སྨིན་བྱེད་ཀྱི་རྩ་ཐོ། ན་མ་ཤྲཱི་བཛྲ་ཀུ་མཱ་ར་ཡེ་སོགས།

From Khyentse Lineage - A Tsadra Foundation Project
Wylie title smin byed kyi rtsa tho/ na ma shrI badz+ra ku mA ra ye sogs DKR-KABUM-10-THA-026.pdf
Location dil mgo mkhyen brtse bka' 'bum
Volume 10, Text 26, Pages 117-119 (Folios 1a1 to 3a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཀློང་ཆེན་ཡེ་ཤེས་རྡོ་རྗེ་ (Kangyur Rinpoche)
Associated People པདྨ་འབྱུང་གནས་ (pad+ma 'byung gnas)
Citation Khyentse, Dilgo. Smin byed kyi rtsa tho na ma shrI badz+ra ku mA ra ye sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 117-119. Delhi: Shechen Publications, 1994.
Genre Empowerment Ritual - dbang chog - dbang skur
Cycle བླ་ཕུར་ཐུགས་ཀྱི་ཐིག་ལེ་ (bla phur thugs kyi thig le)
[edit]
༄༅། །ན་མ་ཤྲཱི་བཛྲ་ཀུ་མཱ་ར་ཡེ༔ བླ་ཕུར་ཐུགས་ཀྱི་ཐིག་ལེའི་སྨིན་བྱེད་སྐབས། ཐོག་མར་རྡུལ་ཚོན་རས་བྲིས་སྤྲོས་པ་དང་བསྟུན་པའམ། བསྡུ་ན་ཚོམ་བུ་ལྷ་གྲངས། བུམ་པ་ཁ་རྒྱན་མགུལ་ཆིངས་ལྡན་པ། ཨོཾ་བྷྲཱུྃ་བཛྲ་ས་མ་ཡ་ཀཱི་ལི་ཀཱི་ལི་གུ་རུ་བཻ་ག་རཱ་ཛ་ཡ་ཨོཾ་བྷྲཱུྃ་ཏྲཱྃ་ཧྲཱིཿཨཿ གྷརྦྷ་བྷྲྀཀྵ་བྷི་ཏ་སརྦ་སིདྡྷི་ཛཿབྷྲཱུྃ་བྷྲཱུྃ༔ ཞེས་བརྗོད་ཅིང་བླུགས། ལྡིང་ཁྲིའི་ཁར་ཨེ་ཁྲོམ། གཙོ་ཕུར་མཐིང་ནག་ཅོད་པན། གཡས་སུ་དབང་གི་གཏོར་མ། གཡོན་དུ་ཐོད་པ་བདུད་རྩི། མེ་ལོང་སིན་དྷཱུ་ར་ཆོས་འབྱུང་བྲིས་པས་དགབ་པ། མདུན་དུ་སྨན་རཀ་གཏོར་གསུམ། ཕྱི་མཆོད་བསྐོར་བཤམ། གཙོ་བོའི་ཕྱག་མཚན། བྱུག་པའི་རྫས་ཐལ་རཀ་ཞག་གསུམ། སྟག་ཤམ་སྦྲུལ་ཆུན། རུས་རྒྱན། མགོ་ཕྲེང་སོགས་འདུ་བྱས་ལ། ཚེ་འབྲང་གྲད་བླ་ཁར། ཧོམ། སོ་ཤིང༌། མིག་དར། མེ་ཏོག །དཔུང་སྐུད་སྣ་ལྔ། ཀུ་ཤ། ལས་བུམ་སོགས་ཚང་བར་བསགས་ལ། བདག་མདུན་ལྷའི་རྣལ་འབྱོར་སྤྲོ་བསྡུ་དང་བུམ་ལྷ་རྣམས་དྭངས་མའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་གསལ་ལ་བཟླས་པ་དང་བཅས་གྲུབ་པ་དང་བུམ་ལྷ་འོད་ཞུ་རྡོ་རྗེ་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམ་ལ། ལས་བུམ་བདུད་རྩི་འཁྱིལ་པ་བསྐྱེད་ཅིང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ྄༔ ཅེས་བཟླས་ལ་བདུད་རྩི་ཞུ་ཞིང་སྲུང་མའི་མཆོད་གཏོར་ཚོགས་མཆོད་བསྒྲལ་བསྟབ་ཡན་གྲུབ་པ་དང༌། ཧཱུྃ༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སྲས༔ སྤྲུལ་པའི་ཁྲོ་བཅུ་ཡབ་ཡུམ་འཁོར་དང་བཅས༔ དབྱིངས་ནས་སྐུར་བཞེངས་དབང་ཆེན་བསྐུར་བ་དང༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དམ་པ་སྩོལ༔ བྱང་ཆུབ་བར་དུ་མི་བཏང་རྩེ་གཅིག་སྒྲུབ༔ ས་མ་ཡ་ཧོཿ ཞེས་རིགས་མེ་དོར། སློབ་མ་རྣམས་ཁྲུས་ནས་དབྱུང༌། དྲི་མེད་དག་པ་ཡེ་ཤེས་ཆུས༔ ལས་དང་བག་ཆགས་སྡིག་སྒྲིབ་སྦྱོངས༔ སྐལ་ལྡན་བུ་ཡི་ལུས་ངག་ལ༔ དབང་བཞིའི་སྣོད་དུ་འགྱུར་བར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང༌། ཡིག་བརྒྱ་བཟླ་ཞིང་ཁྲུས་བྱས་དབྱུང༌། བགེགས་གཏོར་བྱིན་རླབས་བསྔོས་ནས་ཀྱང༌། ཧཱུྃ༔ ཉོན་ཅིག་གཉིས་འཐས་སོགས་ཀྱིས་བགེགས་བསྐྲད། ཧཱུྃ༔ ང་ནི་དཔལ་ཆེན་ཧེ་རུ་ཀཿ སྤྲུལ་པའི་ཕོ་ཉ་མཚོན་ཆའི་གུར༔ ཡེ་ཤེས་ལྔ་ཡི་གུར་ཁང་དཀྲིགས༔ སུས་ཀྱང་འདའ་བའི་སྐབས་མེད་དོ༔ ཅེས་སྲུང་བའི་གོས་བགོ་ཞིང༌། མཎྜལ་བཀྱེ་བསྡུ་སོགས་སྔོན་དུ་སོང་བས། ནམ་མཁའ་དང་མཉམ་པའི་སོགས། སེམས་བསྐྱེད་གསལ་བཏབ་ནས། དེ་ལ་འདིར་ཡི་དམ་རྒྱ་མཚོའི་སྤྱི་གཟུགས་རྒྱལ་ཀུན་ཡེ་ཤེས་ཀྱི་སྤྱི་དཔལ་སངས་རྒྱས་པདྨཱ་ཀ་ར་དང་བཛྲ་ཀུ་མཱ་ར་གཉིས་སུ་མེད་པར་གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པར་རྡོ་རྗེ་ཐེག་པའི་ཆོས་སྐོར་བསམ་གྱི་མི་ཁྱབ་པ་ཞིག་མཆིས་པ་ལས། རང་གཞུང་ལས། ཇི་སྐད་དུ། རྩ་བ་རོང་རྨེའི་བྲག་ལ་སྦས༔ སྙིང་པོ་བསྡུས་པའི་མན་ངག་མཆོག༔ སྦས་ཡུལ་དཀར་མོའི་བྲག་ལ་སྦས༔ རྩ་བ་ལེ་ལག་དང་བཅས་པ༔ སྟག་ཚང་དཔྱལ་གྱི་བྲག་ལ་སྦས༔ ཞེས་པས་ལོ་རྒྱུས་བཅས། དཀོན་མཆོག་རྩ་གསུམ་རྒྱ་མཚོའི་དྲུང་དུ་འདི་བཟུང་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བ་དང་མ་རྒན་འགྲོ་རྣམས་གོ་འཕང་ལ་བཀོད་པའི་ཕྱིར། ན་མོ་བླ་མ་མཆོག་གསུམ་སོགས་སྐྱབས་འགྲོ་དང༌། ཀྱེ་མ་གཉིས་སུ་འཛིན་པས་སོགས་སེམས་བསྐྱེད། རྒྱུད་སྦྱོང་བའི་ཕྱིར། རྡོ་རྗེ་སློབ་དཔོན་སོགས་རྒྱུན་བཤགས་ཡན་ལག་བརྒྱད་པ་སྔོན་དུ་འགྲོ་བས། རྒྱུད་ལ་རིག་འཛིན་བསླབ་པ་ཚུལ་བཞིན་བསྲུང་བས་བློས། ཇི་ལྟར་སྔོན་གྱི་རྒྱལ་བ་སྲས་བཅས་དང༌། །རིག་འཛིན་མཁའ་འགྲོ་རྒྱ་མཚོའི་སོགས་ནས། དེ་དག་བཟུང་བར་བགྱི། །སྨིན་ཅིང་གྲོལ་བའི་ལམ་མཆོག་གི༔ རིམ་པ་བདུན་ལས་དང་པོ་ནི༔ བགེགས་བསྐྲད་གསོལ་གདབ་ལོ་རྒྱུས་བཤད༔ མཚན་ཉིད་ཀུན་ལྡན་བུམ་པའི་དབང༔ ཧཱུྃ༔ མི་ཤིགས་བུམ་པའི་དཀྱིལ་འཁོར་དུ༔ བླ་མ་ཕུར་པའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྒོ་གསུམ་སྨིན་ཅིང་གྲོལ་བར་ཤོག༔ ཨོཾ་གུ་རུ་བཛྲ་ཀུ་མཱ་ར་ཀ་ལ་ཤ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་སྐུ་ཡི་བྱིན་རླབས་ནི༔ ཨོཾ༔ མི་ཤིགས་ཆོས་སྐུའི་དཀྱིལ་འཁོར་ནས༔ གདོད་ནས་རྣམ་དག་ཡེ་ཤེས་སྐུའི༔ སྣང་སྟོང་སྒྱུ་འཕྲུལ་དྲྭ་བ་ཆེ༔ རྡོ་རྗེ་སྐུ་ཡི་དབང་བསྐུར་རོ༔ ཨོཾ་གུ་རུ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་པའི་རྡོ་རྗེའི་སྐུས་དབང་བསྐུར༔ སྤྲོ་ན་ལྷ་ཚོགས་ཕྱག་རྒྱ་བསྒྱུར༔ གསུམ་པ་གསུང་གི་བྱིན་རླབས་ནི༔ ཨཱཿ གྲགས་སྟོང་འགགས་པ་མེད་པའི་གདངས༔ འགྱུར་མེད་ནཱ་དའི་དཀྱིལ་འཁོར་ནས༔ གདོད་ནས་རང་བྱུང་སྔགས་ཀྱི་སྒྲས༔ རྡོ་རྗེ་གསུང་གི་དབང་བསྐུར་རོ༔ ཨཱཿབཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་བརྗོད་རྡོ་རྗེའི་གསུང་དབང་བསྐུར༔ བཞི་པ་ཐུགས་ཀྱི་བྱིན་རླབས་ནི༔ མེ་ལོང་དྭངས་མའམ་མེ་ཤེལ་བསྟན༔ ཧཱུྃ༔ སྤྲོས་བྲལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ འོད་གསལ་རང་གྲོལ་ཡེ་དག་རྩལ༔ མི་འགྱུར་ཀ་དག་དགོངས་པའི་གཟེར༔ རྡོ་རྗེ་ཐུགས་ཀྱི་དབང་བསྐུར་རོ༔ ཧཱུྃ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་རྡོ་རྗེའི་ཐུགས་དབང་བསྐུར༔ ལྔ་པ་རབ་འབྱམས་དབང་བསྐུར་ནི༔ རྡོ་དྲིལ་ཕྱག་མཚན་རྣམས་གཏད་ལ༔ སྭཱ༔ གདོད་ནས་ལྷུན་གྲུབ་དཀྱིལ་འཁོར་ནས༔ ཚིག་ལས་འདས་པའི་དེ་ཉིད་ཆེ༔ རབ་འབྱམས་སློབ་དཔོན་བཀའ་ཡི་དབང༔ རྡོ་རྗེ་ཡོན་ཏན་དབང་བསྐུར་རོ༔ སྭཱ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་རཏྣ་ཨ་བྷི་ཥིཉྩ་སྭཱ༔ ཞེས་བརྗོད་རབ་འབྱམས་བཀའ་དབང་བསྐུར༔ དྲུག་པ་ཕྲིན་ལས་ཕྱག་མཚན་བཅས༔ ཧཱ༔ མི་ཤིགས་ཕྲིན་ལས་དཀྱིལ་འཁོར་ནས༔ མ་རུང་བདུད་བགེགས་ཚར་གཅོད་ཕྱིར༔ མནན་བསྲེགས་འཕང་སོགས་ལས་སྦྱོར་གྱིས༔ རྡོ་རྗེ་ཕྲིན་ལས་དབང་བསྐུར་རོ༔ ཧཱ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ ཞེས་བརྗོད་གཟིར་བའི་བཅུད་ཆེན་འབེབས༔ བདུན་པ་གཏོར་མའི་དབང་བསྐུར་ནི༔ ཧཱུྃ༔ སྣང་བ་རྣམ་དག་གཏོར་གཞོང་དུ༔ སྲིད་བཅུད་ཡོངས་གྲུབ་གཏོར་ཆེན་བཤམས༔ བླ་མ་ཕུར་པའི་དཀྱིལ་འཁོར་རྫོགས༔ དམ་རྫས་གཏོར་མའི་དབང་བསྐུར་རོ༔ ཨོཾ་ཨཱཿཧཱུྃ་གུ་རུ་བཛྲ་ཀུ་མཱ་ར་སརྦ་སིདྡྷི་ཕ་ལ་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བརྗོད་གཏོར་མའི་དབང་བསྐུར་ལ༔ དམ་བསྒྲགས་ཁས་བླང་ཡོན་ཕུལ་ཏེ༔ དགེ་རྩ་བསྔོ་ཞིང་ཤིས་པ་བརྗོད༔ དེས་ནི་བར་ཆད་ཀུན་ལས་རྒྱལ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ༔ ད་ལྟའི་རྗེ་འབངས་གྲོགས་ལྔ་དང༔ མ་འོངས་ཆོས་བདག་སྐྱེས་བུ་ཡིས༔ བར་ཆད་སེལ་ཕྱིར་གསང་བའི་གནས༔ རྡོ་རྗེ་ཁྲོས་པའི་རྒྱུད་སྡེ་ལས༔ པདྨ་བདག་གིས་གསང་བར་གདམས༔ ས་མ་ཡ༔ བརྡ་ཐིམ༔
[edit]

@#/__/na ma shrI badz+ra ku mA ra ye:_bla phur thugs kyi thig le'i smin byed skabs/_thog mar rdul tshon ras bris spros pa dang bstun pa'am/_bsdu na tshom bu lha grangs/_bum pa kha rgyan mgul chings ldan pa/_oM b+h+rU~M badz+ra sa ma ya kI li kI li gu ru bai ga rA dza ya oM b+h+rU~M trA~M hrIHaH_g+har+b+ha b+hr-ik+Sha b+hi ta sarba sid+d+hi dzaHb+h+rU~M b+h+rU~M:_zhes brjod cing blugs/_lding khri'i khar e khrom/_gtso phur mthing nag cod pan/_g.yas su dbang gi gtor ma/_g.yon du thod pa bdud rtsi/_me long sin d+hU ra chos 'byung bris pas dgab pa/_mdun du sman raka gtor gsum/_phyi mchod bskor bsham/_gtso bo'i phyag mtshan/_byug pa'i rdzas thal raka zhag gsum/_stag sham sbrul chun/_rus rgyan/_mgo phreng sogs 'du byas la/_tshe 'brang grad bla khar/_hom/_so shing*/_mig dar/_me tog_/dpung skud sna lnga/_ku sha/_las bum sogs tshang bar bsags la/_bdag mdun lha'i rnal 'byor spro bsdu dang bum lha rnams dwangs ma'i mtsho la gza' skar shar ba bzhin gsal la bzlas pa dang bcas grub pa dang bum lha 'od zhu rdo rje bdud rtsi'i rang bzhin du gyur par bsam la/_las bum bdud rtsi 'khyil pa bskyed cing*/_oM badz+ra a mr-i ta kuN+Da li ha na ha na hU~M phaTa?:_ces bzlas la bdud rtsi zhu zhing srung ma'i mchod gtor tshogs mchod bsgral bstab yan grub pa dang*/_hU~M:_chos dbyings skye ba med pa'i ngang nyid las:_bcom ldan rdo rje gzhon nu yab yum sras:_sprul pa'i khro bcu yab yum 'khor dang bcas:_dbyings nas skur bzhengs dbang chen bskur ba dang:_sku gsung thugs kyi dngos grub dam pa stsol:_byang chub bar du mi btang rtse gcig sgrub:_sa ma ya hoH_zhes rigs me dor/_slob ma rnams khrus nas dbyung*/_dri med dag pa ye shes chus:_las dang bag chags sdig sgrib sbyongs:_skal ldan bu yi lus ngag la:_dbang bzhi'i snod du 'gyur bar shog:_oM sarba ta thA ga ta sogs dang*/_yig brgya bzla zhing khrus byas dbyung*/_bgegs gtor byin rlabs bsngos nas kyang*/_hU~M:_nyon cig gnyis 'thas sogs kyis bgegs bskrad/_hU~M:_nga ni dpal chen he ru kaH_sprul pa'i pho nya mtshon cha'i gur:_ye shes lnga yi gur khang dkrigs:_sus kyang 'da' ba'i skabs med do:_ces srung ba'i gos bgo zhing*/_maN+Dal bkye bsdu sogs sngon du song bas/_nam mkha' dang mnyam pa'i sogs/_sems bskyed gsal btab nas/_de la 'dir yi dam rgya mtsho'i spyi gzugs rgyal kun ye shes kyi spyi dpal sangs rgyas pad+mA ka ra dang badz+ra ku mA ra gnyis su med par gdul bya'i khams dbang mos pa dang mthun par rdo rje theg pa'i chos skor bsam gyi mi khyab pa zhig mchis pa las/_rang gzhung las/_ji skad du/_rtsa ba rong rme'i brag la sbas:_snying po bsdus pa'i man ngag mchog:_sbas yul dkar mo'i brag la sbas:_rtsa ba le lag dang bcas pa:_stag tshang dpyal gyi brag la sbas:_zhes pas lo rgyus bcas/_dkon mchog rtsa gsum rgya mtsho'i drung du 'di bzung byang chub bar du skyabs su 'gro ba dang ma rgan 'gro rnams go 'phang la bkod pa'i phyir/_na mo bla ma mchog gsum sogs skyabs 'gro dang*/_kye ma gnyis su 'dzin pas sogs sems bskyed/_rgyud sbyong ba'i phyir/_rdo rje slob dpon sogs rgyun bshags yan lag brgyad pa sngon du 'gro bas/_rgyud la rig 'dzin bslab pa tshul bzhin bsrung bas blos/_ji ltar sngon gyi rgyal ba sras bcas dang*/_/rig 'dzin mkha' 'gro rgya mtsho'i sogs nas/_de dag bzung bar bgyi/__/smin cing grol ba'i lam mchog gi:_rim pa bdun las dang po ni:_bgegs bskrad gsol gdab lo rgyus bshad:_mtshan nyid kun ldan bum pa'i dbang:_hU~M:_mi shigs bum pa'i dkyil 'khor du:_bla ma phur pa'i lha tshogs bzhugs:_skal ldan bu la dbang bskur bas:_sgo gsum smin cing grol bar shog:_oM gu ru badz+ra ku mA ra ka la sha kA ya wAka tsit+ta a b+hi Shiny+tsa hU~M:_gnyis pa sku yi byin rlabs ni:_oM:_mi shigs chos sku'i dkyil 'khor nas:_gdod nas rnam dag ye shes sku'i:_snang stong sgyu 'phrul drwa ba che:_rdo rje sku yi dbang bskur ro:_oM gu ru badz+ra ku mA ra sarba sid+d+hi pha la kA ya a b+hi Shiny+tsa oM:_zhes pa'i rdo rje'i skus dbang bskur:_spro na lha tshogs phyag rgya bsgyur:_gsum pa gsung gi byin rlabs ni:_AH_grags stong 'gags pa med pa'i gdangs:_'gyur med nA da'i dkyil 'khor nas:_gdod nas rang byung sngags kyi sgras:_rdo rje gsung gi dbang bskur ro:_AHbadz+ra ku mA ra sarba sid+d+hi pha la wAka a b+hi Shiny+tsa AH_zhes brjod rdo rje'i gsung dbang bskur:_bzhi pa thugs kyi byin rlabs ni:_me long dwangs ma'am me shel bstan:_hU~M:_spros bral thugs kyi dkyil 'khor nas:_'od gsal rang grol ye dag rtsal:_mi 'gyur ka dag dgongs pa'i gzer:_rdo rje thugs kyi dbang bskur ro:_hU~M badz+ra ku mA ra sarba sid+d+hi pha la tsit+ta a b+hi Shiny+tsa hU~M:_zhes brjod rdo rje'i thugs dbang bskur:_lnga pa rab 'byams dbang bskur ni:_rdo dril phyag mtshan rnams gtad la:_swA:_gdod nas lhun grub dkyil 'khor nas:_tshig las 'das pa'i de nyid che:_rab 'byams slob dpon bka' yi dbang:_rdo rje yon tan dbang bskur ro:_swA badz+ra ku mA ra sarba sid+d+hi pha la rat+na a b+hi Shiny+tsa swA:_zhes brjod rab 'byams bka' dbang bskur:__drug pa phrin las phyag mtshan bcas:_hA:_mi shigs phrin las dkyil 'khor nas:_ma rung bdud bgegs tshar gcod phyir:_mnan bsregs 'phang sogs las sbyor gyis:_rdo rje phrin las dbang bskur ro:_hA badz+ra ku mA ra sarba sid+d+hi pha la karma a b+hi Shiny+tsa hA:_zhes brjod gzir ba'i bcud chen 'bebs:__bdun pa gtor ma'i dbang bskur ni:_hU~M:_snang ba rnam dag gtor gzhong du:_srid bcud yongs grub gtor chen bshams:_bla ma phur pa'i dkyil 'khor rdzogs:_dam rdzas gtor ma'i dbang bskur ro:_oM AHhU~M gu ru badz+ra ku mA ra sarba sid+d+hi pha la ba liM ta a b+hi Shiny+tsa hU~M:_zhes brjod gtor ma'i dbang bskur la:_dam bsgrags khas blang yon phul te:_dge rtsa bsngo zhing shis pa brjod:_des ni bar chad kun las rgyal:_phyag rgya chen po'i rig 'dzin 'grub:_da lta'i rje 'bangs grogs lnga dang:_ma 'ongs chos bdag skyes bu yis:_bar chad sel phyir gsang ba'i gnas:_rdo rje khros pa'i rgyud sde las:_pad+ma bdag gis gsang bar gdams:_sa ma ya:_brda thim:

Footnotes

Other Information