DKR-KABUM-10-THA-027: Difference between revisions
WikiBot2015 (talk | contribs) No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=བླ་ཕུར་ཐུགས་ཀྱི་ཐིག་ལེ་ལས། སྨིན་བྱེད་ཀྱི་དབང་བསྐུར་ཁྲིགས་ཆགས་སུ་བཀོད་པ་ཕྲིན་ལས་གསང་བའི་བཅུད་བསྡུས། | |||
|fulltitle=bla phur thugs kyi thig le las/ smin byed kyi dbang bskur khrigs chags su bkod pa phrin las gsang ba'i bcud bsdus | |||
|citation=[[Khyentse, Dilgo]]. ''Bla phur thugs kyi thig le las smin byed kyi dbang bskur khrigs chags su bkod pa phrin las gsang ba'i bcud bsdus''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 120-145. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Kangyur Rinpoche | |||
|sourcerevealertib=ཀློང་ཆེན་ཡེ་ཤེས་རྡོ་རྗེ་ | |||
|associatedpeople=pad+ma 'byung gnas | |||
|associatedpeopletib=པདྨ་འབྱུང་གནས་ | |||
|tibgenre=Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|dkroutline=Three | |||
|cycle=bla phur thugs kyi thig le | |||
|cycletib=བླ་ཕུར་ཐུགས་ཀྱི་ཐིག་ལེ་ | |||
|language=Tibetan | |language=Tibetan | ||
| | |volumenumber=010 | ||
| | |volnumtib=༡༠ | ||
|volyigtib=ཐ་ | |||
|totalvolumes=25 | |||
|textnuminvol=027 | |textnuminvol=027 | ||
|pagenumbers=120-145 | |||
|totalpages=52 | |||
|beginfolioline=1a | |||
|endfolioline=26b5 | |||
|totalfolios=26 | |||
|multivolumework=No | |||
|rectonotes=dbang khrigs | |||
|versonotes=bla phur thugs thig | |||
|colophontib=།ཅེས་ཟབ་གསང་རྨད་དུ་བྱུང་བ་འདི་ཉིད་ཀྱི་ལས་བྱང་དཔལ་ཆེན་རང་རྫོགས་དང་དབང་གི་རྩ་ཐོ་ཙམ་ལས་གཏན་ལ་འབེབས་པར་མ་གནང་བས་དད་དང་སྐལ་པ་ལྡན་པའི་རྗེས་འཇུག་རྣམས་ལ་ཕན་པའི་ཕྱིར་དང༌། བསྟན་རྒྱུན་འཛིན་པའི་སྐྱེས་བུ་དག་ལ་ཉེར་མཁོ་གྱུར་པས་ཅིས་ཀྱང་འབྲི་བར་འོས་ཞེས་གསང་ཡུམ་མཆོག་དང་སྐུ་གསུང་ཐུགས་ཀྱི་སྲས་མཆོག་སྤྲུལ་རིན་པོ་ཆེ་པདྨ་དབང་རྒྱལ་སྐུ་མཆེད་ལྕམ་དྲལ་རྣམས་ནས་རྟེན་དང་བཅས་ཏེ་ཡང་ཡང་བཀས་བསྐུལ་བ་བཞིན་མཁས་གྲུབ་དབང་པོ་བླ་མ་མཆོག་གི་ཐུན་མོང་མ་ཡིན་པའི་ཐུགས་བརྩེས་སྐྱང་ཤིང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཟབ་མོས་དབུགས་དབྱུང་བའི་ངེས་ཤེས་ལ་བརྟེན་སློབ་དཔོན་སངས་རྒྱས་གཉིས་པའི་ཕྲིན་ལས་ཀྱི་གདུགས་དཀར་པོར་ངལ་འཚོ་ཐོབ་པའི་རྙིང་སྔགས་རྒན་པོ་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་ལྷོ་འབྲུག་རྒྱལ་ཁབ་ཆེན་པོའི་ལྗོངས་ཀྱི་ཆར་ལྷོ་མོན་ཁའི་བྲག་གི་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་གི་མདུན་དུ་སྨན་ལྗོངས་ལྗོན་ཤིང་གི་སྐྱེད་མོས་ཚལ་ཏུ་རྒྱུ་བའི་ཚེ། ཡི་གེ་བཀོད་པའི་མཐུན་འགྱུར་བློ་གསལ་དད་མོས་དགེ་བ་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་པའི་སྡེས་ཞུས་པ་འདིས་ཀྱང་རང་གཞན་དཔལ་ལྡན་བླ་མའི་ཟབ་གསང་ཐུགས་ཀྱི་མཛོད་ལ་རྫོགས་པར་ལོངས་སྤྱོད་པ་དང༌། བསྟན་འགྲོའི་རྒུད་པ་ཞི་བའི་དགེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པས་ཕྱོགས་དུས་གནས་སྐབས་ཀུན་ཏུ་འབྱོར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། དགེའོ།། | |||
|colophonwylie=/ces zab gsang rmad du byung ba 'di nyid kyi las byang dpal chen rang rdzogs dang dbang gi rtsa tho tsam las gtan la 'bebs par ma gnang bas dad dang skal pa ldan pa'i rjes 'jug rnams la phan pa'i phyir dang*/_bstan rgyun 'dzin pa'i skyes bu dag la nyer mkho gyur pas cis kyang 'bri bar 'os zhes gsang yum mchog dang sku gsung thugs kyi sras mchog sprul rin po che pad+ma dbang rgyal sku mched lcam dral rnams nas rten dang bcas te yang yang bkas bskul ba bzhin mkhas grub dbang po bla ma mchog gi thun mong ma yin pa'i thugs brtses skyang shing sku gsung thugs kyi byin rlabs zab mos dbugs dbyung ba'i nges shes la brten slob dpon sangs rgyas gnyis pa'i phrin las kyi gdugs dkar por ngal 'tsho thob pa'i rnying sngags rgan po pad+ma gar dbang bde chen 'od gsal mdo sngags gling pas lho 'brug rgyal khab chen po'i ljongs kyi char lho mon kha'i brag gi sku rjes rdo rje brtsegs pa'i ke'u tshang gi mdun du sman ljongs ljon shing gi skyed mos tshal tu rgyu ba'i tshe/_yi ge bkod pa'i mthun 'gyur blo gsal dad mos dge ba sprul sku kun dga' bkra shis pa'i sdes zhus pa 'dis kyang rang gzhan dpal ldan bla ma'i zab gsang thugs kyi mdzod la rdzogs par longs spyod pa dang*/_bstan 'gro'i rgud pa zhi ba'i dge legs kyi dpal phun sum tshogs pas phyogs dus gnas skabs kun tu 'byor zhing rgyas pa'i rgyur gyur cig_/sarba dA mang+ga laM/_dge'o// | |||
|pdflink=File:DKR-KABUM-10-THA-027.pdf | |pdflink=File:DKR-KABUM-10-THA-027.pdf | ||
}} | }} | ||
Line 17: | Line 41: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །བླ་ཕུར་ཐུགས་ཀྱི་ཐིག་ལེ་ལས། སྨིན་བྱེད་ཀྱི་དབང་བསྐུར་ཁྲིགས་ཆགས་སུ་བཀོད་པ་ཕྲིན་ལས་གསང་བའི་བཅུད་བསྡུས་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། །བླ་ཕུར་ཐུགས་ཀྱི་ཐིག་ལེ་ལས། སྨིན་བྱེད་ཀྱི་དབང་བསྐུར་ཁྲིགས་ཆགས་སུ་བཀོད་པ་ཕྲིན་ལས་གསང་བའི་བཅུད་བསྡུས་ཞེས་བྱ་བ་བཞུགས་སོ།། | ||
ན་མ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། ཀུན་ཕན་སྲིད་ཞིའི་རྒུད་སེལ་བའི། །ཕྲིན་ལས་ཕྱག་རྒྱ་དཔལ་འབར་བ། །བླ་མ་རྡོ་རྗེ་གཞོན་ནུ་ལ། །བཏུད་ནས་དེ་ཡིས་སྨིན་བྱེད་སྤེལ། །མ་ཧཱ་གུ་རུ་རྡོ་རྗེ་གྲོ་ལོད་རྩལ་དང་ཡི་དམ་རྡོ་རྗེ་གཞོན་ནུ་ཆིག་དྲིལ་དུ་སྒྲུབ་པའི་ཐུགས་ཏིག་ཟབ་མོའི་སྨིན་བྱེད་འབོག་པ་ལ། སྒྲུབ་པའི་གནས་ཁང་རྒྱན་དང་བྱི་དོར་བྱས་པའི་གུང་དུ་གཞུང་མཐུན་གྱི་བྲིས་སྐུ་བཀྲམ་པའི་མདུན། སྟེགས་བུར་མཎྜལ་ཚོམ་བུ་གཅིག་པ་དང༌། དཀར་གཏོར་ཆེ་ཆུང་གཉིས། ཉེར་སྤྱོད་ལྔ་བསྐོར་བཤམ། དེའི་མདུན་ཅུང་ཟད་དམའ་བར་དཀར་གཏོར་དང་གསེར་སྐྱེམས། བགེགས་གཏོར་བཅས་བཤམ། རང་གི་མདུན་དུ་བསང་ཆུ། རྡོར་དྲིལ་སོགས་འདུ་བྱས་ལ། བདེ་བའི་སྟན་ལ་འཁོད་དེ། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བའི་ཕྲིན་ལས་དཔལ་ཆེན་རང་རྫོགས་བསྙེན་སྒྲུབ་ཀྱི་བཟླས་པ་ཁྱུག་ཙམ་བཏང་ལ། སྟོང་ཚིག་གི་མཆོད་བསྟོད་བྱ། མཆོད་པ་བྱིན་རླབས་ནི། རྃ་ཡྃ་ཁྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུའི། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་པུཥྤེ་ནས་ཤབྡ་པྲ་ཏཱིཙྪ་ཧོཿ རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྤྲོས་པས་བསྐུལ་ཏེ། སའི་ལྷ་མོ་བུམ་པ་འཛིན་པ་དོ་ཤལ་དང་རྐང་གདུབ་ཀྱི་སྒྲ་སྒྲོགས་པས་ས་བདག་ཀླུ་གཉན་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། པྲི་ཐཱི་དེ་ཝི་ས་མ་ཡ་ཛཿཛཿས་སྤྱན་དྲངས། ཨོཾ་པྲི་ཐཱི་དེ་ཝི་ཨརྒྷཾ་པུཥྤེ་སོགས་ནས་ཤབྡ་པཱུ་ཛ་ཧོཿས་མཆོད། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གི་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །བདག་རྡོ་རྗེ་འཛིན་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ས་ཕྱོགས་འདིར་དཀྱིལ་འཁོར་ཆེན་པོ་བཞེངས་ཀྱི། ས་ཕྱོགས་འདི་བདག་ལ་གནང་བར་མཛོད་ཅིག །ཅེས་བརྗོད་པས། དེས་ཀྱང༌། རིག་པ་འཛིན་པ་ཁྱོད་ཅི་དགའ་བར་བྱོས་ཤིག །ཅེས་གནང་བ་བྱིན་པར་བསམ། གཉུག་མར་གནས་པ་ལ། ཨ་ཀཱ་རོ་མུ་སོགས་ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་བསྩལ་དུ་གསོལ། །ཞེས་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱང་བརྗོད། བཛྲ་མུཿས་མགྲོན་རྣམས་རང་གནས་སུ་བཏང༌། དེ་དག་གིས་ས་སློང་གི་དོན་ཚང་བའོ། །བགེགས་གཏོར། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གིས་གཏོར་མ་བྱིན་གྱིས་རླབས། ཧཱུྃ། ཉོན་ཅིག་གཉིས་འཐས་གདོན་གཟུགས་ཀུན། །རང་ཤར་རང་གྲོལ་གཏོར་མ་ལོངས། །འཕོ་མེད་ཀ་དག་ཀློང་དུ་དེངས། །གཞོམ་མེད་རྡོ་རྗེས་མཚམས་བཅད་དོ། | ན་མ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། ཀུན་ཕན་སྲིད་ཞིའི་རྒུད་སེལ་བའི། །ཕྲིན་ལས་ཕྱག་རྒྱ་དཔལ་འབར་བ། །བླ་མ་རྡོ་རྗེ་གཞོན་ནུ་ལ། །བཏུད་ནས་དེ་ཡིས་སྨིན་བྱེད་སྤེལ། །མ་ཧཱ་གུ་རུ་རྡོ་རྗེ་གྲོ་ལོད་རྩལ་དང་ཡི་དམ་རྡོ་རྗེ་གཞོན་ནུ་ཆིག་དྲིལ་དུ་སྒྲུབ་པའི་ཐུགས་ཏིག་ཟབ་མོའི་སྨིན་བྱེད་འབོག་པ་ལ། སྒྲུབ་པའི་གནས་ཁང་རྒྱན་དང་བྱི་དོར་བྱས་པའི་གུང་དུ་གཞུང་མཐུན་གྱི་བྲིས་སྐུ་བཀྲམ་པའི་མདུན། སྟེགས་བུར་མཎྜལ་ཚོམ་བུ་གཅིག་པ་དང༌། དཀར་གཏོར་ཆེ་ཆུང་གཉིས། ཉེར་སྤྱོད་ལྔ་བསྐོར་བཤམ། དེའི་མདུན་ཅུང་ཟད་དམའ་བར་དཀར་གཏོར་དང་གསེར་སྐྱེམས། བགེགས་གཏོར་བཅས་བཤམ། རང་གི་མདུན་དུ་བསང་ཆུ། རྡོར་དྲིལ་སོགས་འདུ་བྱས་ལ། བདེ་བའི་སྟན་ལ་འཁོད་དེ། བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བའི་ཕྲིན་ལས་དཔལ་ཆེན་རང་རྫོགས་བསྙེན་སྒྲུབ་ཀྱི་བཟླས་པ་ཁྱུག་ཙམ་བཏང་ལ། སྟོང་ཚིག་གི་མཆོད་བསྟོད་བྱ། མཆོད་པ་བྱིན་རླབས་ནི། རྃ་ཡྃ་ཁྃ། རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་མཆོད་པའི་སྤྲིན་ལྟ་བུའི། །དཔག་ཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་པུཥྤེ་ནས་ཤབྡ་པྲ་ཏཱིཙྪ་ཧོཿ རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྤྲོས་པས་བསྐུལ་ཏེ། སའི་ལྷ་མོ་བུམ་པ་འཛིན་པ་དོ་ཤལ་དང་རྐང་གདུབ་ཀྱི་སྒྲ་སྒྲོགས་པས་ས་བདག་ཀླུ་གཉན་འཁོར་དང་བཅས་པ་སྤྱན་དྲངས་པར་གྱུར། པྲི་ཐཱི་དེ་ཝི་ས་མ་ཡ་ཛཿཛཿས་སྤྱན་དྲངས། ཨོཾ་པྲི་ཐཱི་དེ་ཝི་ཨརྒྷཾ་པུཥྤེ་སོགས་ནས་ཤབྡ་པཱུ་ཛ་ཧོཿས་མཆོད། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང༌། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གི་བདུད་སྡེ་ལས། །རྒྱལ་བར་བྱ་ཕྱིར་དཀྱིལ་འཁོར་བྲི། །བདག་རྡོ་རྗེ་འཛིན་པས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ས་ཕྱོགས་འདིར་དཀྱིལ་འཁོར་ཆེན་པོ་བཞེངས་ཀྱི། ས་ཕྱོགས་འདི་བདག་ལ་གནང་བར་མཛོད་ཅིག །ཅེས་བརྗོད་པས། དེས་ཀྱང༌། རིག་པ་འཛིན་པ་ཁྱོད་ཅི་དགའ་བར་བྱོས་ཤིག །ཅེས་གནང་བ་བྱིན་པར་བསམ། གཉུག་མར་གནས་པ་ལ། ཨ་ཀཱ་རོ་མུ་སོགས་ལན་གསུམ་གྱིས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། །དཀྱིལ་འཁོར་དོན་དུ་བསྩལ་དུ་གསོལ། །ཞེས་དང༌། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱང་བརྗོད། བཛྲ་མུཿས་མགྲོན་རྣམས་རང་གནས་སུ་བཏང༌། དེ་དག་གིས་ས་སློང་གི་དོན་ཚང་བའོ། །བགེགས་གཏོར། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་གིས་གཏོར་མ་བྱིན་གྱིས་རླབས། ཧཱུྃ། ཉོན་ཅིག་གཉིས་འཐས་གདོན་གཟུགས་ཀུན། །རང་ཤར་རང་གྲོལ་གཏོར་མ་ལོངས། །འཕོ་མེད་ཀ་དག་ཀློང་དུ་དེངས། །གཞོམ་མེད་རྡོ་རྗེས་མཚམས་བཅད་དོ། །དྷརྨ་དྷཱ་ཏུ་བཛྲ་རཀྵ་བྷྲཱུཾ། གུ་གུལ་བདུག་ཡུངས་ཐུན་ཕྱོགས་ཀུན་ཏུ་འཐོར། སྲུང་བའི་འཁོར་ལོ་བསྒོམས་པས་བར་ཆད་སྲུང༌། དེ་ནས་སྟ་གོན་དངོས་ལ་གསུམ་སྟེ། དང་པོ་ལྷ་སྟ་གོན་ནི། མཎྜལ་གྱི་སྟེང་དབུས་སུ་ཚོམ་བུ་གཅིག །དེ་རྒྱབ་བཅུ། ཕྱོགས་བཞིར་བཞི། ཡང་དེ་རྒྱབ་བཞི་བཅས་བཀོད། མཐའ་མཆོད་པ་བསྐོར་བཤམ་བྱས་ལ། བྱིན་རླབས་ནི། ཧཱུྃ། བླ་མེད་གསང་བའི་དཀྱིལ་འཁོར་དུ། །ཕྱི་ནང་གསང་བའི་མཆོད་སྤྲིན་ཚོགས། །རྒྱལ་བ་མ་ལུས་སྐོང་བའི་རྫས། །རབ་འབྱམས་ནམ་མཁའ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ་མ་ཧཱ་པཱུ་ཛ་མེ་གྷ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་བོ་དྷི་ཙིཏྟ་གྷ་ན་གུ་ཧྱ་ཏ་ན་སརྦ་དྷརྨ་དྷཱཱཏུ་ཨ་ཏི་ཧོཿ ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས། མདུན་གྱི་ཚོམ་བུའི་དཀྱིལ་འཁོར་ནི། །རང་བྱུང་ལྷུན་གྲུབ་གཞལ་ཡས་དབུས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ མཐིང་ནག་རབ་ཁྲོས་འཇིགས་པའི་གཟུགས༔ གཡས་དཀར་གཡོན་དམར་དབུས་མཐིང་ནག༔ སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཟིར༔ དྲེགས་པ་ཕོ་མོ་འདར་ཞིང་བསྔངས༔ གཡས་གཉིས་རྩེ་དགུ་རྩེ་ལྔ་དང༔ གཡོན་གཉིས་མེ་དཔུང་ཁ་ཊྭཱཾ་ཀ༔ མཐའ་གཉིས་རི་རབ་ཕུར་བུ་འདྲིལ༔ དཔལ་དང་དུར་ཁྲོད་ཆས་རྣམས་རྫོགས༔ རྡོ་རྗེ་རིན་ཆེན་གཤོག་པ་གདེངས༔ མཐིང་ནག་འབར་བ་པད་ཉིའི་སྟེང༔ ལྷ་ཆེན་ཁྱོ་ཤུག་བསྣོལ་བའི་ཁར༔ ཞབས་བཞི་གྱད་ཀྱི་རོལ་པས་བཞུགས༔ པང་དུ་འཁོར་ལོ་རྒྱས་འདེབས་ཡུམ༔ མཐིང་སྐྱ་ཨུཏྤལ་དུང་དམར་སྟོབ༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ༔ ཁྲོ་མོའི་ཆས་ལྡན་བདེ་ཆེན་སྦྱོར༔ ཡབ་ཀྱི་ཐུགས་ཀར་པད་ཉིའི་སྟེང༔ སྟག་ཆེན་དྲུས་མ་ལ་གནས་པའི༔ འཆོལ་བའི་ཁྲོ་རྒྱལ་གྲོ་བོ་ལོད༔ སྨུག་གཏུམ་ཁྲོ་བོ་མེ་ལྟར་འབར༔ གཡས་གཡོན་རྡོ་རྗེ་ཕུར་པ་འཛིན༔ རབ་བྱུང་ཆས་དང་ཐོད་ཕྲེང་སོགས༔ ཐེག་པ་ཡོངས་རྫོགས་བདག་ཉིད་ཅན༔ རང་བྱུང་དཔལ་ཆེན་སྐུའི་གནས་སུ༔ འབར་བའི་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ སྤྱི་བོར་བླ་མ་མི་བསྐྱོད་པ༔ ཕྱི་རོལ་རྩིབས་བཞིར་སྲས་མཆོག་བཞི༔ ཁྲག་ཁྱམས་ཕུར་སྲུང་དམ་ཅན་དང༔ སྒོ་བཞི་སྒོ་སྐྱོང་ལ་སོགས་པ༔ མ་བསྐྱེད་ཡེ་ནས་རྫོགས་པར་གསལ༔ སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ༔ ཡེ་ཤེས་ལྔའི་དབང་ཅོད་པན་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཨཾ་ཧཱ༔ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མཱ་ཛཿ གཉིས་པ་སྤྱན་འདྲེན་ནི། ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ནས༔ མི་ཕྱེད་རྡོ་རྗེ་ཕུར་པའི་ལྷ༔ སྲས་དང་སྤྲུལ་པར་བཅས་པ་རྣམས༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཛཿཧཱུྃ་བྃ་ཧོཿ བཛྲ་ས་མཱ་ཛཿ གསུམ་པ་བཞུགས་གསོལ་ནི། ཧཱུྃ། འབར་བའི་ཁྲོ་རྒྱལ་འཁོར་དང་བཅས། །དམ་ཚིག་འཁོར་ལོར་གཉིས་མེད་བཞུགས། །བཛྲ་ས་མ་ཡ་ཏིཥྛ་ལྷནཿ བཞི་པ་ཕྱག་འཚལ་ནོ། ཧོཿ རང་བྱུང་དཔལ་ཆེན་ལྷ་ཚོགས་རྣམས། །རང་ངོ་ཤེས་པས་མཇལ་ཕྱག་འཚལ། །ས་མ་ཡ་ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ལྔ་པ་མཆོད་པ་ནི། ཧཱུྃ། །དཔལ་ཆེན་འབར་བའི་དཀྱིལ་འཁོར་ལ། །ཕྱི་ནང་གསང་མཆོད་བླ་མེད་རྫས། །གུས་པས་འབུལ་ལོ་དགྱེས་བཞེས་ནས། །མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ ཨོཾ་ཤྲཱི་བཛྲ་ཀུ་མཱ་ར་ས་པ་རི་ཝཱ་ར་ཨརྒྷཾ་པདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཏ་ན་གྷ་ན་གུ་ཧྱ་བོ་དྷི་ཙིཏྟ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ། ཞེས་མཆོད། དྲུག་པ་བསྟོད་པ་ནི། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེའི་སྐུར་སྟོན་པ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པའི༔ ཕུར་པ་ཕྲིན་ལས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པས་བསྟོད། རྡོར་དྲིལ་དང་སྤོས་ཐོགས། པུས་བཙུགས་ཐལ་མོ་སྦྱར་ལ། རང་གི་ལྕེ་ཧཱུྃ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་དུ་གྱུར། རྒྱལ་བ་སྲས་བཅས་དགོངས་སུ་གསོལ། །ཁྱེད་རྣམས་མཆོད་དང་སེམས་ཅན་དོན། །ནངས་པར་དཀྱིལ་འཁོར་འབྲི་འཚལ་བས། །ཐུགས་ཀྱིས་དགོངས་ཏེ་གནང་བར་མཛོད། །ཀྱེ་ཧོ་གསང་ཆེན་དབྱིངས་ཀྱི་ལྷ༔ དེང་འདིར་སྔོན་གྱི་དམ་བཅའ་བཞིན༔ འགྲོ་རྣམས་ཕན་བདེ་ལ་འགོད་ཕྱིར༔ སྟ་གོན་ལ་ནི་གནས་པར་མཛོད༔ ཨོཾ་བཛྲ་ས་མ་ཡ་ཨ་བྷི་ཏིཥྛ་ཧོཿ ལན་གསུམ། ཞེས་གསོལ་བ་བཏབ་པས་ལྷ་ཚོགས་རྣམས་དགྱེས་པ་ཆེན་པོས། རིག་པ་འཛིན་པ་ཁྱེད་ཀྱིས་དཀྱིལ་འཁོར་གྱི་ལས་ཅི་ལྟར་འོས་པ་གྱིས་ཤིག་ཅེས་བཀའི་གནང་བ་བསྩལ་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྟེང་གི་ནམ་མཁའ་བར་སྣང་འོད་ཀྱི་དྲྭ་བའི་ཀློང་དུ་བཞུགས་པར་བསམ། རྡོ་རྗེ་ཁུ་ཚུར་གཉིས་གཤིབས་པའི་མཛུབ་མོ་བརྐྱང་བ་རྩེ་གཏུགས་ནས་འོག་ཏུ་ཕྱོགས་པ་སྤྱི་བོར་གཏོད་པ་བཅས། ཨོཾ་བཛྲོད་ཏིཥྛ་ལྷན། ཞེས་བརྗོད། དམ་ཚིག་གི་འཁོར་ལོ་རྣམས་རང་ལ་ཐིམ་པར་བསམ་ལ་མཎྜལ་ཚོམ་བུ་དང་བཅས་པ་བསྡུ། ཡིག་བརྒྱ་བརྗོད། གཉིས་པ་བུམ་པ་སྟ་སྟ་གོན་ནི། རིན་པོ་ཆེའི་བུམ་པ། ཨོཾ་བྷྲཱུཾ་བཛྲ་ས་མ་ཡ་ཀཱི་ལི་ཀཱི་ལ་ཡ་གུ་རུ་བཻ་ག་རཱ་ཛ་ཡ་ཨོཾ་བྷྲཱུཾ་ཏྲཱྃ་ཧྲཱིཿཨཱཿགརྦྷ་བྷྲྀཀྵ་བྷེ་ཏ་སརྦ་སིདྡྷི་ཛཿབྷྲཱུཾ་བྷྲཱུཾ༔ ཞེས་བརྗོད་ཅིང་དྲི་ཡི་ཆབ་དང་སོ་ལྔའི་བཅུད་བླུགས་ཁ་རྒྱན་མགུལ་ཆིངས་བཅས་པ་བཀོད་ནས། མཆོད་པ་རྣམས་སྔར་ལྟར་གསར་དུ་བཤམ་པའམ་ཁ་གསོ། དུང་ཞལ་གཟུངས་ཐག་བཅས་འདུ་བྱས་ལ། བསང་སྦྱང༌། སྟོང་པའི་ངང་ལས་རྣམ་རྒྱལ་བུམ་པ་ནི། །བྷྲཱུཾ་ཡིག་ཡོངས་གྱུར་རིན་ཆེན་སྣ་ཚོགས་ལས། །ཡོངས་གྲུབ་ཕྱི་ནི་བུམ་གཟུགས་གཞལ་ཡས་ཁང༌། །ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པ་ཡི། །ཕོ་བྲང་ལྟེ་བར་བཛྲ་ཀཱི་ལ་ཡ། །བདེ་ཆེན་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་སྦྱོར། །ཐུགས་ཀར་ཡེ་ཤེས་སེམས་དཔའ་གྲོ་བོ་ལོད། །དཔལ་ཆེན་སྐུའི་དབྱིངས་རང་བྱུང་ཁྲོ་རྒྱལ་བཅུ། །ཕྱོགས་བཞིར་སྲས་མཆོག་ཕུར་སྲུང་དམ་ཅན་བཅས། །མ་འདྲེས་ཡོངས་རྫོགས་ཆུ་ཟླ་ལྟ་བུར་གསལ། །ཐུགས་ཀའི་འོད་ཀྱི་ཡེ་ཤེས་སྤྱན་དྲངས་གྱུར། །སྤྱན་འདྲེན་ནས་བསྟོད་པའི་བར་ལྷ་སྟ་གོན་བཞིན་དུ་བྱ། གཟུངས་ཐག་བླངས་ལ། རང་གི་ཐུགས་ནས་སྔགས་ཀྱི་ཕྲེང༔ རྡོ་རྗེའི་གཟུངས་ཐག་ལས་བརྒྱུད་དེ༔ བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་བས༔ བདེ་སྟོང་རོལ་པའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ འཕགས་མཆོག་འགྲོ་བའི་དོན་ཀུན་སྒྲུབ༔ ཚུར་འདུས་ཐུགས་ཀའི་དཔལ་བེར་འཁྱིལ༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་ནས་བུམ་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ ཅེས་པས་ཏིང་འཛིན་གསལ་བཏབ། བསྙེན་སྒྲུབ་ཀྱི་སྔགས་སུམ་བརྒྱ་ལས་མི་ཉུང་བར་བཟླ། མཐར། ཨོཾ་ཨཱཿཧཱུྃ། ཞེས་དུང་ཞལ་གྱི་ཆུ་མཆོད་ཡོན་དུ་ཕུལ་བས། ལྷ་ཚོགས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་བས་རྒྱུད་དག་ཅིང་དབང་གི་ཡེ་ཤེས་སྐྱེད་པའི་དངོས་གྲུབ་སྟེར་བའི་ནུས་ལྡན་དུ་གྱུར། ཅེས་བྱའོ། །ལས་བུམ་བསང་སྦྱང༌། ལས་ཀྱི་བུམ་པའི་དབུས་སུ་པད་ཉི་དང༌། །རྒྱ་གྲམ་སྟེང་དུ་ཧཱུྃ་ལས་སྣ་ཚོགས་ཀྱི། །རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་གྱུར་ལས། །བདུད་རྩི་འཁྱིལ་པ་ཞལ་གཅིག་ཕྱག་གཉིས་པ། །སྐུ་མདོག་ལྗང་གུ་ཞབས་གཉིས་དོར་སྟབས་ཅན། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་བསྡིགས་པའི་ཚུལ། །གཡོན་པས་དེ་ཡི་ཡུ་བའི་དྲིལ་བུ་འཛིན། །ཁྲོ་ཚུལ་གར་དགུའི་ཉམས་ལྡན་སྦྲུལ་ལ་སོགས། །མི་སྡུག་རྒྱན་གྱིས་སྤྲས་པའི་སྐུ་རུ་གསལ། །སྐུ་ལས་བྱུང་བའི་ཡེ་ཤེས་བདུད་རྩིའི་སྤྲིན། །བབས་པས་བུམ་པ་ཡོངས་སུ་གང་བར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄། བརྒྱ་རྩ་བརྒྱད་བཟླས། ཧཱུྃ། ཞེས་བསྐུལ་བས། དཔལ་ཁྲོ་བོའི་རྒྱལ་པོས་དབང་གི་བྱ་བ་མ་གྲུབ་ཀྱི་བར་དུ་བར་གཅོད་ཀྱི་བགེགས་ཐམས་ཅད་བཟློག་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་ལས་བཅོལ་ནས་བཞག །ཐུན་མོང་གི་དབང་རྫས་དང༌། སྐུ་རྟེན་ཙཀླིའི་བདུད་རྩི་སོགས་སྐབས་འདིར་ཚོགས་པར་བྱས་ལ་དེར་དམིགས་པས། དབང་རྫས་རྣམས་ངོ་བོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་རང་བཞིན་ཡེ་ཤེས་ཀྱི་སྣང་བ་ཅིར་ཡང་འཆར་བའི་བྱིན་རླབས་དང་དངོས་གྲུབ་མ་ལུས་པ་འབྱུང་བའི་དབྱིག་ཏུ་གྱུར་པར་མོས་ལ་དཀྱིལ་འཁོར་ཡོལ་བས་བསྒྲིབ། གསུམ་པ་དབང་བསྐུར་བའི་ཡུལ་སློབ་མ་ལྷག་གནས་ནི། སོ་ཤིང༌། ཁྱོར་ཆུ། དཔུང་སྐུད། ཀུ་ཤ། སློབ་མ་མཆོད་པའི་ཉེར་སྤྱོད་ལྔ་བཅས་འདུ་བྱས་ལ། སྨིན་གྲོལ་འབོག་པར་འོས་པའི་སློབ་མ་ཇི་ལྟར་རིགས་པར་བོས་ལ། སྒོའི་ཕྱི་རོལ་དུ་ཁྲུས་ནས་དབྱུང༌། ནང་དུ་ཞུགས་པ་ན་མཎྜལ་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་གདབ། དེའང་སྐྱེས་བུ་གསུམ་གྱི་ལམ་ཡོངས་སུ་རྫོགས་པའི་སྣོད་རུང་ལྷ་བས་ལྷག་པའི་རྟེན་རྡོ་རྗེའི་ཁམས་དྲུག་དང་ལྡན་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྒྱུ་དང༌། དཔེ་དང༌། གྲངས་སོགས་གང་གི་སྒོ་ནས་བསམས་ཀྱང་ཤིན་ཏུ་རྙེད་དཀའ་ཞིང༌། ཕན་འདོགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་འདི་ལྟ་བུ་ཞིག་རྙེད་དུ་ཟིན་ནའང༌། ཕྱི་སྣོད་ཀྱི་འཇིག་རྟེན་སྲ་ཞིང་འཐས་པ་ལྟར་སྣང་བ་རྣམས་ཀྱང་མཐར་མེ་བདུན་དང་ཆུ་གཅིག་གིས་འཇིག་པས་མཚོན་ཐལ་བ་ཙམ་ཡང་ལུས་པར་མི་འགྱུར། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་སྐྱེས་ནས་ཚེ་ཐར་རུ་སོང་བ་གཅིག་ཀྱང་མེད་པས་རང་ཉིད་ཀྱང་ངེས་པར་འཆི་བ་མ་ཟད། དོ་ནུབ་ཙམ་ཡང་མི་འཆི་བའི་གདེང་ནི་མེད། འཆི་བའི་ཚེ་ཆོས་རྣམ་པར་དག་པར་ཁོ་ན་མ་གཏོགས་གཞན་གང་གིས་ཀྱང་མི་ཕན། ཤི་ནས་ཅང་མེད་དུ་མི་འགྲོ་བར་ལས་འབའ་ཞིག་གི་རྗེས་སུ་འབྲངས་ཏེ། སྡིག་པའི་ལས་ཀྱིས་ངན་སོང་གསུམ་དུ་སྐྱེས་སྡུག་བསྔལ་གྱི་སྡུག་བསྔལ་བཟོད་པའི་བླག་མེད། ཟག་བཅས་ཀྱི་དགེ་བས་མཐོ་རིས་གསུམ་དུ་སྐྱེས་ཀྱང་འགྱུར་བའི་སྡུག་བསྔལ་དང༌། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ན་ལས་མ་འདས་པས། ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཅི་ནས་ཀྱང་ཐར་བ་ཞིག་བྱ་དགོས། དེའི་ཆེད་དུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་མཉེས་པ་གསུམ་གྱིས་བསྟེན་ནས། དེ་ལས་ཀྱང་ཐར་པ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ལ་ཐེག་པ་ཆེན་པོའི་སྒོར་ཞུགས་དགོས། དེ་ཡང་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་ལམ་བྱེད་རྡོ་རྗེ་ཐེག་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ནི་ཚེ་ལུས་གཅིག་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངེས་པར་འགྲུབ་པར་བྱེད་པ་ཡིན་ཞིང༌། དེའི་ལམ་ཐམས་ཅད་ཀྱི་རྩ་བ་སྙིང་དང་མིག་ལྟ་བུ་ནི་སྨིན་བྱེད་ཀྱི་དབང་བསྐུར་བ་སྟེ། དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེའི་རིམ་པ་གཉིས་ལས། སྐབས་འདིར་ཕྱི་མ་སྒྲུབ་པ་བཀའ་བརྒྱད་ཀྱི་བྱེ་བྲག་བླ་མ་གུ་རུ་དྲག་པོ་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་དང༌། ཡི་དམ་རྡོ་རྗེ་གཞོན་ནུ་དབྱེར་མེད་དུ་སྒྲུབ་པའི་ཐབས། ལང་གྲོའི་རྣམ་འཕྲུལ་མཁས་གྲུབ་ཀྱི་དབང་ཕྱུག་ཕྲིན་ལས་བྱམས་པའི་འབྱུང་གནས་བདུད་འཇོམས་རྡོ་རྗེའི་ཆོས་གཏེར་ཡིན་ཀྱང་འདོན་པར་མ་མཛད་པ་རྗེ་དེ་ཉིད་ཀྱི་ཐུགས་སྲས་ཆེན་པོ། གྲུབ་བརྙེས་རྣལ་འབྱོར་གྱི་དབང་ཕྱུག་ཀློང་ཆེན་ཡེ་ཤེས་རྡོ་རྗེས་ས་གཏེར་གྱི་ཚུལ་དུ་སྤྱན་དྲངས་པའི་སྨིན་བྱེད་དབང་བསྐུར་བ་སྟེ། ཐོག་མར་སྔོན་འགྲོ་སྟ་གོན་གྱི་རིམ་པ་དང༌། དངོས་གཞིའི་དབང་བསྐུར་གཉིས་སུ་བཞུགས་པ་ལས། སྟ་གོན་ལའང་ལྷ་དང་བུམ་པ་སློབ་མ་སྟ་གོན་གསུམ་ལས། སྔ་མ་གཉིས་བདག་གིས་གྲུབ་ཟིན་ཏེ། སློབ་མ་ལྷག་གནས་ཀྱི་དོན་དུ་མཎྜལ་ཕུལ། ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། དཔལ་ཆེན་བཛྲ་ཀཱི་ལ་ཡ༔ རྡོ་རྗེའི་བླ་མ་དགོངས་སུ་གསོལ༔ བདག་ཅག་འཁོར་བ་ལས་སྒྲོལ་ཕྱིར༔ ཐུགས་རྗེ་ཆེན་པོས་རྗེས་བཟུང་འཚལ༔ ལན་གསུམ། དེ་ལྟར་གསོལ་བ་གདབ་པ་ལ་གདམས་པའི་གནད་བཀྲོལ་ཞིང་བཀའི་གནང་བ་སྦྱིན་པ་ལགས་ཏེ། བསམ་ཡས་ཐེག་པའི་འཇུག་སྒོ་ནི༔ བློ་དང་འཚམས་པར་སྣང་བ་ལས༔ མཐར་ཐུག་རྡོ་རྗེའི་དཀྱིལ་འཁོར་དུ༔ འཇུག་པའི་སྐལ་ལྡན་ཤིན་ཏུ་དཀོན༔ དད་དང་དམ་ཚིག་མཆོག་ལྡན་ཅིང༔ རྡོ་རྗེ་འཛིན་པའི་བསླབ་པ་ལས༔ ནམ་ཡང་འདའ་བར་མི་བགྱིད་ན༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ མངོན་པར་བྱང་ཆུབ་ལམ་གྱི་མཆོག༔ ཡང་དག་ངེས་པའི་གསང་བ་བཞིན༔ ཐར་པ་ཆེན་པོའི་གྲོང་ཁྱེར་དུ༔ བདག་གིས་སྣོད་དུ་རུང་བའི་ཕྱིར༔ ལྷག་པར་གནས་པའི་ཆོ་ག་བྱ༔ ཞེས་གདམས་པའི་ལན་གསོལ་བ་འདིའི་རྗེས་ཟློས། བདག་ནི་གཙོ་བོ་ཁྱོད་ཉིད་ལས༔ སྐྱབས་གནས་གཞན་ན་མ་མཆིས་ཕྱིར༔ ཇི་ལྟར་བཀའ་བསྩལ་བསྒྲུབ་བགྱིས་ན༔ ངེས་པར་དགོངས་ཏེ་གནང་དུ་གསོལ༔ དེ་ནས་ཐོག་མར་རྒྱུད་དག་པའི་ཕྱིར། བླ་མ་རྡོ་རྗེ་གཞོན་ནུའི་དཀྱིལ་ཁོར་རྩ་གསུམ་དམ་ཅན་སྲུང་མའི་ཚོགས་དང་བཅས་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་ནམ་མཁའ་དང་མཉམ་པའི་འགྲོ་བ་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བློས་འདིའི་རྗེས་ཟློས། ན་མོཿ བླ་མ་མཆོག་གསུམ་སོགས། ལན་གསུམ། ཕ་མར་གྱུར་པའི་སེམས་ཅན་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་མ་ལུས་པ་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པའི་སྨོན་སེམས་དང༌། དེའི་ཆེད་དུ་བླ་མ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་རྩེ་མོའི་མྱུར་ལམ་བགྲོད་པར་བགྱིའོ་སྙམ་པ་འཇུག་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཀྱེ་མ། གཉིས་སུ་འཛིན་པ་སོགས། ལན་གསུམ། བླ་མ་དང་རྡོ་རྗེ་ཕུར་པ་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་དབྱེར་མི་ཕྱེད་པའི་སྤྱན་སྔར་ཡན་ལག་བརྒྱད་ཀྱིས་རྒྱུད་སྦྱང་བ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ་སོགས། ལན་གསུམ། སླར་ཡང་རྒྱལ་བ་སྲས་དང་བཅས་པའི་བགྲོད་པ་གཅིག་པུའི་ལམ་སྡོམ་པ་གསུམ་གྱི་གནང་བཀག་རྣམས་ཚུལ་བཞིན་དུ་བཟུང་ཞིང་བསྲུངས་ནས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་རླབས་པོ་ཆེ་ལ་འཇུག་པར་བགྱིའོ་སྙམ་པས་དམ་བཅའ་འདིའི་རྗེས་ཟློས་མཛོད། ཨོཾ། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་བྱ། །དོན་དམ་དང་ནི་ཀུན་རྫོབ་བྱང་ཆུབ་སེམས། །དེང་ནས་ཚུལ་བཞིན་ཡོངས་སུ་གཟུང་བར་བགྱི། །ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང༌། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་ཚོགས་རྣམས་ཀྱིས། །ཕྱི་ནང་གསང་བ་མཆོག་གི་དམ་ཚིག་དང༌། །སྡོམ་པ་མཐའ་ཡས་རྒྱ་མཚོ་བཟུང་བ་ལྟར། །དེང་ནས་བདག་ཀྱང་ལམ་ཆེན་དེར་ཞུགས་ཏེ། །འགྲོ་ལ་ཕན་ཕྱིར་དེ་དག་གཟུང་བར་བགྱི། །ལན་གསུམ། ད་དབང་བསྐུར་སྣོད་རུང་དུ་བྱ་བའི་ཕྱིར་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ལམ་འདིར་དབང་ཤེས་གཟུང་འཛིན་འཁྲུལ་པ་ཡེ་ཤེས་ཀྱི་རོལ་པར་ཤེས་པས་འདོད་ཡོན་བདེ་ཆེན་གྱི་རྒྱན་ལམ་དུ་བྱེད་པ་དགོས་པས་ན། སྣོད་བཅུད་རྣམ་པར་དག་པ་རྡོ་རྗེ་དབྱིངས་ཀྱི་འཁོར་ལོར་ལྷུན་གྱིས་རྫོགས་པའི་དབུས་སུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་ཞི་འཛུམ་ལོངས་སྤྱོད་རྫོགས་པའི་རྒྱན་ཆས་ཅན། ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད་ཅིང༌། གཡོན་པས་དྲིལ་བུ་དཀུར་བསྟེན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པ་ལས་འོད་ཟེར་འཕྲོས་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བྱིན་རླབས་མ་ལུས་པ་ཡི་གེ་གསུམ་གྱི་རྣམ་པར་སྤྱན་དྲངས་ཏེ་ཐིམ་པས་སློབ་མའི་ལུས་ངག་ཡིད་གསུམ་ཡེ་ཤེས་ལྷ་ཡི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབས་པར་གྱུར་པ་ལ་མཆོད་པའི་ཡོ་བྱད་རྣམས་ཀྱིས་མཆོད་ཅིང་མངའ་དབུལ་བར་མོས་ཤིག །མེ་ཏོག་སོགས་གནས་སོ་སོར་སྦྱིན་ལ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། སོགས་ཉེར་སྤྱོད་ལྔས་མཆོད། དང་པོ་སོ་ཤིང་སྦྱིན་པ་ལ། དྲི་དང་བ་བྱུང་གིས་བྱུགས་པའི་མཎྜལ་ཚོམ་བུ་ལྔ་པ་མདུན་དུ་བཀོད། སོ་ཤིང་ཚད་ལྡན་ལས་སྔགས་དང་ལས་ཆུས་བསང༌། དེ་ནས་དངོས་གྲུབ་ཀྱི་སྣོད་བརྟག་པའི་ཕྱིར་དྲི་ལྡན་གྱི་ཤིང་སོར་བཅུ་གཉིས་པའི་ཚད་དང་མེ་ཏོག་གི་ཅོད་པན་ཅན་གྱི་སོ་ཤིང་འདི་ཉིད་ཁྱེད་རང་རྣམས་ལ་བྱིན་པས་མཁའ་དབྱིངས་ཀྱི་ཕྱག་རྒྱས་ཐོགས་ཏེ་རྩ་བས་སོ་བྲུ་བའི་ཚུལ་བྱས་པས་དེ་ལས་འཕྲོས་པའི་འོད་ཟེར་གྱིས་ལུས་ཀྱི་ནང་གང༌། སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྐད་ཅིག་གིས་སྦྱངས་པར་མོས་པ་དང་བདག་ལ་དངོས་གྲུབ་ཀྱི་ལྟས་གསལ་བར་བསྟན་དུ་གསོལ་སྙམ་པས་སྔགས་འདིའི་རྗེས་ཟློས་དང་བཅས་ཏེ་མཎྜལ་དབུས་སུ་ལྟོས་མེད་དོར་མཛོད། ཧཱུྃ༔ བླ་མ་ཡི་དམ་ལྷག་པའི་ལྷ༔ སྔོན་ནས་དམ་འབྲེལ་དཀྱིལ་འཁོར་དུ༔ རྟགས་ཀྱི་སོ་ཤིང་འདི་དོར་བས༔ ལས་འབྲེལ་རྟགས་མཚན་བསྟན་དུ་གསོལ༔ བཛྲ་ཧ་ས་ཧཱཿ དེ་ལྟར་དོར་བའི་སོ་ཤིང་གི་རྩེ་མོ་ཤར་དུ་བསྟན་ན་ཞི་བ། ལྷོར་རྒྱས་པ། ནུབ་ཏུ་དབང༌། བྱང་དུ་དྲག་པོའི་ཕྲིན་ལས། མཚམས་རྣམས་སུ་ཕྲ་མོའི་དངོས་གྲུབ། རང་དང་བླ་མ་ལ་བསྟན་ན་མཆོག་གི་དངོས་གྲུབ་འགྲུབ་པའི་ལྟས་ཡིན་པར་གསུངས་སོ། །གཉིས་པ་ཁྱོར་ཆུ་སྦྱིན་པ་ལ། དུང་ཞལ་དྲི་ལྡན་ཆུས་བཀང་བ་ལས་སྔགས་བཟླས་པས་བྱིན་གྱིས་བརླབ་ལ། རྨི་ལམ་བརྟགས་པའི་སྔོན་དུ་ཁྱོར་ཆུ་སྦྱིན་པ་ནི། དྲི་བཟང་དང་སྦྱར་བའི་ཆུས་ཁ་བཤལ་ལ་ལྷག་མ་རྒྱབ་ཏུ་དོར་བ་སྒོ་གསུམ་གྱི་ཉེས་པའི་ཚོགས་སྤྱི་དང་ཁྱད་པར་ངག་གི་ཉེས་སྐྱོན་ཐམས་ཅད་ལྷག་མེད་དུ་བྱང་བའི་མོས་པ་མཛོད། ཨོཾ་ཧྲཱིཿབི་ཤུདྡྷ་སརྦ་དྷརྨ་སརྦ་པ་པཾ་ནིཤྩ་སརྦ་བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུྃ༔ ཞེས་དུང་ཞལ་གྱི་ཆུ་སྦྱིན་ལ་ཁ་བཤལ། གསུམ་པ་སྲུང་སྐུད་འདོག་པ་ལ། སྐུད་པ་ཁ་དོག་ལྔ་ལྡན་སུམ་བསྒྲིལ་རྡོ་རྗེའི་མདུད་པ་གསུམ་བཏབ་པས་ལས་སྔགས་བཟླས་པས་བྱིན་བརླབས། བྱིན་གྱིས་བརླབས་པའི་རྡོ་རྗེའི་མདུད་པ་འདི་ཉིད་ཕོ་ཡི་དཔུང་གཡོན་དང་མོ་ཡི་གཡས་སུ་བཅིངས་པས་སྒོ་གསུམ་ལ་བར་དུ་གཅོད་པའི་ཚོགས་སྤྱི་དང་ཁྱད་པར་ཁམས་འཕོ་བའི་གེགས་ལས་སྲུང་བར་བྱས་པར་མོས་ཤིག །ལས་སྔགས་བཟླ་བཞིན་དུ་འཆིང༌། མདུད་མཚམས་རྡོ་རྗེ་བཞག་ལ། བཛྲ་རཀྵ་ཞེས་བརྟན་པར་བྱ། བཞི་པ་ཀུ་ཤ་སྦྱིན་པ་ལ། ཀུ་ཤའི་ཕོན་པོ་ཆེ་ཆུང་གཉིས་བསང༌། དྷཱིཿདང་ཧ་ལས་སྐྱེས་པའི་ཀུ་ཤའི་ཆུན་པོ་ཆུང་བ་སྔས་དང་ཆེ་བ་སྟན་གྱི་དོན་དུ་ཟུངས་ཤིག །ཀུ་ཤ་གཙང་མ་འབྲུ་གསུམ་གྱིས་བརླབས། ཧཱུྃ༔ སྔོན་ཚེ་རྫོགས་པའི་སངས་རྒྱས་ཀྱི༔ མཉམ་ཉིད་དག་པས་གདན་བཏིང་ལྟར༔ ཁྱེད་ཀྱང་རྟེན་འབྲེལ་བརྟག་པའི་ཕྱིར༔ ཀུ་ཤའི་ཆུན་པོ་སྔས་སྟན་ཟུངས༔ ཞེས་གཏད། བུ་ཀྱཻ་ཀུ་ཤའི་སྔས་སྟན་ལ༔ གཙང་ཞིང་དགེ་བའི་སེམས་ཀྱིས་ཉོལ༔ རྨི་ལམ་ཡུལ་དུ་གང་མཐོང་བ༔ ནངས་པར་སྨྲོས་ཤིག་ལུང་བསྟན་འགྱུར༔ འོ་དོ་ནུབ་རྨི་ལམ་མི་འཁྲུགས་པའི་ནུས་པ་ཅན་གྱི་ཀུ་ཤ་ཆེ་བ་སྟན་དང་ཆུང་བ་སྔས་སུ་གྱིས་ལ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མགོ་ཕྱོགས་མོས་པ་རྩེ་གཅིག་པས་གློ་གཡས་སར་ཕོབ་ལ་ཉོལ། ཐོ་རངས་ཀྱི་དགེ་མི་དགེའི་རྨི་ལམ་ནངས་པར་ང་ལ་སྨྲོས་ཤིག །རྗེས་ཕྱིར་མི་ལྡོག་པའི་སླད་དུ་ཟབ་མོའི་ཆོས་བཤད་ཅིང་སྤྲོ་བ་བསྐྱེད་ལ་གདམས་ངག་བརྗོད་པ་ལགས་པས་འདི་ལ་གསན་འཚལ། འཇིག་རྟེན་ཁམས་ནི་ཐམས་ཅད་དུ༔ འདྲེན་པ་སངས་རྒྱས་འབྱུང་བ་དང༔ ཆོས་དང་འཕགས་པའི་དགེ་འདུན་ཏེ༔ དེ་ལས་ཀྱང་ནི་རྡོ་རྗེ་ཐེག༔ ཟབ་མོ་སྟོན་དང་སྒྲུབ་པ་ནི༔ མ་བྱུང་འབྱུང་བར་ཤིན་ཏུ་དཀའ༔ བསམ་པ་བློ་གྲོས་དྲི་མེད་པའི༔ སྣོད་དུ་གྱུར་པ་རྙེད་པ་གང༔ ཚུལ་ཆེན་འདི་ལས་མི་འདའ་ན༔ དཀྱིལ་འཁོར་མཐོང་བ་ཙམ་གྱིས་ཀྱང༔ བསྐལ་མང་སྡིག་སྒྲིབ་ཟད་བྱེད་ཕྱིར༔ ཚུལ་བཞིན་དབང་བླང་དམ་ཚིག་དང༔ སྡོམ་པར་ལྡན་ན་སྨོས་ཅི་དགོས༔ དེ་བས་གཞན་དོན་སངས་རྒྱས་ཀྱི༔ གོ་འཕང་མཆོག་ཏུ་དོན་གཉེར་བས༔ རྡོ་རྗེའི་ལམ་འདི་བླང་བར་གྱིས༔ དེ་དག་གིས་སྔོན་འགྲོ་སྟ་གོན་བྱ་བ་རྣམས་གྲུབ་པ་ལགས་པས་དགེ་བ་གཞན་དོན་དུ་བསྔོ་བར་ཞུ། ཞེས་དགེ་བསྔོ་བྱས་ལ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་བྱས་པས་གྲུབ་བོ། །གཉིས་པ་དབང་དོན་སྒྲུབ་ཅིང་མཆོད་བསྙེན་ལ་གཉིས། དཀྱིལ་འཁོར་དང་དབང་རྫས་བཀོད་པ། དབང་དོན་སྒྲུབ་ཅིང་མཆོད་པའོ། །དང་པོ་ནི། སྟེགས་བུའི་སྟེང་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཀྲམ། ཅིས་ཀྱང་མ་འབྱོར་ན་གོང་དུ་སྨོས་པ་ལྟར་འབྲུའི་ཚོམ་བུ་ལྷ་གྲངས་བཀོད་པའི་དབུས་སུ་མཉྫིའི་ཁར་སྔར་སྟ་གོན་བྱས་པའི་རྣམ་བུམ་བཞག །ལྡིང་ཁྲིའི་ཁར། ཨེ་ཁྲོམ་ལ་གཙོ་ཕུར་དར་མཐིང་ནག་ཅོད་པན་ཅན། གཡས་སུ་དབང་གི་གཏོར་མ། གཡོན་དུ་ཐོད་པ་བདུད་རྩི་མེ་ལོང་སིནྡྷུ་ར་ཅན་ཆོས་འབྱུང་བྲིས་པས་བཀབ་པ། གཙོ་བོའི་ཕྱག་མཚན། བྱུག་པའི་རྫས་ཐལ་རཀ་ཞག་གསུམ། སྟག་ཤམ། སྦྲུལ་ཆུན། རུས་རྒྱན། མགོ་ཕྲེང་ཐོད་སྐམ་དབུ་རྒྱན་བཅས་འདུ་བྱས་ལ། ཚེ་འབྲང༌། ཚེ་རིལ། ཚེ་ཆང༌། ལྕགས་ཧོམ་སོགས་བསྒྲལ་ཆས་ཚང་བར་བྱས་ལ། སྨན་རཀ་གཏོར་གསུམ། ཆུ་གཉིས་ཉེར་སྤྱོད་བསྐོར་བཤམ། ལས་བུམ། སྔོན་འགྲོ་བགེགས་གཏོར། ཚོགས་ཀྱི་ཡོ་བྱད། སྲུང་མའི་མཆོད་གཏོར། ཆད་བརྟན་སོགས་ལས་བྱང་ལ་དགོས་པ་དང༌། མིག་དར། མེ་ཏོག །མིག་ཐུར། ཕྱག་ཤིང༌། མཎྜལ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་གཞུང་ལྟར་ཚོགས་པར་བྱའོ། །གཉིས་པ་ལ་གཉིས་ལས། དང་པོ་དབང་དོན་སྒྲུབ་མཆོད་ནི། བརྒྱུད་འདེབས་ནས་བརྩམས་ལས་བྱང་རྒྱས་བསྡུས་གང་རུང་གི་སྐྱབས་སེམས་ནས་བསྟོད་པའི་བར་བཏང༌། བྷྲཱུཾ་བི་ཤྭ་བི་ཤུདྡྷེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བྃ་ཧཱུྃ་ཕཊ྄༔ ཛཿཧཱུྃ་ཨཱཿ ཞེས་པས་ཛཔ་ཁང་ཕྱེས་ལ་བདག་མདུན་གཉིས་ཀར་དམིགས་ཏེ་བསྙེན་པ། སྒྲུབ་པའི་བཟླས་པ་དངོས་གཞི་བྱས་པ་དང༌། ལས་སྦྱོར་གྱི་བཟླས་པ་ཁྱུག་ཙམ་བསགས། བུམ་བཟླས་དམིགས་བསལ་ཅི་འགྲུབ་དང༌། སྟོང་ཚིག་རྗེས་འབྲུ་གསུམ་གྱིས་བུམ་ལྷ་འོད་ཞུ། ལས་བུམ་སྒྲུབ་བཟླས། བཀའ་གཏེར་སྲུང་མའི་གཏོར་ཆོག་རྒྱས་བསྡུས་སྐབས་བསྟུན། ཚོགས་བྱིན་རླབས་ནས་རོལ་པའི་བར་ཟུར་བྱང་ལྟར་སྦྱར། བསྐང་བཤགས་རྒྱས་བསྡུས་གང་འགྲུབ་བཏང༌། གཉིས་པ་ལ་བདག་ཉིད་འཇུག་པ་དང༌། སློབ་མ་གཞུག་པ་གཉིས་ལས། དང་པོ་ནི། རང་རྒྱུད་ཀྱི་སྔགས་སྡོམ་དག་པ་དང༌། ཉམས་ཆག་བྱང་བ། བསྒོམ་པའི་སྣོད་རུང་དུ་བགྱིད་པ་དང་ཡེ་ཤེས་ཀྱི་སྟོབས་འཕེལ་བ་སོགས་ཀྱི་དགོས་པས་བདག་འཇུག་འདི་ནི་ཤིན་ཏུ་གལ་ཆེ་བར་གསུངས་པས་སློབ་མ་ལ་ཇི་ལྟར་བསྐུར་བ་ལྟར་རྒྱས་པའམ། དབང་བཞི་ཡེ་ཤེས་དཔལ་སྟེར་ལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྦྱར་བ་ལྟ་བུའི་དོན་དབང་གི་ཚུལ་དུ་བྱ་བའམ། མི་ནུས་ན་རིག་པའི་མེ་ཏོག་སྤྱི་ལྟར་དོར་ལ། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས༔ སྤྲུལ་པའི་ཁྲོ་བཅུ་ཡབ་ཡུམ་འཁོར་དང་བཅས༔ དབྱིངས་ནས་སྐུར་བཞེངས་དབང་ཆེན་བསྐུར་བ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དམ་པ་སྩོལ༔ བྱང་ཆུབ་བར་དུ་མི་གཏོང་རྩེ་གཅིག་སྒྲུབ༔ ས་མ་ཡ་ཧོཿ ཞེས་ཐུགས་དམ་བསྐུལ། གཉིས་པ་སློབ་མ་གཞུག་པ་ལ། སྔོན་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ཕྱི་ནང་གི་འཇུག་པའི་ཆོས་ནི། དཀྱིལ་འཁོར་ཡོལ་བས་བསྒྲིབས། སྔར་སྟ་གོན་བྱས་པའི་སློབ་མ་རྣམས་བོས་ལ་སྒོའི་ཕྱི་རོལ་དུ་ཁྲུས་བྱས་ལ། དྲི་མེད་དག་པ་ཡེ་ཤེས་ཆུས༔ ལས་དང་བག་ཆགས་སྡིག་སྒྲིབ་སྦྱང༔ སྐལ་ལྡན་བུ་ཡི་ལུས་ངག་ལ༔ དབང་བཞིའི་སྣོད་དུ་འགྱུར་བར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང༌། ཡིག་བརྒྱ་བཟླ། བགེགས་གཏོར་བྱིན་རླབས་བསྔོས་ནས་ཀྱང༌། ཧཱུྃ༔ ཉོན་ཅིག་གཉིས་འཐས་སོགས་བཀའ་བསྒོ་དང༌། དྲག་སྔགས་རོལ་མོ་གུལ་ཡུངས་ཀྱིས་བདུག་སྟེ་བགེགས་བསྐྲད། ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ སྤྲུལ་པའི་ཕོ་ཉ་མཚོན་ཆའི་གུར༔ ཡེ་ཤེས་ལྔ་ཡི་གུར་ཁང་དཀྲིགས༔ སུས་ཀྱང་འདའ་བའི་སྐབས་མེད་དོ༔ སྲུང་བས་བཅིངས་ལ་མཚམས་བཅད། ནང་དུ་གྲལ་ལ་འཁོད་ནས་མེ་ཏོག་བཀྱེ་བསྡུ་སེམས་བསྐྱེད་གསལ་གདབ། སྐབས་སུ་བབས་པའི་ཆོས་བཤད་ཇི་ལྟར་རིགས་པ་དང་ཁྱད་པར་གྱི་ལོ་རྒྱུས། སྤྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་གསང་བ་བསམ་གྱིས་མི་ཁྱབ་པའི་དེ་ཁོ་ན་ཉིད་ཚུར་མཐོང་གདུལ་བྱའི་སྤྱོད་ཡུལ་དུ་མངོན་སུམ་སྣང་ཞིང་སྟོན་པའི་བདག་ཉིད་ནི་རྟག་ཁྱབ་ལྷུན་གྲུབ་ཀྱི་ཕྲིན་ལས་ཉིད་ཡིན་ལ། དེ་ཉིད་ཡི་དམ་ལྷག་པའི་ལྷའི་སྐུར་བཞེངས་པ་ནི་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་སྟེ། ལྷག་པའི་ལྷ་དེས་ལས་དང་དངོས་གྲུབ་རབ་འབྱམས་བསྒྲུབ་པ་ལ་བྱིན་རླབས་ནུས་པའི་གཟི་བྱིན་མཚུངས་པ་མེད་པས་རྒྱལ་ཀུན་སྤྱི་གཟུགས་ཨོ་རྒྱན་རྡོ་རྗེ་འཆང་གིས་ཀྱང་ཕྱག་རྒྱ་ཆེན་པོའི་རིག་འཛིན་མངོན་དུ་མཛད་པའི་བར་ཆད་སེལ་བའི་ཕྱིར་ཐུགས་དམ་ལྷག་པའི་ལྷར་བརྟེན་ཅིང༌། ཡི་དམ་རྡོ་རྗེ་གཞོན་ནུ་དངོས་དང་གཉིས་སུ་མེད་པའི་གོ་འཕང་བརྙེས་པའི་ཚུལ་གྱིས་གངས་ཅན་བོད་ཀྱི་ལྗོངས་སུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་ས་བཏུལ་བ་དང༌། མོན་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཏུ་ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས་ནས་གངས་ཅན་བོད་ཡུལ་མཐའ་དབུས་ཀུན་ཏུ་ས་གཏེར་གྱི་གསང་མཛོད་སྦས་ཏེ་རྩོད་དུས་གདུལ་བྱ་འདུལ་བའི་ཕྲིན་ལས་ཀྱི་སྒོ་འཕར་འབྱེད་པར་མཛད་ནས་རྗེ་འབངས་འདུས་པ་རྒྱ་མཚོའི་ཚོགས་ལ་རྡོ་རྗེ་ཕུར་པའི་རྒྱུད་ལུང་མན་ངག་གི་གསང་བ་རྒྱས་བསྡུས་སྙིང་པོ་སྣ་ཚོགས་པ་དུས་གསུམ་གྱི་སྐལ་ལྡན་ལས་ཅན་རྣམས་ལ་གནང་བར་མཛད་པས་བཀའ་གཏེར་དག་སྣང་གི་རིམ་པ་འབྱམས་སུ་ཀླས་པའི་བྱེ་བྲག་དང༌། མ་ཧཱ་གུ་རུ་རྡོ་རྗེའི་གསུང་ལས། བར་ཆད་ལོག་འདྲེན་སྐྱོབ་པའི་རྫོང༔ སྙིགས་དུས་དམ་འགོང་གདུག་པ་ཅན༔ འདུལ་བའི་གཉེན་པོ་བླ་མེད་པ༔ དྲག་པོ་འཆོལ་བའི་གསང་སྒྲུབ་བསྟན༔ ཏིང་འཛིན་འདིས་ཟབ་འཇིག་རྟེན་དུ༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ ཞེས་ཆེད་དུ་བསྔགས་པ་ལྟར། ཀྲོ་དྷ་ལོ་ཀོཏྟ་ར་ཁྲོ་བོ་འཇིག་རྟེན་མཆོག་ཅེས་མཚན་དུ་གྲགས་པ་དེ་ཉིད་ཟུར་ཆག་གི་སྐད་དུ་གྲོ་བོ་ལོད་སྟེ་བླ་མ་ཡི་དམ་ཆིག་དྲིལ་དུ་སྒྲུབ་པ་སྙིགས་དུས་རྙེད་པར་དཀའ་བའི་གསང་བ་འདི་ནི་མཐུ་སྟོབས་རྨད་བྱུང་ལང་གྲོ་ལོ་ཙཱའི་རྣམ་འཕྲུལ་མཁས་གྲུབ་ཆེན་པོ་བདུད་འཇོམས་རྡོ་རྗེ་ལ་བཀའ་བབ་པ་རྡོ་རྗེ་རྒྱལ་ཚབ་ཐུགས་སྲས་ཐུ་བོ་རྗེ་འབངས་སྙིང་གི་བུ་དགུའི་ཡ་གྱལ་གསང་སྔགས་ཆུ་བོ་བཞིའི་བཀའ་བབས་གནུབས་བན་ནམ་མཁའི་སྙིང་པོའི་སྨོན་ལམ་གྱི་རང་གཟུགས་མཁས་ཤིང་དངོས་གྲུབ་བརྙེས་པའི་རྡོ་རྗེ་སློབ་དཔོན་ཡོངས་སུ་གྲགས་པའི་མཚན་ངག་དབང་གྲགས་པ་བསྟན་འཛིན་ནམ་ཀློང་ཆེན་ཡེ་ཤེས་རྡོ་རྗེ་ཉིད་རྡོ་རྗེའི་གནས་ཆེན་རྣམས་སུ་བྱ་བྲལ་ཀུན་སྤངས་ཀྱི་ཚུལ་གྱིས་བསྐྱེད་རྫོགས་སྙིང་པོའི་དོན་ལ་ཐུགས་གཞོལ་ཏེ་བྱོན་པའི་སྐབས་བོད་ཁམས་བཀྲ་ཤིས་འབྱུང་བའི་གནས་མཆོག་མོན་སྤ་གྲོ་སྟག་ཚང་སེང་གེའི་བསམ་འགྲུབ་ཏུ་བཞུགས་པའི་ཚེ་གསང་གཏེར་གྱི་ཚུལ་དུ་སྤྱན་དྲངས་པས། ནག་ཕྱོགས་དམ་སྲི་བདུད་སྲིན་གྱི་གཉེན་པོ་གུ་རུ་དྲག་པོ་འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་ལོད་དང་དཔལ་ཆེན་རྡོ་རྗེ་ཕུར་པ་དབྱེར་མེད་དུ་སྒྲུབ་པའི་རིག་འཛིན་མཁའ་འགྲོའི་ཐུགས་ཏིག་རྨད་དུ་བྱུང་བ་སྟེ། གཞུང་ལས། བླ་མ་དཔལ་ཆེན་ཀཱི་ལ་ཡིཿ སྒྲུབ་ཐབས་བྱེ་བ་ཕྲག་བརྒྱའི་བཅུད༔ ལོ་ཆེན་ལང་གྲོ་དཀོན་མཆོག་འབྱུང༔ སྐལ་ལྡན་དཔལ་གྱི་སེང་གེ་དང༔ དབྱིངས་ཡུམ་ཛྙཱ་ན་སཱ་ག་ར༔ མོན་མོ་བཀྲ་ཤིས་ཁྱི་འདྲེན་དང༔ དགེ་སློང་ནམ་སྙིང་སྟངས་དཔྱལ་གྱིས༔ གུས་པས་གསོལ་བ་བཏབ་པས་ངོར༔ སྨིན་གྲོལ་གདམས་པ་གསལ་བར་བསྟན༔ སོ་སོར་ཚུལ་བཞིན་ཉམས་སུ་ལོངས༔ ཚེ་འདིར་འཇིགས་དང་བར་ཆད་ཞི༔ མཆོག་གི་དངོས་གྲུབ་ངེས་པར་ཐོབ༔ འབྲེལ་ཚད་སངས་རྒྱས་གོ་འཕང་སྦྱོར༔ ཐེ་ཚོམ་མེད་དོ་ལས་ལྡན་རྣམས༔ ཞེས་གསུངས་རྗེ་འབང་འཁོར་བཅས་ཀྱིས༔ སོ་སོར་ཉམས་བླང་དོགས་གཅོད་ཞུས༔ སླར་ཡང་སྟག་ཚང་དཔལ་ཕུག་ཏུ༔ སྨོན་ལམ་དབང་གི་ལྷན་ཅིག་ཚོགས༔ ཐུགས་ཀྱི་ཐིག་ལེའི་དཀྱིལ་འཁོར་དུ༔ སྨིན་གྲོལ་གདམས་པ་མཐར་ཐུག་པ༔ སྟོད་ལས་བྱང་ཆུབ་སྒྲུབ་པ་དང༔ སྨད་ལས་བདུད་དཔུང་ཚར་གཅོད་དང༔ མན་ངག་གབ་པ་མངོན་ཕྱུང་བ༔ ལས་ཚོགས་བཅུ་དྲུག་གབ་ཟེར་ལྔ༔ གསང་ཆེན་སྙིང་གི་ཐིག་ལེ་མཆོག༔ ད་ལྟའི་རྗེ་འབང་མོས་གུས་དང༔ མ་འོངས་ལས་ཅན་སྐྱེས་བུའི་དོན༔ གཏེར་ཁ་གོང་འོག་གསུམ་དུ་ཕྱེས༔ རྩ་བ་རོང་རྨེའི་བྲག་ལ་སྦས༔ ཆོས་རྒྱལ་མཚོ་རྒྱལ་ཟུང་གི་འཕྲུལ༔ མཉྫུའི་མིང་གིས་སུམ་ཅུའི་དུས༔ གསལ་ནས་ཐོད་ཁམས་ཕན་བདེར་བྱེད༔ སྙིང་པོར་བསྡུས་པས་མང་ངག་མཆོག༔ སྦས་ཡུལ་དཀར་མོའི་བྲག་ལ་སྦས༔ མ་འོང་སུམ་ཅུའི་ཁ་རལ་དུས༔ ལང་གྲོའི་སྤྲུལ་པས་གསལ་བྱས་ནས༔ འབྲེལ་ཚད་ཐར་པའི་ལམ་ལ་བཀོད༔ ཡང་ཟབ་སྙིང་པོ་ཐིག་ལེ་མཆོག༔ རྩ་བ་ལེ་ལག་དང་བཅས་པ༔ སྟག་ཚང་གསང་བའི་བྲག་ལ་སྦས༔ ནམ་སྙིང་སྟངས་དཔྱལ་སྨོན་ལམ་མཐུས༔ ཉི་ཤུའི་ཁ་རལ་དུས་རྙེད་འགྱུར༔ ལས་ཅན་ཆོས་ཀྱི་བདག་པོ་དང༔ འཕྲད་ཚེ་བར་ཆད་འཕྲང་ལས་སྒྲོལ༔ མཆོག་ཐུན་དངོས་གྲུབ་ངེས་པར་ཐོབ༔ ས་མ་ཡ༔ ཞེས་རྡོ་རྗེའི་ལུང་གིས་བསྟན་པ་བཞིན་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཚུལ་མང་དུ་ཡོད་པར་མངོན་ཡང་ལུང་ཟིན་རྩ་བའི་ཆོས་བདག་རྣམས་ཀྱི་དོན་དུ་ལས་བྱང་སྙིང་པོ་བཅུད་བསྡུས་ཟབ་འདྲིལ་ཙམ་སྣང་བར་མཛད་པའི་སྨིན་བྱེད་ཀྱི་རིམ་པ་ལ་སྔོན་འགྲོ་སྟ་གོན་གྱི་ཆོས་སོང་ཟིན་ཏེ། དངོས་གཞི་དབང་བསྐུར་གསན་པའི་དོན་དུ་མཎྜལ་ཕུལ། སློབ་དཔོན་དཔལ་ཆེན་ཁྲག་འཐུང་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བ་ལ་མོས་གུས་དྲག་པོས་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ དབང་དང་བྱིན་རླབས་བདག་ལ་སྩོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པས་གསང་བ་ཟབ་མོའི་རྡོ་རྗེ་གསེང་ལམ་དུ་ཞུགས་པ་ལ་སྣོད་དུ་རུང་མིན་འདྲི་བ་ནི། ཧོཿ ལེགས་འོང་སྐལ་ལྡན་རིགས་ཀྱི་བུ༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ འཇུག་ཅིང་དམ་གནས་དབང་སྐལ་ལྡན༔ ལྷ་དང་བླ་མ་ངོ་ཤེས་སམ༔ ཞེས་དྲིས་པས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོཿ བདག་ཅག་སྐལ་ལྡན་རིགས་ཀྱི་བུ༔ བླ་མ་ལྷ་ཡི་བཀའ་བཞིན་དུ༔ མི་འདའ་དམ་བཟུང་སྒོ་བཞིན་དུ༔ གསང་ཆེན་དཀྱིལ་འཁོར་འཇུག་པར་སྤྲོ༔ དེ་ནས་སྐྱབས་འགྲོ་སེམས་བསྐྱེད། ཡན་ལག་བརྒྱད་པ་སྡོམ་བཟུང་རྣམས་སྟ་གོན་སྐབས་ལྟར་བྱ། ཙཀྵུ་བྷནྡྷ་ཝཱ་ར་མ་ན་ཧཱུྃ༔ མིག་དར་འཆིང༌། ཨཱ་ཁཾ་ཝི་ར་ཧོཿས་མེ་ཏོག་གཏད་ནས། གཉིས་པ་དངོས་གཞིའི་དབང་གི་སྔོན་འགྲོ་ཡེ་ཤེས་དབབ་པའི་སླད་དུ་རྡོ་རྗེ་མནའ་ཆུ་སྦྱིན་པ་ལ། རིགས་ཀྱི་བུ་ཁྱེད་སྔགས་བླ་མེད་ཀྱི་དཀྱིལ་འཁོར་དུ་ཞུགས་ནས་མཆོག་ཏུ་གསང་བའི་རང་བྱུང་གི་ཡེ་ཤེས་བསྐྱེད་པར་བྱ་བ་ལ། དེའི་སྲོག་ཏུ་གྱུར་པའི་དམ་ཚིག་བསྲུང་དགོས་པས་རྡོ་རྗེ་བདུད་རྩིའི་མནའ་ཆུ་འདི་ཉིད་བྱིན་པས་དམ་ཚིག་ཉམས་ན་དངོས་གྲུབ་ཐོབ་པའི་སྐབས་མེད་ཅིང་སྡིག་པ་མགོ་དགུར་གྱུར་ནས་སྙིང་ཁྲག་འཇིབས་ཏེ། འདི་དང་ཕྱི་མར་སྡུག་བསྔལ་དུ་མས་ཚར་གཅོད་པས་དམྱལ་བའི་ཆུ་ཞེས་བྱ་ཞིང༌། བསྲུངས་ན་ཡེ་ཤེས་སེམས་དཔར་གྱུར་ནས་འདི་ཕྱིའི་ཕན་བདེ་མ་ལུས་པའི་འབྱུང་གནས་སུ་གྱུར་པས་བདུད་རྩི་སྟེ། བཀའ་གཉན་པའི་ཁེ་ཉེན་ཆེན་པོ་གཉིས་སུ་ཡོད་པར་ཤེས་པས་བདུད་རྩི་འདི་ཉིད་ལྕེ་ལ་བཞག་ཀྱང་བབས་པ་སྙིང་དབུས་ཐིམ་པར་མོས་ལ། ནང་མཆོད་བྱིན་ལ། འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་དངོས་གྲུབ་ཐོབ། །དམ་ཚིག་བདུད་རྩིའི་ཆུ་འཐུངས་ཤིག །ས་མ་ཡ་ཨི་དན་ན་ར་ཀན། དམ་ཚིག་བསྲུངས་བའི་ཕན་ཡོན་དང་མ་བསྲུངས་བའི་ཉེས་དམིགས་བསྒྲགས་ཤིང་རྡོ་རྗེ་སློབ་དཔོན་བཀའ་གཉན་པའི་དམ་ལ་བཞག་པའི་ཐ་ཚིག་བསྒྲགས་པ་ནི། སློབ་དཔོན་གྱིས་རྡོ་རྗེ་གདེངས་ཏེ། ཧོཿ དམ་ཚིག་གསང་བའི་དཀྱིལ་འཁོར་དུ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་བས༔ ང་ནི་ཧེ་རུ་ཀ་དཔལ་ཏེ༔ བསྒོ་བའི་དམ་ལས་མ་འདའ་ཞིག༔ བཛྲ་ས་མ་ཡ་ན་ར་ཀན༔ ཡེ་ཤེས་དབབ་པ་དངོས་ལ། སློབ་མ་རྣམས་སྒོ་གསུམ་གྱི་གནད་གཅུན་ཏེ་དམིགས་པ་འདི་བཞིན་དུ་མཛོད། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། སྣོད་རྣམ་པར་དག་པ་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ཀྱི་བཀོད་པ་རྫོགས་པའི་དབུས་སུ་པདྨ་ཉི་མ་ལྷ་ཆེན་ཕོ་མོའི་གདན་ལ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་ཀྱི་རིག་པའི་ངོ་བོ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག །ཞལ་གསུམ་གཡས་དཀར་ལ་གཡོན་དམར་ཕྱག་དྲུག་གཡས་དང་པོ་དང་བར་པས་རྡོ་རྗེ་རྩེ་དགུ་དང་རྩེ་ལྔ། གཡོན་དང་པོ་དང་བར་པས་མེ་དཔུང་དང་ཁ་ཊྭཱྃ་ཀ་བསྣམས་ཤིང༌། ཐ་མ་གཉིས་ཀྱིས་རི་རབ་ཕུར་བུ་འདྲིལ་བ་དཔལ་དང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་ཞབས་བཞི་འདོར་ཐབས་སུ་བགྲད་པའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་སྐྱ་ཨུཏྤལ་དང་དུང་ཁྲག་བསྣམས་པས་འཁྱུད་པ་གནས་ལྔར་སྲས་མཆོག་རིགས་ལྔ་ཚིགས་མཚམས་ཁྲོ་བོ་བཅུ་སྟངས་དཔྱལ་ཕྲ་ཐབས་དང་བཅས་པ། ཡན་ལག་བཞིར་སྒོ་མ་ཕུར་སྲུང་དང་བཅས་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་གསལ་ཐོབ་ཅིག །དེ་ནས་རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་དང་རྩ་གསུམ་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་མོས་གུས་གདུང་ཤུགས་ཚད་མེད་པའི་རྡོ་རྗེའི་གླུ་གར་རོལ་མོས་བསྐུལ་བས། ཕྱོགས་བཅུ་དུས་བཞིའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མའི་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཆེན་པོའི་བྱིན་རླབས་དངོས་གྲུབ་མ་ལུས་པ་སྐུ་ཕྱག་རྒྱའི་གར་སྟབས་ཤིགས་སེ། གསུང་སྔགས་ཀྱི་ཛཔ་དབྱངས་བརྡ་གླུ། ཐུགས་བདེ་སྟོང་ཕྱག་རྒྱའི་རོལ་པས་ལྷ་སྔགས་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་མེད་པ་ཆར་དྲག་ཏུ་བབ་པ་བཞིན་བྱོན་ནས་ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་པས་ལྷག་པའི་ཡེ་ཤེས་ཆེན་པོའི་གཟི་བྱིན་སྙིང་ལ་ཕབ་སྟེ་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མོས་མཛོད། སློབ་དཔོན་གྱིས་ཌཱ་དྲིལ་གདངས་དབྱངས་དང་བཅས་ཏེ་བསྐུལ། ཧཱུྃ༔ ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ནས༔ མི་ཕྱེད་རྡོ་རྗེ་ཕུར་པའི་ལྷ༔ སྲས་དང་སྤྲུལ་པར་བཅས་པ་རྣམས༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ མི་མངོན་དབྱིངས་ནས་སྐུར་བཞེངས་ལ༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ྄༔ ཛྙཱ་ན་བཛྲ་ཨ་བེ་ཤ་ཡ་ཨཿ ཞེས་བཏགས་པ་བརྗོད་པས་དབབ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། ཞེས་རྒྱ་གྲམ་མགོར་བཞག །དེ་ནས་ལྷ་དང་སྐལ་པ་མཉམ་པའི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ཡིན་པས་འདིའི་རྗེས་ཟློས་མཛོད། ཀྱཻ། དཔལ་ཆེན་རྡོ་རྗེ་གཞོན་ནུ་དང༌། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །སྒོ་བ་ཆེན་པོ་ཁྱེད་རྣམས་ཀྱིས། །སྒོ་ཕྱེ་ཐར་པའི་གྲོང་བསྟན་འཚལ། །ལན་གསུམ། ཞེས་གསོལ་བས་དཀྱིལ་འཁོར་གྱི་སྒོ་བཞི་ཤག་གིས་ཕྱེ་བར་མོས་ཤིག །བླ་མས། ཨ་ཁྃ་ཝི་ར་ཧཱུྃ་དང་དབྱེ་རྒྱ་བཅས་ཡོལ་བ་བསལ། གཙོ་བོའི་ཐུགས་ཀ་ནས་བྱུང་བའི་ལས་ཀྱི་རྡོ་རྗེས་ཕྱག་ལ་འཇུས་ཏེ་ཤར་སྒོ་ནས་བཟུང་རིམ་པར་གཡས་བསྐོར་གྱིས་སྒོ་བཞིར་ཞུགས་ཤིང་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བའི་མོས་པས་ཐལ་མོ་གནས་གསུམ་དུ་སྦྱོར་ལ་སྔགས་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་ཏེ་ཧཱུྃ། ཨོཾ་ན་མ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ། ལན་བཞི་བརྗོད། དེ་ནས་སླར་གཞལ་ཡས་ཁང་གི་ཤར་སྒོར་ཕྱིན་པ་དང༌། སྔར་བྱིན་པའི་མེ་ཏོག་དེ་ཉིད་རྡོ་རྗེའི་ཐལ་མོས་བཟུང་ལ་རིགས་ཀྱི་ལྷ་ལ་བབ་པར་ཤོག་ཅིག་སྙམ་པའི་མོས་གུས་དང་བཅས་ཏེ་མེ་ཏོག་གི་དོ་ར་འདིར་རྗེས་ཟློས་དང་བཅས་ཏེ་འདོར་བར་ཞུ། ཧོཿ གསང་ཆེན་ངེས་པའི་དཀྱིལ་འཁོར་ཆེ༔ བླ་མ་ཕུར་པའི་ལྷ་ཚོགས་ལ༔ ཡེ་ཤེས་རིགས་པའི་མེ་ཏོག་འབུལ༔ སྔོན་འཕྲོས་ལྷ་ལ་བབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོཿ དེ་ལྟར་དོར་བའི་མེ་ཏོག་དབུས་སུ་བབ་ན་གཙོ་བོ། ཕྱོགས་མཚམས་སུ་བབ་ན་ཁྲོ་བཅུའི་རིགས་དང་འབྲེལ་བའི་རྟགས་སུ་གསུངས་ཀྱང༌། གཙོ་འཁོར་ཐམས་ཅད་ཡེ་ཤེས་ཀྱི་རོལ་པ་གཅིག་ལས་མ་འདས་པས་མེ་ཏོག་གི་ཅོད་པན་ལྷག་པའི་ལྷས་བཞེས་ཏེ། སླར་ཡང་དབང་རྟགས་སུ་སྤྱི་བོར་བཅིངས་ནས། བྱང་ཆུབ་བར་དུ་འབྲལ་བ་མེད་པར་བྱིན་གྱིས་བརླབས་ཏེ་བརྟན་པར་བྱས་པར་མོས་ཤིག །པྲ་ཏི་གྲྀ་ཧྣ་ཨི་མཾ་ས་ཏྭ་མ་ཧཱ་བཱ་ལ༔ སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས། ཁྱེད་རང་རྣམས་ཀྱི་མིག་ལ་ཕོག་པས་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ། དག་པ་ཆེན་པོ་རྡོ་རྗེ་ཡེ་ཤེས་ཀྱི་སྤྱན་ཕྱེ་བས་འོད་གསལ་ཡེ་ཤེས་ཀྱི་དཀྱིལ་འཁོར་མཐོང་བའི་སྐལ་ལྡན་དུ་བྱས་པར་མོས། མིག་ཐུར་ཐོགས་ལ། ཨེ་མ་ཧོ་གདོད་ནས་རྣམ་པར་དག༔ དྲི་མེད་འོད་གསལ་རྡོ་རྗེའི་སྤྱན༔ གློ་བུར་འཁྲུལ་པས་བསྒྲིབས་པའི་མུན༔ ཡེ་ཤེས་ཐུར་མས་དབྱེ་བར་བྱ༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ྄༔ ཅེས་གདོང་གཡོགས་བསལ་ལ། ཕྱག་ཤིང་གི་དཀྱིལ་འཁོར་བསྟན་ཏེ། འདི་ལྟར་མཚོན་བྱེད་དཔེའི་གཟུགས་བརྙན་གྱི་དཀྱིལ་འཁོར་ལས། མཚོན་བྱ་དོན་གྱི་དཀྱིལ་འཁོར་རྡོ་རྗེའི་སྲུང་བའི་འཁོར་ལོའི་དབུས་སུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེའི་རྡུལ་གྱིས་འཐས་པར་གདལ་བ་ལ་ཕྱི་རོལ་དུ་དུར་ཁྲོད་བརྒྱད་པདྨ་ཉི་མ་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བར་ཡེ་ཤེས་རང་སྣང་ལས་གྲུབ་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་ཕྱི་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ། ནང་ཐོད་པ་སྐམ་རློན་རྙིད་གསུམ་གྱི་རྩིག་པའི་མཁར་དུར་ཁྲོད་དྲག་པོའི་གཞལ་ཡས་ཁང་ཚད་དང་མཚན་ཉིད་ཡོངས་སུ་རྫོགས་པའི་ལྟེ་བར་གནམ་ལྕགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བཅུ་པ་མུ་ཁྱུད་དང་བཅས་པའི་ལྟེ་བའི་དབུས་སུ་གྲུ་གསུམ་མཐིང་ནག་འབར་བ་རྡོ་རྗེའི་བྲག་ཆེན་པདྨ་ཉི་ཟླ་རུ་ཏྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ་སངས་རྒྱས་ཀུན་གྱི་ཕྲིན་ལས་ཀྱི་སྤྱི་དཔལ་འཇིགས་མཛད་ཀརྨ་ཀཱི་ལ་ཡ་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་དཀར་གཡོན་དམར་དབུས་མཐིང་ནག །ཕྱག་དྲུག་གིས་རྡོ་རྗེ་རྩེ་དགུ་རྩེ་ལྔ། མེ་དཔུང་ཁ་ཊྭཱཾ། ཐ་མ་གཉིས་ཕུར་བུ་འདྲིལ་བ། དཔལ་དང་དུར་ཁྲོད་རོལ་པའི་ཆས་ཅན། ཡུམ་འཁོར་ལོ་རྒྱས་འདེབས་ཨུཏྤལ་དང་དུང་དམར་འཛིན་པ། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་འགྱིང་བ། ཕྱི་རོལ་གྱི་རྩིབས་བཅུ་ལ་ཁྲོ་བོ་བཅུ་ཕྲ་ཕྱག་དང་བཅས་པ། ཕྱོགས་བཞིར་སྲས་མཆོག་རིགས་བཞི། སྒོ་བཞིར་སྒོ་མ་བཞི། གཙོ་བོའི་སྐུ་ཡི་གནས་རྣམས་སུ་ཁྲོ་བཅུ་སྲས་མཆོག་དང་བཅས་པ་ཡོངས་སུ་རྫོགས་པ་མངོན་སུམ་བཞིན་དུ་མཇལ་བའི་མོས་པས་དགའ་སྤྲོ་རྒྱ་ཆེན་པོ་སྐྱེད་ཅིག །སྣོད་བཅུད་ལྷར་སྣང་བ་དེ་དག་ཀྱང་ནང་དུ་སློབ་མའི་ཕུང་ཁམས་སྐྱེ་མཆེད་ལ་གདོད་ནས་ཡོངས་སུ་རྫོགས་པ་དབང་བཞིའི་ལམ་ལ་སྦྱང་བས་རིམ་བཞིན་མངོན་སུམ་དུ་མཇལ་བར་འགྱུར་རོ། །དེ་ལྟར་དེ་དག་གི་སྔོན་འགྲོ་འཇུག་པའི་ཆོས་སོང་ནས། དངོས་གཞི་དབང་བསྐུར་ཞུ་བ་སྐབས་ཕྱེད་པའི་དོན་དུ་མཎྜལ་ཕུལ། གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་ལ། དབང་བཞི་མཐའ་བརྟེན་དང་བཅས་པ་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཀུན་འདུས་རྡོ་རྗེ་འཛིན༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ བླ་མ་རྡོ་རྗེ་གཞོན་ནུ་ཡི༔ དབང་བསྐུར་དམ་པ་བསྩལ་དུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པས་བདག་མདུན་གྱི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་གྱིས་ནམ་མཁའ་གང་བའི་གདན་གསུམ་ཚང་བའི་ལྷ་ཚོགས་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བས་དབང་བསྐུར་བར་མོས་ཤིག །རྣམ་རྒྱལ་བུམ་པའི་དབང་བསྐུར་ལ། ཧཱུྃ༔ མི་ཤིགས་བུམ་པའི་དཀྱིལ་འཁོར་དུ༔ བླ་མ་ཕུར་པའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྒོ་གསུམ་སྨིན་ཅིང་གྲོལ་བར་ཤོག༔ ཨོཾ་གུ་རུ་བཛྲ་ཀུ་མཱ་ར་ཀ་ལ་ཤ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་གང༌། སྒྲིབ་པ་བཞིའི་ས་བོན་བག་ཆགས་དང་བཅས་པ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱེད་ལ་བུམ་པའི་དབང་བསྐུར་བས༔ རྡོ་རྗེ་ཕུར་པའི་དབང་མ་ལུས་པའི་དབང་ཡོངས་སུ་རྫོགས་པ་ཐོབ་སྟེ༔ འབྲས་བུ་སྐུ་བཞིའི་སངས་རྒྱས་ཐོབ་པར་གྱུར་ཅིག༔ དེ་དང་རྗེས་སུ་འབྲེལ་བ་ནང་ནུས་པ་འཇུག་པ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པ་ལ། མདུན་བསྐྱེད་དཀྱིལ་འཁོར་གྱི་ལྷ་ཚོགས་ལས་རང་འདྲའི་སྐུ་གཉིས་པ་བྱོན་ཏེ་ཁྱེད་རང་རྣམས་ལ་ཐིམ་པས་འཁྲུལ་རྟོག་ཡེ་ཤེས་ལྷའི་འཁོར་ལོར་སྡོམ་པར་མོས་ཤིག །སྐུ་ཙཀ་དཔྲལ་བར་བཞག་ལ། ཨོཾ༔ མི་ཤིགས་ཆོས་སྐུའི་དཀྱིལ་འཁོར་ནས༔ གདོད་ནས་རྣམ་དག་ཡེ་ཤེས་སྐུའི༔ སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ཆེ༔ རྡོ་རྗེ་སྐུ་ཡི་དབང་བསྐུར་རོ༔ ཨོཾ་གུ་རུ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱེད་ལ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་ལྷ་དབང་ཡོངས་སུ་རྫོགས་པའི་དབང་བསྐུར་བས༔ སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དབང་མཆོག་ཐོབ་པར་གྱུར་ཅིག༔ སྐབས་འདིར་གཏེར་གཞུང་ལས། སྤྲོ་ན་ལྷ་ཚོགས་ཕྱག་རྒྱ་བསྒྱུར༔ ཞེས་གསུངས་པ་ཁྲོ་བཅུ་སྲས་མཆོག་སྒོ་མ་དང་བཅས་པའི་ལྷ་དབང་སྦྱར་བར་འདོད་ན་ཟུར་བྱང་ལྟར་ཤེས་པར་བྱའོ། །དེ་ལྟར་སྐལ་ལྡན་ཁྱེད་ལ་སྐུ་ཡི་དབང་བསྐུར་བས་སྣང་སྲིད་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་སྣང་སྟོང་ལྷའི་སྐུ་སྒོམ་པ་དང་མ་བྲལ་བས་སྣང་བ་ཐམས་ཅད་ལྷ་སྐུ་ཕྱག་རྒྱའི་གཟེར་ཐེབས་པར་གྱིས་ཤིག །གཉིས་པ་གསུང་གི་བྱིན་གྱིས་བརླབ་པའི་སླད་དུ། སྔགས་བྱང་མགྲིན་པར་བཞག་པས། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་བརྗོད་ཀྱི་བླ་མ་དཔལ་ཆེན་པོའི་རྡོ་རྗེ་གསུང་གི་ནུས་པ་འཇུག་ཅིང་བརྟན་པར་མོས་མཛོད། སྔགས་བྱང་མགྲིན་པར་བཞག་ལ། ཨཱཿ གྲགས་སྟོང་འགག་པ་མེད་པའི་གདངས༔ འགྱུར་མེད་ནཱ་དའི་དཀྱིལ་འཁོར་ནས༔ གདོད་ནས་རང་བྱུང་སྔགས་ཀྱི་སྒྲས༔ རྡོ་རྗེ་གསུང་གི་དབང་བསྐུར་རོ༔ ཨཱཿབཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ སྐལ་ལྡན་ཁྱེད་ལ་གསུང་སྔགས་ཀྱི་བྱིན་གྱིས་བརླབས་པས་དེང་ཕྱིན་ཆད་གྲགས་སྟོང་སྔགས་ཀྱི་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བརྩོན་ནས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་རྡོ་རྗེའི་སྔགས་ཀྱི་གཟེར་གྱིས་ཐེབས་པར་གྱིས་ཤིག །ཐུགས་རང་བྱུང་གི་དགོངས་པ་ངོ་སྤྲད་པའི་སླད་དུ་མེ་ལོང་དྭངས་པའི་ངོས་སུ་གཟུགས་བརྙན་སྣ་ཚོགས་སུ་སྣང་ཡང་རང་བཞིན་མ་གྲུབ་པའི་དཔེས་མཚོན་ནས། རང་སེམས་སྟོང་པའི་རང་རྩལ་ལས་གཟུང་འཛིན་འཁྲུལ་པའི་སྣང་བ་སྣ་ཚོགས་སུ་ཤར་ཡང་གདོད་མ་ནས་སྐྱེ་འགག་གནས་གསུམ་བྲལ་བའི་དོན་རང་རིག་སྐད་ཅིག་མའི་རང་རྩལ་དུ་ངོ་ཤེས་པར་གྱིས་ལ་སྣང་རིག་ཟུང་འཇུག་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་ཞོག་ཅིག །མེ་ལོང་ངམ་ཤེལ་རྡོ་བསྟན་ལ། ཧཱུྃ༔ སྤྲོས་བྲལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ འོད་གསལ་རང་གྲོལ་ཡེ་དག་རྩལ༔ མི་འགྱུར་ཀ་དག་དགོངས་པའི་གཟེར༔ རྡོ་རྗེ་ཐུགས་ཀྱི་དབང་བསྐུར་རོ༔ ཧཱུྃ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ནས་བཟུང་སྟེ་རིག་སྟོང་ཡེ་ཤེས་ཆེན་པོའི་ངང་ལ་རྟག་ཏུ་མཉམ་པར་བཞག་པ་ལས་མ་གཡོས་པས་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་འགྱུར་བའི་གཟེར་གྱིས་ཐེབས་པར་གྱིས་ཤིག །ཡོན་ཏན་ཡོངས་སུ་རྫོགས་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བའི་རབ་འབྱམས་བཀའ་ཡི་དབང་གི་སླད་དུ་རྡོ་རྗེ་གསུམ་གྱི་དམ་ཚིག་རྡོ་རྗེ་དང་དྲིལ་བུ་གཏད་པས། རྡོ་རྗེ་ཐུགས་ཀར་གསོར་ཞིང་དྲིལ་བུ་དཀུར་བརྟེན། སླར་ཐུགས་ཀར་འཁྱུད་རྒྱས་བཟུང་བས་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བར་མོས་ཤིག །རྡོར་དྲིལ་གཏད་དེ། སྭཱ༔ གདོད་ནས་ལྷུན་གྲུབ་དཀྱིལ་འཁོར་ནས༔ ཚིག་ལས་འདས་པའི་དེ་ཉིད་ཆེ༔ རབ་འབྱམས་སློབ་དཔོན་བཀའ་ཡི་དབང༔ རྡོ་རྗེ་ཡོན་ཏན་དབང་བསྐུར་རོ༔ སྭཱ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་རཏྣ་ཨ་བྷི་ཥིཉྩ་སྭཱ༔ ཧོཿ སྐལ་ལྡན་ཁྱེད་ལ་མན་ངག་སྙིང་པོའི་ལུང་བྱིན༔ དབང་བསྐུར་བཀའ་རྟགས་གཏད་པས༔ དེ་རིང་ཕན་ཆད་དཔལ་ཆེན་པོ་གཙོ་དང་འཁོར་དུ་བཅས་པ༔ རབ་འབྱམས་རྒྱ་མཚོའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ དཔལ་ཧེ་རུ་ཀ་དང་གཉིས་སུ་མེད་པའི་ཡོན་ཏན་ལ་དབང་འབྱོར་བའི་ཚར་གཅོད་རྗེས་འཛིན་གྱི་ཕྲིན་ལས་མཐར་ཕྱིན་པའི་བརྡ་རྟགས་སུ་ཕྱག་མཚན་དང་མནན་བསྲེགས་འཕང་བའི་རྫས་ཀྱི་དབང་བསྐུར་བས་དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ལ་དབང་འབྱོར་བའི་རྒྱུར་གྱུར་ཅིག༔ ཕྱག་མཚན་དང་ཟོར་རྫས་གཏད་ལ། ཧཱ༔ མི་ཤིགས་ཕྲིན་ལས་དཀྱིལ་འཁོར་ནས༔ མ་རུངས་བདུད་བགེགས་ཚར་གཅོད་ཕྱིར༔ མནན་བསྲེགས་འཕང་སོགས་ལས་སྦྱོར་གྱིས༔ རྡོ་རྗེ་ཕྲིན་ལས་དབང་བསྐུར་རོ༔ ཧཱ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་ཀརྨ་ཨ་བྷི་ཥིཉྩ་ཧཱཿ སྐལ་ལྡན་ཁྱེད་ལ་དཔལ་གྱི་ཕྱག་མཚན་དང་མནན་བསྲེགས་འཕང་བའི་རྫས་ཀྱི་དབང་བསྐུར་བས་ཕུར་པ་རྫས་ཀྱི་དཀྱིལ་འཁོར་ཡེ་ཤེས་ཁྲོ་བོའི་རང་བཞིན་དུ་བྱིན་རླབས་ནུས་པའི་དབང་མཆོག་དམ་པ་ཐོབ་པར་གྱུར་ཅིག༔ གསང་བའི་དབང་གི་སླད་དུ་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་མཉམ་པར་སྦྱོར་བའི་བྱང་ཆུབ་སེམས་ཀྱི་བདུད་རྩི་ངག་ཏུ་བྱིན་པས་རྩ་ཁམས་ཟག་མེད་ཀྱི་བདེ་བས་གང་སྟེ༔ གསང་བའི་དབང་ཐོབ་པར་མོས་ཤིག༔ གསང་ཐོད་ཀྱི་བདུད་རྩི་བྱིན་ལ། ཧཱུྃ༔ ཐབས་ཤེས་སྦྱོར་བའི་བྱང་ཆུབ་སེམས༔ དཀར་དམར་བདུད་རྩིའི་བཅུད་ཆེན་པོ༔ རྡོ་རྗེ་གསང་བའི་དམ་རྫས་མཆོག༔ སྦྱིན་གྱིས་གཉིས་རྟོག་བྲལ་བས་རོལ༔ མ་ཧཱ་སུ་ཁ་གུ་ཧྱ་ཨ་བྷི་ཥིཉྩ་ཨཱཿ ཧོཿ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ་གསང་བ་བྱང་ཆུབ་སེམས་ཀྱི་དབང་འདི་བསྐུར་བས༔ རྩ་ཁམས་ཡོངས་སུ་རྫོགས་པ་བདེ་སྟོང་དབྱེར་མེད་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་གྱུར་ཅིག༔ གསུམ་པ་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ༔ གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པའི་རིག་མ་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་བྱིན་པར་མོས་ཤིག༔ རིག་ཙཀ་གཏད་ལ། ཧཱུྃ༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི༔ ཡེ་ཤེས་མཆོག་གི་དེ་ཁོ་ན༔ མངོན་སུམ་འདྲེན་པའི་ཕྱག་རྒྱ་མོ༔ སྣ་ཚོགས་གཟུགས་ཅན་གཏད་ཀྱིས་ལོངས༔ པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྐལ་ལྡན་ཁྱེད་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་ལྷན་སྐྱེས་དཔེའི་ཡེ་ཤེས་ཉམས་སུ་མྱངས་ཏེ་བདེ་སྟོང་རྣམ་པར་མི་རྟོག་པ་ལ་མཉམ་པར་སྦྱོར་བའི་དབང་ཐོབ་པར་གྱུར་ཅིག༔ དབང་བཞི་པ་རྩལ་དབང་གིས་ངོ་སྤྲོད་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་རིག་པ་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་རྩེ་གཅིག་ཏུ་གཏོད་ཅིག༔ ཧཱུྃ༔ བསམ་གྱིས་མི་ཁྱབ་ཕྱག་རྒྱ་ཆེ༔ དངོས་མཚན་ལས་འདས་དེ་བཞིན་ཉིད༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ༔ རང་ལ་གནས་པ་ཨེ་མ་ཧོཿ དྷརྨ་དྷཱ་ཏུ་ཨ་ཏི་ཧོཿ སྐལ་ལྡན་ཁྱེད་ལ་དབང་བཞི་པ་དོན་གྱི་ཡེ་ཤེས་ངོ་སྤྲད་པས་དབྱིངས་རིག་དབྱེར་མེད་ངེས་པ་དོན་གྱི་རྡོ་རྗེ་གཞོན་ནུ་རིག་པ་ཡེ་ཤེས་ཕུར་བུའི་དགོངས་པ་མངོན་སུམ་དུ་གྱུར་པའི་མོས་པ་མཛོད༔ དཔལ་གྱི་གཏོར་ཆེན་འདི་ཉིད་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཁྲོ་བཅུ་ཕྲ་ཐབས་སྒོ་སྲུང་དམ་ཅན་དང་བཅས་པ་དངོས་སུ་གསལ་བའི་སྟེང་གི་ཆ་ལ་རིག་འཛིན་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། འོག་རོལ་དུ་མཁའ་འགྲོ་དམ་ཅན་སྲུང་མ་དང་བཅས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སྐུ་གསུང་ཐུགས་ལས་བྱིན་རླབས་དངོས་གྲུབ་ཐམས་ཅད་བདུད་རྩིའི་འོད་ཟེར་ཐིག་ལེའི་རྣམ་པར་བྱོན་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། གནས་གསུམ་དུ་ཐིམ་པས་གསང་བ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་རྩལ་རྫོགས་སུ་ཐོབ་བྱུང་སྙམ་དུ་མོས་པ་མཛོད། དཔལ་གཏོར་གནས་གསུམ་དུ་བཞག་སྟེ། ཧཱུྃ༔ སྣང་བ་རྣམ་དག་གཏོར་གཞོང་དུ༔ སྲིད་བཅུད་ཡོངས་གྲུབ་གཏོར་ཆེན་བཤམས༔ བླ་མ་ཕུར་པའི་དཀྱིལ་འཁོར་རྫོགས༔ དམ་རྫས་གཏོར་མའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་གྱུར། ཧོཿ སྐལ་ལྡན་ཁྱེད་ལ་གཏོར་ཆེན་ཡེ་ཤེས་ཕྱག་རྒྱས་དབང་བསྐུར་བས་བདེ་གཤེགས་ཀུན་གྱི་ཐུགས་དམ་བསྐངས་ཏེ། བར་གཅོད་ཐམས་ཅད་ཞི་བའི་དབང་དམ་པ་ཐོབ་པར་གྱུར་ཅིག༔ བཀྲ་ཤིས་ཚེ་ཡི་དབང་བསྐུར་ནི། བྷྲཱུཾ་ལས་བུམ་པ་གཞལ་ཡས་ཁང་རྡོ་རྗེའི་གུར་ཅན་གྱི་ནང་དུ་བླ་མ་དཔལ་ཆེན་པོའི་སྐུ་ལས་འོད་ཟེར་འཕྲོས་པས་འཁོར་འདས་ཀྱི་ཚེ་བཅུད་བདུད་རྩིའི་རྣམ་པར་བསྡུས་ནས་བསྐྱིལ་བ་དང༌། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་མཚོ་ལ་སྦྲང་ཆར་བབས་པ་ལྟར་དངོས་གྲུབ་ཀྱི་ཞལ་ཟས་ཟླ་གམ་ལ་ཐིམ་པས་དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་དུ་གྱུར་པར་མོས་ཤིག༔ ཚེ་བུམ། ཞལ་ཟས་དངོས་གྲུབ་ཀྱི་རྫས་རྣམས་སྤྱི་བོར་བཞག་སྟེ། སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་ཨ་ཡུརྫྙཱ་ན་ཚེ་བྷྲཱུཾ་ཧཱུྃ་ནྲྀ་ཛཿ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ ཧོཿ སྐལ་ལྡན་ཁྱེད་ལ་ཚེ་དབང་དངོས་གྲུབ་ཞལ་ཟས་ལོངས་སྤྱོད་སྣ་ཚོགས་ཀྱི་དབང་བསྐུར་བས་བདེ་བར་གཤེགས་པའི་སྐུ་ཚེ་དང་ལང་ཚོ་ལ་མངའ་བརྙེས་ཤིང་མཆོག་ཐུན་ཕུན་སུམ་ཚོགས་པའི་དངོས་གྲུབ་ཀྱི་དབང་དམ་པ་ཐོབ་པར་གྱུར་ཅིག །དེ་དག་གི་བླ་ཕུར་ཐུགས་ཀྱི་ཐིག་ལེའི་གསང་བ་ཟབ་མོའི་ཕྱི་བུམ་པའི་དབང༌། ནང་གསང་བའི་དབང༌། གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་དེ་ཁོ་ན་ཉིད། བཞི་པ་རྩལ་གྱི་དབང༌། མཐའ་རྟེན་བཀྲ་ཤིས་ཚེ་ཡི་དབང་བསྐུར་བཅས་གྲུབ་པ་ཡིན་པས་སོགས་ཀྱིས་མཚམས་སྦྱར་ཏེ་དམ་ཚིག་ཁས་བླངས། གཏང་རག་མཎྜལ། ལུས་འབུལ་བཅས་བྱ། ཡང་སྐབས་འགའ་ཞིག་ཏུ་བར་ཆད་སེལ་ཕྱིར་གཏོར་མའི་དབང་བསྐུར་ཁོ་ན་ཙམ་བྱ་བར་འདོད་ན། དེ་ཡང་རྒྱུད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །ཞེས་གསུངས་པ་ལྟར། བདེ་བར་གཤེགས་པ་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྤྲུལ་པ། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ། རྣམ་པ་ཕྲིན་ལས་ཀྱི་གསང་བ་གཅིག་ཏུ་བསྡུས་པ་ཀརྨ་ཧེ་རུ་ཀའི་ཚུལ་དུ་སྣང་བ་སྟེ། ལྷག་པའི་ལྷ་མཆོག་འདི་ཉིད་ལ་བརྟེན་ནས་མཆོག་ཐུན་མོང་གི་དངོས་གྲུབ་རྣམ་གཉིས་བརྙེས་པའི་གྲུབ་ཐོབ་འཕགས་བོད་གཉིས་སུ་གནམ་གྱི་སྐར་མ་ཙམ་བྱོན་པ་ལས་སྐབས་སུ་བབ་པ་འདི་ནི་ལང་གྲོའི་རྣམ་འཕྲུལ་གཏེར་ཆེན་བདུད་འཇོམས་རྡོ་རྗེ་དང༌། གནུབས་བན་ནམ་མཁའི་སྙིང་པོའི་རྣམ་འཕྲུལ་ཀློང་ཆེན་ཡེ་ཤེས་རྡོ་རྗེ་ཡབ་སྲས་གཉིས་སུ་མེད་པའི་ཟབ་གཏེར་ལས་བྱུང་བའི་གུ་རུ་དྲག་པོ་རྡོ་རྗེ་གྲོ་ལོད་དང༌། ཡི་དམ་རྡོ་རྗེ་གཞོན་ནུ་དབྱེར་མེད་དུ་སྒྲུབ་པའི་བྱིན་རླབས་གཏོར་མའི་དབང་བསྐུར་བགྱི་བ་ལ་སོགས་མཚམས་སྦྱར་ཏེ། མཎྜལ། གསོལ་གདབ། སྐྱབས་སེམས། ཡན་ལག་བདུན་པ་བཅས་བྱིན་འབེབས་བརྟན་པར་བྱས་མཐར། དཔལ་གྱི་གཏོར་ཆེན་འདི་ཉིད་སོགས་མཚམས་སྦྱར་དང་བཅས་ཏེ། ཧཱུྃ༔ སྣང་བ་རྣམ་དག་གཏོར་གཞོང་དུ༔ སྲིད་བཅུད་ཡོངས་གྲུབ་གཏོར་ཆེན་བཤམས༔ བླ་མ་ཕུར་པའི་དཀྱིལ་འཁོར་རྫོགས༔ རྡོ་རྗེ་སྐུ་ཡི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་བ་ལིངྟ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཏོར་མ་དཔྲལ་བར་བཞག །དེས་བླ་མ་དྲག་པོ་དང་རྡོ་རྗེ་ཕུར་པ་དབྱེར་མེད་པའི་སྐུའི་དབང་བསྐུར་བ་ཐོབ། ཁྱེད་རང་རྣམས་ཀྱི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱས། ལུས་བླ་མ་དྲག་པོའི་སྐུ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། གཏོར་མ་མགྲིན་པར་བཞག་ལ། ཧཱུྃ༔ སྣང་བ་རྣམ་དག་སོགས་ཀྱི་ཚིག་རྐང་མཐའ་མ། རྡོ་རྗེ་གསུང་གི་དབང་བསྐུར་རོ༔ སྔགས་མཐར། བ་ལིངྟ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དེས་བླ་མ་དྲག་པོ་དང་རྡོ་རྗེ་ཕུར་པ་དབྱེར་མེད་པའི་གསུང་གི་དབང་བསྐུར་བ་ཐོབ། ཁྱེད་རང་རྣམས་ཀྱི་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱས། ངག་བླ་མ་དྲག་པོའི་གསུང་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད་ཅིག །གཏོར་མ་སྙིང་ཁར་བཞག་སྟེ། ཧཱུྃ༔ སྣང་བ་རྣམ་དག་སོགས། རྡོ་རྗེ་ཐུགས་ཀྱི་དབང་བསྐུར་རོ༔ སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་བླ་མ་དྲག་པོ་དང་རྡོ་རྗེ་ཕུར་པ་དབྱེར་མེད་པའི་ཐུགས་ཀྱི་དབང་བསྐུར་བ་ཐོབ། ཁྱེད་རང་རྣམས་ཀྱི་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བྱས། ཡིད་བླ་མ་དྲག་པོའི་ཐུགས་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། སླར་ཡང་གཏོར་མ་སྤྱི་བོར་བཞག་ལ། ཨོཾ་ཨཱཿཧཱུྃ། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། ཁྱབ་བདག་རྡོ་རྗེ་སེམས་དཔའ། གསང་བདག་རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ། སློབ་དཔོན་པྲ་བྷ་ཧསྟི། བདུད་འདུལ་རྡོ་རྗེ་ཐོད་ཕྲེང་རྩལ། རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཁྲི་སྲོང་ལྡེའུ་བཙན། ལོ་ཆེན་བཻ་རོ་ཙ་ན། སློབ་དཔོན་ནམ་མཁའི་སྙིང་པོ། མཐུ་ཆེན་ལང་གྲོ་ལོ་ཙཱ། གཏེར་ཆེན་བདུད་འཇོམས་རྡོ་རྗེ། ཀློང་ཆེན་ཡེ་ཤེས་རྡོ་རྗེ་ཉིད་ལ་སོགས་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་མགོན་རིག་འཛིན་བླ་མ། ཡི་དམ་རྡོ་རྗེ་གཞོན་ནུ། ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ། ཡེ་ཤེས་ཀྱི་ཁྲོ་བཅུ་ཡབ་ཡུམ། ཟ་གསོད་ཕྲ་ཐབས། སྒོ་སྐྱོང་ཕུར་སྲུང་དམ་ཅན་རྒྱ་མཚོ། གནས་སྲུང་དཔའ་བོ་མཁའ་འགྲོ། རྡོ་རྗེ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོས་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བར་མཛད་དུ་གསོལ། འཇིགས་པ་བཅུ་དྲུག་ནད་གདོན་རྐྱེན་ངན་གཟུང་འཛིན་འཁྲུལ་རྟོག་བག་ཉལ་དང་བཅས་པ་ཕྱི་ནང་གསང་བའི་འགལ་རྐྱེན་སྡིག་སྒྲིབ་མ་ལུས་པ་ཞི་བ་དང༌། བྱད་ཕུར་རྦོད་གཏོང་ལོ་ཟླ་ཞག་ཀག། བདུད་དང་དམ་སྲིའི་གནོད་པ་ལ་སོགས་ལས་དང་རྐྱེན་ལས་གྱུར་པའི་འཕྲལ་ཡུན་གྱི་བར་ཆད་ཐམས་ཅད་བཟློག་པ་དང༌། ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད། རིག་འཛིན་རྣམ་པ་བཞིའི་གོ་འཕང་མཐར་ཕྱིན་ནས་ཁྱབ་བདག་འབྲས་བུ་ཧེ་རུ་ཀ་ཆེན་པོ་ཚེ་འདི་ཉིད་ལ་མངོན་དུ་འགྱུར་པ་སྟེ། མདོར་ན་ཐུན་མོང་དང་མཆོག་གི་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། སྔགས་མཐར། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་ཧོཿ གཏོར་མ་གནས་གསུམ་དུ་བཞག་གོ །མཐར་དམ་ཚིག་ཁས་བླང༌། མཎྜལ་ལུས་འབུལ་དགེ་བསྔོ་རྣམས་བྱས་ཀྱང་རུང་ངོ༌། །ཡང་འདི་ཉིད་ཀྱི་ཚེ་དབང་ཁོ་ན་སྒེར་དུ་བྱ་བར་འདོད་ན། ཚེ་འབྲང༌། ཚེ་རིལ་ཆང་སོགས་འདུ་བྱས་ལ། ལས་བྱང་གཞུང་གི་བསྙེན་སྒྲུབ་ཀྱི་བཟླས་པ་སྔོན་དུ་འགྲོ་བས། བདག་མདུན་བཛྲ་ཀུ་མཱ་རའི༔ ཐུགས་ནས་འོད་ཟེར་མཁའ་ཁྱབ་འཕྲོས༔ ཕོ་ཉ་བཅུ་གཉིས་ལས་ལ་བསྐུལ༔ སྲིད་པ་གསུམ་གྱི་གཏིང་དཀྲུགས་ཏེ༔ བླ་ཚེ་ཆད་ཉམས་ཡར་བ་བཀུག༔ སྣོད་བཅུད་དྭངས་མ་དབང་མེད་བསྡུས༔ ཡེ་ཤེས་ཆེན་པོའི་གཟི་བྱིན་གྱིས༔ མྱ་ངན་འདས་པའི་རྣམ་གྲོལ་དབྱིག༔ ཐིག་ལེ་གཅིག་ཏུ་བསྐྱིལ་བ་ལས༔ མི་འགྱུར་རྟག་པའི་སྲོག་ཐོབ་འགྱུར༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་ཨཱ་ཡུརྫྙཱན་ཚེ་བྷྲཱུཾ་ཧཱུྃ་ནྲྀ་ཛཿ ཞེས་ཅུང་ཟད་བཟླས་མཐར། ཚེ་འགུགས་འཆི་མེད་བཅུད་སྦྱིན་སྦྱར་བའི་རྗེས། ལས་བུམ་བསྒྲུབས་ནས་སློབ་མ་ཁྲུས་བྱས། བགེགས་བསལ། སྲུང་འཁོར་བསྒོམས་ལ། རྡོ་རྗེ་ཕུར་པའི་རྒྱུད་ལས། ཚེ་ནི་རྣམ་པ་གསུམ་ཡིན་ཏེ༔ འཕོ་ཞིང་གཡོ་བ་ཐིག་ལེའི་ཚེ༔ འགྲོ་དང་འོང་བ་རླུང་གི་ཚེ༔ གཞོམ་དུ་མེད་པ་གཉུག་མའི་ཚེ༔ གློ་བུར་འཕོ་འཇིག་ཞི་བ་དང༔ མི་འགྱུར་ཡེ་ཤེས་རྒྱས་པའི་ཕྱིར༔ རྡོ་རྗེ་ཚེ་ཡི་མཆོག་བསྒྲུབས་ནས༔ རྣལ་འབྱོར་ཟབ་མོ་མཐར་ཕྱིན་བྱ༔ ཞེས་གསུངས་པ་ལྟར། ལྷ་སྔགས་ཏིང་ངེ་འཛིན་རྫས་ཀྱི་སྦྱོར་བ་རྣམས་ལ་བརྟེན་ཏེ་སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ་སྒྲུབ་པའི་གསེང་ལམ་བསྟེན་པ་ལ་ཐོག་མར་དབང་གིས་སྨིན་དགོས་པ་མ་ཟད་ལྟ་སྒོམ་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་ཚེ་ཡི་དབང་བསྐུར་བ་ཙམ་གྱིས་ཀྱང་འཆི་མེད་རྡོ་རྗེའི་སྲོག་འགྲུབ་པར་བྱེད་ནུས་པའི་ཕྱིར། སྐབས་འདིར་བླ་ཕུར་ཐུགས་ཀྱི་ཐིག་ལེའི་སྒོ་ནས་རྡོ་རྗེ་ཚེ་ཡི་དབང་བསྐུར་བ་ལ། ཐོག་མར་མཎྜལ་ཕུལ། གསོལ་བ་གདབ་པ་ནི། ཧཱུྃ༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་པ༔ དབང་དང་བྱིན་རླབས་བདག་ལ་སྩོལ༔ ཞེས་ལན་གསུམ། སྐྱབས་སེམས། བསགས་སྦྱང༌། བྱིན་འབེབས་སྔོན་དུ་འགྲོ་བས། བདག་མདུན་བླ་མ་རྡོ་རྗེ་ཕུར་པའི་ལྷ་ཚོགས་ཀྱི་སྐུ་ཡི་གནས་རྣམས་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་དང༌། ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང༌། འབྱུང་བཞིའི་དྭངས་མ་འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ༔ མདུན་གྱི་ཚེ་རྫས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། ཧཱུྃ་ཧྲཱིཿ སྤྲོས་བྲལ་ཀ་དག་སོགས་ཚེ་འགུགས་བྱས་མཐར། ཚེ་འབྲང་ལྷར་གསལ་བ་སྤྱི་བོར་བཞག་པས་སྐུ་གསུང་ཐུགས་ཀྱི་ཚེ་དང་ཡེ་ཤེས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་བྱོན་ནས་ཁྱེད་རང་གི་སྒོ་གསུམ་ལ་ཐིམ་པས་མི་ཤིགས་པའི་ཐིག་ལེར་བྱིན་གྱིས་བརླབས། བརྟན་གཡོའི་དྭངས་བཅུད་ཐམས་ཅད་སྙིང་གའི་ཚེ་རྟེན་ལ་འདུས་པས་དཔལ་ཆེན་པོ་དང་དབྱེར་མེད་པའི་གཞོམ་བྲལ་རྡོ་རྗེའི་སྲོག་དང་འགྲིབ་མེད་གཞོན་ནུའི་ལང་ཚོ་ཐོབ་པར་མོས་ཤིག །ཚེ་འབྲང་སྤྱི་བོར་བཞག་སྟེ། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་སྟོན་པ་དང༔ ཀཱི་ལ་ཡ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ་ཧཱུྃ་ནྲྀ་ཛཿ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཚེ་རིལ་དང་ཚེ་ཆང་སྤྲད་ལ། ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུཾ་ཧཱུྃ་ནྲྀ་ཛཿ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཚེ་མདའ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཨཱཿ སྤྲོས་པའི་སྲིད་ཞི་ཁྱབ་པའི་ཚེ༔ འདུས་པའི་ཐིག་ལེ་ཉག་གཅིག་ཀློང༔ འཕོ་འགྱུར་མེད་པར་རྒྱས་བཏབ་པས༔ ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག༔ དྷརྨ་དྷཱ་ཏུ་ཨཱཿ ཞེས་རྒྱས་གདབ། མཐར་དམ་ཚིག་ཁས་བླང་སོགས་སྤྱི་ལྟར་བྱས་ཀྱང་རུང་བར་མངོན་ཏེ། གཏེར་གཞུང་ལས། སྣོད་ལྡན་སྨིན་གྲོལ་བཅུད་འབེབས་ན༔ བགེགས་བསྐྲད་གསོལ་གདབ་ལོ་རྒྱུས་བཤད༔ སྐུ་གསུང་ཐུགས་ཀྱི་དབང་བསྐུར་ལ༔ འཆི་མེད་རྡོ་རྗེའི་ཚེ་སྔགས་མཐར༔ ཀཱ་ཡ་ཝཱ་ཀ་ཙིཏྟས་བསྐུར༔ ཚེ་རིལ་ཚེ་ཆང་མཐའ་རྟེན་བཅས༔ གནོད་པས་གཟའ་ཀླུ་སྡེ་བརྒྱད་གཟིར༔ བྱད་ཕུར་རྦོད་གཏོང་ཀུན་ལས་རྒྱལ༔ འཆི་མེད་མཆོག་གི་རིག་འཛིན་འགྲུབ༔ ས་མ་ཡ༔ ཞེས་གསུངས་པའི་ཕྱིར་རོ། །འཕགས་བོད་མཁས་གྲུབ་ཐུགས་དམ་ལྷ་གཅིག་པུ། །རྡོ་རྗེ་གཞོན་ནུ་བླ་མ་དྲག་པོ་དང༌། །དབྱེར་མེད་སྒྲུབ་པའི་ཐབས་ཚུལ་རྨད་བྱུང་བའི། །སྨིན་བྱེད་དབང་བསྐུར་ཟབ་གསང་སྤེལ་འདིས་ཀྱང༌། །མཁའ་ཁྱབ་འགྲོ་ཀུན་སྙིགས་མའི་རྒུད་པ་ཞི། །ངེས་གསང་ཐུགས་ཀྱི་བསྟན་པ་མཁའ་མཐར་བརྡལ། །བསྟན་འཛིན་སྐྱེས་བུའི་བར་ཆད་ཀུན་བསལ་ནས། །རང་གཞན་དོན་གཉིས་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་ཟབ་གསང་རྨད་དུ་བྱུང་བ་འདི་ཉིད་ཀྱི་ལས་བྱང་དཔལ་ཆེན་རང་རྫོགས་དང་དབང་གི་རྩ་ཐོ་ཙམ་ལས་གཏན་ལ་འབེབས་པར་མ་གནང་བས་དད་དང་སྐལ་པ་ལྡན་པའི་རྗེས་འཇུག་རྣམས་ལ་ཕན་པའི་ཕྱིར་དང༌། བསྟན་རྒྱུན་འཛིན་པའི་སྐྱེས་བུ་དག་ལ་ཉེར་མཁོ་གྱུར་པས་ཅིས་ཀྱང་འབྲི་བར་འོས་ཞེས་གསང་ཡུམ་མཆོག་དང་སྐུ་གསུང་ཐུགས་ཀྱི་སྲས་མཆོག་སྤྲུལ་རིན་པོ་ཆེ་པདྨ་དབང་རྒྱལ་སྐུ་མཆེད་ལྕམ་དྲལ་རྣམས་ནས་རྟེན་དང་བཅས་ཏེ་ཡང་ཡང་བཀས་བསྐུལ་བ་བཞིན་མཁས་གྲུབ་དབང་པོ་བླ་མ་མཆོག་གི་ཐུན་མོང་མ་ཡིན་པའི་ཐུགས་བརྩེས་སྐྱང་ཤིང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཟབ་མོས་དབུགས་དབྱུང་བའི་ངེས་ཤེས་ལ་བརྟེན་སློབ་དཔོན་སངས་རྒྱས་གཉིས་པའི་ཕྲིན་ལས་ཀྱི་གདུགས་དཀར་པོར་ངལ་འཚོ་ཐོབ་པའི་རྙིང་སྔགས་རྒན་པོ་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་ལྷོ་འབྲུག་རྒྱལ་ཁབ་ཆེན་པོའི་ལྗོངས་ཀྱི་ཆར་ལྷོ་མོན་ཁའི་བྲག་གི་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་གི་མདུན་དུ་སྨན་ལྗོངས་ལྗོན་ཤིང་གི་སྐྱེད་མོས་ཚལ་ཏུ་རྒྱུ་བའི་ཚེ། ཡི་གེ་བཀོད་པའི་མཐུན་འགྱུར་བློ་གསལ་དད་མོས་དགེ་བ་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་པའི་སྡེས་ཞུས་པ་འདིས་ཀྱང་རང་གཞན་དཔལ་ལྡན་བླ་མའི་ཟབ་གསང་ཐུགས་ཀྱི་མཛོད་ལ་རྫོགས་པར་ལོངས་སྤྱོད་པ་དང༌། བསྟན་འགྲོའི་རྒུད་པ་ཞི་བའི་དགེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པས་ཕྱོགས་དུས་གནས་སྐབས་ཀུན་ཏུ་འབྱོར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། དགེའོ།། །།}} | ||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} | ||
Line 25: | Line 49: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-10-THA]] | [[Category:DKR-KABUM-Volume-10-THA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 17:34, 28 November 2022
Wylie title | bla phur thugs kyi thig le las/ smin byed kyi dbang bskur khrigs chags su bkod pa phrin las gsang ba'i bcud bsdus | |
---|---|---|
Location | dil mgo mkhyen brtse bka' 'bum Volume 10, Text 27, Pages 120-145 (Folios 1a to 26b5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | ཀློང་ཆེན་ཡེ་ཤེས་རྡོ་རྗེ་ (Kangyur Rinpoche) | |
Associated People | པདྨ་འབྱུང་གནས་ (pad+ma 'byung gnas) | |
Citation | Khyentse, Dilgo. Bla phur thugs kyi thig le las smin byed kyi dbang bskur khrigs chags su bkod pa phrin las gsang ba'i bcud bsdus. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 120-145. Delhi: Shechen Publications, 1994. | |
Genre | Sadhanas - Evocation Ritual - sgrub thabs | |
Cycle | བླ་ཕུར་ཐུགས་ཀྱི་ཐིག་ལེ་ (bla phur thugs kyi thig le) | |
Colophon |
།ཅེས་ཟབ་གསང་རྨད་དུ་བྱུང་བ་འདི་ཉིད་ཀྱི་ལས་བྱང་དཔལ་ཆེན་རང་རྫོགས་དང་དབང་གི་རྩ་ཐོ་ཙམ་ལས་གཏན་ལ་འབེབས་པར་མ་གནང་བས་དད་དང་སྐལ་པ་ལྡན་པའི་རྗེས་འཇུག་རྣམས་ལ་ཕན་པའི་ཕྱིར་དང༌། བསྟན་རྒྱུན་འཛིན་པའི་སྐྱེས་བུ་དག་ལ་ཉེར་མཁོ་གྱུར་པས་ཅིས་ཀྱང་འབྲི་བར་འོས་ཞེས་གསང་ཡུམ་མཆོག་དང་སྐུ་གསུང་ཐུགས་ཀྱི་སྲས་མཆོག་སྤྲུལ་རིན་པོ་ཆེ་པདྨ་དབང་རྒྱལ་སྐུ་མཆེད་ལྕམ་དྲལ་རྣམས་ནས་རྟེན་དང་བཅས་ཏེ་ཡང་ཡང་བཀས་བསྐུལ་བ་བཞིན་མཁས་གྲུབ་དབང་པོ་བླ་མ་མཆོག་གི་ཐུན་མོང་མ་ཡིན་པའི་ཐུགས་བརྩེས་སྐྱང་ཤིང་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཟབ་མོས་དབུགས་དབྱུང་བའི་ངེས་ཤེས་ལ་བརྟེན་སློབ་དཔོན་སངས་རྒྱས་གཉིས་པའི་ཕྲིན་ལས་ཀྱི་གདུགས་དཀར་པོར་ངལ་འཚོ་ཐོབ་པའི་རྙིང་སྔགས་རྒན་པོ་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་ལྷོ་འབྲུག་རྒྱལ་ཁབ་ཆེན་པོའི་ལྗོངས་ཀྱི་ཆར་ལྷོ་མོན་ཁའི་བྲག་གི་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་གི་མདུན་དུ་སྨན་ལྗོངས་ལྗོན་ཤིང་གི་སྐྱེད་མོས་ཚལ་ཏུ་རྒྱུ་བའི་ཚེ། ཡི་གེ་བཀོད་པའི་མཐུན་འགྱུར་བློ་གསལ་དད་མོས་དགེ་བ་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས་པའི་སྡེས་ཞུས་པ་འདིས་ཀྱང་རང་གཞན་དཔལ་ལྡན་བླ་མའི་ཟབ་གསང་ཐུགས་ཀྱི་མཛོད་ལ་རྫོགས་པར་ལོངས་སྤྱོད་པ་དང༌། བསྟན་འགྲོའི་རྒུད་པ་ཞི་བའི་དགེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པས་ཕྱོགས་དུས་གནས་སྐབས་ཀུན་ཏུ་འབྱོར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། དགེའོ།། | |
/ces zab gsang rmad du byung ba 'di nyid kyi las byang dpal chen rang rdzogs dang dbang gi rtsa tho tsam las gtan la 'bebs par ma gnang bas dad dang skal pa ldan pa'i rjes 'jug rnams la phan pa'i phyir dang*/_bstan rgyun 'dzin pa'i skyes bu dag la nyer mkho gyur pas cis kyang 'bri bar 'os zhes gsang yum mchog dang sku gsung thugs kyi sras mchog sprul rin po che pad+ma dbang rgyal sku mched lcam dral rnams nas rten dang bcas te yang yang bkas bskul ba bzhin mkhas grub dbang po bla ma mchog gi thun mong ma yin pa'i thugs brtses skyang shing sku gsung thugs kyi byin rlabs zab mos dbugs dbyung ba'i nges shes la brten slob dpon sangs rgyas gnyis pa'i phrin las kyi gdugs dkar por ngal 'tsho thob pa'i rnying sngags rgan po pad+ma gar dbang bde chen 'od gsal mdo sngags gling pas lho 'brug rgyal khab chen po'i ljongs kyi char lho mon kha'i brag gi sku rjes rdo rje brtsegs pa'i ke'u tshang gi mdun du sman ljongs ljon shing gi skyed mos tshal tu rgyu ba'i tshe/_yi ge bkod pa'i mthun 'gyur blo gsal dad mos dge ba sprul sku kun dga' bkra shis pa'i sdes zhus pa 'dis kyang rang gzhan dpal ldan bla ma'i zab gsang thugs kyi mdzod la rdzogs par longs spyod pa dang*/_bstan 'gro'i rgud pa zhi ba'i dge legs kyi dpal phun sum tshogs pas phyogs dus gnas skabs kun tu 'byor zhing rgyas pa'i rgyur gyur cig_/sarba dA mang+ga laM/_dge'o// |