JKCL-KABUM-07-JA-002: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 7: . Bir, H.P.: Khyentse Labrang, 2012.
|fulltitletib=གསང་སྤྱོད་མཁའ་འགྲོ་སྙན་རྒྱུད་ཀྱི་གཤིན་པོ་རྗེས་འཛིན་ངན་སོང་ཀུན་འཇོམས།
|fulltitle=gsang spyod mkha' 'gro snyan rgyud kyi gshin po rjes 'dzin ngan song kun 'joms
|citation=[['jam dbyangs mkhyen brtse chos kyi blo gros]]. ''gsang spyod mkha' 'gro snyan rgyud kyi gshin po rjes 'dzin ngan song kun 'joms''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 7: 75-89. Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
Line 11: Line 13:
|associatedpeople=ma gcig lab sgron
|associatedpeople=ma gcig lab sgron
|associatedpeopletib=མ་གཅིག་ལབ་སྒྲོན་
|associatedpeopletib=མ་གཅིག་ལབ་སྒྲོན་
|tibgenre=Funerary Rituals - gnas lung - byang chog, Ritual and Liturgical Texts - cho ga phyag len
|terma=No
|jkcloutline=Six
|jkcloutline=Six
|cycle=gsang spyod mkha' 'gro'i snyan brgyud
|cycle=gsang spyod mkha' 'gro'i snyan brgyud
Line 19: Line 23:
|volyigtib=ཇ་
|volyigtib=ཇ་
|totalvolumes=12
|totalvolumes=12
|textnuminvol=002
|pagenumbers=75-89
|totalpages=15
|beginfolioline=1a1
|beginfolioline=1a1
|textnuminvol=002
|endfolioline=8a5
|totalfolios=8
|multivolumework=No
|colophontib=།ཅེས་གསང་སྤྱོད་སྙན་བརྒྱུད་ཀྱི་གཤིན་དོན་གནས་ལུང་གི་ཆོ་ག་འདི་ལྟར་བྲིས་ཞེས་རང་སློབ་ལྷ་རྗེ་ཚེ་རིང་ཕུན་ཚོགས་ནས་ལྷ་རྫས་བཅས་བསྐུལ་བ་དོན་ཡོད་པའི་ཕྱིར་དུ།  འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྗེ་གཤོངས་ཆེན་ཆེན་པོའི་གསུངས་ཉིད་རྩ་བར་བཟུང་ནས་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་ཕྱག་བཞེས་ཀྱིས་ཟུར་བརྒྱན་ཏེ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་སྡེ་ཆེན་པོར་སྣྲོན་ཟླ་ཚེས་བཅུ་བཟང་པོར་བྲིས་པ་འདིས་ཀྱང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག  །ཤུབྷཾ།།
|colophonwylie=/ces gsang spyod snyan brgyud kyi gshin don gnas lung gi cho ga 'di ltar bris zhes rang slob lha rje tshe ring phun tshogs nas lha rdzas bcas bskul ba don yod pa'i phyir du/__'jam dbyangs chos kyi blo gros pas rje gshongs chen chen po'i gsungs nyid rtsa bar bzung nas mkhas shing grub pa brnyes pa'i rdo rje 'dzin pa chen po rnams kyi phyag bzhes kyis zur brgyan te rdzong gsar bkra shis lha rtse'i chos sde chen por snron zla tshes bcu bzang por bris pa 'dis kyang sems can la phan pa rgya chen po 'byung bar gyur cig__/shub+haM//
|pdflink=File:JKCL-KABUM-07-JA-002.pdf
|pdflink=File:JKCL-KABUM-07-JA-002.pdf
}}
}}

Revision as of 10:31, 14 December 2021

གསང་སྤྱོད་མཁའ་འགྲོ་སྙན་རྒྱུད་ཀྱི་གཤིན་པོ་རྗེས་འཛིན་ངན་སོང་ཀུན་འཇོམས།
Wylie title gsang spyod mkha' 'gro snyan rgyud kyi gshin po rjes 'dzin ngan song kun 'joms JKCL-KABUM-07-JA-002.pdf
Location chos kyi blo gros bka' 'bum
Volume 7, Text 2, Pages 75-89 (Folios 1a1 to 8a5)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön ཐང་སྟོང་རྒྱལ་པོ་ (thang stong rgyal po)
Associated People མ་གཅིག་ལབ་སྒྲོན་ (ma gcig lab sgron)
Citation 'jam dbyangs mkhyen brtse chos kyi blo gros. gsang spyod mkha' 'gro snyan rgyud kyi gshin po rjes 'dzin ngan song kun 'joms. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 7: 75-89. Bir, H.P.: Khyentse Labrang, 2012.
Genre Funerary Rituals - gnas lung - byang chog  ·  Ritual and Liturgical Texts - cho ga phyag len
Cycle གསང་སྤྱོད་མཁའ་འགྲོའི་སྙན་བརྒྱུད་ (gsang spyod mkha' 'gro'i snyan brgyud)
Colophon

།ཅེས་གསང་སྤྱོད་སྙན་བརྒྱུད་ཀྱི་གཤིན་དོན་གནས་ལུང་གི་ཆོ་ག་འདི་ལྟར་བྲིས་ཞེས་རང་སློབ་ལྷ་རྗེ་ཚེ་རིང་ཕུན་ཚོགས་ནས་ལྷ་རྫས་བཅས་བསྐུལ་བ་དོན་ཡོད་པའི་ཕྱིར་དུ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྗེ་གཤོངས་ཆེན་ཆེན་པོའི་གསུངས་ཉིད་རྩ་བར་བཟུང་ནས་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་ཕྱག་བཞེས་ཀྱིས་ཟུར་བརྒྱན་ཏེ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་སྡེ་ཆེན་པོར་སྣྲོན་ཟླ་ཚེས་བཅུ་བཟང་པོར་བྲིས་པ་འདིས་ཀྱང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །ཤུབྷཾ།།

/ces gsang spyod snyan brgyud kyi gshin don gnas lung gi cho ga 'di ltar bris zhes rang slob lha rje tshe ring phun tshogs nas lha rdzas bcas bskul ba don yod pa'i phyir du/__'jam dbyangs chos kyi blo gros pas rje gshongs chen chen po'i gsungs nyid rtsa bar bzung nas mkhas shing grub pa brnyes pa'i rdo rje 'dzin pa chen po rnams kyi phyag bzhes kyis zur brgyan te rdzong gsar bkra shis lha rtse'i chos sde chen por snron zla tshes bcu bzang por bris pa 'dis kyang sems can la phan pa rgya chen po 'byung bar gyur cig__/shub+haM//

1 Texts in this Section (sde tshan or chos tshan)

[edit]
༄༅། །གསང་སྤྱོད་མཁའ་འགྲོ་སྙན་རྒྱུད་ཀྱི་གཤིན་པོ་རྗེས་འཛིན་ངན་སོང་ཀུན་འཇོམས་ཞེས་བྱ་བ་བཞུགས་སོ། ། ན་མ་བཛྲ་ཝཱ་ར་ཧི་ཡེ། རྒྱལ་ཀུན་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ། །ཡེ་ཤེས་སྒྱུ་མའི་གར་མཁན་ཌཱ་ཀིའི་གཙོ། །ཐུགས་རྗེས་ལང་ཚོ་རབ་རྒྱས་བདེ་ཆེན་བདག །བླ་མ་དཔལ་ལྡན་རྡོ་རྗེ་མཁའ་འགྲོས་སྐྱོངས། །ཉམ་ཐག་འགྲོ་རྣམས་ངན་སོང་ལས། །སྐྱབས་མཛད་ཐུགས་རྗེའི་ལྕགས་ཀྱུ་ཡི། །གནས་ལུང་གདུང་སེལ་བདུད་རྩིའི་ཆུ། །སྤེལ་ལ་ཌཱ་ཀིས་གནང་བ་རྩོལ། །དེ་ལ་གཤིན་དོན་ཁྲུས་ཆོག་གི་ཚེ་འདས་རྗེས་སུ་འཛིན་པའི་རིམ་པ་ལ་རྡོ་རྗེ་ཕག་མོའི་དཀྱིལ་ཆོག་གི་བདག་མདུན་སྒྲུབ་ཆོག་མཆོད་གཏོར་འབུལ་བུམ་སྒྲུབ་དང་། ལས་བུམ་གྱི་བཟླས་པའི་སྐབས། སུམ་བྷ་ནི་དང་། ཨ་ཅི་འགྲུབ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊཿབརྒྱ་རྩ། ཡིག་བརྒྱ་གསུམ་ཙམ་བཟླ་བ་དང་། བདག་འཇུག་ཚོགས་མཆོད། ཚོགས་དྲང་བ་བཅས་གྲུབ་ནས། གཤིན་དོན་དངོས་ལའང་གསུམ། དང་པོ་སྦྱོར་བའི་རིམ་པ་ནི། ཤོག་བུ་ལ་དམིགས་བྱའི་གཟུགས་བརྙན་གུར་གུམ་གྱི་མིང་ཡིག་ནྲྀཿདང་བཅས་དྲི་མའི་རྟེན་དང་མཉམ་དུ་པདྨ་འདབ་བརྒྱད་ཀྱི་གདན་ལ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་བཞག །དེ་དང་ཉེ་བར་ཞི་དྲག་གི་སྦྱོང་བ་དང་། ཏིལ། མེ། ཆུ། བྲབ་རྫས་བྱེ་ཡུངས། འབྱུང་བཞིའི་རྫས། ཟས་གཏད་གྱི་ཆས། རས་ལྡེ་རྣམས་འཇོག །གཉིས་པ་དངོས་གཞིའི་ཆོ་ག་ལ། དང་པོ་རྟེན་བསྐྱེད་ནི། དམིགས་རྟེན་ལ་ལས་བུམ་གྱི་ཆུ་གཏོར། །སུམ་བྷ་ནིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཉིད་གསོན་པའི་རྣམ་པར་ཇི་ལྟ་བར་བསམ། གཉིས་པ་རྣམ་ཤེས་དགུག་པ་ནི། ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་བཅས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་དཀའ་བདེན་པ་དང་། ཆོས་སྐུ་ཡུམ་ཆེན་ཤེར་ཕྱིན། ལོངས་སྐུ་རྡོ་རྗེ་ཕག་མོ། སྤྲུལ་སྐུ་ལབ་ཁྱེ་སྒྲོན་མ། མཁའ་འགྲོ་སྡེ་ལྔ། ཆོས་བདག་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་ཕག་ཞལ་ཅན་འཁོར་དང་བཅས་པའི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས་ཚེ་ལས་འདས་པ་མིང་འདི་ཞེས་བྱ་བའི་རྣམ་པར་ཤེས་པ་ཁམས་གསུམ་ས་དགུ་སྲིད་པ་བར་དོ་གང་ན་གནས་ཀྱང་དམིགས་པའི་རྟེན་འདི་ཉིད་ལ་མཆིས་པར་གྱུར་ཅིག །ཊཱ་ཀི་ཧཱུྃ་ཛཿཞེས་ལན་གསུམ་གྱིས་རྣམ་ཤེས་དང་། སརྦ་པ་པཾ་ཨ་པཱ་ན་ཡ་ཧཱུྃ། ཞེས་པས་རྟེན་ལ་བཀུག་ནས། ཛཿཧཱུྃ་བྃ་ཧོཿརང་གི་སྙིང་ག་ནས་སྤྲོས་པའི་འོད་ཟེར་ལྕགས་ཀྱུ་ལྟ་བུའི་སྣ་ལ་གཤིན་པོ་དེའི་རྣམ་ཤེས་མར་མེ་འབར་བ་ལྟ་བུའི་རྣམ་པ་ཅན་ཡེ་རེ་བྱུང་སྟེ། རྟེན་དེ་ཡི་སྤྱི་གཙུག་ནས་ཐིམ་པར་བསམ། གསུམ་པ་བགེགས་སྦྱངས་བ་ནི། གཏོར་མ་གསུམ་པོ་རེ་རེ་བཞིན་རྟེན་ལ་སྐོར་ཞིང་། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས། གྲྀཧྞ་དཾ་བ་ལིནྟ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཞི་བ་ཏིང་ལོ་དང་ཆང་བུ་བསྐོར་ཞིང་། ཨོཾ་སུམྦྷ་ནི་སོགས། ཧཱུྃ་བཞི་པ་གསུམ་གྱིས་ཞི་དྲག་ཕྱེད་མ། བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར། བདེན་པ་ཆེན་པོའི་བྱིན་བརླབས་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས། ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་ཚོགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཤིག །གལ་ཏེ་མི་འགྲ་ོན་ཡེ་ཤེས་ཀྱི་རྡོ་རྗེ་མེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་གྱུར་ཏ་རེ། ཞེས་པའི་མཐར། སུམ་བྷ་ནིས་དྲག་སྔགས་བཟླ་ཞིང་། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། རོལ་མོའི་སྒྲ་དང་བཅས་པ་ལན་གསུམ་གྱིས་མཐར་གཏོར་མ་ཕྱི་རོལ་དུ་དོར་བ་ནི་དྲག་པོས་སྦྱངས་བའོ། །བཞི་པ་སྡིག་པ་སྦྱངས་བ་ནི། རྟེན་གྱི་མདུན་དུ་ཏིལ་དང་མེ་ཆུ་བཤམས། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་ཡི་གེ་ཀཾ་ནག་པོའི་རྣམ་པས་སྣ་བུག་ནས་ཐོན་སྣ་སྒོར་སྡིག་པ་རྭ་ཅན་གྱི་རྣམ་པས་ཏིལ་ལ་ཐིམ་པར་གྱུར། ཏིལ་བླངས་ནས་གཡས་གཡོན་བསྐོར་ནས་མེ་ཆུར་དོར། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པས། སྡིག་པ་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས་ཤིང་ཆོས་ཉིད་ཀྱི་རྒྱ་མཚོར་དོར་བར་མོས་ལ་སྦྱངས། རྩ་སྔགས་དང་། སྒྲིབ་སྦྱང་གི་སྔགས་བཟླས་པའི་ཕྱེ་མ་དང་ཡུངས་ཀར་གྱིས་བྲབ་ཏེ། ཧ་རི་ནི་ས། ཨོཾ་པ་རི་ཤཾ་ཤཾ། པ་རཾ་ཤཾ་ཤཾ་ཕཊཿལན་གསུམ་དང་། ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿཨོཾ་མ་ཐ་མ་ཐ་སརྦ་ཏིཪྻ་ཀ་ཏེ་ཧེ་ཏུཾ་ཧཱུྃ་ཕཊཿཅེས་དང་། ངན་སོང་སྦྱོང་བའི་སྔགས་དང་། ཨོཾ་པདྨོ་ཨུཥྞི་ཥ་བི་མ་ལེ་ཧཱུྃ་ཕཊཿཉེར་གཅིག །སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་ཞུ་བ་བཞིན་དག་པར་བསམ་མོ། །ལྔ་པ་ཁྲུས་ལ་ཏིང་ངེ་འཛིན་གྱི་ཁྲུས་ནི། རང་གི་སྙིང་གར་ཨ་དཀར་པོ་དེ་ལས་འོད་ཟེར་བདུད་རྩིའི་ཆུ་རྒྱུན་བྱུང་། ཚེ་ལས་འདས་པའི་སྤྱི་གཙུག་ནས་བབས་པས། ཚེ་འདས་ཀྱི་སྡིག་སྒྲིབ་དྲི་མ་མི་གཙང་བ་ཐམས་ཅད་བཀྲུས་ཤིང་དག་པར་གྱུར། ཨ། བརྒྱ་རྩ་གཅིག་དང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཉེར་གཅིག །ཡིག་བརྒྱ་ཚར་གསུམ་བཟླ་བར་བྱའོ། །དེ་ནས་བུམ་པའི་ཆུས་ཁྲུས་བྱ་བ་ལ། དཀྱིལ་འཁོར་སོགས་རྟེན་གྱིས་གཟུགས་བརྙན་མེ་ལོང་ལ་ཤར་བར་མཆོག་ཁྲུས་སྔོན་དུ་འགྲོ་བས། ཁྲུས་ཆུ་བུམ་པར་བླུགས་པ་སློབ་དཔོན་གྱིས་ཐོགས་ནས། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང་། །གཏོང་བ་དྲི་ཡི་ལེགས་བགོས་ཆུ། །ཁྲུས་ལེགས་མཛད་ཀྱི་ཁྲུས་བགྱིའོ། །ཕག་མོའི་རྩ་སྔགས་དང་། ཨ་ཡིག །ཨ་མྲྀ་ཏ་དང་ཡིག་བརྒྱ་བཅས་པས་ཁྲུས་བྱ། དེ་བཞིན་དུ། ཚུལ་ཁྲིམས༴ཁྲིམས་འཆལ༴བཟོད་པ༴ཁོང་ཁྲོའི༴བརྩོན་འགྲུས༴ལེ་ལོའི༴བསམ་གཏན༴རྣམ་གཡེང་༴ཤེས་རབ༴ཤེས་འཆལ༴རྣམས་སྦྱར་ལ་བར་མཚམས་སྔགས་དང་བཅས་ཏེ་བཀྲུའོ། །དྲུག་པ་དུག་སྦྱང་ནི། བུམ་ཆུས་རྟེན་ལ་བྱབ་ཅིང་། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སངས་རྒྱས་བཅོམ་ལྡན་དུག་མི་མངའ། །སངས་རྒྱས་བདེན་པས་དུག་སྦྱོང་ངོ་། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །སྐྱོབ་པའི་དམ་ཆོས་དུག་མི་མངའ། །དམ་ཆོས་བདེན་པས་དུག་སྦྱོང་ངོ་། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །འཕགས་པའི་དགེ་འདུན་དུག་མི་མངའ། །དགེ་འདུན་བདེན་པས་དུག་སྦྱོང་ངོ་། །འབྱུང་བ་སོ་སོས་བྱབ་སྟེ། ས་འདི་དུག་གི་ཕ་ཡིན་ཏེ། །ས་འདི་དུག་གི་མ་ཡང་ཡིན། །བདེན་པའི་བདེན་ཚིག་འདི་དག་གི། དུག་རྣམས་ས་ཡི་ནང་དུ་སོང་། །དེ་བཞིན་ཆུ། མེ། རླུང་རྣམས་སྦྱར། །བདུན་པ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོར་གཞུག་པ་ནི། ཚེ་འདས་ཉིད་དཀྱིལ་འཁོར་གྱི་ལྷ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བཀའ་བརྒྱུད་བླ་མ་རིན་པོ་ཆེ། །མ་རིག་མུན་པ་སེལ་མཛད་པའི། །ཡེ་ཤེས་སྒྲོན་མེ་ལ་ཕྱག་འཚལ། །ཚེ་འདས་བྱིན་གྱིས་བརླབ་ཏུ་གསོལ། །དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་བསྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ། །ཀུན་ཏུ་རྟོག་པའི་འཆིང་གཅོད་ཅིང་། །འཇིག་རྟེན་བྱ་བ་ལ་འཇུག་པའི། །དེ་སྙེད་རྣམས་ལ་ཕྱག་འཚལ་ལོ། །བདེ་གཤེགས་རིགས་ཀྱི་ཌཱ་ཀི་ནཱི། །ནམ་མཁའ་ལྟ་བུར་འདུས་མ་བྱས། །ཁྱོད་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཚེ་འདས་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་རིགས་ཀྱི་ཌཱ་ཀི་ནཱི། །སྐྱེ་ཤི་མེད་པ་རྡོ་རྗེའི་སྐུ། །ཁྱོད་ལ་ཕྱག་འཚལ༴ །ཚེ་འདས་བྱིན་གྱིས༴ །རིན་ཆེན་རིགས་ཀྱི་ཌཱ་ཀི་ནཱི། །མི་ཟད་པ་ཡི་གཏེར་དང་ལྡན། །ཁྱོད་ལ༴ །ཚེ་འདས༴ །པདྨ་རིགས་ཀྱི་ཌཱ་ཀི་ནཱི། །ཆགས་པ་མེད་པའི་སྐྱོན་དང་བྲལ། །ཁྱོད་ལ༴ །ཚེ་འདས༴ །ལས་ཀྱི་རིགས་ཀྱི་ཌཱ་ཀི་ནཱི། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། །ཁྱོད་ལ་ཕྱག་འཚལ་སྐྱབས་སུ་མཆི། །ཚེ་འདས་བྱིན་གྱིས་བརླབ་ཏུ་གསོལ། །ཕྱག་བྱ་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པས་ནི་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཅེས་དང་། ཕྱོགས་བཅུར་བཞུགས་པའི་བླ་མ་དང་། །མཆོག་གསུམ་ཞི་ཁྲོ་རབ་འབྱམས་ཀྱི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ལ། །དེ་རིང་ཉིད་ནས་བདག་སྐྱབས་མཆི། །མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས། །འཁོར་བའི་སེམས་ཅན་བདག་ལྟ་བུ། །བར་དོའི་གནས་ན་མགོན་མེད་ཅིང་། །འཇིགས་པས་མནར་བ་བདག་ལ་དགོངས། །ཐོག་མེད་དུས་ནས་སྤྱད་པ་ཡི། །ལས་ངན་སྒྲིབ་པས་བཅིངས་པ་བདག །མཐའ་མེད་འཁོར་བའི་སྡུག་བསྔལ་ལས། །བདེ་ཆེན་གནས་སུ་དྲང་དུ་གསོལ། །བར་དོའི་འཇིགས་པ་གཤིན་རྗེའི་འཕྲང་། །ཉམ་ངའི་གནས་སུ་འཁྱམས་པའི་འགྲོ། །ཉོན་མོངས་གདུང་བས་གཟིར་བ་རྣམས། །བྱམས་པའི་ཐུགས་རྗེས་བསྐྱབ་ཏུ་གསོལ། །ཞེས་ལན་གསུམ་གྱིས་སྐྱབས་སུ་འགྲོར་གཞུག །བརྒྱད་པ་དབང་བསྐུར་བ་ནི། དཀྱིལ་འཁོར་དུ་འཇུག་པ་ནས་བཟུང་གཏང་རག་གི་མཎྜལ་བར་བདག་འཇུག་བཞིན་རྒྱས་པར་བྱ་བའམ། །བསྡུ་ན་གཏོར་དབང་ཙམ་བསྐུར་བར་བྱའོ། །དབང་མ་བསྐུར་ན། ཚེ་འདས་སྐད་ཅིག་གི་རྡོ་རྗེ་ཕག་མོ་ཞལ་གཉིས་མ་དམར་མོ་གྲི་ཐོད་ཁ་ཊྭཱྃ་འཛིན་ཤིང་རུས་པའི་རྒྱན་གྱིས་བརྒྱན་པའི་སྐུར་གྱུར་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབ་པར་གྱུར། དགུ་པ་ཟས་གཏད་ནི། ཚེ་འདས་རྡོ་རྗེ་ཕག་མོའི་སྐུར་གསལ་བའི་མདུན་དུ་འདོད་ཡོན་རྣམས་ཀྱིས་མཆོད་པར་མོས་ལ། གསུར་ཆས་རྣམས་ལ། རྃ་ཡྃ་ཁྃ། གིས་བསངས་སྦྱངས། འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པ་ནམ་མཁའ་གང་བར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་དབང་པོ་ཚིམ་བྱེད་རྣམས། །རྡོ་རྗེ་ཕག་མོའི་གནས་ཐོབ་ཁྱེད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམ་པར་ཤོག །ཨོཾ་ཤྲཱི་བཛྲ་ཝཱ་ར་ཧི་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པ་ཙམ་མམ། སྤྲོ་ན་ཁ་དོག་དབྱིབས་ལེགས་སོགས་ཀྱི་རྒྱས་པར་དབུལ། རང་གཞུང་ནས་འབྱུང་བའི་གསུར་བསྔོ་བྱ་བར་སྤྲོ་ན། བྷྲཱུཾ་ལས་གསུར་སྣོད་ཡངས་ཤིང་རྒྱ་ཆེ་བར། ཨོཾ་ལས་བྱུང་བའི་གསུར་རྫས་དྲི་ཞིམ་འདོད་རྒུ་འབྱུང་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བརླབས། ཨོཾ་ཧ་ས་པ་ར་སུ་རུ་ཕུག་པ་ཧཱུྃ་ཕཊཿཚར་བདུན་བཟླབས། དྲི་ཞིམ་གསུར་གྱི་མཆོད་པ་དམ་པ་འདི། །འབྱུང་པོ་གསུར་སྡུད་ཅན་དང་དྲི་ཟའི་ཚོགས། །མཆོག་ཏུ་དྲི་ཟའི་རྒྱལ་པོ་རབ་དགའ་མཆོད། །བདག་ལ་ཆོས་ཐུན་འབྱོར་པའི་དངོས་གྲུབ་སྩོལ། །ཁྱད་པར་དུ་ཡང་དམིགས་ཡུལ་ཚེ་ལས་འདས་པ་མིང་འདི་ཞེས་བྱ་བ་དེ་ཉིད་གཙོ་བོར་གྱུར་པ་དང་སེམས་ཅན་ལ་གནོད་ཅིང་འཚེ་བའི་གདོན་བགེགས་སྤྱི་དང་། ཟ་འདྲེ་ཤི་གཤེད་སྲོག་གཅོད་དབུགས་ལེན་མདངས་འཕྲོག་དང་། སྲིད་པ་བར་དོར་འཁྱམས་པའི་འགྲོ་རྣམས་ཀྱི་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། སྣ་ཡི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་བདའ་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ་ལ་སོགས་འདོད་ཡོན་ལྔ་ལ་མ་ཆགས་མ་ཞེན་པའི་སྒོ་ནས་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་བཏགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཕཊཿཅེས་བརྗོད་པས་བསྔོ་བར་བྱའོ། །བཅུ་པ་འཁོར་བར་མ་ཆགས་པ་གདམས་པ་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་བཟུང་། །བཅུ་གཅིག་པ་ལམ་བསྟན་པ་ནི། འོག་མིན་ཆོས་དབྱིངས་ཞིང་ཁམས་ན། །བཅོམ་ལྡན་རྡོ་རྗེ་ཕག་མོ་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་གྲོལ་བར་གྱིས། །བཅུ་གཉིས་པ་ལམ་སྦྱང་བ་ནི། དཀོན་མཆོག་བདེན་པའི་བྱིན་རླབས་དང་། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །འདི་ནས་ཉིང་མཚམས་སྦྱར་མ་ཐག །དག་པའི་ཞིང་ཁམས་བདེ་བ་ཅན། །པདྨའི་སྙིང་པོའི་ཟེའུ་འབྲུ་ལ། །རྫུས་ཏེ་སྐྱེ་བ་ལེན་པར་ཤོག །པདྨོ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པ། །སྲིད་པའི་པདྨོ་ལས་བྱུང་བ། །བདེ་བ་ཅན་དུ་སྐྱེ་བར་ཤོག །ཕཊཿཅེས་རང་རིག་ཚེ་འདས་དེ་ཡི་སྙིང་གར་གཏད་ལ་དེའི་རིག་པ་དང་བསྲེས་ནས་མཉམ་པར་བཞག །ཚེ་འདས་ཁྱོད་རང་བདེ་བ་ཅན་གྱི་ཞིང་ན་བཞུགས་པའི་མགོན་པོ་འོད་དཔག་ཏུ་མེད་པ་དང་། རྩ་བའི་བླ་མ་དབྱེར་མེད་པ་ལ་མོས་གུས་དྲག་ཏུ་བསྐྱེད་དེ། རིག་པ་ཨ་དཀར་པོའི་རྣམ་པ་ཅན་དུ་གནས་པ་དེ་ཉིད་ཧཱུྃ་བརྗོད་པས་དབུ་མའི་ལམ་ནས་ཡར་དྲངས། སྤྱི་གཙུག་ཚངས་པའི་བུ་གར་ཐོན་པ་དེ་ཕཊཿཅེས་བརྗོད་པ་དང་། བླ་མ་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་པར་མོས་ལ། ཨ་ཞེས་རྣམ་ཤེས་གསལ། ཧཱུྃ། ཞེས་དབུ་མར་དྲངས། ཕཊཿཀྱིས་སྤར་བ་ལན་གསུམ་བྱའོ། །བཅུ་གསུམ་པ་བྱང་དུ་བསྲེགས་པ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་མེ་ལྕེ་ལྟ་བུ་བྱུང་བས་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་འཁོར་བའི་ཆོས་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་བསྲེགས་ཤིང་སྦྱངས་བར་གྱུར་པའི་མོས་པས། རྩ་སྔགས་ལན་གསུམ་གྱིས་རས་ལྡེ་ལ་མེ་སྦར་ནས། ཧཱུྃ། བླང་དོར་མེད་པའི་ཧོམ་ཁུང་དུ། །མ་རིག་མུན་པའི་ཡམ་ཤིང་བསགས། །བདག་མེད་ཡེ་ཤེས་མེ་སྦར་བས། །སྒྲིབ་གཉིས་ཉོན་མོངས་བསྲེག་ཅིང་སྦྱངས། ཧཱུྃ། སྦར་རོ་སྦར་རོ་མེ་སྦར་རོ། །ལུས་ངག་ཡིད་གསུམ་བུད་ཤིང་ལ། །རྒྱལ་བའི་སྐུ་གསུང་མེ་སྦར་རོ། །ཡན་ལག་བཞི་ཡི་བུད་ཤིང་ལ། །ཚད་མེད་བཞི་ཡི་མེ་སྦར་རོ། ཧཱུྃ། དུག་ལྔ་དག་པའི་ཧོམ་ཁུང་དུ། །ཡེ་ཤེས་ལྔ་ཡི་མེ་སྦར་རོ། །ཕུང་པོ་ལྔ་ནི་བསྲེག་ཅིང་སྦྱངས། །བདེ་གཤེགས་རིགས་ལྔ་དབྱིངས་སུ་གཤེགས། །རྩ་སྔགས་དང་། ཨགྣེ་ཛྭ་ལ་རྃ། ཞེས་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་སྦྱངས་ལ། གཟུགས་སྟོང་པའོ། །སྟོང་པ་ཉིད་ཀྱང་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད། ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུའང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས། རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུའང་མེད་དོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པའང་མེད་དོ། །ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ལ་ཐོབ་པ་མེད་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་བརྟེན་ཅིང་གནས་ཏེ་སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཞེས་པའི་མདོ་ཡང་བཏོན་ན་ལེགས་སོ། །ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ། ཞེས་བརྒྱ་རྩ་དང་། ཨཿམང་དུ་བརྗོད། ཕཊཿབརྗོད་ནས་ཡུམ་དོན་ལ་མཉམ་པར་བཞག་གོ། བྱང་ཐལ་ལ་བུམ་ཆུ་བྲན་ནས། བྱང་རོའི་སྟེང་དུ་ཟླ་དཀྱིལ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། དེ་ལས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ཐམས་ཅད་ཟླ་བ་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བྱུང་བས་ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་མོས་ལ། རྩ་སྔགས་དང་། ཡིག་བརྒྱ། ངན་སོང་སྦྱོང་སྔགས་རྣམས་བཟླ། དེ་ཉིད་འཇིམ་པ་དང་བསྲེས་ལ་སཱཙྪ་གདབ། ཆོས་སྐུའི་མཆོད་རྟེན་དུ་གྱུར་པར་མོས་ལ་རབ་གནས་རྒྱས་པའམ་བསྡུ་ན་རྟེན་སྙིང་དང་། སུ་པྲ་ཏིཥྛས་བརྟན་པར་བྱའོ། །རྗེས་དགེ་བ་བསྔོ་བ་ནི། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། རྗེ་གྲུབ་ཐོབ་ཆེན་པོས་མཛད་པའི་སྨོན་ལམ་དང་། དགེ་བ་འདི་ཡིས་འགྲོ་བ་ཀུན། །ཡུམ་ཆེན་ཤེར་ཕྱིན་དོན་རྟོགས་ནས། །བདུད་བཞི་དབྱིངས་སུ་རང་གྲོལ་ཏེ། །འགྲོ་ཀུན་སྐྱེ་མེད་དོན་རྟོགས་ཤོག །ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས། །དགེ་རྩ་བྱང་ཆུབ་ཆེན་པོར་བསྔོ། །བྱིན་རླབས་རང་གི་སེམས་ཉིད་ལ། །གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །ཅེས་སོགས་བརྗོད་པས་དགེ་ཚོགས་བྱང་ཆུབ་ཏུ་བསྔོ་བས་རྒྱས་བཏབ་ཤིང་། དཀྱིལ་འཁོར་གྱི་ཚོགས་ལྷག་བསྔོ་བ་དང་། རྗེས་རིམ་རྣམས་བྱའོ། །འདི་ལྟར་བྲིས་པའི་ལེགས་བྱས་མཐུས། །ཁམས་གསུམ་སེམས་ཅན་མ་ལུས་ཀུན། །རྡོ་རྗེ་བཙུན་མོའི་གྲོང་ཁྱེར་དུ། །དཀའ་བ་མེད་པར་ཕྱིན་གྱུར་ཅིག །ཁྱད་པར་འབྲེལ་ཐོབ་ཚེ་འདས་རྣམས། །རྣལ་འབྱོར་མ་ཡི་བྱིན་གྱིས་རློབས། །ངན་སོང་དུཿཁ་ལས་གྲོལ་ནས། །ཆོས་ལྡན་རྟེན་བཟང་རྙེད་པ་དང་། །ས་བཅུ་ལམ་ལྔ་བགྲོད་གྱུར་ཅིག །ཆོ་ག་འདི་ཡང་མཐུ་ལྡན་དུ། །བླ་མ་གྲུབ་ཐོབ་ཆེན་པོ་དང་། །རྣལ་འབྱོར་མ་ཡི་བྱིན་གྱིས་རློབས། །སེམས་ཅན་དཔག་མེད་གྲོལ་བྱེད་ཤོག །ཅེས་གསང་སྤྱོད་སྙན་བརྒྱུད་ཀྱི་གཤིན་དོན་གནས་ལུང་གི་ཆོ་ག་འདི་ལྟར་བྲིས་ཞེས་རང་སློབ་ལྷ་རྗེ་ཚེ་རིང་ཕུན་ཚོགས་ནས་ལྷ་རྫས་བཅས་བསྐུལ་བ་དོན་ཡོད་པའི་ཕྱིར་དུ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་རྗེ་གཤོངས་ཆེན་ཆེན་པོའི་གསུངས་ཉིད་རྩ་བར་བཟུང་ནས་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་ཕྱག་བཞེས་ཀྱིས་ཟུར་བརྒྱན་ཏེ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་སྡེ་ཆེན་པོར་སྣྲོན་ཟླ་ཚེས་བཅུ་བཟང་པོར་བྲིས་པ་འདིས་ཀྱང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །ཤུབྷཾ།། །།
[edit]

@#/__/gsang spyod mkha' 'gro snyan rgyud kyi gshin po rjes 'dzin ngan song kun 'joms zhes bya ba bzhugs so/__/ na ma badz+ra wA ra hi ye/__rgyal kun bskyed yum rdo rje rnal 'byor ma/__/ye shes sgyu ma'i gar mkhan DA ki'i gtso/__/thugs rjes lang tsho rab rgyas bde chen bdag__/bla ma dpal ldan rdo rje mkha' 'gros skyongs/__/nyam thag 'gro rnams ngan song las/__/skyabs mdzad thugs rje'i lcags kyu yi/__/gnas lung gdung sel bdud rtsi'i chu/__/spel la DA kis gnang ba rtsol/__/de la gshin don khrus chog gi tshe 'das rjes su 'dzin pa'i rim pa la rdo rje phag mo'i dkyil chog gi bdag mdun sgrub chog mchod gtor 'bul bum sgrub dang /__las bum gyi bzlas pa'i skabs/__sum b+ha ni dang /__a ci 'grub/__oM a mr-i te hU~M phaTaHbrgya rtsa/__yig brgya gsum tsam bzla ba dang /__bdag 'jug tshogs mchod/__tshogs drang ba bcas grub nas/__gshin don dngos la'ang gsum/__dang po sbyor ba'i rim pa ni/__shog bu la dmigs bya'i gzugs brnyan gur gum gyi ming yig nr-iHdang bcas dri ma'i rten dang mnyam du pad+ma 'dab brgyad kyi gdan la dkyil 'khor gyi lho phyogs su bzhag__/de dang nye bar zhi drag gi sbyong ba dang /__til/__me/__chu/__brab rdzas bye yungs/__'byung bzhi'i rdzas/__zas gtad gyi chas/__ras lde rnams 'jog__/gnyis pa dngos gzhi'i cho ga la/__dang po rten bskyed ni/__dmigs rten la las bum gyi chu gtor/__/sum b+ha nis bsangs/__swa b+hA was sbyangs/__stong pa'i ngang las pad+ma dang zla ba'i gdan la ming byang nr-i las tshe 'das nyid gson pa'i rnam par ji lta bar bsam/__gnyis pa rnam shes dgug pa ni/__hU~M mdzad kyi phyag rgya dang bcas/__na mo/__rje btsun rtsa ba dang brgyud par bcas pa'i dpal ldan bla ma dam pa rnams kyi dka' bden pa dang /__chos sku yum chen sher phyin/__longs sku rdo rje phag mo/__sprul sku lab khye sgron ma/__mkha' 'gro sde lnga/__chos bdag gsang ba ye shes kyi mkha' 'gro phag zhal can 'khor dang bcas pa'i bka' bden pa dang /__sangs rgyas kyi bka' bden pa dang /__chos kyi bka' bden pa dang /__dge 'dun gyi bka' bden pa dang /__bden pa chen po'i byin gyis brlabs kyi mthu dang nus pa la brten nas tshe las 'das pa ming 'di zhes bya ba'i rnam par shes pa khams gsum sa dgu srid pa bar do gang na gnas kyang dmigs pa'i rten 'di nyid la mchis par gyur cig__/TA ki hU~M dzaHzhes lan gsum gyis rnam shes dang /__sarba pa paM a pA na ya hU~M/__zhes pas rten la bkug nas/__dzaHhU~M ba~M hoHrang gi snying ga nas spros pa'i 'od zer lcags kyu lta bu'i sna la gshin po de'i rnam shes mar me 'bar ba lta bu'i rnam pa can ye re byung ste/__rten de yi spyi gtsug nas thim par bsam/__gsum pa bgegs sbyangs ba ni/__gtor ma gsum po re re bzhin rten la skor zhing /__oM sarba big+h+nAn na maHsarba ta thA ga ta b+h+yo sogs/__gr-ih+Na daM ba lin+ta swA hA/__zhes lan gsum gyis zhi ba ting lo dang chang bu bskor zhing /__oM sum+b+ha ni sogs/__hU~M bzhi pa gsum gyis zhi drag phyed ma/__bden stobs sngar bzhin brjod pa'i mthar/__bden pa chen po'i byin brlabs kyi mthu dang nus pa la brten nas/__tshe las 'das pa gson gyi dus su tshe la bar du gcod cing gshin gyi dus na sdig pa sbyong ba la bar du gcod pa'i bgegs tshogs thams cad gtor ma 'dis tshim par gyis la dpag tshad dang rgyang grags su ma gnas par song shig__/gal te mi 'gra \u0f7cna ye shes kyi rdo rje me 'bar bas mgo bo tshal pa brgyar 'gas par gyur ta re/__zhes pa'i mthar/__sum b+ha nis drag sngags bzla zhing /__gu gul gyis bdug__/yungs kar gyis brab/__rol mo'i sgra dang bcas pa lan gsum gyis mthar gtor ma phyi rol du dor ba ni drag pos sbyangs ba'o/__/bzhi pa sdig pa sbyangs ba ni/__rten gyi mdun du til dang me chu bshams/__tshe las 'das pa'i sdig sgrib thams cad yi ge kaM nag po'i rnam pas sna bug nas thon sna sgor sdig pa rwa can gyi rnam pas til la thim par gyur/__til blangs nas g.yas g.yon bskor nas me chur dor/__oM sarba pA paM da ha na b+hasmiM ku ru ye swA hA/__zhes pas/__sdig pa thams cad ye shes kyi mes bsregs shing chos nyid kyi rgya mtshor dor bar mos la sbyangs/__rtsa sngags dang /__sgrib sbyang gi sngags bzlas pa'i phye ma dang yungs kar gyis brab te/__ha ri ni sa/__oM pa ri shaM shaM/__pa raM shaM shaM phaTaHlan gsum dang /__oM da ha da ha sarba na ra ka te he tuM hU~M phaTaHoM pa tsa pa tsa sarba pre ta ka te he tuM hU~M phaTaHoM ma tha ma tha sarba tiR+Ya ka te he tuM hU~M phaTaHces dang /__ngan song sbyong ba'i sngags dang /__oM pad+mo uSh+Ni Sha bi ma le hU~M phaTaHnyer gcig__/sdig sgrib thams cad nyi mas ba mo zhu ba bzhin dag par bsam mo/__/lnga pa khrus la ting nge 'dzin gyi khrus ni/__rang gi snying gar a dkar po de las 'od zer bdud rtsi'i chu rgyun byung /__tshe las 'das pa'i spyi gtsug nas babs pas/__tshe 'das kyi sdig sgrib dri ma mi gtsang ba thams cad bkrus shing dag par gyur/__a/__brgya rtsa gcig dang /__oM a mr-i te hU~M phaT/__nyer gcig__/yig brgya tshar gsum bzla bar bya'o/__/de nas bum pa'i chus khrus bya ba la/__dkyil 'khor sogs rten gyis gzugs brnyan me long la shar bar mchog khrus sngon du 'gro bas/__khrus chu bum par blugs pa slob dpon gyis thogs nas/__'di ni sbyin pa'i rang bzhin chu/__/ser sna'i dri ma sbyong mdzad cing /__/gtong ba dri yi legs bgos chu/__/khrus legs mdzad kyi khrus bgyi'o/__/phag mo'i rtsa sngags dang /__a yig__/a mr-i ta dang yig brgya bcas pas khrus bya/__de bzhin du/__tshul khrims=khrims 'chal=bzod pa=khong khro'i=brtson 'grus=le lo'i=bsam gtan=rnam g.yeng =shes rab=shes 'chal=rnams sbyar la bar mtshams sngags dang bcas te bkru'o/__/drug pa dug sbyang ni/__bum chus rten la byab cing /__'dod chags zhe sdang gti mug gsum/__/'di dag 'jig rten dug gsum ste/__/sangs rgyas bcom ldan dug mi mnga'/__/sangs rgyas bden pas dug sbyong ngo /__/'dod chags zhe sdang gti mug gsum/__/'di dag 'jig rten dug gsum ste/__/skyob pa'i dam chos dug mi mnga'/__/dam chos bden pas dug sbyong ngo /__/'dod chags zhe sdang gti mug gsum/__/'di dag 'jig rten dug gsum ste/__/'phags pa'i dge 'dun dug mi mnga'/__/dge 'dun bden pas dug sbyong ngo /__/'byung ba so sos byab ste/__sa 'di dug gi pha yin te/__/sa 'di dug gi ma yang yin/__/bden pa'i bden tshig 'di dag gi/__dug rnams sa yi nang du song /__/de bzhin chu/__me/__rlung rnams sbyar/__/bdun pa phyag 'tshal zhing skyabs su 'gror gzhug pa ni/__tshe 'das nyid dkyil 'khor gyi lha la phyag 'tshal zhing skyabs su 'gro bar bsam la/__/dus gsum sangs rgyas thams cad kyi/__/bka' brgyud bla ma rin po che/__/ma rig mun pa sel mdzad pa'i/__/ye shes sgron me la phyag 'tshal/__/tshe 'das byin gyis brlab tu gsol/__/dpal ldan rdo rje mkha' 'gro ma/__/mkha' 'gro ma yi 'khor los bsgyur/__/ye shes lnga dang sku gsum nyid/__/'gro ba skyob la phyag 'tshal lo/__/ji snyed rdo rje mkha' 'gro ma/__/kun tu rtog pa'i 'ching gcod cing /__/'jig rten bya ba la 'jug pa'i/__/de snyed rnams la phyag 'tshal lo/__/bde gshegs rigs kyi DA ki nI/__/nam mkha' lta bur 'dus ma byas/__/khyod la phyag 'tshal skyabs su mchi/__/tshe 'das byin gyis brlab tu gsol/__/rdo rje rigs kyi DA ki nI/__/skye shi med pa rdo rje'i sku/__/khyod la phyag 'tshal=__/tshe 'das byin gyis=__/rin chen rigs kyi DA ki nI/__/mi zad pa yi gter dang ldan/__/khyod la=__/tshe 'das=__/pad+ma rigs kyi DA ki nI/__/chags pa med pa'i skyon dang bral/__/khyod la=__/tshe 'das=__/las kyi rigs kyi DA ki nI/__/phrin las rnam bzhi lhun gyis grub/__/khyod la phyag 'tshal skyabs su mchi/__/tshe 'das byin gyis brlab tu gsol/__/phyag bya 'os pa thams cad la/__/zhing rdul kun gyi grangs snyed kyis/__/lus btud pas ni rnam kun tu/__/mchog tu dad pas phyag 'tshal lo/__/ces dang /__phyogs bcur bzhugs pa'i bla ma dang /__/mchog gsum zhi khro rab 'byams kyi/__/dkyil 'khor lha tshogs thams cad la/__/de ring nyid nas bdag skyabs mchi/__/mgon po thugs rje can rnams kyis/__/'khor ba'i sems can bdag lta bu/__/bar do'i gnas na mgon med cing /__/'jigs pas mnar ba bdag la dgongs/__/thog med dus nas spyad pa yi/__/las ngan sgrib pas bcings pa bdag__/mtha' med 'khor ba'i sdug bsngal las/__/bde chen gnas su drang du gsol/__/bar do'i 'jigs pa gshin rje'i 'phrang /__/nyam nga'i gnas su 'khyams pa'i 'gro/__/nyon mongs gdung bas gzir ba rnams/__/byams pa'i thugs rjes bskyab tu gsol/__/zhes lan gsum gyis skyabs su 'gror gzhug__/brgyad pa dbang bskur ba ni/__dkyil 'khor du 'jug pa nas bzung gtang rag gi maN+Dal bar bdag 'jug bzhin rgyas par bya ba'am/__/bsdu na gtor dbang tsam bskur bar bya'o/__/dbang ma bskur na/__tshe 'das skad cig gi rdo rje phag mo zhal gnyis ma dmar mo gri thod kha T+wA~M 'dzin shing rus pa'i rgyan gyis brgyan pa'i skur gyur pa'i dpral bar oM dkar po/__mgrin par AHdmar po/__thugs kar hU~M sngon po rnams kyis mtshan pa las sku gsung thugs rdo rje gsum gyi rang bzhin du byin gyis brlab par gyur/__dgu pa zas gtad ni/__tshe 'das rdo rje phag mo'i skur gsal ba'i mdun du 'dod yon rnams kyis mchod par mos la/__gsur chas rnams la/__ra~M ya~M kha~M/__gis bsangs sbyangs/__'dod yon gyi phung po zad mi shes pa nam mkha' gang bar bsam la/__nam mkha' mdzod kyi sngags rgya lan gsum gyis brlab/__phyogs dus kun na gzugs sgra dri dang ro/__/reg bya'i khyad par dbang po tshim byed rnams/__/rdo rje phag mo'i gnas thob khyed la 'bul/__/zag med dga' bdes rtag tu tshim par shog__/oM shrI badz+ra wA ra hi pany+tsa kA ma gu Na pra tIts+tsha hU~M swA hA/__zhes pa tsam mam/__spro na kha dog dbyibs legs sogs kyi rgyas par dbul/__rang gzhung nas 'byung ba'i gsur bsngo bya bar spro na/__b+h+rUM las gsur snod yangs shing rgya che bar/__oM las byung ba'i gsur rdzas dri zhim 'dod rgu 'byung bar gyur/__oM AHhU~M/__lan gsum gyis brlabs/__oM ha sa pa ra su ru phug pa hU~M phaTaHtshar bdun bzlabs/__dri zhim gsur gyi mchod pa dam pa 'di/__/'byung po gsur sdud can dang dri za'i tshogs/__/mchog tu dri za'i rgyal po rab dga' mchod/__/bdag la chos thun 'byor pa'i dngos grub stsol/__/khyad par du yang dmigs yul tshe las 'das pa ming 'di zhes bya ba de nyid gtso bor gyur pa dang sems can la gnod cing 'tshe ba'i gdon bgegs spyi dang /__za 'dre shi gshed srog gcod dbugs len mdangs 'phrog dang /__srid pa bar dor 'khyams pa'i 'gro rnams kyi mig gi yul du gzugs mdzes pa/__rna ba'i yul du sgra snyan pa/__sna yi yul du dri zhim pa/__lce'i yul du ro bda' ba/__lus kyi yul du reg bya 'jam pa la sogs 'dod yon lnga la ma chags ma zhen pa'i sgo nas longs spyod pa'i skal ba dang ldan par gyur cig__/bdag gi bsam pa'i stobs dag dang /__/de bzhin gshegs pa'i sbyin stobs dang /__/chos kyi dbyings kyi stobs rnams kyis/__/'phags pa rnams la mchod pa dang /__/sems can kun la phan btags phyir/__/don rnams gang dag bsam pa kun/__/de dag thams cad ci rigs pa/__/thogs pa med par 'byung gyur cig__/phaTaHces brjod pas bsngo bar bya'o/__/bcu pa 'khor bar ma chags pa gdams pa ni/__nyon cig tshe 'das rigs kyi bu/__/rigs drug gnas na bde ba med/__/sdug bsngal las la ma chags par/__/ma yengs rtse gcig dran pas bzung /__/bcu gcig pa lam bstan pa ni/__'og min chos dbyings zhing khams na/__/bcom ldan rdo rje phag mo bzhugs/__/gnyis med sbyor ba'i mkha' dbyings su/__/rang rig rtsal gyis grol bar gyis/__/bcu gnyis pa lam sbyang ba ni/__dkon mchog bden pa'i byin rlabs dang /__/lha dang snying po phyag rgya'i mthus/__/lam lnga sa bcu skad cig la/__/thogs pa med par bgrod gyur cig__/'di nas nying mtshams sbyar ma thag__/dag pa'i zhing khams bde ba can/__/pad+ma'i snying po'i ze'u 'bru la/__/rdzus te skye ba len par shog__/pad+mo 'dam gyis ma gos ltar/__/srid gsum dri mas ma gos pa/__/srid pa'i pad+mo las byung ba/__/bde ba can du skye bar shog__/phaTaHces rang rig tshe 'das de yi snying gar gtad la de'i rig pa dang bsres nas mnyam par bzhag__/tshe 'das khyod rang bde ba can gyi zhing na bzhugs pa'i mgon po 'od dpag tu med pa dang /__rtsa ba'i bla ma dbyer med pa la mos gus drag tu bskyed de/__rig pa a dkar po'i rnam pa can du gnas pa de nyid hU~M brjod pas dbu ma'i lam nas yar drangs/__spyi gtsug tshangs pa'i bu gar thon pa de phaTaHces brjod pa dang /__bla ma sangs rgyas 'od dpag med kyi thugs kar 'phos par mos la/__a zhes rnam shes gsal/__hU~M/__zhes dbu mar drangs/__phaTaHkyis spar ba lan gsum bya'o/__/bcu gsum pa byang du bsregs pa ni/__dkyil 'khor gyi lha tshogs rnams kyi thugs ka nas ye shes kyi 'od zer me lce lta bu byung bas tshe 'das kyi phung khams skye mched 'khor ba'i chos thams cad chos nyid kyi dbyings su bsregs shing sbyangs bar gyur pa'i mos pas/__rtsa sngags lan gsum gyis ras lde la me sbar nas/__hU~M/__blang dor med pa'i hom khung du/__/ma rig mun pa'i yam shing bsags/__/bdag med ye shes me sbar bas/__/sgrib gnyis nyon mongs bsreg cing sbyangs/__hU~M/__sbar ro sbar ro me sbar ro/__/lus ngag yid gsum bud shing la/__/rgyal ba'i sku gsung me sbar ro/__/yan lag bzhi yi bud shing la/__/tshad med bzhi yi me sbar ro/__hU~M/__dug lnga dag pa'i hom khung du/__/ye shes lnga yi me sbar ro/__/phung po lnga ni bsreg cing sbyangs/__/bde gshegs rigs lnga dbyings su gshegs/__/rtsa sngags dang /__ag+ne dz+wa la ra~M/__zhes zag bcas kyi phung po zag med du sbyangs la/__gzugs stong pa'o/__/stong pa nyid kyang gzugs so/__/gzugs las kyang stong pa nyid gzhan ma yin/__stong pa nyid las kyang gzugs gzhan ma yin no/__/de bzhin du tshor ba dang /__'du shes dang /__'du byed dang /__rnam par shes pa rnams stong pa'o/__/shA ri'i bu de lta bas na chos thams cad stong pa nyid de/__mtshan nyid med pa/__ma skyes pa/__ma 'gags pa/__dri ma med pa/__dri ma dang bral ba med pa/__bri ba med pa/__gang ba med pa'o/__/shA ri'i bu de lta bas na/__stong pa nyid la gzugs med/__tshor ba med/__'du shes med/__'du byed med/__rnam par shes pa med/__mig med/__rna ba med/__sna med/__lce med/__lus med/__yid med/__gzugs med/__sgra med/__dri med/__ro med/__reg bya med/__chos med do/__/mig gi khams med pa nas yid kyi khams med/__yid kyi rnam par shes pa'i khams kyi bar du'ang med do/__/ma rig pa med/__ma rig pa zad pa med pa nas/__rga shi med/__rga shi zad pa'i bar du'ang med do/__/de bzhin du sdug bsngal ba dang /__kun 'byung ba dang /__'gog pa dang /__lam med/__ye shes med/__thob pa med/__ma thob pa'ang med do/__/shA ri'i bu de lta bas na byang chub sems dpa' rnams la thob pa med pa'i phyir shes rab kyi pha rol tu phyin pa zab mo 'di la brten cing gnas te sems la sgrib pa med pas skrag pa med de/__phyin ci log las shin tu 'das nas mya ngan las 'das pa'i mthar phyin to/__/dus gsum du rnam par bzhugs pa'i sangs rgyas thams cad kyang shes rab kyi pha rol tu phyin pa la brten nas bla na med par yang dag par rdzogs pa'i byang chub tu mngon par rdzogs par sangs rgyas so/__/zhes pa'i mdo yang bton na legs so/__/oM ga te ga te pA ra ga te pA ra saM ga te b+ho d+hi swA hA/__zhes brgya rtsa dang /__aHmang du brjod/__phaTaHbrjod nas yum don la mnyam par bzhag go/__byang thal la bum chu bran nas/__byang ro'i steng du zla dkyil la sngags kyi phreng bas bskor bar gyur/__de las 'od zer 'phros sangs rgyas dang byang chub sems dpa' thams cad kyi thugs rje byin rlabs thams cad zla ba sngags phreng dang bcas pa la thim/__de las bdud rtsi'i rgyun byung bas tshe las 'das pa'i sdig sgrib thams cad byang zhing dag par mos la/__rtsa sngags dang /__yig brgya/__ngan song sbyong sngags rnams bzla/__de nyid 'jim pa dang bsres la sAts+tsha gdab/__chos sku'i mchod rten du gyur par mos la rab gnas rgyas pa'am bsdu na rten snying dang /__su pra tiSh+Thas brtan par bya'o/__/rjes dge ba bsngo ba ni/__'phags pa bzang po spyod pa'i smon lam dang /__rje grub thob chen pos mdzad pa'i smon lam dang /__dge ba 'di yis 'gro ba kun/__/yum chen sher phyin don rtogs nas/__/bdud bzhi dbyings su rang grol te/__/'gro kun skye med don rtogs shog__/phyag 'tshal mchod cing sdig pa bshags/__/dge rtsa byang chub chen por bsngo/__/byin rlabs rang gi sems nyid la/__/gnas lugs rtogs par byin gyis rlobs/__/ces sogs brjod pas dge tshogs byang chub tu bsngo bas rgyas btab shing /__dkyil 'khor gyi tshogs lhag bsngo ba dang /__rjes rim rnams bya'o/__/'di ltar bris pa'i legs byas mthus/__/khams gsum sems can ma lus kun/__/rdo rje btsun mo'i grong khyer du/__/dka' ba med par phyin gyur cig__/khyad par 'brel thob tshe 'das rnams/__/rnal 'byor ma yi byin gyis rlobs/__/ngan song duHkha las grol nas/__/chos ldan rten bzang rnyed pa dang /__/sa bcu lam lnga bgrod gyur cig__/cho ga 'di yang mthu ldan du/__/bla ma grub thob chen po dang /__/rnal 'byor ma yi byin gyis rlobs/__/sems can dpag med grol byed shog__/ces gsang spyod snyan brgyud kyi gshin don gnas lung gi cho ga 'di ltar bris zhes rang slob lha rje tshe ring phun tshogs nas lha rdzas bcas bskul ba don yod pa'i phyir du/__'jam dbyangs chos kyi blo gros pas rje gshongs chen chen po'i gsungs nyid rtsa bar bzung nas mkhas shing grub pa brnyes pa'i rdo rje 'dzin pa chen po rnams kyi phyag bzhes kyis zur brgyan te rdzong gsar bkra shis lha rtse'i chos sde chen por snron zla tshes bcu bzang por bris pa 'dis kyang sems can la phan pa rgya chen po 'byung bar gyur cig__/shub+haM//___//

Footnotes

Other Information