་རྐྱེན་ཆག་ཆེ་ཡེ་འདྲོག་གི༔ རྒྱུ་རྐྱེན་འབྲས་བུ་ཐམས་ཅད་དབྱིངས་སུ་བཟློག༔ གསང་འབྱུང་འདོད་ཆགས་མེ་ལྟར་འབར་བ་ཡི༔ མོ་གདོན་བསེན་མོའི་གདོན་དང་བྱད་ཕུར་གཏད༔ ཆོས་དབྱིངས་ཞི་བའི་བར་དུ་གཅོད་པའི་རིགས༔ ཆོས་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཟློག༔ རྟེན་འབྲེལ་རྫས་ཀྱི་ནུས་པ་རྨད་བྱུང་ཞིང༔ ཀློང་ཆེན་ཡུམ་གྱི་ཕྱག་རྒྱ་རྡོ་རྗེའི་མཚོན༔ ཀུན་རྫོབ་འཁྲུལ་པའི་དགྲ་གདོན་བརླག་བྱེད་པའི༔ དཔལ་ཆེན་ཡུམ་གྱི་དམ་ལས་མ་འདའ་ཤིག༔ སརྦ་ཨ་པ་ཀ་ར་རྦད་འདྲེ་རྦད་ཟོར་ཐམས་ཅད་བྷྱོ་བྷྱོ་བཟློག་བཟློག༔ དཀྱིལ་འཁོར་བྱང་གི་སྒྲོ་ཟོར་ལ་རླུང་གཡབ་ཀྱིས་བསྐུལ་ཏེ། ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་སྐྱེ་བ་མེད་པ་ལས༔ རོལ་པའི་ཆོ་འཕྲུལ་འགག་པ་མེད་པའི་གདང༔ རྣམ་པ་བསྐལ་པ་འཇིགས་པའི་རླུང་འཚུབས་ཤིང༔ ངོ་བོ་ལས་ཀྱི་ཡུམ་ཆེན་དམ་ཚིག་སྒྲོལ༔ ཤ་ཟན་བྱ་གཅན་རྡོ་རྗེའི་གཤོག་པ་གདེངས༔ གནམ་ལྕགས་རྡོ་རྗེའི་བུ་ཡུག་སེར་ལྟར་འབེབས༔ སྟོང་གསུམ་འཇིག་རྟེན་ཡིན་ཀྱང་གནས་ནས་འདེགས༔ འུར་འུར་ཆེམ་ཆེམ་གནམ་ས་གང་བ་འདིས༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཕྱི་རོལ་འབྱུང་བ་རླུང་གི་སྒང་གཤོང་ལས༔ བྱུང་བའི་ལུས་སྲོག་འཇིག་རྟེན་དཔལ་འཚེ་བའི༔ སྣོད་བཅུད་ལེགས་པའི་དཔལ་ལ་འཚེ་བ་ཡི༔ མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་ཀུན་བཟློག༔ ནང་འབྱུང་རླུང་གི་རྒྱུ་བ་ལོག་པ་ལས༔ ལུས་སྲོག་སེམས་ལ་བར་དུ་གཅོད་པ་ཡི༔ ནད་གདོན་འགལ་རྐྱེན་ཆག་ཆེ་ཡེ་འདྲོག་གི༔ རྒྱུ་རྐྱེན་འབྲས་བུ་ཐམས་ཅད་དབྱིངས་སུ་བཟློག༔ གསང་འབྱུང་ཕྲག་དོག་རླུང་ལྟར་འཚུབས་པ་ཡིས༔ ཤི་འདྲེ་དམ་སྲིའི་གནོད་དང་བྱད་ཕུར་གཏད༔ ཆོས་དབྱིངས་ཞི་བའི་བར་དུ་གཅོད་པའི་རིགས༔ ཆོས་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཟློག༔ རྟེན་འབྲེལ་རྫས་ཀྱི་ནུས་པ་རྨད་བྱུང་ཞིང༔ ཀློང་ཆེན་ཡུམ་གྱི་ཕྱག་རྒྱ་རྡོ་རྗེའི་མཚོན༔ ཀུན་རྫོབ་འཁྲུལ་པའི་དགྲ་གདོན་བརླག་བྱེད་པའི༔ དཔལ་ཆེན་ཡུམ་གྱི་དམ་ལས་མ་འདའ་ཤིག༔ སརྦ་ཨ་པ་ཀ་ར་རྦད་འདྲེ་རྦད་ཟོར་ཐམས་ཅད་བྷྱོ་བྷྱོ་བཟློག་བཟློག༔ ཟོར་སྟེང་གི་ནམ་མཁའ་ལ་བདུད་རྩིའི་བྲན་ཏེ། ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་སྐྱེ་བ་མེད་པ་ལས༔ རོལ་པའི་ཆོ་འཕྲུལ་འགག་པ་མེད་པའི་གདང༔ རྣམ་པ་ཀུན་ཁྱབ་འོད་གསལ་དབྱིངས་ཀྱི་མཁའ༔ ངོ་བོ་བདེ་གཤེགས་ཡུམ་ཆེན་དབྱིངས་ཕྱུག་མ༔ འབྱུང་བ་ཐམས་ཅད་བསྐྱེད་དང་སྡུད་པའི་བདག༔ རང་བཞིན་ཀུན་གསལ་ནམ་ཡང་འཕེལ་འགྲིབ་མེད༔ ཆོས་ཉིད་དོན་དང་མཐུན་པའི་རྟགས་ཀྱི་རྒྱན༔ གང་ཡང་བྱར་མེད་ཅི་ལ་མི་གནས་པས༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཕྱི་རོལ་འབྱུང་བ་ནམ་མཁའི་སྒང་གཤོང་ལས༔ བྱུང་བའི་ལུས་སྲོག་འཇིག་རྟེན་དཔལ་འཚེ་བའི༔ སྣོད་བཅུད་ལེགས་པའི་དཔལ་ལ་འཚེ་བ་ཡི༔ མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་ཀུན་བཟློག༔ ནང་འབྱུང་སེམས་ཀྱི་ཀུན་རྟོག་གཡོ་འཁྲུགས་ལས༔ ལུས་སྲོག་སེམས་ལ་བར་དུ་གཅོད་པ་ཡི༔ ནད་གདོན་འགལ་རྐྱེན་ཆག་ཆེ་ཡེ་འདྲོག་གི༔ རྒྱུ་རྐྱེན་འབྲས་བུ་ཐམས་ཅད་དབྱིངས་སུ་བཟློག༔ གསང་འབྱུང་གཏི་མུག་མུན་ལྟར་གཡོས་པ་ལས༔ དམུ་བདུད་འགོང་པོའི་གནོད་དང་བྱད་ཕུར་གཏད༔ ཆོས་དབྱིངས་ཞི་བའི་བར་དུ་གཅོད་པའི་རིགས༔ ཆོས་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཟློག༔ རྟེན་འབྲེལ་རྫས་ཀྱི་ནུས་པ་རྨད་བྱུང་ཞིང༔ ཀློང་ཆེན་ཡུམ་གྱི་ཕྱག་རྒྱ་རྡོ་རྗེའི་མཚོན༔ ཀུན་རྫོབ་འཁྲུལ་པའི་དགྲ་གདོན་བརླག་བྱེད་པའི༔ དཔལ་ཆེན་ཡུམ་གྱི་དམ་ལས་མ་འདའ་ཤིག༔ སརྦ་ཨ་པ་ཀ་ར་རྦད་འདྲེ་རྦད་ཟོར་ཐམས་ཅད་བྷྱོ་བྷྱོ་བཟློག་བཟློག༔ གསུམ་པ་རྗེས་རིམ་ལ། ཟོར་ལས་ཉིན་ཞག་དུ་མ་དགོས་ན་འདི་ནས། ཐུགས་དམ་བསྐུལ་བ། ཆོས་སྲུང་གཏོར་འབུལ། ཆད་ཐོ་བརྟན་མ་རྟ་བྲོ་སོགས་ལས་བྱང་ལྟར་མཐར་དབྱུང༌། ཉིན་ཐ་མའི་སྐབས་ཐུགས་དམ་བསྐུལ་ཏེ། ཐུན་གཏོར་འབུལ་བ་ནི། འགུགས་པ་དང་བཅས་ཐུན་གཏོར་དང་ཆད་ཐོ་ཟོར་ནང་དུ་འབུལ། དང་པོ་ཟོར་སྒོ་དབྱེ་བ་ནི། ཧཱུྃ༔ ཕྲིན་ལས་བཞི་རྫོགས་སྒོ་སྲུང་ཚོགས༔ ཐབས་དང་ཤེས་རབ་ཡེ་ཤེས་ཀྱིས༔ དྲག་པོའི་ཕོ་བྲང་སྒོ་ཕྱེས་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་སྒྱུར༔ ཛཿཧཱུྃ་བྃ་ཧོཿས་མ་ཡ་པྲ་བེ་ཤ་ཡ་ཕཊ྄་བྷྱོ༔ གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ་བྷྱོ༔ བཞེངས་ཤིག་དྲག་ཤུལ་སྟོབས་ལྡན་དྷཱ་ཀི་ནི༔ ལས་ཀྱི་ཁྲོ་མོ་རབ་འབྱམས་དབྱིངས་ནས་བཞེངས༔ བསྒྲལ་བའི་ཞིང་བཅུ་ཉམས་པའི་བདུན་ལྡན་དང༔ བར་ཆད་བགེགས་དང་འབྱུང་པོའི་སྟེང་དུ་ཆོས༔ ལྷ་ཀླུ་གནོད་སྦྱིན་ཐམས་ཅད་སྐུ་བཟུར་ལ༔ ཟོར་རྫས་རྡོ་རྗེའི་མཚོན་ཆ་དགྲ་ལ་རྒྱོབ༔ བྷྱོ་བཟློག་དམོད་པའི་ཐོག་ཆེན་བགེགས་ལ་ཕོབ༔ དགྲ་བགེགས་བདུན་རྒྱུད་རྩད་ནས་ཚར་ཆོད་ཅིག༔ སརྦ་ཀྲོ་དྷཱི་དྷཱ་ཀི་ནི་ཡ་ཡ་བྷྱོ་བྷྱོ་བཟློག་བཟློག༔ ཅེས་བསྐུལ་ཞིང༌། རྡོ་རྗེ་འདེགས་པའི་རྒྱས། ཨོཾ་སརྦ་དྷཱ་ཀི་ནི་ས་མ་ཡ་ཨུཥྞི་ཥ་སྟྭཾ༔ ཟོར་ཆེན་གྱི་དམ་ཚིག་གི་འཁོར་ལོ་ནམ་མཁར་བཞུགས་པར་བསམ་ལ་སྡེ་བརྒྱད་ཀྱི་ཐེབས་དང་བསྟུན་པའི་འཕང་སར་ཁྱེར་ལ། སྔར་ལྟར་གསེར་སྐྱེམས་སྔོན་དུ་འགྲོ་བས་དམིགས་རྟེན་གསལ་ཏེ་འབེམ་དུ་བཅས་ལ་དགུག་གཞུག་བྱ། ཟོར་བཏེགས་ཏེ། ཧཱུྃ་བྷྱོ༔ མཁའ་འགྲོ་འབར་བའི་ལྷ་ཚོགས་དྲག་ཤུལ་སྐྱེད༔ ཟོར་ཆེན་རྫས་ཀྱི་མཐུ་སྟོབས་གཟི་བྱིན་སྐྱེད༔ ནད་མཚོན་དུག་གི་ཆར་ཆེན་དགྲ་ལ་ཕོབ༔ མི་བཟད་མངོན་སྤྱོད་བགེགས་ཀྱི་དཔུང་ལ་ཕྱུང༔ དགྲ་དཔུང་བདུན་བརྒྱུད་མ་ལུས་རྩད་ནས་ཆོད༔ བགེགས་དཔུང་མིང་མེད་ཐལ་བའི་རྡུལ་དུ་རློག༔ སྡང་དགྲ་གནོད་བགེགས་བྱད་ཕུར་སྟེང་དུ་བྷྱོ༔ དྲག་པོ་ཟོར་གྱི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཞེས་དང༌། བཟློག་སྔགས་བཟླ་བཞིན་བརྡེག་པས། ནམ་མཁར་བཞུགས་པའི་དམ་ཚིག་གི་འཁོར་ལོ་ཁྲོས་འཁྲུགས་རྔམས་པས་ཟོར་རྫས་ནད་མཚོན་དུག་གི་ཆར་ཆེན་པོ་འབབ་པའི་རྫས་སུ་གྱུར་ཏེ༔ དགྲ་དཔུང་བསད༔ བགེགས་དཔུང་བཅོམ༔ མི་ལྡོག་པར་རྒྱས་བཏབ་པར་བསམ་ལ། ལྟ་བའི་ཀློང་དུ་བཞག སྒོ་དྲུང་དུ་བརྟན་མ་བསྐྱངས། སྲུང་བའི་མཐའ་སྡུད་མནན་པ་དང་འབྲེལ་ན། མནན་དོང་ས་དམིགས་བཙལ་ཏེ་བྲུས་པར་གཤིན་རྗེའི་ལྕགས་ཁང་དུ་བསམ་ལ། མནན་ལིང་ལ་སླར་ཡང་འགུགས་སྟིམ་བཅས་དོང་དུ་བྲུབ་ལ། སྟེང་དུ་དམར་གཏོར་ཁྲག་སྐྱེམས་བཅས་ཕུལ་ཏེ། ཧཱུྃ་ཧཱུྃ༔ ས་འོག་དགུ་རིམ་མུན་པའི་གཏིང་རུམ་ནས༔ འཆི་བདག་ཆུ་སྲིན་གདོང་ཅན་ལས་ལ་བཞེངས༔ བར་ཆད་དགྲ་བགེགས་དམ་སྲི་དཔུང་དང་བཅས༔ གཏད་པ་ཡིན་གྱི་ནམ་ཡང་མ་གཏོང་ཞིག༔ ཡ་མ་རུ་དྲ་སརྦ་ཤ་ཏྲཱུན་བིགྷྣཱན་ཁ་ཁ་ཁཱ་ཁཱི་ཁཱ་ཧི༔ ཞེས་གཏད་ཅིང་མེ་ཆུའི་རྒྱས་བཏབ་པའི་སྟེང་དུ་རྟ་བྲོ་བརྡུང༌། ཧཱུྃ་ཧཱུྃ་ཧཱུྃ་ཨེ་ས་བྷྱོ་བྷྱོ་ཟློག་ཟློག་སརྦ་དྷཱ་ཀི་ནི་ཀྲོ་དྷ་ཛྭ་ལ་རྃ་རྃ༔ ཞེས་མཚམས་བཅད། ནང་དུ་ལོག་ནས་ཚེ་འགུགས་བྱ་བ་ནི། མདའ་དར་གཡབ་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ འཁོར་འདས་མ་ཚོགས་ལས་ལ་བཞེངས༔ སྤྲུལ་པ་ཆེན་པོའི་སྟོང་གསུམ་ཁེངས༔ སྲིད་ཞིའི་དྭངས་བཅུད་དབང་མེད་འཕྲོག༔ བླ་ཚེ་ཡར་བ་རང་སོར་ཆུད༔ སྲོག་ཀླུང་དབང་ཐང་ཉམས་པ་གསོས༔ རྒས་པ་མེད་པ་རྡོ་རྗེའི་ལུས༔ འགྱུར་བ་མེད་པ་གཉུག་མའི་སྲོག༔ འཕོ་བ་མེད་པ་དབྱིངས་ཀྱི་ཚེ༔ མི་འགྱུར་མི་ཤིགས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སེང་ཧ་མུ་ཁ་ཛྙཱ་ན་ཌཱ་ཀི་ནི་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་སྦྱར། མཆོད་བསྟོད། ནོངས་བཤགས་དངོས་གྲུབ་བླང་བ་ནས་བརྩམས་ཤིས་བརྗོད་ཀྱི་བར་རྗེས་རིམ་ལས་བྱང་ལྟར་མཐའ་རྒྱས་སུ་བྱའོ། །དེ་ལྟར་བཤད་པ་འདི་ནི་སྲུང་བཟློག་བསད་པ་མཐའ་སྡུད་དང་བཅས་ཕྲུག་གཅིག་ཏུ་བྱ་ཚུལ་ཡིན་པས་བསྟན་འགྲོ་སྤྱིའི་དོན་སོགས་དགོས་པ་ཁྱད་པར་དང་འབྲེལ་ན་ལས། རང་དོན་ཉི་ཚེ་དང་སྦྱིན་བདག་གི་དོན་དུ་གྱེར་ན་ཤིན་ཏུ་གཉན་ལ། ཟོར་བཟློག་དཀྱུས་མ་ཙམ་ལག་ཏུ་ལེན་ན་མནན་སྲེག་གི་ཆོ་ག་མི་སྦྱོར་བ་ལས་ཁྲིགས་གཞུང་ལྟར་བྱ་ཞིང་ལག་ལེན་བདེ་ལ་འཚུབས་ཀྱང་ཆུང་བས་སྐབས་ཐོབ་འཕྲུལ་ཤེས་པར་བྱའོ། །རྡོ་རྗེའི་རིག་སྔགས་ནུས་རྩལ་དུས་ཀྱི་མེ། །བསྟན་འགྲོར་འཚེ་བྱེད་ནགས་ཚལ་ལ་རྔམས་པས། །ཧེ་རུ་ཀ་ཡི་བྱིན་རླབས་རླུང་ཤུགས་དང༌། །ཆབས་ཅིག་ཕན་བདེའི་སྣང་བ་འབར་གྱུར་ཅིག །ཅེས་ཟབ་གཉན་རྣོ་སོ་དང་ལྡན་པའི་ལས་རིམ་འདི་ཡང་སྔགས་ནག་རལ་པ་ཅན་གྱི་མཚོན་ཆ་རུ་བསྡེབས་པ་པོ་ལམ་འདིའི་བཀའ་བབ་ཁྲག་འཐུང་ཀློང་ཆེན་ནམ་མཁའ་འོད་གསལ་གར་དབང་མདོ་སྔགས་གླིང་པས་ས་ལ་སྤྱོད་པའི་དུར་ཁྲོད་མེ་རི་འབར་བ་བདེ་ཆེན་པདྨ་ཤེལ་ཕུག་ཏུ་སྨིན་ཟླའི་རྫོགས་པ་ཐ་མའི་ཉིན་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་བཙུན་པ་བཀྲ་ཤིས་རྣམ་རྒྱལ་གྱི་བགྱིས་པ་འདིས་ཀྱང་ནག་པོའི་རྩ་ལག་སྡེ་དང་བཅས་པའི་སྟོབས་མཐུ་རྩད་ནས་ཞི་སྟེ་ཐུབ་བསྟན་རིན་པོ་ཆེའི་དབུ་འཕང་སྲིད་རྩེར་སྙེགས་པའི་དཔལ་དུ་གྱུར་ཅིག །སརྦ་ཛག་ཏཾ།། | {{TibP|༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། མཁའ་འགྲོ་གདུགས་སེང་སྦྲགས་སྒྲུབ་ཀྱི་སྲུང་བཟློག་བསད་པ་མཐའ་སྡུད་དང་བཅས་པའི་ལས་རིམ་ཁྲིགས་སུ་བསྡེབས་པ་ཕས་རྒོལ་ཀུན་འཇོམས་ཚངས་པའི་འཁོར་ལོ་ཞེས་བྱ་བ་བཞུགས། ན་མཿཤྲཱི་ཛྙཱ་ན་ཌཱ་ཀི་ནི་ཡེ། སྟོང་ཆེན་སྲོག་གི་ཐིག་ལེ་སྙིང་རྗེས་བཞད། །བདུད་འདུལ་གར་དགུའི་གཟི་བྱིན་མེ་ལྟར་འཁྲུགས། །རྒོལ་འཇོམས་ལྷ་དབང་མཚོན་གྱི་སྟོབས་འཆང་བའི། །བླ་མ་ཡེ་ཤེས་ཌཱ་ཀི་རྒྱལ་གྱུར་ཅིག །མཆོག་གི་གསང་གསུམ་ནུས་པའི་སྟོབས། །བསྐུལ་བྱེད་ལས་ཀྱི་འཕྲུལ་འཁོར་ཆེ། །དུས་ཀྱི་ཞགས་པ་འདི་གདེང་ན། །བརླང་པོར་སྤྱོད་ཀུན་བག་ཡོད་མཛོད། །ཡེ་ཤེས་མཁའ་འགྲོ་འདུས་པའི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་བསྙེན་སྒྲུབ་ཀྱི་ནུས་པ་ཐོན་པས་དྲག་ཤུལ་གྱི་ལས་བརྩམ་པའི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་གསུམ་ལས། ཐོག་མར་གཤམས་བཀོད་ནི། དྲག་པོར་བསྔགས་པའི་གནས་སུ་ལོ་ཟླའི་ཟད་མཚམས་སོགས་དུས་གདུག་པ་དང་སྦྱར་ཏེ་གུང་དུ་གཞུང་མཐུན་གྱི་གཏོར་མ། བཀའ་སྲུང་དང་ཆད་བརྟན་གཏོར་འབུལ། སྨན་རཀ །ཉེར་སྤྱོད་ཚོགས་མཆོད་སྔོན་གཏོར་སོགས་ལས་བྱང་ལྟར་དང༌། དེ་ཉིད་ཀྱི་མདུན་དུ་ཟོར་སྟེགས་ཞིང་ངམ་གཅན་གཟན་གྱི་པགས་པའི་སྟེང་ལྕགས་སྣོད་དུ་འབྲུ་ནག་ངར་ཕྱེའི་གཏོར་ནག་གྲུ་གསུམ་སེང་ཞལ་ཕྱུངས་པ་ལ། འཁོར་བརྒྱད། བར་རྣམས་ཐེབ་ཀྱུ་བཅད་ཁ་ཕྱིར་བསྟན་ཁྲག་གིས་སྦགས་པ་གྲངས་མེད་པས་བསྐོར་བ་ལ་མཚེ་རྩང༌། སྐུ་ཙཀ དར་གདུགས་མེ་རི་སོགས་དྲག་རྒྱན་རྔམས་པར་བྱ། ཀློང་ལྔའི་ཟོར་གྱི་རྣོ་སོ་སྦྱར་ན་ཤར་དུ་དུར་ཁྲོད་དང་ཕུང་སའི་ཀོང་བུ་ཟུར་གསུམ་དུག་ཁྲག་རློན་པས་བཀང་བ། ལྷོར་ལྷ་སྲིན་གདུག་པ་གནས་པའི་རིའི་རྦབ་ཀྱིས་མི་བསད་པའི་རྡོ་ཟོར་དུག་ཁྲག་གིས་བྷྱོ་ཟློག་བྲིས་པ། ནུབ་ཏུ་རོ་རས་མི་ཞུན་དང་སྦྱར་བའི་མེ་སྒྲོན་བཙུགས་པའི་ཟོར་ཀོང༌། བྱང་དུ་ཁྲ་འུག་བྱ་རོག་སོགས་བྱ་ཤ་ཟན་གྱི་སྒྲོ་བཙུགས་པའི་ཀོང་བུ་དང༌། དབུགས་ཀྱི་བཀང་བའི་ཀྱལ་པ་ལ་ཁྲག་གིས་བྷྱོ་ཟློག་བྲིས་པ་རྣམས་དགུ་ཚན་དུ་བྱས་ལ་བསྒྲིགས། ཟོར་ཆེན་གྱི་སྟེང་དུ་ཆོས་འབྱུང་བསྣོལ་མ་དཀྲིས་པའི་ནམ་མཁའ་ཡང་འཛུགས། མཐའ་སྐོར་དུ་དྲག་པོའི་ཉེར་སྤྱོད་ཀྱིས་བསྐོར། གཞན་ཡང་ལྕགས་ཧོམ་དུ་སྒྲོལ་ལིང༌། བསྒྲལ་ཆས་སོགས་མདོར་ན་འོག་ཏུ་དགོས་པའི་ཡོ་བྱད་རིགས་དང༌། མཐའ་སྡུད་གསུམ་ཀ་སྦྱར་ན་མནན་ལིང་དུག་ཤོག་ལ་དགྲ་གཟུགས་ལིངྒ་སྤྱི་ལྟར་བྲིས་པའི་ཚིགས་ཆེན་བཞི་ལ་ཛཿཧཱུྃ་བཾ་ཧོ། སྤྱི་བོར་ཏྲིག་ནན༔ དཔྲལ་བར་ཇི་འུ་ཀུང་ཀེག་ཤངས་ཁུག་ཛཿ མིག་ལ་ལོང༌། རྣ་བར་འོན། ཁ་ནང་དུ་བདུད་པོ་ང་ལོང༌། སྙིང་གར་ཛཿཁ་སྤྲོད་བར་ནྲྀ་ཏྲིཿ ཕྱོགས་བཞིར་ཨེ་ཧུར་ཐུམ་ཛཿ མགྲིན་པ་ནས་ཡིག་མགོ་ཕྱིར་བསྟན་གྱིས་ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་ལངས་པའི་གནོད་བྱེད་དགྲ་བགེགས་བྱད་མ་བསམ་ངན་སྦྱོར་རྩུབ་འཆང་བ་སྤྱི་དང༌། ཁྱད་པར་བྱད་མ་ཆེ་གེ་མོའི་ཚེ་བླ་སྲོག་གསུམ་མཐུ་སྟོབས་ནུས་པ་ཐམས་ཅད་ཁུག་ཛཿཛཿ ཨ་ཀརྵ་ཡ་ཛཿཧཱུྃ་བཾ་ཧོཿ བརླ་གཡོན་པར་ཡི་གེ་ཚ་ལ། ཏྲོཾ་ཏྲི་ཤཾ་ཏྲི་ཛཿཁཾཤ་གྷ་ཛ་ཏྲཾ་ཐུམ་ཛཿ ཞེས་སྔགས་མགོ་ནང་བསྟན་གྱིས་བསྐོར། རྐང་མཐིལ་དུ་ཡཾ་ཡཾ་དང༌། སྤྱི་བོ་ནས་གཞུང་གི་བཟློག་སྔགས་དང་ཛཿཁྲོཾ་གྱིས་བསྐོར། ལིང་ཁྲུས་བྱས་པ་ཚུལ་བཞིན་ལྟེབ་ནས་ཤི་སྐྲ་དང་སྐུད་པ་སྔོ་དམར་གྱིས་བཅིང་འདུ་བྱས་ལ། གཉིས་པ་དངོས་གཞི་ལ་བདུན་ལས། དང་པོ་སྲུང་བ་ནི། རང་ཉིད་མཁའ་འགྲོ་བདུད་འདུལ་མའི༔ ཐུགས་ཀར་གསེར་སྦྱངས་མཆོད་རྟེན་གྱི༔ བུམ་པར་སྲུང་བྱ་གསལ་བ་ལ༔ སྲས་བཅས་རྒྱལ་བའི་ཡེ་ཤེས་ཀྱི༔ འོད་ཟེར་བསྡུས་པས་ཕ་ལམ་ལྟར༔ མི་འཇིག་རྡོ་རྗེའི་རེ་ཁཱས་གདབ༔ ནམ་ཡང་གནོད་པས་མི་ཚུགས་པའི༔ ཆོས་སྐུའི་ཡེ་ཤེས་རོལ་པར་ཤར༔ ཞེས་དམིགས་ཏེ། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ྄ཿ ཨོཾ་སི་ཏ་ཏ་པ་ཧྲེཿ ཨ་ན་ལེ་ཨ་ན་ལེ༔ བི་ཤུདྡྷེ་བི་ཤུདྡྷེ༔ བཻ་ར་བཻ་ར༔ བཛྲ་དྷཱ་ར་ནི༔ བཛྲ་པ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཕཊ྄༔ མ་མ་བཛྲ་ཀཱ་ཝཱ་ཙི་རཀྵ་རཀྵ༔ གཉིས་པ་བཟློག་དམིགས་ནི། བདག་མདུན་དཀྱིལ་འཁོར་ཕྱི་རོལ་དུ༔ གནམ་ལྕགས་འཁོར་ལོ་རྩིབ་བཅུ་འབར༔ རྩེ་རྣོ་སྤུ་གྲི་ངར་མ་ལྟར༔ ཤུགས་དྲག་གཡས་སུ་དྲག་ཏུ་འཁོར༔ མཆན་ལ་སྤྲུལ་པའི་ཕྲ་མེན་འཕྱོ༔ མེ་ཆུ་རླུང་གི་བུ་ཡུག་འཚུབས༔ ལས་བྱེད་ཕོ་ཉ་བསམ་ཡས་པས༔ བྱད་མ་སྡེར་བཅས་བཀུག་པའི་མོད༔ ལྷ་ཚོགས་ཞལ་ཀུན་ཕྱིར་བསྟན་ཏེ༔ བཟློག་སྔགས་སྟོང་གསུམ་གང་བའི་སྒྲས༔ སྣོད་བཅུད་འུར་འུར་ཤིག་ཤིག་བརྡེག༔ རྩིབ་ཀྱིས་བྱད་མ་སྡེ་བཅས་བཅོམ༔ ཕྱེ་མའང་དམིགས་མེད་རྒྱས་གདབ་བསམ༔ རྩ་སྔགས་སྔ་མ་ལྟར། མ་ཧཱ་ཤཱ་རི་ཨེ་ས་བྷྱོ་བཟློག༔ ཅེས་སྦྱར། གསུམ་པ་བསད་དམིགས་ནི། བདག་མདུན་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཆེར་ཁྲོས་ཤིང་འཁྲུགས་པས་རྡོ་རྗེའི་ཕོ་ཉ་ནམ་མཁའ་གང་བར་སྤྲོས༔ མ་རུངས་པ་གདུག་ཅིང་གཏུམ་པ་ཐམས་ཅད་ཕྱག་རྒྱ་བཞིས་རྟེན་ལ་དགུག་བཅིང་མྱོས་པར་བྱས༔ ལྷ་དང་ཕྲལ༔ གཟུགས་ལ་དབབ༔ སྐུ་སྨད་ཕུར་པའི་དབལ་གྱིས་གཟིར་བས་ཚེ་བསོད་རང་ལ་ཐིམ༔ རྣམ་ཤེས་དབྱིངས་སུ་སྤར༔ ཕུང་པོ་ཉལ་ཉལ་གཏུབ་པའི་ཤ་ཁྲག་ལས་ཀྱི་མཁའ་འགྲོ་འཁོར་དང་བཅས་པ་རྔམས་པའི་གད་མོ་དང་བཅས་ཚོགས་སུ་བཞེས་པར་བསམས་ལ༔ རྩ་སྔགས་སྲུང་བའི་སྐབས་ལྟར་ལ། དགྲ་བགེགས་བྱད་མ་མཱ་ར་ཡ་རྦད་བྷྱོ་ཕཊ྄༔ ཅེས་སྦྱར། ཐུན་མཐར་མཆོད་བསྟོད། གསོལ་ཁ། ཚོགས་བྱིན་བརླབ་ནས་བརྩམས་བསྐང་བཤགས་བར་ལས་བྱང་ལྟར་བཏང་ལ། གསུམ་པ་བསྒྲལ་བའི་ལས་རིམ་དངོས་ལ་བདུན་ལས། དང་པོ་ཐུགས་དམ་བསྐུལ་བ་ནི། ཧཱུྃ༔ རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་དབྱིངས༔ གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ བདུད་འདུལ་ཡེ་ཤེས་དྷཱ་ཀི་སེང་གེའི་གདོང༔ འཁོར་འདས་ཀུན་གྱི་སྤྱི་དཔལ་དབྱིངས་ནས་བཞེངས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ གཉིས་པ་གསེར་སྐྱེམས་དང་གཟུ་དཔང་ནི། ཨོཾ་ཨཱཿཧཱུྃ༔ རྩ་གསུམ་རྒྱལ་བ་ལས་ཀྱི་དྷཱ་ཀི་ནི༔ རབ་འབྱམས་མཁའ་འགྲོ་འདུས་པའི་ལྷ་ཚོགས་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་གཟུ་དང་དཔང་མཛོད་ཅིག༔ དྲག་པོ་སྔགས་ཀྱི་གཟི་བྱིན་བསྐྱེད་དུ་གསོལ༔ མངོན་སྤྱོད་ལས་ཀྱི་བརྟུལ་ཞུགས་གྲུབ་པར་མཛོད༔ ཕོ་རྒྱུད་མོ་རྒྱུད་གཉིས་མེད་དྲེགས་པའི་སྡེ༔ རྡོ་རྗེའི་ཆོས་སྲུང་དམ་ཚིག་འཆང་བ་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་གཟུ་དང་དཔང་མཛོད་ཅིག༔ དྲག་པོ་སྔགས་ཀྱི་གཟི་བྱིན་བསྐྱེད་དུ་གསོལ༔ མངོན་སྤྱོད་ལས་ཀྱི་བརྟུལ་ཞུགས་གྲུབ་པར་མཛོད༔ ས་བདག་ལྷ་ཀླུ་འབྱུང་པོ་མཐུ་བོ་ཆེ༔ མགོན་སྐྱབས་རྒྱབ་རྟེན་དཔུང་གཉེན་གྱུར་པ་རྣམས༔ གསེར་སྐྱེམས་བདུད་རྩིའི་མཆོད་པ་འདི་བཞེས་ལ༔ རྣལ་འབྱོར་བདག་གི་གཟུ་དང་དཔང་མཛོད་ཅིག༔ དྲག་པོ་སྔགས་ཀྱི་གཟི་བྱིན་བསྐྱེད་དུ་གསོལ༔ མངོན་སྤྱོད་ལས་ཀྱི་བརྟུལ་ཞུགས་གྲུབ་པར་མཛོད༔ གསུམ་པ་ཧོམ་བསྐྱེད་ནི། ཨེ་ཡྃ་རྃ་སྥ་ར་ཎ་ཕཊ྄༔ སཾ་ཧ་ར་ཎ་ཧཱུྃ༔ ཨེ་ལས་ཐར་མེད་གནམ་ལྕགས་གཤིན་རྗེའི་སྒྲོམ༔ ཟུར་གསུམ་མེ་འབར་ལས་ཀྱི་རླུང་ཤུགས་གཡོ༔ དེ་དབུས་གནོད་བྱེད་དགྲ་དང་འགལ་རྐྱེན་བགེགས༔ ཉམ་ཐག་སྐྱབས་བྲལ་མངོན་སུམ་གསལ་བར་གྱུར༔ བཞི་པ་འགུགས་པ་ནི། ན་མོ། རྩ་བརྒྱུད་བླ་མ་རྒྱལ་བ་ཞི་ཁྲོ་དང་༔ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས༔ སྔགས་འཆང་བདག་གི་སྔགས་དང་ཏིང་ངེ་འཛིན༔ དཀོན་མཆོག་གསུམ་སོགས་བཀའ་ཡི་བདེན་པའི་མཐུས༔ བླ་མའི་སྐུ་དགྲ་བསྟན་དང་བསྟན་འཛིན་སྨོད༔ ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་ལ་སེམས༔ ད་དགྲ་གནོད་ཅིང་འཚེ་བའི་དགྲ་དང་བགེགས༔ ཁ་འཇམ་གཏིང་རྩུབ་ཞེ་ནས་སྨོད་པ་དང༔ དོ་བརྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད༔ མཐུ་དང་ནུས་པ་བུ་ལོན་བཞིན་དུ་བསྙགས༔ དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང༔ བར་ཆད་བྱེད་པའི་བདུད་དང་དམ་སྲིའི་རིགས༔ ཡིད་ལ་བརྣག་པའི་དགྲ་བགེགས་འདི་རྣམས་ཀྱི༔ རྣམ་ཤེས་བླ་ཚེ་སྲོག་དབུགས་བཅས་པ་ཀུན༔ གནམ་ས་གླིང་བཞི་གླིང་ཕྲན་རི་རབ་གསེང༔ ཉི་ཟླའི་གོ་བར་ཆོས་བོན་སྲུང་མའི་སྐྱབས༔ གང་ན་ཡོད་ཀྱང་རཱུ་པ་འདི་ཉིད་ལ༔ ཁུག་ཅིག་བཛྲ་ཨངྐུ་ཤ་ཡ་ཛཿ རྐེ་ནས་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ ཡན་ལག་སྡོམས་ཤིག་བཛྲ་སྥོ་ཊ་བཾཿ མྱོས་པར་གྱིས་ཤིག་བཛྲ་གཎྜེ་ཧོཿ ཕྱེས་ཤིག་བཛྲ་པྲ་བེ་ཤ་ཡ་ཕཊ྄༔ དབྱེར་མེད་སྟིམས་ཤིག་ཨ་བེ་ཤ་ཡ་ཨ༔ སརྦ་ཤ་ཏྲཱུན་བིགྷྣཱན་བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བཛྲ་གཎྜེ་ཧོ༔ བཛྲ་པྲ་བེ་ཤ་ཡ་ཕཊ྄༔ བཛྲ་ཨ་བེ་ཤ་ཡ་ཨ་ཨཿ ཞེས་མཚོན་ཆ་དངོས་སམ་ཕྱག་རྒྱས་གཟིར། ལྔ་པ་བསྒྲལ་བ་ནི། རང་ཉིད་བདུད་འདུལ་དྲག་མོའི་ཐ་མའི་ཕྱག་གཉིས་ཀྱིས་ཕུར་པ་གསོད་བྱེད་ལས་ཀྱི་མཁའ་འགྲོ་ཕྱག་གཉིས་གནམ་ལྕགས་ཀྱི་ཕུར་པ་བསྣམས་པ་སྐུ་སྨད་ཕུར་པའི་དབལ་ཅན་གྱུར་པར་བསམས་ལ༔ ཧཱུྃ༔ སངས་རྒྱས་ཕྲིན་ལས་ཡོངས་རྫོགས་པ༔ དྲག་ཤུལ་གསོད་བྱེད་དྷཱ་ཀི་ནཱི༔ ཐོགས་མེད་བཛྲ་ཀཱི་ལ་ཡ༔ སྟེང་དུ་གདེངས་པས་ལྷ་རྣམས་བསྐུལ༔ བར་དུ་བསྐོར་བས་འཇིག་རྟེན་གཡོ༔ གཡས་སུ་བསྒྲིལ་བས་ཕོ་རྒྱུད་གཟིར༔ གཡོན་དུ་བསྒྲིལ་བས་མོ་རྒྱུད་འདར༔ དབུས་སུ་བསྒྲིལ་བས་གཉིས་མེད་ཐུལ༔ བཏབ་ན་ལྷ་ཡང་བརླག་བྱེད་ན༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ ཡེ་ཤེས་དྲག་མོས་སྟོབས་སྐྱེད་ཅིག༔ དགྲ་བགེགས་ཚེ་བསོད་དྭངས་མ་ཀུན༔ སྒྲུབ་ལ་སྟིམས་ཤིག་ཀཱི་ལ་ཡ༔ རྣམ་ཤེས་རྡོ་རྗེ་བཙུན་མོ་ཡི༔ སྲས་སུ་སྤོར་ཅིག་ཀཱི་ལ་ཡ༔ དུག་གསུམ་ཕུང་ཁམས་སྐྱེ་མཆེད་རྟེན༔ དུམ་བུར་གཏུབས་ཤིག་ཀཱི་ལ་ཡ༔ ཨོཾ་ས་ཀརྨ་དྷཱ་ཀི་ནཱི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྴ་ཀ་ལ་རཱུ་པ་ཀརྨ་རྃ་རྃ་ཛྭ་ལ་རྃ་རྃ༔ ཨཱ་ཡུར་བིནྡུ་བྷྲཱུྃ༔ ཨ་ཡཾ་སྥ་ར་ཎ་ཕཊ྄༔ སརྦ་ཤ་ཏྲཱུན་བིགྷྣཱན་མཱ་ར་ཡ་ཕཊ྄༔ ཞེས་གདབ་ཁའི་ལས་ཀྱིས་གཟས་པོའི་ཚེ་བསོད་རང་ལ་བསྟིམ། རྣམ་ཤེས་དབྱིངས་སུ་སྤར། ཕུང་པོ་དུམ་བུར་གཏུབས་ལ། དྲུག་པ་ཞལ་བསྟབ་ནི། ཧོམ་གཟར་གྱིས་ལིང་རོ་ཟོར་དུ་ཕུལ་ཏེ། ཧཱུྃ་བྷྱོ༔ དུག་གསུམ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ འཇིགས་བྱེད་ཁྲག་འཐུང་ཆེན་མོའི་ཞལ་དུ་སྦྱོར༔ འཁོར་གྱི་མཁའ་འགྲོའི་ཚོགས་རྣམས་དགྱེས་པར་རོལ༔ དགྲ་བགེགས་འབྱུང་པོའི་བདུན་རྒྱུད་རྩད་ནས་ཆོད༔ སརྦ་ཤཱ་ཏྲཱུན་བིགྷྣཱན་མཱ་ར་ཡ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ་བས༔ ཧ་ཧ་ཧེ་ཧེ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄༔ ཅེས་དགྱེས་པའི་བཞད་སྒྲ་དང་བཅས་ལྷག་མེད་དུ་བཞེས་ནས་ཟག་མེད་བདེ་ཆེན་དྲག་ཤུལ་གྱི་ཡེ་ཤེས་ལྷག་པར་རྒྱས་ཤིང་ངོ་མཐོན་དུ་བཞུགས་པར་བསམ་ལ། སྐབས་འདིར་ཚོགས་ལ་རོལ་ཞིང་ལྷག་མ་བཏང་ལ་སྨོན་ལམ་བཅས་བྱ། བདུན་པ་བཟློག་པའི་ཕྲིན་ལས་གསོལ་བ་ལ། སྤྱི་དང༌། ཁྱད་པར་གཉིས་ཀྱི་དང་པོ་ནི། གཏོར་ཆུང་ལིང་རོ་ཁྲག་སྐྱེམས་རྣམས་རིམ་གྱིས་གཙོ་འཁོར་ལྟར་ཕུལ་ཏེ། ཧཱུྃ་བྷྱོ༔ བདེ་སྟོང་རྡོ་རྗེ་བཙུན་མོའི་མཁའ་ཀློང་ནས༔ བདེ་གཤེགས་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་སིང་ཧ་མུ་ཁ་དབྱིངས་ནས་བཞེངས༔ རིག་སྟོང་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ མ་རིག་གཏི་མུག་གདོན་གྱི་གནོད་པ་བཟློག༔ ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་དག་པ་ཡིས༔ སྟེང་གདོན་གཟའ་གདོན་རྒྱུ་སྐར་གདོན་ཚོགས་དང༔ ཐོག་སེར་འབྱུང་བའི་གནོད་པ་མ་ལུས་བཟློག༔ ཆོས་དབྱིངས་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ སྣང་སྟོང་སྐུ་ཡི་ཌཱ་ཀིའི་མཁའ་ཀློང་ནས༔ རྡོ་རྗེའི་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་སིངྷ་མུ་ཁ་དབྱིངས་ནས་བཞེངས༔ འགྱུར་མེད་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ཞེ་སྡང་གཤིན་རྗེའི་གདོན་གྱི་གནོད་པ་བཟློག༔ ཆུ་ཁམས་མ་ཀི་ཡུམ་དུ་དག་པ་ཡིས༔ འོག་གདོན་གཤིན་རྗེ་ཀླུ་ཡི་གདོན་ཚོགས་དང༔ འབྱུང་བ་ཆུ་ཡི་གནོད་པ་མ་ལུས་བཟློག༔ མེ་ལོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ ཚོར་སྟོང་ཡོན་ཏན་ཌཱ་ཀིའི་མཁའ་ཀློང་ནས༔ རིན་ཆེན་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་སིངྷ་མུ་ཁ་དབྱིངས་ནས་བཞེངས༔ གཟུགས་སྟོང་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ང་རྒྱལ་རྒྱལ་བསེན་གནོད་པ་མ་ལུས་བཟློག༔ ས་ཁམས་སྤྱན་མ་ཡུམ་དུ་དག་པ་ཡིས༔ ས་བདག་རྒྱལ་བསེན་གདོན་གྱི་ཉེས་པ་དང༔ འབྱུང་བ་ས་ཡི་གནོད་པ་མ་ལུས་བཟློག༔ མཉམ་ཉིད་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ གྲགས་སྟོང་གསུང་གི་ཌཱ་ཀིའི་མཁའ་ཀློང་ནས༔ པདྨའི་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་སེངྷ་མུ་ཁ་དབྱིངས་ནས་བཞེངས༔ གྲགས་སྟོང་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ འདོད་ཆགས་མོ་གདོན་གདོན་གྱི་གནོད་པ་བཟློག༔ མེ་ཁམས་གོས་དཀར་ཡུམ་དུ་དག་པ་ཡིས༔ དམ་སྲི་ཉུལ་ལེའི་གདོན་གྱི་ཉེས་པ་དང༔ འབྱུང་བ་མེ་ཡི་གནོད་པ་མ་ལུས་བཟློག༔ སོར་རྟོག་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ རིག་སྟོང་ལས་ཀྱི་ཌཱ་ཀིའི་མཁའ་ཀློང་ནས༔ ལས་ཀྱི་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་སེངྷ་མུ་ཁ་དབྱིངས་ནས་བཞེངས༔ ཁྱབ་བདག་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ཕྲག་དོག་ཤི་འདྲེ་བཙན་བདུད་གནོད་པ་བཟློག༔ རླུང་ཁམས་སྒྲོལ་མ་ཡུམ་དུ་དག་པ་ཡིས༔ བར་གདོན་ཤི་འདྲེ་བཙན་དུད་གནོད་པ་དང༔ འབྱུང་བ་རླུང་གི་གནོད་པ་མ་ལུས་བཟློག༔ བྱ་གྲུབ་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ བརྟན་བྱེད་འབྱུང་བ་རྡོ་རྗེའི་རི་རབ་ནས༔ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་རྡོ་རྗེ་གདུགས་དཀར་དབྱིངས་ནས་བཞེངས༔ ཀློང་གྱུར་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ཕྱོགས་མཚམས་སྐྱོང་བའི་གདོན་གྱི་གནོད་པ་བཟློག༔ བརྟན་པའི་དབྱིངས་ཀྱི་ཡུམ་དུ་དག་པ་ཡིས༔ ཤར་དང་ཤར་ལྷོའི་གདོན་གྱི་གནོད་པ་དང༔ འབྱུང་བ་སྒང་གཤོང་འཁྲུགས་པའི་ཉེས་པ་ཀུན༔ བདེ་སྟོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ གཤེར་བྱེད་འབྱུང་བ་ཁྲག་གི་རྒྱ་མཚོ་ནས༔ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་རིན་ཆེན་གདུགས་སེར་དབྱིངས་ནས་བཞེངས༔ འདའ་ཀ་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ཕྱོགས་མཚམས་སྐྱོང་བའི་གདོན་གྱི་གནོད་པ་བཟློག༔ གཤེར་བའི་དབྱིངས་ཀྱི་ཡུམ་དུ་དག་པ་ཡིས༔ ལྷོ་དང་ལྷོ་ནུབ་གདོན་གྱི་གནོད་པ་དང༔ འབྱུང་བ་སྒང་གཤོང་འཁྲུགས་པའི་ཉེས་པ་ཀུན༔ བདེ་སྟོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ སྲེག་བྱེད་འབྱུང་བ་བསྐལ་པའི་མེ་དཔུང་ནས༔ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་པདྨའི་གདུགས་དམར་དབྱིངས་ནས་བཞེངས༔ དབྱིངས་གྲོལ་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ཕྱོགས་མཚམས་སྐྱོང་བའི་གདོན་གྱི་གནོད་པ་བཟློག༔ དྲོ་བའི་དབྱིངས་ཀྱི་ཡུམ་དུ་དག་པ་ཡིས༔ ནུབ་དང་ནུབ་བྱང་གདོན་གྱི་གནོད་པ་དང༔ འབྱུང་བ་སྒང་གཤོང་འཁྲུགས་པའི་ཉེས་པ་ཀུན༔ བདེ་སྟོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ སྐྱོད་བྱེད་འབྱུང་བ་རླུང་ནག་འཚུབས་མ་ནས༔ སྣ་ཚོགས་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་ལས་ཀྱི་གདུགས་ལྗང་དབྱིངས་ནས་བཞེངས༔ མཐའ་གྲོལ་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ཕྱོགས་མཚམས་སྐྱོང་བའི་གདོན་གྱི་གནོད་པ་བཟློག༔ གཡོ་བའི་དབྱིངས་ཀྱི་ཡུམ་དུ་དག་པ་ཡིས༔ བྱང་དང་བྱང་ཤར་གདོན་གྱི་གནོད་པ་དང༔ འབྱུང་བ་སྒང་གཤོང་འཁྲུགས་པའི་ཉེས་པ་ཀུན༔ བདེ་སྟོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ འཁོར་ཡུག་གསེར་གྱི་ས་གཞི་བརྡལ་བ་ནས༔ ཁྲག་འཐུང་ཡུམ་གྱུར་ཤེས་རབ་ཕར་ཕྱིན་མ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་གནས་ཡུལ་མ་མོ་དབྱིངས་ནས་བཞེངས༔ ལྷན་སྐྱེས་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ གནས་ཡུལ་གདོན་དང་འབྱུང་པོའི་གནོད་པ་བཟློག༔ སྣང་སྲིད་མཁའ་ཀློང་གཅིག་ཏུ་དག་པ་ཡིས༔ སྣོད་བཅུད་མི་མཐུན་རྟེན་འབྲེལ་ལོག་པ་དང༔ དེ་ལས་བྱུང་བའི་ཆག་ཆེ་ཉམ་ང་བཟློག༔ བདེ་སྟོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ ཕྱོགས་མཚམས་ཁྲག་གི་རྒྱ་མཚོ་འཁྱིལ་བ་ནས༔ དཔལ་གྱི་བཀའ་སྡོད་དབང་ཕྱུག་ཉི་ཤུ་བརྒྱད༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་མ་སྲིང་མཁའ་འགྲོ་དབྱིངས་ནས་བཞེངས༔ མ་འགག་ཡེ་ཤེས་རྡོ་རྗེའི་ཆོ་འཕྲུལ་གྱིས༔ ལྷ་སྲིན་སྡེ་བརྒྱད་འཁྲུགས་པའི་གནོད་པ་བཟློག༔ ཁམས་གསུམ་ཡུམ་གྱི་མཁའ་ཀློང་དག་པ་ཡིས༔ ཕྱི་ནང་རྩ་རླུང་ཐིག་ལེ་འཁྲུགས་པ་དང༔ དེ་ལས་བྱུང་བའི་ཆག་ཆེ་ཉམ་ང་བཟློག༔ བདེ་སྟོང་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ ཧཱུྃ་བྷྱོ༔ དཀྱིལ་འཁོར་ཕྱི་རོལ་པདྨ་དུར་ཁྲོད་ནས༔ བཀའ་ཡི་སྲུང་མ་མཁའ་འགྲོ་གིང་ལངྐ༔ བདུད་བཞིའི་བདུད་འཇོམས་འབར་བ་ཆེན་མོའི་སྐུ༔ དྲག་ཤུལ་སྣང་སྲིད་མ་མོ་དབྱིངས་ནས་བཞེངས༔ ཡེ་ཤེས་རོལ་པ་ཆེན་པོའི་ཆོ་འཕྲུལ་གྱིས༔ སྟེང་འོག་བར་གྱི་ལྷ་འདྲེའི་གནོད་པ་བཟློག༔ ཆོས་ཀུན་བདེ་ཆེན་གཅིག་ཏུ་དག་པ་ཡིས༔ བྱད་ཕུར་རྦོད་གཏོང་གདོན་གྱི་གནོད་པ་དང༔ མི་མཐུན་འགལ་རྐྱེན་ངན་པ་མཐའ་དག་བཟློག༔ ཀ་དག་ཡེ་ཤེས་དོན་གྱི་ཀུན་བཟང་མོའི༔ བྷ་ག་བདེ་ཀློང་གཅིག་ཏུ་བཟློག་ཅིང་སྒྱུར༔ སྔགས་ལ་ཤམ་བུ་འདི་ཡང་སྦྱར༔ སརྦ་ས་མ་ཡ་བྷྱོ་བྷྱོ༔ བཟློག་བཟློག༔ མཱ་ར་ཡ་ཕཊ྄་བྷྱོ༔ གཉིས་པ་ནི། ཤར་གྱི་ཁྲག་ཀོང་ལ་རཀྟས་བྲན་ཏེ། ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་སྐྱེ་བ་མེད་པ་ལས༔ རོལ་པའི་ཆོ་འཕྲུལ་འགག་པ་མེད་པའི་གདང༔ རྣམ་པ་དམར་ནག་དུག་གི་རྒྱ་མཚོ་འཁྱིལ༔ ངོ་བོ་རྡོ་རྗེའི་ཡུམ་ཆེན་མ་མ་ཀཱི༔ དྲག་པོའི་རྦ་རླབས་ནམ་མཁའི་དབྱིངས་སུ་འཕྱོ༔ ཐོག་སེར་མཚོན་ཆའི་མེ་ཟེར་ཐོ་རོ་རོ༔ དུག་གི་རླངས་པས་བརྒྱལ་ཞིང་སྨྱོ་འབོག་བྱེད༔ རེག་ཕུང་མུན་ལྟར་འཐིབས་པའི་ཟོར་ཆེན་འདིས༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཕྱི་རོལ་འབྱུང་བ་ཆུ་ཡི་སྒང་གཤོང་ལས༔ བྱུང་བའི་སད་སེར་ཤྭ་འུད་ལ་སོགས་པ༔ སྣོད་བཅུད་ལེགས་པའི་དཔལ་ལ་འཚེ་བ་ཡི༔ མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་ཀུན་བཟློག༔ ནང་འབྱུང་ཁྲག་ནད་ཚ་གྲང་འཁྲུགས་པའི་མཐུས༔ ལུས་སྲོག་སེམས་ལ་བར་དུ་གཅོད་པ་ཡི༔ ནད་གདོན་འགལ་རྐྱེན་ཆག་ཆེ་ཡེ་འདྲོག་གི༔ རྒྱུ་རྐྱེན་འབྲས་བུ་ཐམས་ཅད་དབྱིངས་སུ་བཟློག༔ གསང་འབྱུང་ཞེ་སྡང་ཆུ་ལྟར་འཁྲུགས་པ་ལས༔ མོ་གདོན་རྒྱལ་བཙན་གནོད་པ་བྱད་ཕུར་གཏད༔ ཆོས་དབྱིངས་ཞི་བའི་བར་དུ་གཅོད་པའི་རིགས༔ ཆོས་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཟློག༔ རྟེན་འབྲེལ་རྫས་ཀྱི་ནུས་པ་རྨད་བྱུང་ཞིང༔ ཀློང་ཆེན་ཡུམ་གྱི་ཕྱག་རྒྱ་རྡོ་རྗེའི་མཚོན༔ ཀུན་རྫོབ་འཁྲུལ་པའི་དགྲ་གདོན་བརླག་བྱེད་པའི༔ དཔལ་ཆེན་ཡུམ་གྱི་དམ་ལས་མ་འདའ་ཤིག༔ སརྦ་ཨ་པ་ཀ་ར་རྦད་འདྲེ་རྦད་ཟོར་ཐམས་ཅད་བྷྱོ་བྷྱོ་བཟློག་བཟློག༔ ལྷོ་ཡི་རྡོ་ཟོར་ལ་ལྕགས་ཕྱེས་བྲབ་སྟེ། ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་སྐྱེ་བ་མེད་པ་ལས༔ རོལ་པའི་ཆོ་འཕྲུལ་འགག་པ་མེད་པའི་གདང༔ རྣམ་པ་རྡོ་རྗེའི་བྲག་གི་རི་རབ་ཆེ༔ ངོ་བོ་རིན་ཆེན་ཡུམ་ཆེན་སངས་རྒྱས་སྤྱན༔ མཚོན་ཆའི་ནགས་ཚལ་བརླག་བྱེད་ལོ་འདབ་གཡོ༔ བསྐལ་པའི་མེ་རླུང་དུག་གི་བུ་ཡུག་འཚུབས༔ ཤ་ཟ་ལས་བྱེད་ཕོ་ཉ་བྱེ་བ་དང༔ ཕྲ་མེན་བྱ་གཅན་འཚུབས་པའི་ཟོར་ཆེན་འདིས༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཕྱི་རོལ་འབྱུང་བ་ས་ཡི་སྒང་གཤོང་ལས༔ བྱུང་བའི་ས་གཡོ་རི་ཉིལ་ལ་སོགས་པ༔ སྣོད་བཅུད་ལེགས་པའི་དཔལ་ལ་འཚེ་བ་ཡི༔ མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་ཀུན་བཟློག༔ ནང་འབྱུང་བད་ཀན་ཚ་གྲང་འཁྲུགས་པའི་མཐུས༔ ལུས་སྲོག་སེམས་ལ་བར་དུ་གཅོད་པ་ཡི༔ ནད་གདོན་འགལ་རྐྱེན་ཆག་ཆེ་ཡེ་འདྲོག་གི༔ རྒྱུ་རྐྱེན་འབྲས་བུ་ཐམས་ཅད་དབྱིངས་སུ་བཟློག༔ གསང་འབྱུང་ང་རྒྱལ་ས་ལྟར་ནོན་པ་ཡི༔ ཀླུ་གདོན་ས་བདག་གདོན་དང་བྱད་ཕུར་གཏད༔ ཆོས་དབྱིངས་ཞི་བའི་བར་དུ་གཅོད་པའི་རིགས༔ ཆོས་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཟློག༔ རྟེན་འབྲེལ་རྫས་ཀྱི་ནུས་པ་རྨད་བྱུང་ཞིང༔ ཀློང་ཆེན་ཡུམ་གྱི་ཕྱག་རྒྱ་རྡོ་རྗེའི་མཚོན༔ ཀུན་རྫོབ་འཁྲུལ་པའི་དགྲ་གདོན་བརླག་བྱེད་པའི༔ དཔལ་ཆེན་ཡུམ་གྱི་དམ་ལས་མ་འདའ་ཤིག༔ སརྦ་ཨ་པ་ཀ་ར་རྦད་འདྲེ་རྦད་ཟོར་ཐམས་ཅད་བྷྱོ་བྷྱོ་བཟློག་བཟློག༔ ནུབ་ཀྱི་ཟོར་ཀོང་ལ་མེ་སྒྲོན་བཙུགས་ཏེ། ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་སྐྱེ་བ་མེད་པ་ལས༔ རོལ་པའི་ཆོ་འཕྲུལ་འགག་པ་མེད་པའི་གདང༔ རྣམ་པ་འཇིགས་རུང་བསྐལ་པའི་མེ་དཔུང་འབར༔ ངོ་བོ་པདྨའི་ཡུམ་ཆེན་ན་བཟའ་དཀར༔ བརླག་བྱེད་མེ་ལྕེའི་ལག་པ་ཕྱོགས་ཀུན་གཡོ༔ རྡོ་རྗེའི་མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ འབར་བའི་དུད་སྤྲིན་ཁྱབ་ཅིང་འཁྲིགས་པ་ཡིས༔ རི་ཡང་བསྲེགས་ཤིང་རྒྱ་མཚོ་སྐེམ་པ་འདིས༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཕྱི་རོལ་འབྱུང་བ་མེ་ཡི་སྒང་གཤོང་ལས༔ བྱུང་བའི་ཐན་པ་མེ་དགྲའི་འཇིགས་པ་སོགས༔ སྣོད་བཅུད་ལེགས་པའི་དཔལ་ལ་འཚེ་བ་ཡི༔ མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་ཀུན་བཟློག༔ ནང་འབྱུང་གཉན་རིམ་ཚད་པ་འཐབས་པའི་མཐུས༔ ལུས་སྲོག་སེམས་ལ་བར་དུ་གཅོད་པ་ཡི༔ ནད་གདོན་འགལ་རྐྱེན་ཆག་ཆེ་ཡེ་འདྲོག་གི༔ རྒྱུ་རྐྱེན་འབྲས་བུ་ཐམས་ཅད་དབྱིངས་སུ་བཟློག༔ གསང་འབྱུང་འདོད་ཆགས་མེ་ལྟར་འབར་བ་ཡི༔ མོ་གདོན་བསེན་མོའི་གདོན་དང་བྱད་ཕུར་གཏད༔ ཆོས་དབྱིངས་ཞི་བའི་བར་དུ་གཅོད་པའི་རིགས༔ ཆོས་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཟློག༔ རྟེན་འབྲེལ་རྫས་ཀྱི་ནུས་པ་རྨད་བྱུང་ཞིང༔ ཀློང་ཆེན་ཡུམ་གྱི་ཕྱག་རྒྱ་རྡོ་རྗེའི་མཚོན༔ ཀུན་རྫོབ་འཁྲུལ་པའི་དགྲ་གདོན་བརླག་བྱེད་པའི༔ དཔལ་ཆེན་ཡུམ་གྱི་དམ་ལས་མ་འདའ་ཤིག༔ སརྦ་ཨ་པ་ཀ་ར་རྦད་འདྲེ་རྦད་ཟོར་ཐམས་ཅད་བྷྱོ་བྷྱོ་བཟློག་བཟློག༔ དཀྱིལ་འཁོར་བྱང་གི་སྒྲོ་ཟོར་ལ་རླུང་གཡབ་ཀྱིས་བསྐུལ་ཏེ། ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་སྐྱེ་བ་མེད་པ་ལས༔ རོལ་པའི་ཆོ་འཕྲུལ་འགག་པ་མེད་པའི་གདང༔ རྣམ་པ་བསྐལ་པ་འཇིགས་པའི་རླུང་འཚུབས་ཤིང༔ ངོ་བོ་ལས་ཀྱི་ཡུམ་ཆེན་དམ་ཚིག་སྒྲོལ༔ ཤ་ཟན་བྱ་གཅན་རྡོ་རྗེའི་གཤོག་པ་གདེངས༔ གནམ་ལྕགས་རྡོ་རྗེའི་བུ་ཡུག་སེར་ལྟར་འབེབས༔ སྟོང་གསུམ་འཇིག་རྟེན་ཡིན་ཀྱང་གནས་ནས་འདེགས༔ འུར་འུར་ཆེམ་ཆེམ་གནམ་ས་གང་བ་འདིས༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཕྱི་རོལ་འབྱུང་བ་རླུང་གི་སྒང་གཤོང་ལས༔ བྱུང་བའི་ལུས་སྲོག་འཇིག་རྟེན་དཔལ་འཚེ་བའི༔ སྣོད་བཅུད་ལེགས་པའི་དཔལ་ལ་འཚེ་བ་ཡི༔ མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་ཀུན་བཟློག༔ ནང་འབྱུང་རླུང་གི་རྒྱུ་བ་ལོག་པ་ལས༔ ལུས་སྲོག་སེམས་ལ་བར་དུ་གཅོད་པ་ཡི༔ ནད་གདོན་འགལ་རྐྱེན་ཆག་ཆེ་ཡེ་འདྲོག་གི༔ རྒྱུ་རྐྱེན་འབྲས་བུ་ཐམས་ཅད་དབྱིངས་སུ་བཟློག༔ གསང་འབྱུང་ཕྲག་དོག་རླུང་ལྟར་འཚུབས་པ་ཡིས༔ ཤི་འདྲེ་དམ་སྲིའི་གནོད་དང་བྱད་ཕུར་གཏད༔ ཆོས་དབྱིངས་ཞི་བའི་བར་དུ་གཅོད་པའི་རིགས༔ ཆོས་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཟློག༔ རྟེན་འབྲེལ་རྫས་ཀྱི་ནུས་པ་རྨད་བྱུང་ཞིང༔ ཀློང་ཆེན་ཡུམ་གྱི་ཕྱག་རྒྱ་རྡོ་རྗེའི་མཚོན༔ ཀུན་རྫོབ་འཁྲུལ་པའི་དགྲ་གདོན་བརླག་བྱེད་པའི༔ དཔལ་ཆེན་ཡུམ་གྱི་དམ་ལས་མ་འདའ་ཤིག༔ སརྦ་ཨ་པ་ཀ་ར་རྦད་འདྲེ་རྦད་ཟོར་ཐམས་ཅད་བྷྱོ་བྷྱོ་བཟློག་བཟློག༔ ཟོར་སྟེང་གི་ནམ་མཁའ་ལ་བདུད་རྩིའི་བྲན་ཏེ། ཧཱུྃ་བྷྱོ༔ རང་བྱུང་ཡེ་ཤེས་སྐྱེ་བ་མེད་པ་ལས༔ རོལ་པའི་ཆོ་འཕྲུལ་འགག་པ་མེད་པའི་གདང༔ རྣམ་པ་ཀུན་ཁྱབ་འོད་གསལ་དབྱིངས་ཀྱི་མཁའ༔ ངོ་བོ་བདེ་གཤེགས་ཡུམ་ཆེན་དབྱིངས་ཕྱུག་མ༔ འབྱུང་བ་ཐམས་ཅད་བསྐྱེད་དང་སྡུད་པའི་བདག༔ རང་བཞིན་ཀུན་གསལ་ནམ་ཡང་འཕེལ་འགྲིབ་མེད༔ ཆོས་ཉིད་དོན་དང་མཐུན་པའི་རྟགས་ཀྱི་རྒྱན༔ གང་ཡང་བྱར་མེད་ཅི་ལ་མི་གནས་པས༔ རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཕྱི་རོལ་འབྱུང་བ་ནམ་མཁའི་སྒང་གཤོང་ལས༔ བྱུང་བའི་ལུས་སྲོག་འཇིག་རྟེན་དཔལ་འཚེ་བའི༔ སྣོད་བཅུད་ལེགས་པའི་དཔལ་ལ་འཚེ་བ་ཡི༔ མི་མཐུན་འགལ་རྐྱེན་གནོད་པའི་ཕྱོགས་ཀུན་བཟློག༔ ནང་འབྱུང་སེམས་ཀྱི་ཀུན་རྟོག་གཡོ་འཁྲུགས་ལས༔ ལུས་སྲོག་སེམས་ལ་བར་དུ་གཅོད་པ་ཡི༔ ནད་གདོན་འགལ་རྐྱེན་ཆག་ཆེ་ཡེ་འདྲོག་གི༔ རྒྱུ་རྐྱེན་འབྲས་བུ་ཐམས་ཅད་དབྱིངས་སུ་བཟློག༔ གསང་འབྱུང་གཏི་མུག་མུན་ལྟར་གཡོས་པ་ལས༔ དམུ་བདུད་འགོང་པོའི་གནོད་དང་བྱད་ཕུར་གཏད༔ ཆོས་དབྱིངས་ཞི་བའི་བར་དུ་གཅོད་པའི་རིགས༔ ཆོས་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཟློག༔ རྟེན་འབྲེལ་རྫས་ཀྱི་ནུས་པ་རྨད་བྱུང་ཞིང༔ ཀློང་ཆེན་ཡུམ་གྱི་ཕྱག་རྒྱ་རྡོ་རྗེའི་མཚོན༔ ཀུན་རྫོབ་འཁྲུལ་པའི་དགྲ་གདོན་བརླག་བྱེད་པའི༔ དཔལ་ཆེན་ཡུམ་གྱི་དམ་ལས་མ་འདའ་ཤིག༔ སརྦ་ཨ་པ་ཀ་ར་རྦད་འདྲེ་རྦད་ཟོར་ཐམས་ཅད་བྷྱོ་བྷྱོ་བཟློག་བཟློག༔ གསུམ་པ་རྗེས་རིམ་ལ། ཟོར་ལས་ཉིན་ཞག་དུ་མ་དགོས་ན་འདི་ནས། ཐུགས་དམ་བསྐུལ་བ། ཆོས་སྲུང་གཏོར་འབུལ། ཆད་ཐོ་བརྟན་མ་རྟ་བྲོ་སོགས་ལས་བྱང་ལྟར་མཐར་དབྱུང༌། ཉིན་ཐ་མའི་སྐབས་ཐུགས་དམ་བསྐུལ་ཏེ། ཐུན་གཏོར་འབུལ་བ་ནི། འགུགས་པ་དང་བཅས་ཐུན་གཏོར་དང་ཆད་ཐོ་ཟོར་ནང་དུ་འབུལ། དང་པོ་ཟོར་སྒོ་དབྱེ་བ་ནི། ཧཱུྃ༔ ཕྲིན་ལས་བཞི་རྫོགས་སྒོ་སྲུང་ཚོགས༔ ཐབས་དང་ཤེས་རབ་ཡེ་ཤེས་ཀྱིས༔ དྲག་པོའི་ཕོ་བྲང་སྒོ་ཕྱེས་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་སྒྱུར༔ ཛཿཧཱུྃ་བྃ་ཧོཿས་མ་ཡ་པྲ་བེ་ཤ་ཡ་ཕཊ྄་བྷྱོ༔ གཉིས་པ་ཐུགས་དམ་བསྐུལ་བ་ནི། ཧཱུྃ་བྷྱོ༔ བཞེངས་ཤིག་དྲག་ཤུལ་སྟོབས་ལྡན་དྷཱ་ཀི་ནི༔ ལས་ཀྱི་ཁྲོ་མོ་རབ་འབྱམས་དབྱིངས་ནས་བཞེངས༔ བསྒྲལ་བའི་ཞིང་བཅུ་ཉམས་པའི་བདུན་ལྡན་དང༔ བར་ཆད་བགེགས་དང་འབྱུང་པོའི་སྟེང་དུ་ཆོས༔ ལྷ་ཀླུ་གནོད་སྦྱིན་ཐམས་ཅད་སྐུ་བཟུར་ལ༔ ཟོར་རྫས་རྡོ་རྗེའི་མཚོན་ཆ་དགྲ་ལ་རྒྱོབ༔ བྷྱོ་བཟློག་དམོད་པའི་ཐོག་ཆེན་བགེགས་ལ་ཕོབ༔ དགྲ་བགེགས་བདུན་རྒྱུད་རྩད་ནས་ཚར་ཆོད་ཅིག༔ སརྦ་ཀྲོ་དྷཱི་དྷཱ་ཀི་ནི་ཡ་ཡ་བྷྱོ་བྷྱོ་བཟློག་བཟློག༔ ཅེས་བསྐུལ་ཞིང༌། རྡོ་རྗེ་འདེགས་པའི་རྒྱས། ཨོཾ་སརྦ་དྷཱ་ཀི་ནི་ས་མ་ཡ་ཨུཥྞི་ཥ་སྟྭཾ༔ ཟོར་ཆེན་གྱི་དམ་ཚིག་གི་འཁོར་ལོ་ནམ་མཁར་བཞུགས་པར་བསམ་ལ་སྡེ་བརྒྱད་ཀྱི་ཐེབས་དང་བསྟུན་པའི་འཕང་སར་ཁྱེར་ལ། སྔར་ལྟར་གསེར་སྐྱེམས་སྔོན་དུ་འགྲོ་བས་དམིགས་རྟེན་གསལ་ཏེ་འབེམ་དུ་བཅས་ལ་དགུག་གཞུག་བྱ། ཟོར་བཏེགས་ཏེ། ཧཱུྃ་བྷྱོ༔ མཁའ་འགྲོ་འབར་བའི་ལྷ་ཚོགས་དྲག་ཤུལ་སྐྱེད༔ ཟོར་ཆེན་རྫས་ཀྱི་མཐུ་སྟོབས་གཟི་བྱིན་སྐྱེད༔ ནད་མཚོན་དུག་གི་ཆར་ཆེན་དགྲ་ལ་ཕོབ༔ མི་བཟད་མངོན་སྤྱོད་བགེགས་ཀྱི་དཔུང་ལ་ཕྱུང༔ དགྲ་དཔུང་བདུན་བརྒྱུད་མ་ལུས་རྩད་ནས་ཆོད༔ བགེགས་དཔུང་མིང་མེད་ཐལ་བའི་རྡུལ་དུ་རློག༔ སྡང་དགྲ་གནོད་བགེགས་བྱད་ཕུར་སྟེང་དུ་བྷྱོ༔ དྲག་པོ་ཟོར་གྱི་ཕྲིན་ལས་ཡོངས་རྫོགས་མཛོད༔ ཞེས་དང༌། བཟློག་སྔགས་བཟླ་བཞིན་བརྡེག་པས། ནམ་མཁར་བཞུགས་པའི་དམ་ཚིག་གི་འཁོར་ལོ་ཁྲོས་འཁྲུགས་རྔམས་པས་ཟོར་རྫས་ནད་མཚོན་དུག་གི་ཆར་ཆེན་པོ་འབབ་པའི་རྫས་སུ་གྱུར་ཏེ༔ དགྲ་དཔུང་བསད༔ བགེགས་དཔུང་བཅོམ༔ མི་ལྡོག་པར་རྒྱས་བཏབ་པར་བསམ་ལ། ལྟ་བའི་ཀློང་དུ་བཞག སྒོ་དྲུང་དུ་བརྟན་མ་བསྐྱངས། སྲུང་བའི་མཐའ་སྡུད་མནན་པ་དང་འབྲེལ་ན། མནན་དོང་ས་དམིགས་བཙལ་ཏེ་བྲུས་པར་གཤིན་རྗེའི་ལྕགས་ཁང་དུ་བསམ་ལ། མནན་ལིང་ལ་སླར་ཡང་འགུགས་སྟིམ་བཅས་དོང་དུ་བྲུབ་ལ། སྟེང་དུ་དམར་གཏོར་ཁྲག་སྐྱེམས་བཅས་ཕུལ་ཏེ། ཧཱུྃ་ཧཱུྃ༔ ས་འོག་དགུ་རིམ་མུན་པའི་གཏིང་རུམ་ནས༔ འཆི་བདག་ཆུ་སྲིན་གདོང་ཅན་ལས་ལ་བཞེངས༔ བར་ཆད་དགྲ་བགེགས་དམ་སྲི་དཔུང་དང་བཅས༔ གཏད་པ་ཡིན་གྱི་ནམ་ཡང་མ་གཏོང་ཞིག༔ ཡ་མ་རུ་དྲ་སརྦ་ཤ་ཏྲཱུན་བིགྷྣཱན་ཁ་ཁ་ཁཱ་ཁཱི་ཁཱ་ཧི༔ ཞེས་གཏད་ཅིང་མེ་ཆུའི་རྒྱས་བཏབ་པའི་སྟེང་དུ་རྟ་བྲོ་བརྡུང༌། ཧཱུྃ་ཧཱུྃ་ཧཱུྃ་ཨེ་ས་བྷྱོ་བྷྱོ་ཟློག་ཟློག་སརྦ་དྷཱ་ཀི་ནི་ཀྲོ་དྷ་ཛྭ་ལ་རྃ་རྃ༔ ཞེས་མཚམས་བཅད། ནང་དུ་ལོག་ནས་ཚེ་འགུགས་བྱ་བ་ནི། མདའ་དར་གཡབ་ལ། ཧཱུྃ༔ དམ་ཚིག་ཆེན་པོའི་དུས་ལ་བབ༔ འཁོར་འདས་མ་ཚོགས་ལས་ལ་བཞེངས༔ སྤྲུལ་པ་ཆེན་པོའི་སྟོང་གསུམ་ཁེངས༔ སྲིད་ཞིའི་དྭངས་བཅུད་དབང་མེད་འཕྲོག༔ བླ་ཚེ་ཡར་བ་རང་སོར་ཆུད༔ སྲོག་ཀླུང་དབང་ཐང་ཉམས་པ་གསོས༔ རྒས་པ་མེད་པ་རྡོ་རྗེའི་ལུས༔ འགྱུར་བ་མེད་པ་གཉུག་མའི་སྲོག༔ འཕོ་བ་མེད་པ་དབྱིངས་ཀྱི་ཚེ༔ མི་འགྱུར་མི་ཤིགས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སེང་ཧ་མུ་ཁ་ཛྙཱ་ན་ཌཱ་ཀི་ནི་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཞེས་སྦྱར། མཆོད་བསྟོད། ནོངས་བཤགས་དངོས་གྲུབ་བླང་བ་ནས་བརྩམས་ཤིས་བརྗོད་ཀྱི་བར་རྗེས་རིམ་ལས་བྱང་ལྟར་མཐའ་རྒྱས་སུ་བྱའོ། །དེ་ལྟར་བཤད་པ་འདི་ནི་སྲུང་བཟློག་བསད་པ་མཐའ་སྡུད་དང་བཅས་ཕྲུག་གཅིག་ཏུ་བྱ་ཚུལ་ཡིན་པས་བསྟན་འགྲོ་སྤྱིའི་དོན་སོགས་དགོས་པ་ཁྱད་པར་དང་འབྲེལ་ན་ལས། རང་དོན་ཉི་ཚེ་དང་སྦྱིན་བདག་གི་དོན་དུ་གྱེར་ན་ཤིན་ཏུ་གཉན་ལ། ཟོར་བཟློག་དཀྱུས་མ་ཙམ་ལག་ཏུ་ལེན་ན་མནན་སྲེག་གི་ཆོ་ག་མི་སྦྱོར་བ་ལས་ཁྲིགས་གཞུང་ལྟར་བྱ་ཞིང་ལག་ལེན་བདེ་ལ་འཚུབས་ཀྱང་ཆུང་བས་སྐབས་ཐོབ་འཕྲུལ་ཤེས་པར་བྱའོ། །རྡོ་རྗེའི་རིག་སྔགས་ནུས་རྩལ་དུས་ཀྱི་མེ། །བསྟན་འགྲོར་འཚེ་བྱེད་ནགས་ཚལ་ལ་རྔམས་པས། །ཧེ་རུ་ཀ་ཡི་བྱིན་རླབས་རླུང་ཤུགས་དང༌། །ཆབས་ཅིག་ཕན་བདེའི་སྣང་བ་འབར་གྱུར་ཅིག །ཅེས་ཟབ་གཉན་རྣོ་སོ་དང་ལྡན་པའི་ལས་རིམ་འདི་ཡང་སྔགས་ནག་རལ་པ་ཅན་གྱི་མཚོན་ཆ་རུ་བསྡེབས་པ་པོ་ལམ་འདིའི་བཀའ་བབ་ཁྲག་འཐུང་ཀློང་ཆེན་ནམ་མཁའ་འོད་གསལ་གར་དབང་མདོ་སྔགས་གླིང་པས་ས་ལ་སྤྱོད་པའི་དུར་ཁྲོད་མེ་རི་འབར་བ་བདེ་ཆེན་པདྨ་ཤེལ་ཕུག་ཏུ་སྨིན་ཟླའི་རྫོགས་པ་ཐ་མའི་ཉིན་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་བཙུན་པ་བཀྲ་ཤིས་རྣམ་རྒྱལ་གྱི་བགྱིས་པ་འདིས་ཀྱང་ནག་པོའི་རྩ་ལག་སྡེ་དང་བཅས་པའི་སྟོབས་མཐུ་རྩད་ནས་ཞི་སྟེ་ཐུབ་བསྟན་རིན་པོ་ཆེའི་དབུ་འཕང་སྲིད་རྩེར་སྙེགས་པའི་དཔལ་དུ་གྱུར་ཅིག །སརྦ་ཛག་ཏཾ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 09:44, 13 December 2022
Wylie title | snyan brgyud snying gi gsang mdzod las/ mkha' 'gro gdugs seng sbrags sgrub kyi srung bzlog bsad pa mtha' sdud dang bcas pa'i las rim khrigs su bsdebs pa phas rgol kun 'joms tshangs pa'i 'khor lo | |
---|---|---|
Location | dil mgo mkhyen brtse bka' 'bum Volume 21, Text 23, Pages 205-217 (Folios 1a to 13b6) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Snyan brgyud snying gi gsang mdzod las mkha' 'gro gdugs seng sbrags sgrub kyi srung bzlog bsad pa mtha' sdud dang bcas pa'i las rim khrigs su bsdebs pa phas rgol kun 'joms tshangs pa'i 'khor lo. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 21: 205-217. Delhi: Shechen Publications, 1994. | |
Genre | Averting or Dispelling Rites- zlog pa | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | rje mo siM ha'i zhal | |
Colophon |
།ཅེས་ཟབ་གཉན་རྣོ་སོ་དང་ལྡན་པའི་ལས་རིམ་འདི་ཡང་སྔགས་ནག་རལ་པ་ཅན་གྱི་མཚོན་ཆ་རུ་བསྡེབས་པ་པོ་ལམ་འདིའི་བཀའ་བབ་ཁྲག་འཐུང་ཀློང་ཆེན་ནམ་མཁའ་འོད་གསལ་གར་དབང་མདོ་སྔགས་གླིང་པས་ས་ལ་སྤྱོད་པའི་དུར་ཁྲོད་མེ་རི་འབར་བ་བདེ་ཆེན་པདྨ་ཤེལ་ཕུག་ཏུ་སྨིན་ཟླའི་རྫོགས་པ་ཐ་མའི་ཉིན་གྲུབ་པར་སྦྱར་བའི་ཡི་གེ་པ་ནི་བཙུན་པ་བཀྲ་ཤིས་རྣམ་རྒྱལ་གྱི་བགྱིས་པ་འདིས་ཀྱང་ནག་པོའི་རྩ་ལག་སྡེ་དང་བཅས་པའི་སྟོབས་མཐུ་རྩད་ནས་ཞི་སྟེ་ཐུབ་བསྟན་རིན་པོ་ཆེའི་དབུ་འཕང་སྲིད་རྩེར་སྙེགས་པའི་དཔལ་དུ་གྱུར་ཅིག །སརྦ་ཛག་ཏཾ།། | |
/ces zab gnyan rno so dang ldan pa'i las rim 'di yang sngags nag ral pa can gyi mtshon cha ru bsdebs pa po lam 'di'i bka' bab khrag 'thung klong chen nam mkha' 'od gsal gar dbang mdo sngags gling pas sa la spyod pa'i dur khrod me ri 'bar ba bde chen pad+ma shel phug tu smin zla'i rdzogs pa tha ma'i nyin grub par sbyar ba'i yi ge pa ni btsun pa bkra shis rnam rgyal gyi bgyis pa 'dis kyang nag po'i rtsa lag sde dang bcas pa'i stobs mthu rtsad nas zhi ste thub bstan rin po che'i dbu 'phang srid rtser snyegs pa'i dpal du gyur cig_/sarba dzag taM// |