DKR-KABUM-05-CA-015: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 9: Line 9:
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=Dalai Lama, 5th
|sourcerevealertib=ངག་དབང་བློ་བཟང་རྒྱ་མཚོ་
|tibgenre=Sadhanas - Evocation Ritual - sgrub thabs
|tibgenre=Sadhanas - Evocation Ritual - sgrub thabs
|terma=Yes
|terma=Yes

Revision as of 15:24, 11 November 2022

Wylie title ' DKR-KABUM-05-CA-015.pdf
Location dil mgo mkhyen brtse bka' 'bum
Volume 5, Text 15, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle ལྡེ་མིག་རྒྱ་ཅན་ (dag snang bka' brgyad rig 'dzin zhal lung)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity yang dag
[edit]
༄༅། དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ལས། ཡང་དག་ཧེ་རུ་ཀའི་ཕྲིན་ལས་དབང་ཆོག་དང་བཅས་པ་བདེ་ཆེན་མཆོག་གི་མྱུར་ལམ་ཞེས་བྱ་བ་བཞུགས་སོ།


༄༅། །ཆོས་ཀུན་བདེ་ཆེན་དྲྭ་བ་གཅིག་ཏུ་སྡོམ། །ཡེ་ཤེས་གཅིག་པུས་དཀྱིལ་འཁོར་རྒྱ་མཚོ་སྤྲོ། །གསང་མཆོག་དགྱེས་པ་ཧེ་རུ་ཀར་བཏུད་ནས། །དེ་སྒྲུབ་མན་ངག་དབང་བཅས་འདིར་གསལ་བྱ། ཐུགས་རྡོ་རྗེའི་རིགས་དཔལ་ཆེན་ཡང་དག་གི་དབང་གི་ཆོ་ག་ལ། གང་དུ་བྱ་བའི་གནས་སུ་གཞུང་མཐུན་དཀྱིལ་འཁོར་སྟེང་རྣམ་རྒྱལ་བུམ་པ། ལྷ་ཙཀ་ཡོངས་རྫོགས། སྔགས་བྱང༌། རྡོར་དྲིལ། མངའ་གསོལ་གྱི་ཆས། དུར་ཁྲོད་དཔལ་ཆས། མེ་དབང་གི་རྫས་བྱང་སེམས་དཀར་དམར། ལྒ་པི་ཕོ་གསུམ། རྒྱ་ཚྭ། རྒྱམ་ཚྭ། ཁ་རུ་ཚྭ་ཚྭ་སྣ་གསུམ། སུག་སྨེལ་བུ་རམ་ཆང་དང་སྦྱར་བས་བཀང་བའི་བྷཉྫ། རཾ་ཡིག་བྲིས་པའི་རས་དམར་པོ་སློབ་མའི་གྲངས་མཉམ་དང༌། ཐོད་པ་ཞུན་ཆེན་གྱིས་བཀང་བ་ལ་རོ་རས་ཀྱི་སྡོང་བུ་བཙུགས་པ་སྤར་ཆོག་བྱས་པ་དང༌། སྦྲང་ཆང་གིས་བཀང་བའི་ཐོད་པ་དང༌། གསང་ཐོད་བདུད་རྩི། རིག་ཙཀ །ཤེལ་རྡོ། མིག་དར། མིག་ཐུར། མེ་ཏོག །དོ་ར། ཉེར་སྤྱོད་མཆོད་པས་བསྐོར། སྨན་རཀ་གཏོར་མ། ཚོགས། དཀར་བགེགས། ཆད་བརྟན་སོགས་སྤྱི་ལྟར་འདུ་བྱ་ཞིང༌། སློབ་དཔོན་གྱི་མདུན་དུ་ལས་བུམ་སོགས་ཉེར་མཁོ་འདུ་བྱས་ལ། དབང་དོན་སྒྲུབ་མཆོད་ཀྱི་རིམ་པ་ནི། སྐྱབས་སེམས་ནས་བརྩམས་ཁྲོ་བོ་སྤྱི་ཡི་ལས་གཞུང་སྤྱི་ཆིངས་ལྟར་རྟེན་དང་བརྟེན་པའི་ལྷ་བསྐྱེད། གན་རྐྱལ་ཁ་སྦུབ་བརྩེགས་པའི་གདན་སྟེང་དུ། ཞེས་པའི་བར་བཏང་རྗེས། རྒྱུ་ཡིག་མཐིང་ནག་གདན་སྟེང་བབས་པ་ལས། །བཛྲ་ཁྲག་འཐུང་ཞལ་གསུམ་ཕྱག་དྲུག་མཐིང༌། གཡས་དཀར་གཡོན་དམར་དབུས་སྔོ་ཁྲོ་ཞིང་གཏུམ། །སྤྱན་བགྲད་ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྨིན་མ་སྨ་ར་དབུ་སྐྲ་དམར་སེར་འབར། །གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་འཛིན། །གཡོན་གསུམ་ཞིང་དབྱུག་བྷན་དམར་རྒྱུ་ཞགས་བསྣམས། །དཔལ་དང་དུར་ཁྲོད་ཆས་ཀྱིས་རྣམ་པར་བརྒྱན། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་བགྲད། །ཀྲོ་ཏི་ཤྭ་རི་ཁ་ཊྭཱཾ་ཐོད་འཛིན་འཁྱུད། །ཤར་དུ་བུདྡྷ་ཁྲག་འཐུང་སྨུག་མཐིང་དམར། །ཞལ་ལྡན་གཡས་གསུམ་རྡོ་རྗེ་ཞིང་དབྱུག་འཁྱུད། །གཡོན་གསུམ་རྒྱུ་ཞགས་བྷན་དམར་པར་བུ་འཛིན། །བུདྡྷ་ཀྲོ་ཏི་འཁོར་ལོ་ཐོད་འཛིན་འཁྱུད། །ལྷོ་རུ་རཏྣ་ཁྲག་འཐུང་སེར་ནག་དམར། །ཞལ་ལྡན་རིན་ཆེན་ཞིང་དབྱུག་དགྲ་སྟྭ་གཡས། །སྟོང་གི་འཇིག་རྟེན་བྷན་དམར་རྒྱུ་ཞགས་གཡོན། །རཏྣ་ཀྲོ་ཏི་རིན་ཆེན་ཐོད་འཛིན་འཁྱུད། །ནུབ་ཏུ་པདྨ་ཁྲག་འཐུང་དམར་མཐིང་དཀར། །ཞལ་ལྡན་པདྨ་བེ་ཅོན་དགྲ་སྟྭ་གཡས། །སྟོང་གསུམ་འཇིག་རྟེན་བྷན་དམར་ཐོང་གཤོལ་འཛིན། །པདྨ་ཀྲོ་ཏི་པདྨ་ཐོད་འཛིན་འཁྱུད། །བྱང་དུ་ཀརྨ་ཁྲག་འཐུང་ལྗང་དཀར་དམར། །ཞལ་ལྡན་རྒྱ་གྲམ་རལ་གྲི་དགྲ་སྟྭ་གཡས། །འཇིག་རྟེན་བྷན་དམར་ཐོང་གཤོལ་གཡོན་ན་བསྣམས། །ཀརྨ་ཀྲོ་ཏི་རྒྱ་གྲམ་ཐོད་འཛིན་འཁྱུད། །བཞི་ཀའང་དུར་ཁྲོད་ཆས་བརྒྱད་སྐུ་ལ་རྫོགས། །ཞབས་བཞི་གཡས་བསྐུམ་གཡོན་བརྐྱང་ཚུལ་གྱིས་བསྒྱིངས། །ཀེའུ་སེང་སྒོ་བ་ལ་སོགས་ལྔ་བཅུ་བརྒྱད། །ཀུན་ཀྱང་ཆས་ལྡན་མེ་དཔུང་ཀློང་ན་བཞུགས། །ཞེས་པའི་མཚམས་དབང་བསྐུར་རྒྱས་གདབ་སྤྱན་འདྲེན་ནས་བརྩམས། ཧཱུྃ། རང་བྱུང་དཀྱིལ་འཁོར་ཧེ་རུ་ཀའི་ཞེས་བསྒྱུར། བསྙེན་པ་ནི། ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཞེས་བཟླ། རྣམ་རྒྱལ་དང་ལས་བུམ་གཤིན་རྗེ་ལྟར་བསྒྲུབས་ནས། མེ་དབང་གི་ཐོད་པ་བསང་སྦྱང༌། རང་བྱུང་བདེ་སྐྱོང་གི་སྣོད་དུ་རྃ་ལས་བྱུང་བའི་དྲོད་ཀྱི་རང་བཞིན་གྱིས་བདུད་རྩི་ཁོལ་བའི་ཟེགས་མ་ལ་མེ་ལྕེ་དང་ནྲྀ་ཡིག་འཕྲོ་བར་བསམ་ལ། རུ་ལུའི་ཛཔ་ལ་རཾ་ཛྭ་ལ་རཾ་བཏགས་པ་བརྒྱ་རྩ་ལས་མི་ཉུང་བར་བཟླས་པས་བྱིན་གྱིས་བརླབས། རིག་པའི་མེ་ཏོག་དོར་ནས། སློབ་མ་ཁྲུས་བྱས། བགེགས་བསྐྲད། སྲུང་འཁོར་སྒོམ་པའི་བར་གཤིན་རྗེ་ལྟར་ལ། ལོ་རྒྱུས་ཀྱི་ཁྱད་པར། དེ་ཡང་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་ཀྱི་དངོས་གྲུབ་བདེ་བླག་ཏུ་སྒྲུབ་པའི་ཐབས་ཀྱི་གསང་བ་ཐུགས་རྡོ་རྗེ་ཡང་དག་ཧེ་རུ་ཀ་ཞེས་ཐུགས་ཀྱི་ཏནྟྲ་ཧེ་རུ་ཀ་གལྤོ་ཆེ་ཆུང་དང༌། ཧེ་རུ་ཀའི་སྤྱི་རྒྱུད་དང༌། སྒྲུབ་པ་བཀའ་བརྒྱད་སོགས་ཞི་ཁྲོ་རབ་འབྱམས་རྡོ་རྗེའི་རིགས་སུ་འདུས་པས་སྐྱེས་བུའི་ལུས་ལ་རྣམ་ཤེས་བཞིན་གཉིས་མེད་རྡོ་རྗེ་སེམས་དཔའ་ཉིད་ཧེ་རུ་ཀའི་སྐུར་བཞེངས་པ་མཆོག་དངོས་གྲུབ་པའི་གསེང་ལམ་གུ་རུ་རིན་པོ་ཆེའི་རྩ་བའི་ཐུགས་དམ་མཐར་ཐུག་པ་སྟེ། དེ་ལའང་རྒྱུད་ལུང་མན་ངག་གི་དགོངས་པ་དང༌། པཎ་གྲུབ་སོ་སོར་བཀའ་བབ་ཀྱི་རྣམ་གྲངས་དུ་མ་ལས། འདིར་ནི་གངས་ཅན་ཕན་བདེས་བསྐྱངས་པའི་མེས་པོ་རུ་ཨོ་རྒྱན་མ་ཧཱ་གུ་རུའི་རྡོ་རྗེའི་ལུང་གིས་ལན་གཅིག་མ་ཡིན་པར་བསྔགས་ཤིང་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་རྒྱལ་དབང་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་གི་སྒོས་བཀའ་ཐུགས་ཡང་དག་གི་སྨིན་བྱེད་འབུལ་བ་ལ། ཐོག་མར་སྔོན་འགྲོ་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ། གསོལ་གདབ་ནས་བརྩམས་བྱིན་འབེབས་བར་གཤིན་རྗེ་ལྟར་ལ། བྱིན་འབེབས་ཀྱི་ལྷ་བསྐྱེད་སྐབས། སྟོང་པའི་ངང་ལས་སྣོད་བཅུད་འོག་མིན་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་ལྷུན་གྱིས་རྫོགས་པའི་ལྟེ་བར་པདྨ་ཉི་མ་དྲེགས་པ་ཁྱོ་ཤུག་གི་གདན་གྱི་སྟེང་དུ་དཔལ་ཆེན་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་འབར་བ་ཆེན་པོའི་འོད་ཟེར་ཅན་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། གཡས་དཀར་གཡོན་དམར་དབུས་མཐིང་གར་གྱི་ཉམས་དགུས་བརྒྱན་པ། །ཕྱག་དྲུག་རྡོ་རྗེ་ཐོད་ཁྲག་ཁ་ཊྭཱཾ་རྒྱུ་ཞགས་གསང་བའི་རྔེའུ་ཆུང་ཁྱུང་ཁྲ་བསྣམས་པ། ཞབས་བཞི་གཡོན་བརྐྱངས་པས་ལྷ་ཆེན་ཕོ་མོ་ཉི་ཟླའི་གདན་ལ་རོལ་ཞིང༌། དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་པས་ཡུམ་ཀྲོ་དྷཱི་ཤྭ་རི་དང་མཉམ་པར་སྦྱོར་བ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ་སོགས་གཤིན་རྗེའི་བྱིན་འབེབས་ལྟར་ལ། དཀྱིལ་འཁོར་མཐོང་བ་བསྟན་པའི་སྐབས་ཀྱི་ཁྱད་པར། མཚོན་བྱ་དོན་གྱི་དཀྱིལ་འཁོར་ལྷག་པ་ཏིང་ངེ་འཛིན་གྱི་སྤྲུལ་པའི་གཞལ་མེད་ཁང༌། རྡོ་རྗེའི་རྭ་གུར། མེ་དཔུང་དབུས་སུ་གྲུ་གསུམ་མཐིང་ནག་འཁོར་ལོ་རྩིབས་བཞི། དེའི་ཕྱི་འཁོར་ལོ་རྩིབས་བརྒྱད་ཉིས་རིམ་གྱི་ལྟེ་བར་བདེ་བ་ཆེན་པོ་དཔལ་ཆེན་བཛྲ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་སོགས་ནས་ཡུམ་ཀྲོ་དྷཱི་ཤྭ་རི་དང་སྦྱོར་བའི་བར་བྱིན་འབེབས་ལྟར་ལ། ཕྱོགས་བཞིར་བདེ་གཤེགས། རིན་ཆེན། པདྨ། ཀརྨ། ཧེ་རུ་ཀ་ཡབ་ཡུམ་བཞི་དང༌། །དེའི་ཕྱིར་འཁོར་ལོ་རྩིབས་བརྒྱད་གཉིས་རིམ་ལ་ཀཽ་རི་བརྒྱད། སེངྷ་མ་བརྒྱད། སྒོ་མ་བརྒྱད་དང་བཅས་པ་གཙོ་འཁོར་ཐམས་ཅད་ཡེ་ཤེས་སྒྱུ་མའི་རྣམ་རོལ་གཞི་ལམ་འབྲས་བུའི་སོགས་ནས་ལྷ་དབང་བར་གཤིན་རྗེ་ལྟར་དང༌། ཡང་དག་གི་ལྷ་དབང་ནི། ཧཱུྃ། བཅོམ་ལྡན་བཛྲ་ཧེ་རུ་ཀ །མཐིང་ནག་དབུ་གསུམ་ཕྱག་དྲུག་པ། །རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་གཡས། །ཏིར་དབྱུག་དུང་དམར་རྒྱུ་ཞགས་གཡོན། །ཀྲོ་ཏི་ཤྭ་རི་ཡུམ་དང་འཁྲིལ། །ཡང་དག་ལྷ་ཚོགས་འཁོར་དང་བཅས། །སྐལ་ལྡན་འདི་ལ་དབང་བསྐུར་བས། །ཐུགས་མཆོག་ཡེ་ཤེས་དབང་ཐོབ་ཤོག །ཨོཾ་རུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃཿ ཁྲག་འཐུང་བུདྡྷ་ཧེ་རུ་ཀ །བུདྡྷ་ཀྲོ་ཏི་ཡུམ་དང་སྦྱོར། །གཟུགས་ཀྱི་ཕུང་པོ་གནས་དག་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊཿ ཨོཾ་བུདྡྷ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊཿ ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཁྲག་འཐུང་རཏྣ་ཧེ་རུ་ཀ །རཏྣ་ཀྲོ་ཏི་ཡུམ་དང་སྦྱོར། །ཚོར་བའི་ཕུང་པོ་གནས་དག་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་རཏྣ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། །ཨོཾ་རཏྣ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཁྲག་འཐུང་པདྨ་ཧེ་རུ་ཀ །པདྨ་ཀྲོ་ཏི་ཡུམ་དང་སྦྱོར། །འདུ་ཤེས་ཕུང་པོ་གནས་དག་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་པདྨ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། །ཨོཾ་པདྨ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿ ཧཱུྃ། ཁྲག་འཐུང་ཀརྨ་ཧེ་རུ་ཀ །ཀརྨ་ཀྲོ་ཏི་ཡུམ་དང་སྦྱོར། །འདུ་བྱེད་ཕུང་པོ་གནས་དག་ནས། །མཐུ་སྟོབས་རྫོགས་པའི་དབང་ཐོབ་ཤོག །ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ། ཨོཾ་ཀརྨ་ཀྲོ་ཏི་ཤྭ་རི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་ཨ་ཨཿ ཧོཿ ཡང་དག་ཐུགས་ཀྱི་ལྷ་ཚོགས་རྣམས་ཀྱི་དབང་བསྐུར་བས་བདེ་གཤེགས་ཐམས་ཅད་ཀྱི་ཐུགས་ཡོངས་སུ་རྫོགས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག །གཉིས་པ་གསུང་ནུས་པ་འཇུག་པའི་དབང༌། དཔོན་སློབ་གཉིས་ཀ་ལྷར་གསལ་བའི་ཐུགས་ཀའི་ས་བོན་ལས་སྔགས་ཀྱི་ཕྲེང་བ་མར་མེ་གཅིག་ལས་གཉིས་མཆེད་ལྟར་བླ་མའི་ཞལ་ནས་དབྱུང་སྟེ་སློབ་མའི་མགྲིན་པའི་ལམ་དུ་བརྒྱུད་སྙིང་གའི་ས་བོན་མཐར་འཁོད་པས་གསུང་གི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པར་མོས་ལ། སྔགས་འདིའི་རྗེས་ཟློས་མཛོད། རང་སྔགས་སྦྱར། ཐུགས་ཀྱི་ནུས་པ་འཇུག་པའི་སླད་དུ་འོད་གསལ་བ་དེ་ཁོ་ཉིད་ཀྱི་རྗེས་སུ་གནང་བ་ནི། ལྷ་སྔགས་ཀྱིས་མཚོན་པའི་སྣང་ཆ་ཐམས་ཅད་རིག་སྟོང་འཛིན་མེད་ཁྱབ་བརྡལ་གྱི་དབྱིངས་སུ་མཉམ་པར་འཇོག་པ་མཚོན་པའི་ཕྱིར་རྡོ་རྗེ་དང་དྲིལ་བུ་ལག་ཏུ་གཏད་ཅིང་དབང་བསྐུར་བས་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པའི་མོས་པ་མཛོད། ཧཱུྃ། རྒྱལ་བ་ཀུན་གྱི་ཡེ་ཤེས་ཐུགས༔ རང་རིག་རང་གསལ་རང་ལ་གནས༔ གཉིས་སུ་མེད་པ་ཅིར་ཡང་འཆར༔ ཐབས་དང་ཤེས་རབ་ཟུང་དུ་འཇུག༔ སྤྲོས་བྲལ་ཐུགས་ཀྱི་དབང་བསྐུར་རོ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གསང་དབང༌། ཤེར་དབང༌། བཞི་པ་ཚིག་དབང་རྣམས་གཤིན་རྗེ་ལྟར་བྱ་ཞིང༌། སློབ་མ་རྣམས་རྣམ་སྣང་ཆོས་བདུན་བཅའ། སྒོམ་རྟེན་བཙུགས །རས་དམར་པོ་རཾ་ཡིག་བྲིས་པས་བཀབ་ལ། །སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང༌། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟུང་དུ་འཇུག་པའི་བདག་ཉིད་དེ། དེ་ཉིད་རྣམ་པ་རྟགས་ཀྱི་ཕྱག་རྒྱར་ཤར་བ་དཔལ་ཡང་དག་ཧེ་རུ་ཀ་སངས་རྒྱས་མཉམ་སྦྱོར་ཏེ། དེའི་དགོངས་པ་ལམ་དུ་བྱེད་རུང་དུ་ཁྱད་པར་གྱི་བྱིན་རླབས་འབོག་པ་ལ་དམིགས་པ་འདི་ལྟར་མཛོད། ཁྱེད་རང་དཔལ་ཧེ་རུའི་སྐུ་སྣང་སྟོང་སྒྲིབ་གཡོགས་དང་བྲལ་བ་གསལ་བའི་སྐུ་དབུས་དྲང་པོར་རྩ་དབུ་མ་མཚན་ཉིད་བཞི་ལྡན་གཡས་གཡོན་རོ་རྐྱང་དང་བཅས་པ་ཁང་སྟོང་དུ་ཀ་བ་བཙུགས་པ། མར་སྣེ་རྩ་གསུམ་འདུས་མདོར་ཡུམ་བཛྲ་ཀྲོ་དྷི་ཤྭ་རིའི་བདག་ཉིད་རཾ་ཡིག་དམར་པོ་བདེ་དྲོད་ཀྱི་ཕུང་པོ་གསལ་ལ། རླུང་རོ་བསལ་ཞིང་བུམ་ཅན་བཟུང་དུ་བཅུག་ལ། ཧཱུྃ། ལུས་ལ་རྩ་རླུང་ཐིག་ལེ་བྱང་སེམས་གནས། །དེ་དག་སངས་རྒྱས་ཀུན་གྱིས་རང་བཞིན་ཏེ། །གཞན་དུ་བསྒོམ་བྱ་སྒོམ་བྱེད་ཡོད་མ་ཡིན། །དབུ་མའི་སྙིང་པོར་རྩ་རླུང་སེམས་གནས་ཕྱིར། །རྩ་རླུང་ཐིག་ལེ་དྲོད་ཀྱི་དབང་བསྐུར་རོ། །ཨོཾ་བཛྲ་ཙཎྜ་ལི་རཾ་སརྦ་ཏ་ཐཱ་ག་ཏ་ཤྭ་རི་རཾ་སྭ་བྷཱ་ཨཏྨ་ཀོ྅་ཧཾ། ཞེས་བརྗོད་དེ་ཚྭ་རྫས་ཀྱི་བདུད་རྩི་སྟེར་ཏེ་མྱངས་བས། ལྕེ་སྟེང་ནས་མེ་ལྕེ་གློག་གི་ཟེགས་མ་ལྟར་འབར། རོ་རྐྱང་གི་ལམ་བརྒྱུད་དེ་ལྟེ་བའི་རཾ་ལ་ཐིམ་པར་བསམ་ལ་རླུང་ཁུག་གཅིག་བཟུང༌། སླར་ཡང་བུར་ཆང་སྟེར་ཏེ། ཧོ། རྩ་རླུང་དྲོད་ཀྱི་ཡེ་ཤེས་དབང་བསྐུར་བས། །ཡུལ་དང་ཤེས་པ་བདེ་དྲོད་ཉིད་དུ་འབར། །རྟོགས་འཛིན་རྟོགས་པའི་ཡོངས་རྫོགས་ཕྱིར་མི་ལྡོག །དབང་ཆོག་དེ་ནི་ཁྱོད་ཀྱིས་ཐོབ་གྱུར་ཅིག །ཅེས་བརྗོད། དེ་ནས་སློབ་མའི་སྤྱི་བོར་བླ་མ་ཡང་དག་ཞལ་གཅིག་ཕྱག་གཉིས་པ་མེ་དཔུང་གི་ཀློང་ན་བཞུགས་པར་མོས་པ་བྱས་པའི་བྱིན་རླབས་མེ་འོད་ལྟ་བུའི་ཕྱི་ནང་ཐམས་ཅད་འཕྲོས། བླ་མ་སྤྱི་བོ་ནས་ཐིམ། རང་ལུས་ནང་ཁྲོལ་མེད་པའི་སྒོང་ཁོག་ལྟ་བུའི་སྟོང་སང་དམར་སང་ངེ་བ་མེའི་རང་བཞིན་དུ་བསམ་པས་དབུས་སུ་སེམས་ཀྱི་ངོ་བོ་ཡང་དག་ཞལ་གཅིག་ཕྱག་གཉིས་པ་མེ་དཔུང་གི་ཀློང་ན་བཞུགས་པར་གསལ་བཏབ། རྡོ་རྗེའི་བཟླས་པ་བྱ་བཞིན་མར་མེ་སྦར་བ་ལག་ཏུ་གཏད། ཧཱུྃ། །ཡང་དག་ཡོངས་རྫོགས་མེ་གཅིག་ཐུགས་ཀྱི་དབང༌། །སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས། །རྩ་ཁམས་རླུང་གི་རྣལ་འབྱོར་མཐར་ཕྱིན་ནས། །མཆོག་གི་དངོས་གྲུབ་ཚེ་འདིར་ཐོབ་པར་ཤོག །དེས་བདེ་སྟོང་རང་ངོ་སྤྲོད་པའི་རྫོགས་རིམ་ཁྱད་པར་བྱིན་རླབས་གྲུབ་པའོ། དབང་དང་ཆོ་གའི་རྗེས་རིམ་སྤྱི་ལྟར་མཐའ་རྒྱས་སུ་བྱས་པས་གྲུབ་པའོ། གཟོད་ནས་འགྱུརྃ་མེདྃ་ཡང་དག་གྲུབ་པ་ཆེ། །སྔ་འགྱུར་ཐེགྃ་མཆོགྃ་བསྟནྃ་པའིྃ་སྙིང་ཁུའི་བཅུད། །སྨིན་བྱེད་ནོར་བུའི་རྒྱལྃ་མཚནྃ་བསྒྲེངས་འདིས་ཀྱང༌། །མཆོག་གི་དངོས་གྲུབ་འདོད་དགུའི་ཆར་འབེབས་སྙམ། །ཡང་དག་ཐུགས་ཀྱི་སྒྲུབ་པའི་དབང་དང་བཅས་པའི་ལེའུ་ཚན་ནོ།།
[edit]

@#/__dag snang bka' brgyad rig 'dzin zhal lung las/_yang dag he ru ka'i phrin las dbang chog dang bcas pa bde chen mchog gi myur lam zhes bya ba bzhugs so/


@#/__/chos kun bde chen drwa ba gcig tu sdom/_/ye shes gcig pus dkyil 'khor rgya mtsho spro/_/gsang mchog dgyes pa he ru kar btud nas/_/de sgrub man ngag dbang bcas 'dir gsal bya/_thugs rdo rje'i rigs dpal chen yang dag gi dbang gi cho ga la/_gang du bya ba'i gnas su gzhung mthun dkyil 'khor steng rnam rgyal bum pa/_lha tsaka yongs rdzogs/_sngags byang*/_rdor dril/_mnga' gsol gyi chas/_dur khrod dpal chas/_me dbang gi rdzas byang sems dkar dmar/_lga pi pho gsum/_rgya tshwa/_rgyam tshwa/_kha ru tshwa tshwa sna gsum/_sug smel bu ram chang dang sbyar bas bkang ba'i b+hany+dza/_raM yig bris pa'i ras dmar po slob ma'i grangs mnyam dang*/_thod pa zhun chen gyis bkang ba la ro ras kyi sdong bu btsugs pa spar chog byas pa dang*/_sbrang chang gis bkang ba'i thod pa dang*/_gsang thod bdud rtsi/_rig tsaka_/shel rdo/_mig dar/_mig thur/_me tog_/do ra/_nyer spyod mchod pas bskor/_sman raka gtor ma/_tshogs/_dkar bgegs/_chad brtan sogs spyi ltar 'du bya zhing*/_slob dpon gyi mdun du las bum sogs nyer mkho 'du byas la/_dbang don sgrub mchod kyi rim pa ni/_skyabs sems nas brtsams khro bo spyi yi las gzhung spyi chings ltar rten dang brten pa'i lha bskyed/_gan rkyal kha sbub brtsegs pa'i gdan steng du/_zhes pa'i bar btang rjes/_rgyu yig mthing nag gdan steng babs pa las/_/badz+ra khrag 'thung zhal gsum phyag drug mthing*/_g.yas dkar g.yon dmar dbus sngo khro zhing gtum/_/spyan bgrad zhal gdangs ljags 'dril mche ba gtsigs/_/smin ma sma ra dbu skra dmar ser 'bar/_/g.yas gsum rdo rje kha T+wAM rnge'u chung 'dzin/_/g.yon gsum zhing dbyug b+han dmar rgyu zhags bsnams/_/dpal dang dur khrod chas kyis rnam par brgyan/_/zhabs bzhi g.yas bskum g.yon brkyang dor stabs bgrad/_/kro ti shwa ri kha T+wAM thod 'dzin 'khyud/_/shar du bud+d+ha khrag 'thung smug mthing dmar/_/zhal ldan g.yas gsum rdo rje zhing dbyug 'khyud/_/g.yon gsum rgyu zhags b+han dmar par bu 'dzin/_/bud+d+ha kro ti 'khor lo thod 'dzin 'khyud/_/lho ru rat+na khrag 'thung ser nag dmar/_/zhal ldan rin chen zhing dbyug dgra s+t+wa g.yas/_/stong gi 'jig rten b+han dmar rgyu zhags g.yon/_/rat+na kro ti rin chen thod 'dzin 'khyud/_/nub tu pad+ma khrag 'thung dmar mthing dkar/_/zhal ldan pad+ma be con dgra s+t+wa g.yas/_/stong gsum 'jig rten b+han dmar thong gshol 'dzin/_/pad+ma kro ti pad+ma thod 'dzin 'khyud/_/byang du karma khrag 'thung ljang dkar dmar/_/zhal ldan rgya gram ral gri dgra s+t+wa g.yas/_/'jig rten b+han dmar thong gshol g.yon na bsnams/_/karma kro ti rgya gram thod 'dzin 'khyud/_/bzhi ka'ang dur khrod chas brgyad sku la rdzogs/_/zhabs bzhi g.yas bskum g.yon brkyang tshul gyis bsgyings/_/ke'u seng sgo ba la sogs lnga bcu brgyad/_/kun kyang chas ldan me dpung klong na bzhugs/_/zhes pa'i mtshams dbang bskur rgyas gdab spyan 'dren nas brtsams/_hU~M/_rang byung dkyil 'khor he ru ka'i zhes bsgyur/_bsnyen pa ni/_oM ru lu ru lu hU~M b+h+yo hU~M phaT/_zhes bzla/_rnam rgyal dang las bum gshin rje ltar bsgrubs nas/_me dbang gi thod pa bsang sbyang*/_rang byung bde skyong gi snod du ra~M las byung ba'i drod kyi rang bzhin gyis bdud rtsi khol ba'i zegs ma la me lce dang nr-i yig 'phro bar bsam la/_ru lu'i dzapa la raM dz+wa la raM btags pa brgya rtsa las mi nyung bar bzlas pas byin gyis brlabs/_rig pa'i me tog dor nas/_slob ma khrus byas/_bgegs bskrad/_srung 'khor sgom pa'i bar gshin rje ltar la/_lo rgyus kyi khyad par/_de yang bde chen mchog tu mi 'gyur ba'i ye shes kyi dngos grub bde blag tu sgrub pa'i thabs kyi gsang ba thugs rdo rje yang dag he ru ka zhes thugs kyi tan+t+ra he ru ka galpo che chung dang*/_he ru ka'i spyi rgyud dang*/_sgrub pa bka' brgyad sogs zhi khro rab 'byams rdo rje'i rigs su 'dus pas skyes bu'i lus la rnam shes bzhin gnyis med rdo rje sems dpa' nyid he ru ka'i skur bzhengs pa mchog dngos grub pa'i gseng lam gu ru rin po che'i rtsa ba'i thugs dam mthar thug pa ste/_de la'ang rgyud lung man ngag gi dgongs pa dang*/_paN grub so sor bka' bab kyi rnam grangs du ma las/_'dir ni gangs can phan bdes bskyangs pa'i mes po ru o rgyan ma hA gu ru'i rdo rje'i lung gis lan gcig ma yin par bsngags shing rgyal bstan yongs rdzogs kyi bdag po rgyal dbang rdo rje thogs med rtsal gyi dag snang bka' brgyad rig 'dzin zhal lung gi sgos bka' thugs yang dag gi smin byed 'bul ba la/_thog mar sngon 'gro 'jug pa'i chos rnams zhu ba'i yon du maN+Dal phul/_gsol gdab nas brtsams byin 'bebs bar gshin rje ltar la/_byin 'bebs kyi lha bskyed skabs/_stong pa'i ngang las snod bcud 'og min ye shes rang snang gi gzhal yas khang lhun gyis rdzogs pa'i lte bar pad+ma nyi ma dregs pa khyo shug gi gdan gyi steng du dpal chen badz+ra he ru ka sku mdog mthing nag 'bar ba chen po'i 'od zer can zhal gsum phyag drug zhabs bzhi pa/_g.yas dkar g.yon dmar dbus mthing gar gyi nyams dgus brgyan pa/_/phyag drug rdo rje thod khrag kha T+wAM rgyu zhags gsang ba'i rnge'u chung khyung khra bsnams pa/_zhabs bzhi g.yon brkyangs pas lha chen pho mo nyi zla'i gdan la rol zhing*/_dpal dang dur khrod kyi chas rnams rdzogs pas yum kro d+hI shwa ri dang mnyam par sbyor ba/_ye shes kyi me dpung 'bar ba'i klong na bzhugs par gsal ba'i spyi bor oM dkar po sogs gshin rje'i byin 'bebs ltar la/_dkyil 'khor mthong ba bstan pa'i skabs kyi khyad par/_mtshon bya don gyi dkyil 'khor lhag pa ting nge 'dzin gyi sprul pa'i gzhal med khang*/_rdo rje'i rwa gur/_me dpung dbus su gru gsum mthing nag 'khor lo rtsibs bzhi/_de'i phyi 'khor lo rtsibs brgyad nyis rim gyi lte bar bde ba chen po dpal chen badz+ra he ru ka sku mdog mthing nag sogs nas yum kro d+hI shwa ri dang sbyor ba'i bar byin 'bebs ltar la/_phyogs bzhir bde gshegs/_rin chen/_pad+ma/_karma/_he ru ka yab yum bzhi dang*/_/de'i phyir 'khor lo rtsibs brgyad gnyis rim la kau ri brgyad/_seng+ha ma brgyad/_sgo ma brgyad dang bcas pa gtso 'khor thams cad ye shes sgyu ma'i rnam rol gzhi lam 'bras bu'i sogs nas lha dbang bar gshin rje ltar dang*/_yang dag gi lha dbang ni/_hU~M/_bcom ldan badz+ra he ru ka_/mthing nag dbu gsum phyag drug pa/_/rdo rje kha T+wAM rnge'u chung g.yas/_/tir dbyug dung dmar rgyu zhags g.yon/_/kro ti shwa ri yum dang 'khril/_/yang dag lha tshogs 'khor dang bcas/_/skal ldan 'di la dbang bskur bas/_/thugs mchog ye shes dbang thob shog_/oM ru ru lu hU~M b+h+yo hU~M phaT/_a b+hi Shiny+tsa a aH_hU~MH_khrag 'thung bud+d+ha he ru ka_/bud+d+ha kro ti yum dang sbyor/_/gzugs kyi phung po gnas dag nas/_/mthu stobs rdzogs pa'i dbang thob shog_/oM bud+d+ha shrI he ru ka hU~M phaTaH_oM bud+d+ha kro ti shwa ri hU~M phaTaH_a b+hi Shiny+tsa a aH_hU~M/_khrag 'thung rat+na he ru ka_/rat+na kro ti yum dang sbyor/_/tshor ba'i phung po gnas dag nas/_/mthu stobs rdzogs pa'i dbang thob shog_/oM rat+na shrI he ru ka hU~M phaT/_/oM rat+na kro ti shwa ri hU~M phaT/_a b+hi Shiny+tsa a aH_hU~M/_khrag 'thung pad+ma he ru ka_/pad+ma kro ti yum dang sbyor/_/'du shes phung po gnas dag nas/_/mthu stobs rdzogs pa'i dbang thob shog_/oM pad+ma shrI he ru ka hU~M phaT/_/oM pad+ma kro ti shwa ri hU~M phaT/_a b+hi Shiny+tsa a aH_hU~M/_khrag 'thung karma he ru ka_/karma kro ti yum dang sbyor/_/'du byed phung po gnas dag nas/_/mthu stobs rdzogs pa'i dbang thob shog_/oM karma shrI he ru ka hU~M phaT/_oM karma kro ti shwa ri hU~M phaT/_a b+hi Shiny+tsa a aH_hoH_yang dag thugs kyi lha tshogs rnams kyi dbang bskur bas bde gshegs thams cad kyi thugs yongs su rdzogs pa'i dbang dam pa thob par gyur cig_/gnyis pa gsung nus pa 'jug pa'i dbang*/_dpon slob gnyis ka lhar gsal ba'i thugs ka'i sa bon las sngags kyi phreng ba mar me gcig las gnyis mched ltar bla ma'i zhal nas dbyung ste slob ma'i mgrin pa'i lam du brgyud snying ga'i sa bon mthar 'khod pas gsung gi byin rlabs ma lus pa rgyud la zhugs par mos la/_sngags 'di'i rjes zlos mdzod/_rang sngags sbyar/_thugs kyi nus pa 'jug pa'i slad du 'od gsal ba de kho nyid kyi rjes su gnang ba ni/_lha sngags kyis mtshon pa'i snang cha thams cad rig stong 'dzin med khyab brdal gyi dbyings su mnyam par 'jog pa mtshon pa'i phyir rdo rje dang dril bu lag tu gtad cing dbang bskur bas thugs mi zad pa rgyan gyi 'khor lo'i dbang dang byin rlabs dngos grub ma lus pa thob pa'i mos pa mdzod/_hU~M/_rgyal ba kun gyi ye shes thugs:_rang rig rang gsal rang la gnas:_gnyis su med pa cir yang 'char:_thabs dang shes rab zung du 'jug:_spros bral thugs kyi dbang bskur ro:_oM ru lu ru lu hU~M b+h+yo hU~M phaT tsit+ta a b+hi Shiny+tsa hU~M:_gsang dbang*/_sher dbang*/_bzhi pa tshig dbang rnams gshin rje ltar bya zhing*/_slob ma rnams rnam snang chos bdun bca'/_sgom rten btsugs_/ras dmar po raM yig bris pas bkab la/_/sangs rgyas thams cad kyi thugs kyi gsang ba ni mchog tu mi 'gyur ba'i bde ba chen po dang*/_rnam kun mchog ldan gyi stong nyid zung du 'jug pa'i bdag nyid de/_de nyid rnam pa rtags kyi phyag rgyar shar ba dpal yang dag he ru ka sangs rgyas mnyam sbyor te/_de'i dgongs pa lam du byed rung du khyad par gyi byin rlabs 'bog pa la dmigs pa 'di ltar mdzod/_khyed rang dpal he ru'i sku snang stong sgrib g.yogs dang bral ba gsal ba'i sku dbus drang por rtsa dbu ma mtshan nyid bzhi ldan g.yas g.yon ro rkyang dang bcas pa khang stong du ka ba btsugs pa/_mar sne rtsa gsum 'dus mdor yum badz+ra kro d+hi shwa ri'i bdag nyid raM yig dmar po bde drod kyi phung po gsal la/_rlung ro bsal zhing bum can bzung du bcug la/_hU~M/_lus la rtsa rlung thig le byang sems gnas/_/de dag sangs rgyas kun gyis rang bzhin te/_/gzhan du bsgom bya sgom byed yod ma yin/_/dbu ma'i snying por rtsa rlung sems gnas phyir/_/rtsa rlung thig le drod kyi dbang bskur ro/_/oM badz+ra tsaN+Da li raM sarba ta thA ga ta shwa ri raM swa b+hA at+ma ko\u0f85 haM/_zhes brjod de tshwa rdzas kyi bdud rtsi ster te myangs bas/_lce steng nas me lce glog gi zegs ma ltar 'bar/_ro rkyang gi lam brgyud de lte ba'i raM la thim par bsam la rlung khug gcig bzung*/_slar yang bur chang ster te/_ho/_rtsa rlung drod kyi ye shes dbang bskur bas/_/yul dang shes pa bde drod nyid du 'bar/_/rtogs 'dzin rtogs pa'i yongs rdzogs phyir mi ldog_/dbang chog de ni khyod kyis thob gyur cig_/ces brjod/_de nas slob ma'i spyi bor bla ma yang dag zhal gcig phyag gnyis pa me dpung gi klong na bzhugs par mos pa byas pa'i byin rlabs me 'od lta bu'i phyi nang thams cad 'phros/_bla ma spyi bo nas thim/_rang lus nang khrol med pa'i sgong khog lta bu'i stong sang dmar sang nge ba me'i rang bzhin du bsam pas dbus su sems kyi ngo bo yang dag zhal gcig phyag gnyis pa me dpung gi klong na bzhugs par gsal btab/_rdo rje'i bzlas pa bya bzhin mar me sbar ba lag tu gtad/_hU~M/_/yang dag yongs rdzogs me gcig thugs kyi dbang*/_/skal ldan rigs kyi bu la dbang bskur bas/_/rtsa khams rlung gi rnal 'byor mthar phyin nas/_/mchog gi dngos grub tshe 'dir thob par shog_/des bde stong rang ngo sprod pa'i rdzogs rim khyad par byin rlabs grub pa'o/_dbang dang cho ga'i rjes rim spyi ltar mtha' rgyas su byas pas grub pa'o/_gzod nas 'gyura~M meda~M yang dag grub pa che/_/snga 'gyur thega~M mchoga~M bstana~M pa'i~M snying khu'i bcud/_/smin byed nor bu'i rgyala~M mtshana~M bsgrengs 'dis kyang*/_/mchog gi dngos grub 'dod dgu'i char 'bebs snyam/_/yang dag thugs kyi sgrub pa'i dbang dang bcas pa'i le'u tshan no//

Footnotes

Other Information