JKW-KABUM-14-PHA-018: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...") |
m (Text replacement - "Khyentse Metadata" to "Text") |
||
(7 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |sectionheading=Yes|classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=འཕགས་པ་ཛམྦྷ་ལ་སེར་པོའི་བསྙེན་སྒྲུབ་ཀྱི་ཆོ་ག་འདོད་འཇོའི་སྙིང་པོ། | |||
|fulltitle='phags pa dzam+b+ha la ser po'i bsnyen sgrub kyi cho ga 'dod 'jo'i snying po | |||
|fulltitlekar=klong gsal dzaM ser gyi bsnyen sgrub 'dod 'jo'i snying po | |||
|fulltitlekartib=ཀློང་གསལ་ཛཾ་སེར་གྱི་བསྙེན་སྒྲུབ་འདོད་འཇོའི་སྙིང་པོ། | |||
|citation=[['jam dbyangs mkhyen brtse'i dbang po]]. 'phags pa dzam+b+ha la ser po'i bsnyen sgrub kyi cho ga 'dod 'jo'i snying po. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 14: 299-307. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
|author='jam dbyangs mkhyen brtse'i dbang po | |author='jam dbyangs mkhyen brtse'i dbang po | ||
|sourcerevealer=klong gsal snying po | |||
|editor= | |||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
| | |sourcerevealertib=ཀློང་གསལ་སྙིང་པོ་ | ||
|editortib= | |editortib= | ||
|tibgenre=Activity Manual - las byang, Recitation Manual - bsnyen yig, Sadhanas - Evocation Ritual - sgrub thabs | |||
|terma=Yes | |||
|sabcadcategory=Five | |||
|deity=dzaM ser | |||
|cycle=klong gsal rdo rje snying po | |||
|cycletib=ཀློང་གསལ་རྡོ་རྗེ་སྙིང་པོ་ | |||
|language=Tibetan | |language=Tibetan | ||
| | |rtzlink=Terdzo-WI-054 | ||
| | |volumenumber=014 | ||
| | |volnumtib=༡༤ | ||
| | |volyigtib=ཕ་ | ||
|totalvolumes=25 | |||
|textnuminvol=018 | |textnuminvol=018 | ||
|pagenumbers=299-307 | |||
|totalpages=9 | |||
|beginfolioline=1a | |||
|endfolioline=5a4 | |||
|totalfolios=5 | |||
|multivolumework=No | |||
|rectonotes=sde tshan 18 | |||
|versonotes=mkhyen brtse'i bka' 'bum | |||
|colophontib=།ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བའི་དགོངས་དོན་ཉུང་གསལ་བཀླགས་པས་གྲུབ་དང་པ་བསྡེབས་པ་དགེ་ལེགས་ཀྱི་འབྱོར་བས་འཇིག་རྟེན་གསུམ་དུ་ཁྱབ་པའི་རྒྱུར་གྱུར་ཅིག | |||
|colophonwylie=zhes pa'ang mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos gter gzhung rtsa ba'i dgongs don nyung gsal bklags pas grub dang pa bsdebs pa dge legs kyi 'byor bas 'jig rten gsum du khyab pa'i rgyur gyur cig | |||
|pdflink=File:JKW-KABUM-14-PHA-018.pdf | |pdflink=File:JKW-KABUM-14-PHA-018.pdf | ||
}} | }} | ||
Line 20: | Line 43: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །འཕགས་པ་ཛམྦྷ་ལ་སེར་པོའི་བསྙེན་སྒྲུབ་ཀྱི་ཆོ་ག་འདོད་འཇོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །། | ||
༄༅། །འཕགས་པ་ཛམྦྷ་ལ་སེར་པོའི་བསྙེན་སྒྲུབ་ཀྱི་ཆོ་ག་འདོད་འཇོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །། | |||
ན་མོ་གུ་རུ་ཤྲཱི་ཛམྦྷ་ལཱ་ཡ། འདིར་རིག་འཛིན་གྲུབ་པའི་འཁོར་ལོས་སྒྱུར་བ་གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་གཏེར་རྩ་གསུམ་རྡོ་རྗེ་སྙིང་པོའི་ཆོས་སྡེ། འཕགས་པ་ཛམྦྷ་ལ་སེར་པོའི་རྣལ་འབྱོར་ལ་བརྟེན་ནས་འདོད་རྒུའི་འབྱོར་བ་ཡིད་བཞིན་དུ་འཇོ་བར་བྱེད་པའི་སྙིང་པོའི་བསྙེན་སྒྲུབ་ཉམས་སུ་བླང་བའི་ཚུལ་ལ་གཉིས། བསྙེན་པ་དང་། སྒྲུབ་པའོ། །དང་པོ་ནི། འདིའི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་ཁྲུས་དང་གཙང་སྦྲ་དང་བཅས་གོས་དང་རྒྱན་བཟང་པོས་བརྒྱན་ལ་གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ། སྐྱབས་ཡུལ་གསལ་བཏབ་ལ་སྐྱབས་སུ་འགྲོ་བ་ནི། ན་མོ། རྐང་གཉིས་གཙོ་བོ་མཚན་དང་དཔེ་བྱད་ལྡན༔ འདོད་ཆགས་བྲལ་བ་ཞི་གྱུར་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། མ་གྱུར་འགྲོ་བ་མཁའ་ཁྱབ་སེམས་ཅན་རྣམས༔ དབུལ་ཞིང་ཕོངས་པའི་རྒུད་པ་ཞི་བ་དང་༔ འདོད་རྒུའི་འབྱོར་པ་ཡོངས་སུ་རྒྱས་པའི་ཕྱིར༔ བདག་ནི་ཛམ་ལ་བསྒྲུབ་པར་སེམས་བསྐྱེད་དོ༔ བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་དབང་ཆེན་ཁྲོས་པའི་སྐུ༔ ཁམས་གསུམ་འདི་ན་སུ་ཡང་རུང་༔ གསང་སྔགས་བལྟ་བར་མི་དབང་བའི༔ ལོག་པར་བལྟ་བ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་དང་། སུམྦྷ་སོགས་བརྗོད། མཚམས་བཅད་པ་ནི། ཧཱུྃ༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ ཐབས་ཤེས་ཉི་ཟླའི་གའུ་དང་༔ ཕྱི་རོལ་མཚོན་ཆ་མེ་རིའི་གུར༔ སྲུང་བའི་ཚོགས་ཁང་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ བདག་བསྐྱེད་ནི། པད་ཉིའི་སྟེང་དུ་བདག་སྣང་ཛྃ་ཡིག་ལས༔ ཛམ་ལ་སེར་པོ་ཞལ་གསུམ་ཕྱག་དྲུག་པ༔ ཨུཏྤལ་རིན་ཆེན་འབྲུ་ཡི་རྒྱན་གྱིས་བརྒྱན༔ གཡས་གསུམ་མ་ཏུ་ལོ་ཀ་ལྕགས་ཀྱུ་མདའ༔ ཡུམ་འཁྱུད་ཞགས་པ་ནེའུ་ལེ་གཞུ་འཛིན་གཡོན༔ དར་སྣས་ལེགས་བརྒྱན་རལ་པའི་ཅོད་པན་ཅན༔ ཐུགས་ཀར་ཉི་སྟེང་ཛྃ་མཐར་སྔགས་ཀྱིས་བསྐོར༔ འཕྲོ་འདུ་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས༔ རྒྱལ་བའི་ཐུགས་རྗེ་བྱིན་རླབས་བསོད་ནམས་སྟོབས༔ རྒྱལ་པོའི་མངའ་ཐང་དཔལ་དང་འབྱོར་པ་བཀུག༔ པཎ་ཆེན་ཡོན་ཏན་སྙན་དང་གྲགས་པ་དང་༔ འཇིག་རྟེན་ཕོ་མོའི་དབང་ཐང་རླུང་རྟ་བཀུག༔ བདག་སྣང་ཛྃ་ཡིག་གཟི་མདངས་རྒྱས་པར་གྱུར༔ ཅེས་དམིགས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ༔ ཞེས་ཅི་ནུས་བཟླ། ཐུན་བསྡུ་བའི་ཚེ་འོག་ནས་འབྱུང་བ་ལྟར་བསྔོ་སྨོན་བཀྲ་ཤིས་བྱ། དེ་ལྟ་བུའི་རིམ་པས་སྔགས་འབུམ་ཕྲག་བཞི་སོགས་བཟླ་བ་ནི་བསྙེན་པའོ། །གཉིས་པ་ལ་གཉིས། དངོས་བསྟན་ཐོད་པ་ལ་བརྟེན་ནས་བསྒྲུབ་པ་དང་། ཞར་བྱུང་གཏེར་བུམ་གྱི་ཆོ་གའོ། །དང་པོ་ནི། ཕྱི་ནང་གི་མཚན་ཉིད་ལེགས་ཤིང་རྟེན་འབྲེལ་དགེ་བའི་དཔལ་ཅན་གྱི་ཐོད་པ་བཟང་པོ་དྲི་བཟང་པོའི་ཆུས་བཀྲུ། ནང་དུ་ག་བུར་དང་གུར་གུམ་སོགས་སྨན་སྣ་དྲི་ཞིམ་ཅན་བྱུགས་ཤིང་། རིན་པོ་ཆེ། འབྲུ། གོས་དར། ཤིང་ཏོག་སོགས་དཔལ་དང་གཡང་ཅན་གྱི་རྫས་སེལ་མེད་པས་ཕྱུར་བུར་བཀང་བའི་དབུས་སུ་འབྱོར་ན་ཛམྦྷ་ལའི་སྐུ་བྲིས་འབུར་གང་རིགས། མ་འབྱོར་ན་ཨ་རུ་གསེར་མདོག་ཟུར་མ་ཉམས་པ་དར་དམར་ལ་གསེར་གྱིས་བྲིས་པའི་སྔགས་བྱང་གིས་དྲིལ་བ་སྟེགས་བུའི་དབུས་སུ་མེ་ཏོག་སིལ་མར་བཀྲམ་པ་ལ་བཞག །དེའི་མདུན་དུ་གཏོར་མ་རིན་ཆེན་འབར་བའི་དབྱིབས་ཅན་ཁ་ཟས་བཟང་རྒུས་བསྐོར་བ་དང་། མཆོད་པའི་བྱེ་བྲག་བཀོད་པས་མཛེས་པར་བཤམ། མཚམས་དམ་པར་བཅད། སྐྱབས་སེམས་ནས་བཟུང་བཟླས་པའི་བར་གོང་ལྟར་སོང་ནས་མཆོད་གཏོར་རྃ་ཡྃ་ཁྃ་གྱིས་བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་གཏོར་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར་པར་བསམས་ལ། ན་མ་སྶརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ཀྱི་སྔགས་རྒྱས་བརླབ། བཛྲ་སྥ་ར་ཎ་ཁྃ་གིས་རྒྱས་པར་སྤེལ། མདུན་གྱི་རྟེན་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་ཆེན་ཀ་པཱ་ལ། །ཡངས་ཤིང་རྒྱ་ཆེ་མཚན་ཉིད་ཕུན་སུམ་ཚོགས། །སྲིད་དང་ཞི་བའི་འདོད་རྒུའི་འབྱོར་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་འཁོར་ལོར་འཆར་བའི་དབུས། །པད་ཉིའི་སྟེང་དུ་ཛྃ་ཡིག་གསེར་མདོག་ལས། །ཛྃ་ལ་སེར་པོ་ཞལ་གསུམ་ཕྱག་དྲུག་པ༔ ཨུཏྤལ་རིན་ཆེན་འབྲུ་ཡི་རྒྱན་གྱིས་བརྒྱན༔ གཡས་གསུམ་མ་ཏུ་ལོ་ཀ་ལྕགས་ཀྱུ་མདའ༔ ཡུལ་འཁྱུད་ཞགས་པ་ནེའུ་ལེ་གཞུ་འཛིན་གཡོན༔ དར་སྣས་ལེགས་བརྒྱན་རལ་པའི་ཅོད་པན་ཅན༔ ཐུགས་ཀར་ཉི་སྟེང་ཛྃ་མཐར་སྔགས་ཀྱིས་བསྐོར༔ དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི། ཛཿ རྒྱལ་བ་རྣམས་ཀྱི་ཕྲིན་ལས་བདག༔ འབྱོར་པ་བསྐྱེད་པའི་དཔལ་འབར་བ༔ རིན་འབྱུང་གནོད་སྦྱིན་ཚུལ་འཆང་བ༔ མགོན་པོ་འདིར་གཤེགས་གདན་ལ་བཞུགས༔ ས་མ་ཡ་ཛཿ བཞུགས་གསོལ་ཕྱག་འཚལ་ནི། ལྷུན་གྲུབ་འདོད་དགུའི་རྟེན་མཆོག་ལ༔ བཞུགས་ནས་འབྲས་བུ་མཆིས་པར་མཛོད༔ མོས་གུས་དད་པས་ཕྱག་བགྱི་ན༔ རྟག་ཏུ་མི་འབྲལ་གྲོགས་མཛོད་ཅིག༔ མཆོད་པ་འབུལ་བ་ནི། ཛྃཿ མཆོད་ཡོན་བདུན་དང་རྒྱལ་སྲིད་བཀྲ་ཤིས་བརྒྱད༔ ཀུན་བཟང་རྣམ་ཐར་སྤྲིན་གྱི་ཕུང་པོ་འདི༔ འཕགས་པ་ཐུགས་རྗེའི་རང་བཞིན་ཅན་ལ་འབུལ༔ བཞེས་ནས་འགྲོ་ཀུན་ཚོགས་གཉིས་རྫོགས་གྱུར་ཅིག༔ ཨོཾ་ཛམྦྷ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤབྡ། རཱུ་པ། ཤབྡ། གནྡྷེ། རཱ་ས། སྤཪྴེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འབུལ། བསྟོད་པ་ནི། ཛྃ༔ སྐྱེ་མེད་ཆོས་ཀྱི་དབྱིངས་ལས་བཅོམ་ལྡན་འདས༔ གང་འདུལ་མཛད་པས་སྐྱོད་པའི་ཛམྦྷ་ལ༔ རྒྱལ་བའི་མཛད་པ་འགྲོ་ལ་རྟག་སྐྱོང་བའི༔ གནོད་སྦྱིན་ནོར་བདག་གཙོ་ལ་ཕྱག་འཚལ་བསྟོད༔ བཟླས་པ་བྱ་བ་ནི། རང་གི་ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ མདུན་བསྐྱེད་གནོད་སྦྱིན་དབང་པོའི་ཐུགས་རྒྱུད་བསྐུལ༔ དེ་ཡི་ཐུགས་ཀའི་ས་བོན་སྔགས་ཕྲེང་ལས༔ འཕྲོ་འདུ་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས༔ རྒྱལ་བའི་ཐུགས་རྗེ་བྱིན་རླབས་བསོད་ནམས་སྟོབས༔ རྒྱལ་པོའི་མངའ་ཐང་དཔལ་དང་འབྱོར་པ་བཀུག༔ པཎ་ཆེན་ཡོན་ཏན་སྙན་དང་གྲགས་པ་དང་༔ འཇིག་རྟེན་ཕོ་མོའི་དབང་ཐང་རླུང་རྟ་བཀུག༔ བདག་སྣང་ཛྃ་ཡིག་གཟི་མདངས་རྒྱས་པར་གྱུར༔ ཅེས་གསལ་བཏབ་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ༔ ཞེས་རྟགས་མཐོང་བའི་བར་དུ་བཟླ། རྟགས་ནི་གཞུང་ལས། དངོས་ཉམས་རྨི་ལམ་དུ་ཞལ་མཇལ༔ གསུང་ཐོས༔ འབྲུ་དང་རིན་པོ་ཆེའི་གཏེར་རྙེད༔ ལོ་ཏོག་དང་རྩྭ་དང་འབྲས་བུ་ལེགས་པ༔ དར་ཕྱར་དུང་འབུད་པ༔ རོལ་མོ་སྒྲོགས་པ་ཁྲོམ་འདུ་བ་སོགས་དངོས་གྲུབ་ཀྱི་ལྟས་སྤྱི་དང་མཐུན་པ་འབྱུང་ངོ་༔ ཞེས་གསུངས། ཐུན་བསྡུ་བ་ན་ཡིག་བརྒྱ་དང་། དབྱངས་གསལ་རྟེན་སྙིང་བཟླས་པས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་། ནུས་པ་སྤེལ། མཆོད་བསྟོད་གོང་ལྟར་དང་། ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གཙོ་བོ་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པ་བརྗོད། བརྟན་བཞུགས་ནི། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མང་དུ་བརྗོད་ཅིང་མེ་ཏོག་འཐོར། བསྔོ་སྨོན་ནི། ཧྲཱིཿ སེམས་བསྐྱེད་དག་པའི་བསྙེན་སྒྲུབ་ཏིང་འཛིན་གྱིས༔ འབྲས་བུ་མཁའ་མཉམ་ཐར་བདེའི་ས་བོན་མཆོག༔ ཀུན་ཀྱང་རྡོ་རྗེ་འཛིན་པའི་ཆོས་སྤྱོད་ནས༔ དབྱེར་མེད་རང་གྲོལ་ཀུན་ཏུ་བཟང་པོར་ཤོག༔ བཀྲ་ཤིས་ནི། ཧྲཱིཿ དུས་གསུམ་ཕྱོགས་བཅུའི་སངས་རྒྱས་མཛད་པ་དང་༔ ཕྲིན་ལས་ནུས་མཐུ་བདེན་པའི་བྱིན་རླབས་ཀྱི༔ བཀྲ་ཤིས་མི་ཟད་ནམ་མཁའི་ཆར་རྒྱུན་གྱིས༔ ཁམས་གསུམ་སེམས་ཅན་ཀུན་ལ་བདེ་ལེགས་ཤོག༔ ཅེས་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །གཉིས་པ་ནི། རིན་པོ་ཆེའམ་རྫའི་བུམ་པ་གཙང་མ་ལི་ཁྲིའམ་ས་དཀར་གྱིས་བྱུགས། མདུན་རྟགས་ནོར་བུ་འབར་བ་བྲིས་པའི་ནང་དུ་རིན་ཆེན་འབྲུ་སྨན་དར་ཟབ་སོགས་དཔལ་ཅན་གྱི་རྫས་བཟང་པོས་ཕྱུར་བུར་གཏམས། དེའི་དབུས་སུ་ཛམྦྷ་ལའི་སྐུའམ། ཨ་རུ་ར་གསེར་མདོག་སྔགས་བྱང་གིས་དྲིལ་བ་བཅུག །དར་རས་དཀར་སེར་གང་རུང་གིས་ཁ་བཅད་ཅིང་ཚོན་སྐུད་སྣ་ལྔས་མགུལ་པ་དཀྲིས་པ་སྟེགས་བུའི་དབུས་སུ་བཞག །མཆོད་གཏོར་དང་། ཆོ་ག་གཞན་གོང་དང་འདྲ་བ་ལ། མདུན་བསྐྱེད་སྐབས། སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་། །བྷྲཱུྃ་ལས་བྱུང་བའི་གཏེར་གྱི་བུམ་པ་བཟང་། །རིན་ཆེན་ལས་གྲུབ་མཚན་ཉིད་ཕུན་སུམ་ཚོགས། །ཡངས་ཤིང་རྒྱ་ཆེ་འདོད་རྒུས་གཏམས་པའི་དབུས། །པད་ཉིའི་སྟེང་དུ་ཛྃ་ཡིག་སེར་པོ་ལས། །ཞེས་སོགས་གོང་བཞིན་སྦྲེལ་ལོ། །གལ་སྲིད་བཅའ་གཞི་དེ་དག་མ་གྲུབ་ན། སྒྲུབ་གཏོར་རིན་ཆེན་འབར་བའི་དབྱིབས་ཅན་གྱི་ནང་དུ་ཨ་རུ་ར་གསེར་མདོག་སྔགས་བྱང་གིས་དྲིལ་བ་བཅུག །དར་གདུགས་སེར་པོས་བརྒྱན། སྐུ་ཙཀ་ཡོད་ན་བཙུགས་པ་སྟེགས་བུའི་དབུས་སུ་བཤམ། དེའི་མདུན་དུ་འབུལ་གཏོར་དང་། མཆོད་པ་སོགས་འདྲ། མདུན་བསྐྱེད་སྐབས། སྟོང་པའི་ངང་ལས་རིན་ཆེན་གཞལ་མེད་ཁང་། །ཡངས་ཤིང་རྒྱ་ཆེ་སོགས་མན་ཐོད་སྒྲུབ་ཀྱི་སྐབས་ལྟར་སྦྲེལ་བས་གྲུབ་བོ། །དེ་ལྟ་བུའི་ཐོད་པ་དང་། གཏོར་མ་གང་ཡིན་ཀྱང་རུང་སྟེ། རྟགས་མཐོང་བའི་བར་དུ་རྩེ་གཅིག་གིས་བསྒྲུབས་ལ། རྟགས་མཚན་དགེ་བ་རྙེད་པའི་དུས་སུ་མཛོད་ཀྱི་ཕུག་སོགས་གནས་གཙང་ཞིང་དབེན་པར་བཀུར་སྟི་དང་བཅས་པས་བཞུགས་སུ་གསོལ། དུས་དུས་སུ་མཆོད་བསྟོད་གསོལ་གདབ་སོགས་བགྱིས་པས་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་མོར་མཆོད་པ་ལྟར་འདོད་རྒུའི་འབྱོར་པ་མཆོག་ཏུ་རྒྱས་པར་འགྱུར་བ་ནི་ངེས་པའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བའི་དགོངས་དོན་ཉུང་གསལ་བཀླགས་པས་གྲུབ་དང་པ་བསྡེབས་པ་དགེ་ལེགས་ཀྱི་འབྱོར་བས་འཇིག་རྟེན་གསུམ་དུ་ཁྱབ་པའི་རྒྱུར་གྱུར་ཅིག ། | ན་མོ་གུ་རུ་ཤྲཱི་ཛམྦྷ་ལཱ་ཡ། འདིར་རིག་འཛིན་གྲུབ་པའི་འཁོར་ལོས་སྒྱུར་བ་གཏེར་ཆེན་ཀློང་གསལ་སྙིང་པོའི་ཟབ་གཏེར་རྩ་གསུམ་རྡོ་རྗེ་སྙིང་པོའི་ཆོས་སྡེ། འཕགས་པ་ཛམྦྷ་ལ་སེར་པོའི་རྣལ་འབྱོར་ལ་བརྟེན་ནས་འདོད་རྒུའི་འབྱོར་བ་ཡིད་བཞིན་དུ་འཇོ་བར་བྱེད་པའི་སྙིང་པོའི་བསྙེན་སྒྲུབ་ཉམས་སུ་བླང་བའི་ཚུལ་ལ་གཉིས། བསྙེན་པ་དང་། སྒྲུབ་པའོ། །དང་པོ་ནི། འདིའི་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་ཁྲུས་དང་གཙང་སྦྲ་དང་བཅས་གོས་དང་རྒྱན་བཟང་པོས་བརྒྱན་ལ་གནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ། སྐྱབས་ཡུལ་གསལ་བཏབ་ལ་སྐྱབས་སུ་འགྲོ་བ་ནི། ན་མོ། རྐང་གཉིས་གཙོ་བོ་མཚན་དང་དཔེ་བྱད་ལྡན༔ འདོད་ཆགས་བྲལ་བ་ཞི་གྱུར་དམ་པའི་ཆོས༔ ཚོགས་ཀྱི་མཆོག་གྱུར་འཕགས་པའི་དགེ་འདུན་ལ༔ བདག་ནི་གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་པ་ནི། མ་གྱུར་འགྲོ་བ་མཁའ་ཁྱབ་སེམས་ཅན་རྣམས༔ དབུལ་ཞིང་ཕོངས་པའི་རྒུད་པ་ཞི་བ་དང་༔ འདོད་རྒུའི་འབྱོར་པ་ཡོངས་སུ་རྒྱས་པའི་ཕྱིར༔ བདག་ནི་ཛམ་ལ་བསྒྲུབ་པར་སེམས་བསྐྱེད་དོ༔ བགེགས་ལ་བཀའ་བསྒོ་བ་ནི། ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་དབང་ཆེན་ཁྲོས་པའི་སྐུ༔ ཁམས་གསུམ་འདི་ན་སུ་ཡང་རུང་༔ གསང་སྔགས་བལྟ་བར་མི་དབང་བའི༔ ལོག་པར་བལྟ་བ་ཕྱིར་དེངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་དང་། སུམྦྷ་སོགས་བརྗོད། མཚམས་བཅད་པ་ནི། ཧཱུྃ༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ༔ ཐབས་ཤེས་ཉི་ཟླའི་གའུ་དང་༔ ཕྱི་རོལ་མཚོན་ཆ་མེ་རིའི་གུར༔ སྲུང་བའི་ཚོགས་ཁང་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ༔ བདག་བསྐྱེད་ནི། པད་ཉིའི་སྟེང་དུ་བདག་སྣང་ཛྃ་ཡིག་ལས༔ ཛམ་ལ་སེར་པོ་ཞལ་གསུམ་ཕྱག་དྲུག་པ༔ ཨུཏྤལ་རིན་ཆེན་འབྲུ་ཡི་རྒྱན་གྱིས་བརྒྱན༔ གཡས་གསུམ་མ་ཏུ་ལོ་ཀ་ལྕགས་ཀྱུ་མདའ༔ ཡུམ་འཁྱུད་ཞགས་པ་ནེའུ་ལེ་གཞུ་འཛིན་གཡོན༔ དར་སྣས་ལེགས་བརྒྱན་རལ་པའི་ཅོད་པན་ཅན༔ ཐུགས་ཀར་ཉི་སྟེང་ཛྃ་མཐར་སྔགས་ཀྱིས་བསྐོར༔ འཕྲོ་འདུ་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས༔ རྒྱལ་བའི་ཐུགས་རྗེ་བྱིན་རླབས་བསོད་ནམས་སྟོབས༔ རྒྱལ་པོའི་མངའ་ཐང་དཔལ་དང་འབྱོར་པ་བཀུག༔ པཎ་ཆེན་ཡོན་ཏན་སྙན་དང་གྲགས་པ་དང་༔ འཇིག་རྟེན་ཕོ་མོའི་དབང་ཐང་རླུང་རྟ་བཀུག༔ བདག་སྣང་ཛྃ་ཡིག་གཟི་མདངས་རྒྱས་པར་གྱུར༔ ཅེས་དམིགས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ༔ ཞེས་ཅི་ནུས་བཟླ། ཐུན་བསྡུ་བའི་ཚེ་འོག་ནས་འབྱུང་བ་ལྟར་བསྔོ་སྨོན་བཀྲ་ཤིས་བྱ། དེ་ལྟ་བུའི་རིམ་པས་སྔགས་འབུམ་ཕྲག་བཞི་སོགས་བཟླ་བ་ནི་བསྙེན་པའོ། །གཉིས་པ་ལ་གཉིས། དངོས་བསྟན་ཐོད་པ་ལ་བརྟེན་ནས་བསྒྲུབ་པ་དང་། ཞར་བྱུང་གཏེར་བུམ་གྱི་ཆོ་གའོ། །དང་པོ་ནི། ཕྱི་ནང་གི་མཚན་ཉིད་ལེགས་ཤིང་རྟེན་འབྲེལ་དགེ་བའི་དཔལ་ཅན་གྱི་ཐོད་པ་བཟང་པོ་དྲི་བཟང་པོའི་ཆུས་བཀྲུ། ནང་དུ་ག་བུར་དང་གུར་གུམ་སོགས་སྨན་སྣ་དྲི་ཞིམ་ཅན་བྱུགས་ཤིང་། རིན་པོ་ཆེ། འབྲུ། གོས་དར། ཤིང་ཏོག་སོགས་དཔལ་དང་གཡང་ཅན་གྱི་རྫས་སེལ་མེད་པས་ཕྱུར་བུར་བཀང་བའི་དབུས་སུ་འབྱོར་ན་ཛམྦྷ་ལའི་སྐུ་བྲིས་འབུར་གང་རིགས། མ་འབྱོར་ན་ཨ་རུ་གསེར་མདོག་ཟུར་མ་ཉམས་པ་དར་དམར་ལ་གསེར་གྱིས་བྲིས་པའི་སྔགས་བྱང་གིས་དྲིལ་བ་སྟེགས་བུའི་དབུས་སུ་མེ་ཏོག་སིལ་མར་བཀྲམ་པ་ལ་བཞག །དེའི་མདུན་དུ་གཏོར་མ་རིན་ཆེན་འབར་བའི་དབྱིབས་ཅན་ཁ་ཟས་བཟང་རྒུས་བསྐོར་བ་དང་། མཆོད་པའི་བྱེ་བྲག་བཀོད་པས་མཛེས་པར་བཤམ། མཚམས་དམ་པར་བཅད། སྐྱབས་སེམས་ནས་བཟུང་བཟླས་པའི་བར་གོང་ལྟར་སོང་ནས་མཆོད་གཏོར་རྃ་ཡྃ་ཁྃ་གྱིས་བསང་སྦྱང་། སྟོང་པའི་ངང་ལས་ལྷ་རྫས་དང་ཏིང་ངེ་འཛིན་ལས་གྲུབ་པའི་མཆོད་གཏོར་ནམ་མཁའ་མཛོད་ཀྱི་འཁོར་ལོའི་སྤྲིན་ཆེན་པོར་གྱུར་པར་བསམས་ལ། ན་མ་སྶརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ཀྱི་སྔགས་རྒྱས་བརླབ། བཛྲ་སྥ་ར་ཎ་ཁྃ་གིས་རྒྱས་པར་སྤེལ། མདུན་གྱི་རྟེན་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་རིན་ཆེན་ཀ་པཱ་ལ། །ཡངས་ཤིང་རྒྱ་ཆེ་མཚན་ཉིད་ཕུན་སུམ་ཚོགས། །སྲིད་དང་ཞི་བའི་འདོད་རྒུའི་འབྱོར་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་འཁོར་ལོར་འཆར་བའི་དབུས། །པད་ཉིའི་སྟེང་དུ་ཛྃ་ཡིག་གསེར་མདོག་ལས། །ཛྃ་ལ་སེར་པོ་ཞལ་གསུམ་ཕྱག་དྲུག་པ༔ ཨུཏྤལ་རིན་ཆེན་འབྲུ་ཡི་རྒྱན་གྱིས་བརྒྱན༔ གཡས་གསུམ་མ་ཏུ་ལོ་ཀ་ལྕགས་ཀྱུ་མདའ༔ ཡུལ་འཁྱུད་ཞགས་པ་ནེའུ་ལེ་གཞུ་འཛིན་གཡོན༔ དར་སྣས་ལེགས་བརྒྱན་རལ་པའི་ཅོད་པན་ཅན༔ ཐུགས་ཀར་ཉི་སྟེང་ཛྃ་མཐར་སྔགས་ཀྱིས་བསྐོར༔ དེ་ལས་འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི། ཛཿ རྒྱལ་བ་རྣམས་ཀྱི་ཕྲིན་ལས་བདག༔ འབྱོར་པ་བསྐྱེད་པའི་དཔལ་འབར་བ༔ རིན་འབྱུང་གནོད་སྦྱིན་ཚུལ་འཆང་བ༔ མགོན་པོ་འདིར་གཤེགས་གདན་ལ་བཞུགས༔ ས་མ་ཡ་ཛཿ བཞུགས་གསོལ་ཕྱག་འཚལ་ནི། ལྷུན་གྲུབ་འདོད་དགུའི་རྟེན་མཆོག་ལ༔ བཞུགས་ནས་འབྲས་བུ་མཆིས་པར་མཛོད༔ མོས་གུས་དད་པས་ཕྱག་བགྱི་ན༔ རྟག་ཏུ་མི་འབྲལ་གྲོགས་མཛོད་ཅིག༔ མཆོད་པ་འབུལ་བ་ནི། ཛྃཿ མཆོད་ཡོན་བདུན་དང་རྒྱལ་སྲིད་བཀྲ་ཤིས་བརྒྱད༔ ཀུན་བཟང་རྣམ་ཐར་སྤྲིན་གྱི་ཕུང་པོ་འདི༔ འཕགས་པ་ཐུགས་རྗེའི་རང་བཞིན་ཅན་ལ་འབུལ༔ བཞེས་ནས་འགྲོ་ཀུན་ཚོགས་གཉིས་རྫོགས་གྱུར་ཅིག༔ ཨོཾ་ཛམྦྷ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤབྡ། རཱུ་པ། ཤབྡ། གནྡྷེ། རཱ་ས། སྤཪྴེ་ཨཱཿཧཱུྃ་སྭཱ་ཧཱ། ཞེས་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་འབུལ། བསྟོད་པ་ནི། ཛྃ༔ སྐྱེ་མེད་ཆོས་ཀྱི་དབྱིངས་ལས་བཅོམ་ལྡན་འདས༔ གང་འདུལ་མཛད་པས་སྐྱོད་པའི་ཛམྦྷ་ལ༔ རྒྱལ་བའི་མཛད་པ་འགྲོ་ལ་རྟག་སྐྱོང་བའི༔ གནོད་སྦྱིན་ནོར་བདག་གཙོ་ལ་ཕྱག་འཚལ་བསྟོད༔ བཟླས་པ་བྱ་བ་ནི། རང་གི་ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ མདུན་བསྐྱེད་གནོད་སྦྱིན་དབང་པོའི་ཐུགས་རྒྱུད་བསྐུལ༔ དེ་ཡི་ཐུགས་ཀའི་ས་བོན་སྔགས་ཕྲེང་ལས༔ འཕྲོ་འདུ་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས༔ རྒྱལ་བའི་ཐུགས་རྗེ་བྱིན་རླབས་བསོད་ནམས་སྟོབས༔ རྒྱལ་པོའི་མངའ་ཐང་དཔལ་དང་འབྱོར་པ་བཀུག༔ པཎ་ཆེན་ཡོན་ཏན་སྙན་དང་གྲགས་པ་དང་༔ འཇིག་རྟེན་ཕོ་མོའི་དབང་ཐང་རླུང་རྟ་བཀུག༔ བདག་སྣང་ཛྃ་ཡིག་གཟི་མདངས་རྒྱས་པར་གྱུར༔ ཅེས་གསལ་བཏབ་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ༔ ཞེས་རྟགས་མཐོང་བའི་བར་དུ་བཟླ། རྟགས་ནི་གཞུང་ལས། དངོས་ཉམས་རྨི་ལམ་དུ་ཞལ་མཇལ༔ གསུང་ཐོས༔ འབྲུ་དང་རིན་པོ་ཆེའི་གཏེར་རྙེད༔ ལོ་ཏོག་དང་རྩྭ་དང་འབྲས་བུ་ལེགས་པ༔ དར་ཕྱར་དུང་འབུད་པ༔ རོལ་མོ་སྒྲོགས་པ་ཁྲོམ་འདུ་བ་སོགས་དངོས་གྲུབ་ཀྱི་ལྟས་སྤྱི་དང་མཐུན་པ་འབྱུང་ངོ་༔ ཞེས་གསུངས། ཐུན་བསྡུ་བ་ན་ཡིག་བརྒྱ་དང་། དབྱངས་གསལ་རྟེན་སྙིང་བཟླས་པས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་། ནུས་པ་སྤེལ། མཆོད་བསྟོད་གོང་ལྟར་དང་། ནོངས་བཤགས་ནི། མ་རྙེད་ཡོངས་སུ་མ་ཚང་དང་། །གཙོ་བོ་ནུས་པ་མ་མཆིས་པ། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡི་གེ་བརྒྱ་པ་བརྗོད། བརྟན་བཞུགས་ནི། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་མང་དུ་བརྗོད་ཅིང་མེ་ཏོག་འཐོར། བསྔོ་སྨོན་ནི། ཧྲཱིཿ སེམས་བསྐྱེད་དག་པའི་བསྙེན་སྒྲུབ་ཏིང་འཛིན་གྱིས༔ འབྲས་བུ་མཁའ་མཉམ་ཐར་བདེའི་ས་བོན་མཆོག༔ ཀུན་ཀྱང་རྡོ་རྗེ་འཛིན་པའི་ཆོས་སྤྱོད་ནས༔ དབྱེར་མེད་རང་གྲོལ་ཀུན་ཏུ་བཟང་པོར་ཤོག༔ བཀྲ་ཤིས་ནི། ཧྲཱིཿ དུས་གསུམ་ཕྱོགས་བཅུའི་སངས་རྒྱས་མཛད་པ་དང་༔ ཕྲིན་ལས་ནུས་མཐུ་བདེན་པའི་བྱིན་རླབས་ཀྱི༔ བཀྲ་ཤིས་མི་ཟད་ནམ་མཁའི་ཆར་རྒྱུན་གྱིས༔ ཁམས་གསུམ་སེམས་ཅན་ཀུན་ལ་བདེ་ལེགས་ཤོག༔ ཅེས་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་བོ། །གཉིས་པ་ནི། རིན་པོ་ཆེའམ་རྫའི་བུམ་པ་གཙང་མ་ལི་ཁྲིའམ་ས་དཀར་གྱིས་བྱུགས། མདུན་རྟགས་ནོར་བུ་འབར་བ་བྲིས་པའི་ནང་དུ་རིན་ཆེན་འབྲུ་སྨན་དར་ཟབ་སོགས་དཔལ་ཅན་གྱི་རྫས་བཟང་པོས་ཕྱུར་བུར་གཏམས། དེའི་དབུས་སུ་ཛམྦྷ་ལའི་སྐུའམ། ཨ་རུ་ར་གསེར་མདོག་སྔགས་བྱང་གིས་དྲིལ་བ་བཅུག །དར་རས་དཀར་སེར་གང་རུང་གིས་ཁ་བཅད་ཅིང་ཚོན་སྐུད་སྣ་ལྔས་མགུལ་པ་དཀྲིས་པ་སྟེགས་བུའི་དབུས་སུ་བཞག །མཆོད་གཏོར་དང་། ཆོ་ག་གཞན་གོང་དང་འདྲ་བ་ལ། མདུན་བསྐྱེད་སྐབས། སྟོང་པའི་ངང་ལས་པད་ཟླའི་གདན་གྱི་སྟེང་། །བྷྲཱུྃ་ལས་བྱུང་བའི་གཏེར་གྱི་བུམ་པ་བཟང་། །རིན་ཆེན་ལས་གྲུབ་མཚན་ཉིད་ཕུན་སུམ་ཚོགས། །ཡངས་ཤིང་རྒྱ་ཆེ་འདོད་རྒུས་གཏམས་པའི་དབུས། །པད་ཉིའི་སྟེང་དུ་ཛྃ་ཡིག་སེར་པོ་ལས། །ཞེས་སོགས་གོང་བཞིན་སྦྲེལ་ལོ། །གལ་སྲིད་བཅའ་གཞི་དེ་དག་མ་གྲུབ་ན། སྒྲུབ་གཏོར་རིན་ཆེན་འབར་བའི་དབྱིབས་ཅན་གྱི་ནང་དུ་ཨ་རུ་ར་གསེར་མདོག་སྔགས་བྱང་གིས་དྲིལ་བ་བཅུག །དར་གདུགས་སེར་པོས་བརྒྱན། སྐུ་ཙཀ་ཡོད་ན་བཙུགས་པ་སྟེགས་བུའི་དབུས་སུ་བཤམ། དེའི་མདུན་དུ་འབུལ་གཏོར་དང་། མཆོད་པ་སོགས་འདྲ། མདུན་བསྐྱེད་སྐབས། སྟོང་པའི་ངང་ལས་རིན་ཆེན་གཞལ་མེད་ཁང་། །ཡངས་ཤིང་རྒྱ་ཆེ་སོགས་མན་ཐོད་སྒྲུབ་ཀྱི་སྐབས་ལྟར་སྦྲེལ་བས་གྲུབ་བོ། །དེ་ལྟ་བུའི་ཐོད་པ་དང་། གཏོར་མ་གང་ཡིན་ཀྱང་རུང་སྟེ། རྟགས་མཐོང་བའི་བར་དུ་རྩེ་གཅིག་གིས་བསྒྲུབས་ལ། རྟགས་མཚན་དགེ་བ་རྙེད་པའི་དུས་སུ་མཛོད་ཀྱི་ཕུག་སོགས་གནས་གཙང་ཞིང་དབེན་པར་བཀུར་སྟི་དང་བཅས་པས་བཞུགས་སུ་གསོལ། དུས་དུས་སུ་མཆོད་བསྟོད་གསོལ་གདབ་སོགས་བགྱིས་པས་ཡིད་བཞིན་གྱི་ནོར་བུ་རྒྱལ་མཚན་གྱི་རྩེ་མོར་མཆོད་པ་ལྟར་འདོད་རྒུའི་འབྱོར་པ་མཆོག་ཏུ་རྒྱས་པར་འགྱུར་བ་ནི་ངེས་པའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བའི་དགོངས་དོན་ཉུང་གསལ་བཀླགས་པས་གྲུབ་དང་པ་བསྡེབས་པ་དགེ་ལེགས་ཀྱི་འབྱོར་བས་འཇིག་རྟེན་གསུམ་དུ་ཁྱབ་པའི་རྒྱུར་གྱུར་ཅིག ། | ||
}} | }} |
Latest revision as of 16:02, 1 June 2024
Wylie title | 'phags pa dzam+b+ha la ser po'i bsnyen sgrub kyi cho ga 'dod 'jo'i snying po | |
---|---|---|
Location | mkhyen brtse'i bka' 'bum Volume 14, sde tshan 18, Pages 299-307 (Folios 1a to 5a4) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Tertön | ཀློང་གསལ་སྙིང་པོ་ (klong gsal snying po) | |
Citation | 'jam dbyangs mkhyen brtse'i dbang po. 'phags pa dzam+b+ha la ser po'i bsnyen sgrub kyi cho ga 'dod 'jo'i snying po. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 14: 299-307. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Activity Manual - las byang · Recitation Manual - bsnyen yig · Sadhanas - Evocation Ritual - sgrub thabs | |
Cycle | ཀློང་གསལ་རྡོ་རྗེ་སྙིང་པོ་ (klong gsal rdo rje snying po) | |
Deity | dzaM ser | |
RTZ | In the Rinchen Terdzö: https://rtz.tsadra.org/index.php/Terdzo-WI-054 | |
Colophon |
།ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བའི་དགོངས་དོན་ཉུང་གསལ་བཀླགས་པས་གྲུབ་དང་པ་བསྡེབས་པ་དགེ་ལེགས་ཀྱི་འབྱོར་བས་འཇིག་རྟེན་གསུམ་དུ་ཁྱབ་པའི་རྒྱུར་གྱུར་ཅིག | |
zhes pa'ang mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos gter gzhung rtsa ba'i dgongs don nyung gsal bklags pas grub dang pa bsdebs pa dge legs kyi 'byor bas 'jig rten gsum du khyab pa'i rgyur gyur cig |
1 Texts in this Section (sde tshan or chos tshan)
Footnotes
Other Information
- JKW-KABUM-14-PHA-018
- Tibetan Publications
- Tibetan Texts
- mkhyen brtse'i bka' 'bum
- klong gsal rdo rje snying po
- dzaM ser
- Activity Manual - las byang
- Recitation Manual - bsnyen yig
- Sadhanas - Evocation Ritual - sgrub thabs
- 'jam dbyangs mkhyen brtse'i dbang po
- klong gsal snying po
- Section (sde tshan) pages
- JKW-KABUM-Volume-14-PHA
- Khyentse Lineage Project